Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྔོ་སྨོན་དང་། རྒྱ་ནག་སྲིད་འཛིན་ལ་ཡི་གེ། འབུད་རྡུང་དཀྲོལ་གསུམ་རྣམ་པ་གསར་པའི་ལས་འགུལ།

Posted on 2011-11-30 By ཁ་བརྡ་ 5 Comments on བསྔོ་སྨོན་དང་། རྒྱ་ནག་སྲིད་འཛིན་ལ་ཡི་གེ། འབུད་རྡུང་དཀྲོལ་གསུམ་རྣམ་པ་གསར་པའི་ལས་འགུལ།

གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་ནས།
རྒྱ་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་དམ་དྲག་འོག ཆོས་དད་རང་དབང་འཕྲོག་སྟེ་ཆོས་སྡེ་ཁག་ལ་འཇིགས་སྐུལ། རྩ་བའི་བླ་མར་དམའ་འབེབས་བྱེད་དགོས་བཙན་བཀའ་བཏང་བ་སོགས་ལ་བརྟེན། བོད་ས་ཁྱོན་ཡོངས་ནས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འ་ཆད་འུ་ཐུག་གིས་རྒྱ་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་་རྒོལ་གནང་ཏེ་འདས་གྲོངས་སུ་གྱུར་བའི་དཔའ་བོ། དཔའ་མོ་རྣམས་པར་བསྔོ་སྨོན་དང་། གཞིས་ལུས་བོད་མིར་རྒྱ་ནག་གིས་ཡ་ང་བྲལ་བའི་མནར་གཅོད་སྡུག་རྩུབ་མྱོང་བཞིན་པ་རྣམས་པར་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་གངས་ལྗོངས་རང་བདེན་རྩོལེན་མཐུན་ཚོགས་ཀྱིས་གོ་སྒྲིག་འོག བོད་མི་མང་ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་དང་། བཀུར་འོས་བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས་མཆོག་དང་། བློ་བཟང་སྙན་གྲགས་མཆོག བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེ། སེར་བྱེས་དགེ་བསྐོས་ལགས། གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་དབུ་བཞུགས་ཐོག་སེར་སྐྱ་མི་མང་གཞིས་གྲོང་དང་པོའི་མཆོད་རྟེན་མདུན་ཐང་དུ་ལྷན་འཛོམས་ཐོག
༡༽ བཟང་སྤྱོད་སྨོན་ལམ་དང་འབྲེལ་བསྔོ་སྨོན་ཤུགས་དྲག་ཞུས།
༢༽ བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོར་མྱ་ངན་གུས་བཏུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་ཞུས།
༣༽ མོན་གྷོ་ས་གནས་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་དྲུང་ཆེ་བློ་བཟང་ཕུན་ཚོགས་ལགས་ནས་རྣམ་པ་གསར་པའི་ལས་འགུལ་༼འབུད་རྡུང་དཀྲོལ་གསུམ་༽གྱི་ལས་རིམ་ངོ་སྤྲོད་དང་གཏམ་བཤད་སྤེལ།
༤༽ གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཚེ་དབང་ལགས་ནས་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐའོ་གཙོས་རྒྱ་དམར་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ལ་ཕུལ་བའི་དབྱིན་བོད་རྒྱ་གསུམ་གྱི་ཐོག་ཡོད་པའི་ཡི་གེ་༼ ཞི་རྒོལ་གྱི་ལས་འགུལ་ཉིན་རེ་ལས་ཉིན་རེ་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་གང་ལ་ཐུག་ཡོད་དམ།༽ཞེས་པ་ཞིག་གསར་འགོད་གསལ་བསྒྲགས་བྱས། ༼ངོ་བཤུས་ཟུར་འབུལ་ཞུས་ཡོད།༽
༥༽ བོད་མི་མང་སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་།
༦༽ བོད་མི་མང་སྤྱི་འཐུས་བློ་བཟང་སྙན་གྲགས་ལགས་ནས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་།
༧༽ གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་ཚོགས་གཞོན་དགེ་བཤེས་ཐུབ་བསྟན་རྣམ་རྒྱལ་ལགས་ནས་མཇུག་སྒྲིལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ལས་རིམ་གྲུབ་པར་བྱས་ཡོད།

གསར་འགྱུར།

Post navigation

Previous Post: འགྲོ་བ་མིའི་སེམས་གཤིས་དང་བདེ་སྡུག
Next Post: སྙན་ངག་གིས་སྤྱི་ཚོགས་ལ་འགན་ཅི་ཞིག་ཁུར་ཐུབ།

Comments (5) on “བསྔོ་སྨོན་དང་། རྒྱ་ནག་སྲིད་འཛིན་ལ་ཡི་གེ། འབུད་རྡུང་དཀྲོལ་གསུམ་རྣམ་པ་གསར་པའི་ལས་འགུལ།”

  1. རྐྱང་ཕྲུག་ says:
    2011-11-30 at 7:24 pm

    འབུད་རྡུང་དཀྲོལ་གསུམ་གྱི་ལས་འགུལ་སྤེལ་བ་དང་། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་རིམ་གོ་སྒྲིག་དང་། འབྲེལ་བའི་གཏམ་བཤད་གནང་བར་རྗེས་སུ་ཡི་རངས་ཡོད། གུས་པའི་བསམ་བློར་བོད་མིའི་ལས་འགུལ་འདིའི་ཐོག་ཆོས་ཕྱོགས་ནས་ཀྱང་ལས་འགུལ་གྱི་ངོ་བོ་གཞན་ཞིག་ཏུ་བསྒྱུར་ཐུབ་ན་ངེས་པར་དུ་ལེགས་པར་སེམས། རང་ཅག་ནང་བ་སངས་རྒྱས་པའི་ལུགས་སྔགས་ལུགས་ལ་ཞི་རྒྱས་དབང་དྲག་གི་སྒོ་ནས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སྲོལ་ཡོད་པ་ཞིག་རེད། དེས་ན་གསང་སྔགས་ཀྱི་ལས་ལ་རྩེ་གཅིག་ཏུ་རོལ་མཁན་ཚོས་དྲག་པོའི་ལས་སྦྱོར་གྱི་ལམ་ནས་རྒྱ་ནག་དམར་པོའི་སྲིད་དབང་མཁྲེགས་འཛིན་པ་ཚོའི་བསམ་བློར་འགྱུར་བ་བཏང་ནས་ཚར་གཅོད་རྗེས་འཛིན་གྱི་ལས་ལ་སྦྱོར་རན་པའི་དུས་ལ་སླེབས་འདུག་པར་སེམས། དེ་ཡང་རིས་སུ་མ་ཆེད་པའི་ཆོས་རྒྱུད་ཁག་གི་སྐྱེས་ཆེན་དམ་པ་ཚོས་ཐུགས་འགན་ཆེར་བཞེས་ཀྱིས་བོད་དོན་འཐབ་རྩོད་འདི་ཆབ་སྲིད་རྐྱང་པ་མིན་པར་སངས་རྒྱས་པ་དང་འབྲེལ་བ་ཡོད་པ་མཁྱེན་པའི་ཐོག་ནས་སྒྲིབ་པའི་རྒྱལ་མཚན་འཛིན་པའི་སྐྱེས་ཆེན་དམ་པ་རྣམས་འགུལ་སྐྱོད་ཅིག་རྒྱག་རན་པའི་དུས་ལ་སླེབ་འདུག་པར་སེམས།

  2. ཁ་བའི་བུ། says:
    2011-12-01 at 3:09 am

    ཨ་ཁ་དེའི་མཉམ་དུ་རྒྱ་ནག་སྲིད་འཛིན་ལ་ཕུལ་བའི་བོད་རྒྱ་དབྱིན་གསུམ་གྱི་འདྲ་བཤུས་ཡི་གེ་བཀོད་ཡོད་ན་ཅི་མ་རུང་། གང་ལྟར་ལས་འགུལ་སྤེལ་བར་ཡག་བྱུང་ཨ།

  3. སྒྲོན'མེ' says:
    2011-12-01 at 3:52 am

    ཧཧཧ’དེ’འདྲ’དྲན’རྒྱུ’རྒོད’པ’ལགས།སངས’རྒྱས’ཀིྱ’འཕྲིན’ལས’དང’སེམས’ཅན’གྱི’ལས’གཉིས’མཉམ’པ’ཡིན’པ’རེད།
    སངས’རྒྱས’དངོས’སུ’ཕེབས’ན’ཡང’སེམས’ཅན’གྱི’ལས’ལ’བྱས’རྒྱུ’མེད’དོ།གལ’སྲིད’བྱས’རྒྱུ’ཡོད’ན’གུང’ཁྲན’གྱིས’བོད’ཀྱི’དགོན’སྡེ’སྟོང’ཕྲག’མང’བོ’རྩ’གཏོར’དང’གྲ’བ’དང’མི’མང’ཕལ’ཆེ’བ’གསོད’པ’དང’བཙོན’དུ’བཅུག’པ’དང’ཐ’ན’རྩྭ’ཟ’བ’ལ’སོགས’པ’དམྱལ’བ’མི’ཡུལ’དུ’མྱོང’བ’ལྟ’བུ’བཟོས’པའི’གནས’སྐབས’དེ’ལ’བྱམས’བརྩེའི’བདག’ཉིད’མཐུ’དང’ནུས’པ’ལ’དབང’ཐོབ’རྣམས’ཀྱིས’བྱས’གི’རེད།
    རྒྱུ’མཚན’ནི’ཉིན’མཚན’ཀུན’དུ’སངས’རྒྱས’ཀྱི’བསྟན’པ’དང’སེམས’ཅན’གྱི’དོན’བྱེད’པ’ལ’ཐུགས’གཞོལ’པས’སོ།སངས’རྒྱས’དང’ཆོས’སྐྱོང’རྣམས’ལ’ཐུབ’དང’ནུས’པ’མེད’པས’མ’རེད།སེམས’ཅན’གྱི’ལས’ལ’ཐུག’དུས’སེམས’ཅན’སོ’སོས’ལས’སྒྲིབ’སྦྱོང’བ’ལས’ཐབས’གཞན’ཡོད’པ’མ’རེད།སེམས’ཅན’གྱི’ལས’མ’གཏོགས’པའི’འཕྲལ’གྱི’རྐྱེན’ལ’སོགས’པ’ཆོས’སྐྱོང’རྣམས’ལ’སྐྱབས’འཇུག’ཞུ’ན’བྱས’རྒྱུ’ཡོད’རེད།ཁ’ཤས’ཀྱིས’
    གནས’ལུགས’འདི’ཧ’མ’གོ’བར’ཆོས’སྐྱོང’རྣམས’ཁ’གཏོང’པས’ལས’ངན’ཚད’མེད’པ’མ’གསགས’ཞིགས།ཆ’ཚང’ཆོས’སྐྱོང’རྣམས’ཀྱིས’བྱས’གི’རེད’སྙམ’པའི’ལྟ’བ’དེ’འཇིགས’རྟེན’བྱེད’པ’པོ’ཡོད’པར’འདོད’པའི’ལྟ’བའི’ཕྱོགས’སུ’བུད’སོང’བ’རེད།ཕལ’ཆེ’བས’གནས’ལུགས’འདི’ཧ’མ’གོ’བར’སྐྱོན’མང’བོ’ལྷག’གི’འདུག གནས’ལུགས’འདི’ཁས’ལེན’ན’འདོད’ཀྱང’མི’འདོད’རུང’དངོས’ཡོད’
    གནས’ཚུལ’འདི’རེད།གཞན’ཐམས’ཅད’མཁྱེན’པས’བཙལ’ཅིང’མི’རྙེད’དོ།

  4. སྒྲོན'མེ' says:
    2011-12-01 at 8:30 am

    དེ’རིང’དྲ’གྲོགས’འདི’ཚོ’ གང’དུ’བུད’སོང’བ’ཡིན’ན’ མཐོང’ཡ’མི’འདུག ཕལ’ཆེར’གཉིད’ཁུག’སོང’བ’མིན’འགྲོ’
    ཁ’སང’བཙན’གཡེམ’གིྱ’སྟེང’དུ’འབུ’བཏབ’པ’ནང’བཞིན’རེ’འདུག

  5. ལྷག་པ། says:
    2011-12-02 at 10:08 am

    གདན་ས་ཁག་ཏུ་འཆད་ཉན་གྱི་བསྟན་པ་སྔར་ལས་དར་ཞིང་རྒྱས་པར་ཤོག
    སྔར་གྱི་ན་ལེནྜ་བཞིན་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་ས་སྟེང་གང་བར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme