Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྒྲགས་ཡིག་བཙན་པོ་མ།

Posted on 2015-09-292015-09-29 By ཁ་བརྡ 14 Comments on བསྒྲགས་ཡིག་བཙན་པོ་མ།

unnamed-13—–གླིང་གཅེར་བུས།

ཁག་ཅིག་གིས་རྒྱ་དམར་ལ་མགོ་འབུལ་ལུས་འབུལ་བྱས། ཁག་ཅིག་གིས་གཅེས་པའི་ལུས་སྲོག་གིས་འཐབ་རྩོད་བྱེད་དུས་ཀྱི་ཡི་མུག་པའི་དུས་ཚོད་འདིར། སེམས་བསམ་པའི་མི་ཐེག་པ་ནི་ན་ཟུག་ཁོ་ན་ཡིན། དེ་བས་ངས་སྔར་བཞིན་རྨི་ལམ་ཞིག་རྨིས་ནས་ཡོད། རེ་བ་ཞིག་བཅངས་ནས་ཡོད། ཕུགས་བསམ་ཞིག་འཚོལ་ནས་ཡོད།

ངས་ད་དུང་དྲན་པ་རུམ་གང་ཁུར་ནས་ཡོད། ངས་རང་ཉིད་ཚོའི་གནའ་སྔ་མོ་ཞིག་དྲན་གྱིན་ཡོད། མེས་པོ་དཔའ་སྙིང་ཅན་ཚོས་བློ་གྲོས་ཀྱི་སྤོབས་པའི་བཞག་པའི་ལོ་ཟླ་ཞིག་དྲན་གྱིན་ཡོད། རྒྱལ་གཅེས་དཔའ་བོ་ཁྲི་ཕྲག་གིས་ཁྲག་དང་མིག་ཆུས་བྲིས་པའི་ཁ་ཆེམས་དག་དྲན་ནས་ཡོད།

ང་ཡི་བོད། ཁྱོད་རང་སྔར་བཞིན་བོད་བཙན་པོའི་གཞིས་ཁྱིམ་ལ་ལོག་དགོས། ཁྱོད་རང་སྔར་བཞིན་ཡ་གླིང་གི་དཀྱིལ་སྙིང་བཟུང་མྱངས་བའི་ཐུ་བྷོད་བཙན་རྒྱལ་ལ་ཆས་དགོས། ཁྱོད་ནི་ལོ་རྒྱས་བྲིས་མྱོང་མཁན་དེ་ཡིན། ཁྱོད་ནི་ཆབ་དཔལ་རིག་གསུམ་དར་མྱོང་མཁན་དེ་ཡིན།

ཉམ་ཆུང་བའི་དུས་ཚོད་འདིར་ཁྱེད་ཀྱིས་གཞར་ཡང་རང་ཉིད་ཀྱི་འདས་སོང་བརྗེད་མི་ཉན། ཁྱེད་ཀྱིས་གཏན་ནས་རང་ཉིད་ཀྱི་མེས་པོ་ཚོ་བརྗེད་མི་ཉན། ཁྱོད་ནི་དུས་ནམ་ཡང་འགྱེལ་ས་ནས་ལངས་མི་ཐུབ་མཁན་གྱི་མི་རིགས་དེ་ཡིན་མི་སྲིད། ཁྱེད་ཀྱི་ཡུལ་མི་རེ་རེའི་སྙིང་ཁམས་ན་དཔའ་སྤོབས་ཀྱིས་དཀྱགས་མྱངས་བའི་བོད་བཙན་པོའི་ཁྲག་རྒྱུན་ཡོད།

ཁྱེད་ནི་ནམ་ཡང་གཉའ་མི་ཞུམ་མཁན་དེ་ཡིན་དགོས། ཁྱོད་ནི་གཏན་ནས་མགོ་མི་སྒུར་མཁན་དེ་ཡིན་དགོས། ཁྱོད་ནི་དུས་གཏན་དུ་ལོ་རྒྱུས་ལྡན་པའི་ཁྱོད་རང་ཡིན་དགོས།

ང་ཡི་བོད། ཁྱོད་རང་སྔར་བཞིན་ས་ཆེན་གྱི་ཐོངས་ཀ་ན་མིང་ཡིག་གིས་འཚོ་མཁན་དེ་ཡིན་དགོས། ཁྱོད་རང་གཏན་ནས་སའི་གོ་ལའི་སྒལ་གཞུང་ན་ད་ཕྲུག་དུ་གྱུར་མི་ཉན་པ་དེ་ཡིན་དགོས།

དུས་ངན་གྱི་རླུང་འཚུབ་ཅི་ལྟར་རྒོད་ན་ཡང་། ཁྱོད་རང་སྔར་བཞིན་རང་དབང་གི་ནམ་མཁའ་ཡངས་བོར་ཞུམ་མེད་སྙིང་སྟོབས་ཀྱིས་འཕུར་སྐྱོད་ཐུབ་མཁན་དེ་ཡིན་དགོས།

སང་ཉིན་ནས་ཁྱེད་ཀྱི་མི་སེར་རེ་རེ་ཡི་སྙིང་ཁམས་རང་དབང་ལ་འཇུག་པར་ཤོག སང་ཉིན་ནས་ཁྱེད་ཀྱིས་རང་དབང་གི་གཡུལ་ཆས་བསྣམ་ནས་འཐབ་རྩོད་ཀྱི་སྟ་གོན་ལ་ཆས་ཤོག ང་ཡི་བོད། ང་ཡི་བོད།

༢༠༡༥/༩/༢༨/

ལྷུག་རྩོམ།

Post navigation

Previous Post: བཙན་བྱོལ་བོད་ཀྱི་མཐོ་སློབ་ཁག་ནང་ཆབ་སྲིད་ཀྱི་རང་དབང་ཡོད་དམ།
Next Post: རྒྱ་གར་མི་སེར་གྱི་ལག་འཁྱེར་ལེན་དང་མི་ལེན་སྐོར།

Comments (14) on “བསྒྲགས་ཡིག་བཙན་པོ་མ།”

  1. ཀརྨ་བློ་གསལ་ says:
    2015-09-29 at 8:56 pm

    རྩ་བའི་ཆ་ནས་རྒྱབ་བསྐྱོར་ཡོད་དེ། སྙན་ངག་ནང་བྲིས་ཡོད་པས་མང་ཚོགས་ནང་གོ་ཁག་པོ་རེད། ལྷ་རབ་བྱུང་ན་ང་ཚོ་ནང་བཞིན་མི་དངོས་སུ་ཕྱི་ལ་ཐོན་ནས་ཁ་སྐད་ནང་བསམ་ཚུལ་སྤེལ་ན་སྤྱི་ཚོགས་ནང་གོ་བརྡ་འཕྲོད་པར་ཕན་ཐོགས་ཡོག་རེད། གུས་པས་ཨ་མཆོག་བླ་མ་བོད་ལ་ངོ་ལོག་པའི་ཐད་སྤེལ་བའི་བསམ་ཚུལ་དེས་མང་ཚོགས་ནང་གང་འཚམས་ངོ་འཕྲོད་ཀྱི་འདུག་པ་ལྟ་བུའོ།

  2. གླིང་གཅེར་བུ། says:
    2015-09-29 at 11:24 pm

    ཀརྨ་བློ་བསལ་ལགས་སུ། ཐུགས་རྗེ་ཆེ། གོ་སོང་།

  3. ཀརྨ་བློ་གསལ་ says:
    2015-09-29 at 11:42 pm

    ང་ལ་དེ་འདྲ་གནང་དགོས་མ་རེད། ཁྱེད་ལའང་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

  4. ཇུང་ཏོག་ says:
    2015-09-30 at 12:57 am

    བོད་མི་རིགས་ལ་རྒལ་ཚིག་དང་ཁྲག་རྩ་ཡོད་མ་ལྡི་ལིར་ཟས་བཅད་ནང་ཡོད་པའི་མི་གསུམ་གྱི་ཐོག་ལ་མི་གསུམ་བཅུ་ལང་དགོས་ལ་མི་གསུམ་བཅུའི་ཐོག་ལ་མི་གསུམ་བརྒྱ་ལང་དགོས་ལ་མི་གསུམ་རྒྱའི་ཐོག་ལ་མི་གསུམ་སྟོང་ལང་དགོས་བོད་མི་རིགས་ལ་རྒལ་ཚིག་དང་ཁྲག་རྩ་མེད་ན་བོད་ལ་ལོག་ནས་རྒྱ་ཡི་རྐུབ་གཡོག་རྒྱུགས་རོགས་དེ་མིན་ཁ་བདེ་པོ་མང་པོ་བཤད་ནས་ད་ཕན་ལེ་མ་རེད་ལོ་།

  5. དད་ཅན་པ། says:
    2015-09-30 at 3:48 am

    དངོས་ནས་ཙ་ཡ་བྲིས་ཡོད་ཀི། ད་ལྟའི་དུས་ཚོད་འདི་འདྲར་རྩོམ་པ་པོ་དག་གིས་འདི་ལྟ་བུའི་རྩོམ་ཡིག་སྤེལ་ནས་མི་དམངས་ལ་སད་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་རེད།

  6. ལུང་རྟོགས། says:
    2015-09-30 at 4:04 am

    ཀར་མ་བློ་གསལ་གྱིས་རྒྱབ་སྐྱོར་བྱེད་ཡོང་དུས་ཀློག་ཉན་མེད་པ་ཞིག་ཡིབ་པ་བརྒྱ་ཆ་བརྒྱ་རེད། བཀླགས་མེད།

  7. རྒོད། says:
    2015-09-30 at 4:17 am

    ལུང་རྟོགས་ཟེར་བ་འདི་སྙིང་རེ་རྗེ། ཀློག་ཙམ་ཡང་མེད་པར་བླུན་ཐག་ཐག་གཅོད་པའི་སྤོབས་པ་འདིའང་། འདི་འདྲའི་རྩོམ་རྩལ་ཅན་གྱི་རྩོམ་ཡིག་ཅིག་ཀློག་ཙམ་ཡང་མེད་པར་ཐག་གཅོད་པ་ནི་རང་ཉིད་ཀྱི་གྱོང་གུད་ཅིག་དང་རང་ཉིད་ཀྱི་དེ་ཉིད་གསལ་བར་སྟོན་པ་ལས་གཞན་ཅི་ཡང་མ་ཡིན་ནོ།

  8. ཁུ་བྱུག་འཛུམ་ཅན། says:
    2015-09-30 at 10:54 pm

    རྩོམ་པ་པོ་ལ་དྲི་རྒྱུར་
    ༡༽ཁྱེད་ལ་རང་བཙན་ཐོབ་པའི་གདེངས་ཚོད་ག་ཚོད་དམ་

    ༢༽བོད་བཙན་པོའི་སྙིང་སྟོབས་ཁ་རུ་འཁུར་ནས་མི་སེམས་བསླུ་བ་དེས་དོན་དངོས་(དེང་གི་ཆབ་དཔལ་རིག་གསུམ་སོགས་)དང་མཐུན་པའི་སྐད་ཆ་ཡིན་པའི་རྒྱུ་མཚན་གང་ཡོད།

    ༣༽བོད་མི་མི་འབོར་ག་ཚོད་ཡོད་དམ་ ཁྱེད་ཀྱིས་ཤེས་སམ་ རྒྱ་མི་མི་འབོར་ག་ཚོད་ཡོད་དམ་ ཁྱེད་ཀྱིས་ཤེས་སམ་ གནད་དོན་དེ་ནས་བོད་མིས་རང་ལུས་མཆོད་མེ་ཕུལ་བ་དང་ཟས་བཅད་སོགས་སྐུ་སྲོག་ཤོར་བ་དེ་ཉུང་བ་ཉུང་དུ་སོང་བ་ཡིན་ལ་དེ་ནི་ཕུགས་ཀྱི་གྱོང་གུན་ཡང་ཡིན་ ངས་དེ་ན་སེམས་སྟེང་ནས་དེ་དག་ལ་ཡིད་རང་དང་གུས་བརྩི་ཡོད་ འོན་ཏེ་མཐར་གྲུབ་འབྲས་གང་ཡང་མེད་པ་ནི་ཁྱེད་ཀྱིས་མཁྱེན་ངེས།

    ༤༽བོད་ཀྱི་སྐད་ཡིག་ རིག་གཞུང་ མི་རིགས་ཀྱི་ངོ་བོ་ སོགས་ད་ཆ་ནུབ་ཁའི་ཉི་མ་འདྲ་བ་དེ་སྲུང་སྐྱོབས་བྱེད་དམ་ད་དུང་རག་རྒྱུ་མེད་པའི་རང་བཙན་རྩོད་ནས་ཁྱད་ནོར་དེ་དག་ནམ་ཡང་ལོ་རྒྱུས་ཙམ་ལ་འགྱུར་འདོད་དམ།

    ༥༽མར་རྡོ་ལ་བཞུས་ན་རྡོ་ཕམ་ རྡོ་མར་ལ་བཞུས་ན་མར་ཕམ། ཞེས་པའི་དོན་དངོས་ཀྱི་གནད་སྟངས་ཡིན་ལ་གལ་ཏེ་མར་རྡོ་ལས་རྒྱལ་དགོས་ན་མར་ཀྱི་དཀྱིལ་དུ་ལྕགས་རྡོ་ཞིག་ངེས་པར་དགོས་པ་ཡིན་ དེས་ན་བོད་རང་བཙན་ལ་རྒྱལ་དགོས་ན་སྟོབས་ཆེན་མེས་རྒྱལ་ལས་ཆེ་བ་སྟོབས་ཞིག་ དེར་ཁྱེད་ལ་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་ནས་དེ་ལྟར་ངོ་ལྐོག་མེད་པར་དཔུང་རོགས་ཡོད་པའི་གདེངས་ཚོད་ག་ཚོད་ཡོད་དམ་ གལ་ཏེ་དེ་ལ་ད་དུང་ཐེ་ཚོམ་ཡོད་ན་ ད་ནི་ཁྱེད་ཕམ་སོང། ད་བཙན་པོའི་གཟི་ཉམས་ངོམ་པས་ཅི་ལ་ཕན་ནམ་ ལན་ངེས་པར་གནང་རོགས།

  9. ཀརྨ་བློ་གསལ་ says:
    2015-09-30 at 11:39 pm

    ཁུ་བྱུག་འཛུམ་ཅན། འདི་དག་ཆ་ཚང་དྲི་བ་ཡིན་ན། ག་རེ་བྱས་ནས༡༩༥༩ལོར་བྲོས་ཡོང་པ་རེད་དམ། ནག་ཉེས་མ་རེད་དམ།

  10. རྒོད། says:
    2015-10-01 at 1:44 am

    ཧཧཧ། ཁུ་བྱུག་འཛུམ་ཅན་ཡ། འདི་དག་དྲི་བ་ཞིག་ཏུ་འདོད་ཀྱིན་ཡོད་ན། ལན་གཅིག་ལས་མི་འདུག བོད་བཙོང་གི་ཡིན་ནམ་ལེན་གི་ཡིན་དེ་རེད། ད་དུང་ཆོས་དང་རིག་གཞུང་མྱུར་སྐྱོབས་ཅན་པོ། ཧ་ཨོ། ཉིན་ཞིག་༧ གོང་ས་མཆོག་གིས་ང་ཚོ་རང་བཙན་ལམ་ལ་འགྲོ་དགོས་འདུག་ལབ་རྒྱུ་ན། ཡང་འདི་ཅན་པོས་གནས་ལུགས་ཡོད་ཚུལ་གྱིས་གང་འདོད་དུ་མྱོ་བཤད་བརྒྱག་རྒྱུ་རེད། རང་ཉིད་ལ་ཀླད་ཁོལ་ཞིག་གཏན་ནས་མེད་པའི་མི་འདི་དག རྨོངས་ཞེན་གཅིག་པོ་ལས་འཐབ་རྩོད་ཀྱི་གནད་ལ་ཐུག་དུས་མི་གཅིག་ཡིན་ཡང་དཔའ་སྤོབས་ཤིག་བསྐྱེད་པ་ཕར་ཞོག གཉའ་བཅག་ཐབས་ཁོ་ན་བྱད་པའི་སྡར་མ་འདི་རིགས་ནི་ང་ཚོ་མི་རིགས་ཧྲིལ་བོའི་དགྲ་བོ་ཡིན་པ་མ་བརྗེད།

  11. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-10-01 at 4:26 am

    ང་ཚོས་རྒྱལ་བ་དོན་གྱི་བདག་པོས་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་ངོས་བཟུང་ཡོད་ལ་བཀའ་དྲིན་གཞལ་དཀའ་བའི་ཚད་རེད། ཡིན་ནའང་མི་ལོ་དྲུག་ཅུ་ལྷག་རིང་ལ་ཐབས་ཤེས་གང་དྲག་ཐོག་བོད་མིའི་ངོས་ནས་གྱོང་ཁུར་ཡ་མེད་ན་མ་གཏོགས་ཁུར་ཡོད་ཀྱང་རྒྱ་ཕྱོགས་ནས་ཡ་ལན་གནང་ཀི་མེད་མཐོང་ཆོས་རེད། དེ་བཞིན་མུར་འབད་པ་ལས་དཔའ་སྟོབས་ལྡན་པའི་ཀླུ་མཁའི་ལྟ་ཚུལ་རང་ལ་ཕྱིར་ལོག་ནས་འབད་པ་བྱ་དགོས་པ་དེར་ཧ་ཅང་གི་གལ་གནད་ཐུག་ཡོད། འཐབ་རྩོད་འདི་མི་རབས་ནས་བྱ་དགོས་ཚེ་ངེས་པར་དུ་བོད་མི་ས་ཡ་དྲུག་ལ་བདག་དབང་ཆ་ཚང་ཡོད་པ་ཅིག་དགོས་རེད་མ་གཏོགས་གཡོག་པོས་བདག་པོ་ལག་ནས་གང་རག་བལྟ་བཞིན་འདུག་དགོས་ན་གནས་སྟངས་འདི་བོད་མི་ས་ཡ་དྲུག་ལ་འགྲེལ་བཤད་དགོས་རྒྱུ་མ་རེད་དྲན། དེར་བརྟེན་བོད་མིའི་ནང་ཁུལ་ན་མཐུན་སྒྲིལ་གནང་རྒྱུ་གལ་ཆེ་ལས་བོད་རང་བཙན་འདོད་མཁན་རྣམས་ལྷོ་ཁ་ཁུལ་ནས་རྒྱངས་འཕུད་མ་གཏོང་རོགས་ཞུ།།

  12. གནམ says:
    2015-10-01 at 5:38 am

    སྔོན་མ་ག་རེ་ཡིན་མིན་གྱི་ངར་སྐད་ལས་ཅི་ཡང་ཐོབ་རྒྱུ་མ་རེད། དེ་ན། དེང་ཕྱིན་ག་རེ་བྱེད་མིན་གྱི་དཔའ་སྐད་ཞིག་ཐོན་དང་ཤ་ཉེ།
    ང་ཚོར་དགོས་བ་ནི་དེ་རེད། རྩོམ་སྙན་པོ་ཙམ་གྱིས་དགྲའི་བླ་འགུལ་ནི་མ་རེད། ཧ་ཧ་ཧ།
    ཡི་གེ་སྦྱང་འདོད་དུ་བྲིས་ཤོར་ན། བྲིས་བ་སྙན་ཙམ་རེད། ཧ་ཧ་ཧ།

  13. ཁུ་བྱུག་འཛུམ་ཅན། says:
    2015-10-01 at 9:58 am

    རྒོད་ལགས་ ལན་གཅིག་ལས་མེད་པ་འདི་ནི་ཁྱེད་ཐེ་ཚོམ་གྱི་གནས་སུ་ཡོད་པ་མཚོན་ ད་དུང་ཁྱེད་ནས་ བཙོང་ ཞེས་པའི་གོ་དོན་ཤེས་ཀྱིི་མིན་འདུག་???

  14. ཁུ་བྱུག་འཛུམ་ཅན། says:
    2015-10-01 at 10:58 pm

    རྒོད་ལགས་ “གོང་ས་མཆོག་གིས་ང་ཚོ་རང་བཙན་ལམ་ལ་འགྲོ་དགོས་འདུག་ལབ་རྒྱུ་ན། ཡང་འདི་ཅན་པོས་གནས་ལུགས་ཡོད་ཚུལ་གྱིས་གང་འདོད་དུ་མྱོ་བཤད་བརྒྱག་རྒྱུ་རེད།” ཁྱེད་ཀྱིས་བསམ་ཚུལ་འདི་ནི་གང་ཡང་མི་ཤེས་པའི་རྨོངས་པའི་བསམ་པ་དང་༧གོང་ས་མཆོག་ལ་ཟུར་ཟ་འབའ་ཞིག་ཡིན་པ་ཤེས་པར་གྱིས་ དབུ་མའི་ལམ་ནི་༧གོང་ས་མཆོག་གིས་ཡུན་རིང་དགོངས་པ་བཞེས་ནས་འགྲོས་སྒོ་གནང་བ་དང་དེ་ནས་ ཚོགས་ཆེན་ཁག་གི་གནས་སྟངས་ གྲོས་ཚོགས་གི་གནས་སྟངས་ དམིགས་གསལ་ཚོགས་ཆེན་ཚོགས་པ་སོགས་ བཀའ་བསྡུར་རབ་དང་རིམ་པ་གནང་བ་ སྦྱང་བཤད་རབ་དང་རིམ་པ་གནང་བ་ གོ་བསྡུར་ལྷུག་པོ་གནང་བ་ འགྲོས་ཚོགས་ཀྱིས་མང་མོས་གཅིག་མཐུན་བྱུང་བ་ གཞིས་བྱེས་བོད་མིས་མང་གཙོ་ཡང་དག་པའི་ལམ་ལུགས་འོག་མི་མང་གིས་མང་མོས་ཐོབ་པའི་བརྒྱ་ཆ་༦༤% སོན་པའི་བཙན་བྱོལ་བོད་མིའི་ལང་ཕྱོགས་ཞིག་ཡིན་པ་ལས་ ༧གོང་ས་མཆོག་གི་བཀའ་དགོངས་རེད་ སྐྱབས་སུ་མཆི་ ཞེས་བཀའ་རྗེས་སུ་ཕྱིན་པའི་གནས་སྟངས་ཞིག་རྩ་བ་ནས་མིན་པས་ངེས་པ་དུ་མཁྱེན་དགོས་པ་ཡིན་ གནས་ཚུལ་འདི་གསལ་པོ་བཟོ་དགོས་པ་ནི་ངེད་ཚོའི་འོས་འགན་ཡིན་ལ་གོ་མེད་ཚོར་མེད་ངང་གང་བྱུང་གསུང་པ་ཧ་ཅང་ཐ་ཤལ་དང་ཧམ་བཤད་ ལོག་བཤད་ དྲིན་ལན་ལོག་འཇལ་རང་ཡིན་པས་དེ་དོན་མཁྱེན་དགོས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme