Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྒྲུབ་བྱ་དོན་དམ་རང་སྲིད་རང་སྐྱོང་དང་རང་བཙན་གཙང་མ་གཉིས་གཞི་རིམ་གྱི་ལས་འགུལ་ངོ་བོ་གཅིག་ཡིན།

Posted on 2010-06-03 By ཁ་བརྡ་ 2 Comments on བསྒྲུབ་བྱ་དོན་དམ་རང་སྲིད་རང་སྐྱོང་དང་རང་བཙན་གཙང་མ་གཉིས་གཞི་རིམ་གྱི་ལས་འགུལ་ངོ་བོ་གཅིག་ཡིན།

བསྟན་རྣམ།
___________
རྒྱ་བོད་ཞི་མོལ་ཡོང་ཆེད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་བཙན་བྱོལ་གཞུང་གི་བསྒྲུབ་བྱའི་དམིགས་ཡུལ་ཁ་གསལ་དང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྣ་བར་འགྲོ་འོས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ངེས་པར་དུ་དགོས་པ་ནི་སྨྲོས་མེད་ཡིན་ན་ཡང་། བོད་མི་དཀྱུས་མ་ཞིག་གི་དུས་རྒྱུན་བོད་ཀྱི་རྩ་དོན་ཆེད་ལས་འགུལ་སྤེལ་ཕྱོགས་ནང་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་འོག་ དེ་མཚུངས་ཀྱི་སྲིད་བྱུས་ཤིག་གང་ཟག་རེ་རེ་ནས་འཛིན་དགོས་པ་ཨེ་ཡིན་སྙམ།
བསམ་ཚུལ་འདིས་གཉིས་སྨན་དབུ་མའི་ལམ་དང་བསྒྲུབ་བྱ་དོན་དམ་རང་སྲིད་རང་སྐྱོང་ལའང་མཐའ་གཅིག་ཏུ་རྒྱབ་སྐྱོར་ཁོ་ན་ལས་འགོག་རྐྱེན་བཟོ་གི་ཡོད་པ་གཏན་ནས་བསམ་གྱི་མེད། དུས་རྒྱུན་དུ་ནས་བོད་མི་དཀྱུས་མ་ཞིག་གི་བོད་ཀྱི་རྩ་དོན་ཆེད་ལས་འགུལ་འདྲ་མིན་ནང་མཉམ་ཞུགས་བྱེད་སྐབས་དགོས་མཁོ་མེད་པའི་རྣམ་རྟོག་གཅིག་ནི། ང་རྩ་དོན་ལས་འགུལ་འདིར་ཞུགས་ན་༧གོང་ས་མཆོག་གམ་བཙན་བྱོལ་བོད་གཞུང་གི་དགོངས་པ་དང་འགལ་གྱི་མེད་དམ་སྙམ་པ་འདི་ཡིན། སེམས་ཚོར་འདི་ནི་ལྷག་པར་ང་ལྟ་བུ་བོད་མི་ཞིག་གི་གནས་སྟངས་འོག་འཆར་ངེས་ཡིན།
ཕྱོགས་གཅིག་ནས་ཤེས་ཡོན་ལྷག་བསམ་ཅན་དང་སེམས་ཐག་ཉེ་པོའི་ཐོག་བོད་མིར་ཤ་ཚའི་ངང་རང་བཙན་གཙང་མ་དང་དེ་འབྲེལ་ལས་འགུལ་སྣ་ཚོགས་སྤེལ་བ་དང་། ཕྱོགས་གཞན་ཞིག་ནས་རང་ཉིད་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་ཡང་དག་པའི་དབུ་མའི་ལམ་ལ་ཆེས་ཡིད་ཆེས་དང་ངེས་པ་བརྟན་པོ་རྙེད་པ་ཞིག་ཡིན། ཕྱི་རྒྱལ་ལྷག་བསམ་ཅན་གྱི་རྒྱབ་སྐྱོར་བ་ཚོས་འདས་པའི་བོད་ཀྱི་ལོ་རྒྱུས་ནང་བོད་རྒྱ་ནག་ལས་རྒྱལ་ཁབ་ཐ་དད་ཡིན་པ་གསལ་པོ་ཤེས་པ་ཙམ་དུ་མ་ཟད་ད་ལྟའི་ཆར་རང་བཙན་གཙང་མ་བོད་མིའི་མངོན་འདོད་དང་མཐུན་ཞིང་ཧ་ཅང་རྩོད་འོས་པ་ཞིག་དང་། མ་འོངས་པར་ཡང་བོད་འདི་རང་བཙན་གཙང་མའི་རྒྱལ་ཁབ་ཏུ་འགྱུར་བའི་རེ་བ་དང་འབད་བརྩོན་བྱེད་བཞིན་ཡོད། འདི་འདྲའི་རང་བཙན་གཙང་མའི་རྒྱལ་ཁབ་ནི་བོད་མི་ཁོ་ནའི་ཆེད་དུ་རྩོད་པ་ལས་རྒྱབ་སྐྱོར་བ་ཁོ་པའི་ཆེད་དུ་མིན་པ་ནི་ཚང་མས་ཤེས་གསལ་ཡིན།
སེམས་འཁུར་ཆེན་པོའི་ཐོག་ནས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ཁྱེད་ལ། ང་ཚོས་བོད་རང་བཙན་གཙང་མའི་ཆེད་གོམ་བགྲོད་ལས་འགུལ་སྤེལ་ཀྱི་ཡོད། ཁྱེད་བོད་མི་ཚོ་རྒྱབ་སྐྱོར་དང་འཛུལ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུས་ན་ཁྱེད་ཀྱི་ལན་འདེབས་གང་འདྲ་ཞུ་རྩིས་ཡོད།
འདམ་ཁ་ཡོད་པའི་ལན་འདེབས་ཁ་ཤས་ནི། ང་༧གོང་ས་མཆོག་དང་བཙན་བྱོལ་གཞུང་གི་ཆབ་སྲིད་ལམ་སྟོན་འོག་ཤར་བསྐྱོད་བྱེད་མཁན་གྱི་བོད་མི་ཞིག་ཡིན་པ་ལས་རང་བཙན་གཙང་མ་རྩོད་མཁན་མིན། དེར་བརྟེན་ངས་རྒྱབ་སྐྱོར་དང་མཉམ་ཞུགས་མི་བྱེད་ཅེས་དང་། ཡང་ན། ཡིན་ད་ཡིན། ཐུགས་རྗེ་ཆེ།ང་ཚོ་བཙན་བྱོལ་གཞུང་ལས་ལྷག་པ་ཁྱེད་རྣམ་པས་མ་སྐུལ་དྭངས་་བླངས་ཀྱིས་བོད་དོན་ཆེད་ལོ་རྒྱུས་དང་མཐུན་ཞིང་དམིགས་ཡུལ་བརྟན་པོ་དང་སྐུ་ལས་ཆེ་བ་རྒྱག་བཞིན་ཡོད་ན། ང་བོད་མི་ཞིག་ཡིན་པའི་ཆ་ནས་ལྟ་ཅི་སྨྲོས། ཞེས་ལན་འདེབས་པ། ཡང་ན་ང་ཨ་རིའི་མི་སེར་ཆགས་ཟིན་པ་རེད། བོད་མིའི་འཐབ་རྩོད་ཀྱི་ལས་འགན་ང་ལ་མེད། ཕྱིན་ཆད་ང་ལ་དྲི་བ་འདི་འདྲ་མ་འདྲི་རོགས། ཞེས་བརྗོད་རྒྱུ། ཡང་ན། སྐབས་བབས་ཀྱི་གོམ་བགྲོད་དམ་སྐད་འབོད་སོགས་ཀྱི་ལས་འགུལ་གྱི་དགོས་པ་གཙོ་བོ་ནི་འབྲེལ་ཡོད་ས་གནས་མི་མང་ལ་བོད་དོན་དྲིལ་སྒྲགས་དང་བོད་མིར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དགོས་ལུགས། བོད་ནང་གི་བོད་མིའི་དངོས་ཡོད་སྡུག་བསྔལ་གསལ་བཤད། བོད་དང་བོད་མིར་གང་ཟག་སྒེར་རམ་སྲིད་གཞུང་གི་རྒྱབ་སྐྱོར་མེད་དུ་མི་རུང་བའི་དགོས་མཁོ། ༧གོང་ས་མཆོག་ནི་བོད་རྒྱ་ཞི་མོལ་གྱི་འགོག་རྐྱེན་མིན་པར་དཀའ་རྙོག་བསལ་ཆེད་ཀྱི་ཐབས་བླ་ན་མ་མཆིས་པ་ཡིན་ལུགས་གསལ་བཤད་སོགས་ཡིན་ན། གོང་བརྗོད་ལས་རིམ་གྱི་ཉིན་རེའི་དངོས་ཡོད་གནས་ཚུལ་ལ་ལྟོས་ཚེ། ད་བར་དམིགས་ཡུལ་གཉིས་ཀྱི་གཞི་རིམ་ལས་འགུལ་ནི་ནང་འགལ་དུ་མི་མངོན་ལ། རང་བཙན་གཙང་མ་དགོས་ནའང་འདྲ། དོན་དམ་རང་སྲིད་རང་སྐྱོང་དགོས་ནའང་འདྲ། བརྗོད་ཟིན་དྲང་བདེན་གྱི་ལས་འགུལ་སྤེལ་རྒྱུ་ནི་བསྒྲུབ་བྱ་གཉིས་ཀའི་གཅིག་མཚུངས་ཀྱི་ཐབས་ལམ་ཞིག་ཡིན། གལ་ཏེ་རྒྱ་ནག་གཞུང་གི་བཙན་བྱོལ་བོད་གཞུང་མང་ལ་འདམ་ཁ་གཉིས་པོ་དེ་དྲིས་ན་དེ་སྐབས་ལན་རྒྱག་རྒྱུ་ལས་ད་ལྟ་གཞི་རིམ་ལས་འགུལ་ནང་འདམ་ཀ་གཉིས་པོའི་དྲི་བ་སྔ་དྲགས་པ་མིན་ནམ་སྙམ།
མདོར་ན་གཞི་རིམ་གྱི་བོད་དོན་འཐབ་རྩོད་སྐབས། ཇི་ཙམ་གྱིས་རང་གཙང་མའི་ལས་འགུལ་ཐོག་ཐབས་རྩོད་གཞི་རྒྱ་ཆེ་བ་དང་ཟབ་པ་དེ་ཙམ་གྱིས་དོན་དམ་རང་སྲིད་རང་སྐྱོང་ལའང་ཤུགས་རྐྱེན་རྒྱབ་སྐྱོར་ལས་འགོག་རྐྱེན་དུ་མི་འགྱུར།
རྒྱ་ནག་གི་ཕྱོགས་ནས་ལྟོས་ནའང་ཇི་ཙམ་གྱིས་རང་བཙན་གཙང་མར་འབད་བརྩོན་དང་རྒྱབ་སྐྱོར་ཤུགས་ཆེ་འགྱུར་ཚེ་དེ་ཙམ་གྱི་རང་སྲིད་རང་སྐྱོང་གི་སྲིད་བྱུས་ཕྱོགས་སུ་དབང་མེད་མ་འགྲོ་ཀ་མེད་ཡིན་ནོ།།

རྩོམ་རིག

Post navigation

Previous Post: ས་ཡོམ་ཁྲོད་ང་ཚོ་དང་ཁ་གྱེས་པའི་སྤུན་ཟླའི་མིང་ཐོ་རིང་མོ།
Next Post: ངེས་བརྟན་མེད་པའི་མི་ཚེ།

Comments (2) on “བསྒྲུབ་བྱ་དོན་དམ་རང་སྲིད་རང་སྐྱོང་དང་རང་བཙན་གཙང་མ་གཉིས་གཞི་རིམ་གྱི་ལས་འགུལ་ངོ་བོ་གཅིག་ཡིན།”

  1. ཀརྡོ་རབ་འབྱམས་པ་ says:
    2010-06-04 at 11:36 am

    ་་་། རྒྱ་ནག་གི་ཕྱོགས་ནས་ལྟོས་ནའང་ཇི་ཙམ་གྱིས་རང་བཙན་གཙང་མར་འབད་བརྩོན་དང་རྒྱབ་སྐྱོར་ཤུགས་ཆེ་འགྱུར་ཚེ་”དེ་ཙམ་གྱིས་རང་སྲིད་རང་སྐྱོང་ཡང་སྤྲོད་པ་ལ་ཞེད་སྣང་བྱེད་སྲིད་པ་རེད།”༼དེ་ཙམ་གྱི་རང་སྲིད་རང་སྐྱོང་གི་སྲིད་བྱུས་ཕྱོགས་སུ་དབང་མེད་མ་འགྲོ་ཀ་མེད་ཡིན་ནོ། །༽

  2. བོད་ says:
    2010-06-04 at 2:46 pm

    རྩོམ་ཡག་པོ་ཞིག་རེད། མུ་འཐུད་ནས་ཕེབས་རོགས། ཡོད་ཕོང་བ་ཞིག་ལ་དྲ་ཐོག་རྩོམ་པོ་ཀློག་ཞེ་དྲག་ཡོད་པ་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme