Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྐྱར་དུ་འཛམ་གླིང་ལ་དབུ་འཁྱུད་ཅིག་བྲིས་སོང་།

Posted on 2014-02-122014-02-12 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 3 Comments on བསྐྱར་དུ་འཛམ་གླིང་ལ་དབུ་འཁྱུད་ཅིག་བྲིས་སོང་།

འཇིགས་མེད་ནུབ་པ།

བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་ནི། བོད་ལ་སྒྱུ་རྩལ་གྱི་ཁྱབ་ཁོངས་མང་པོ་ཡོད་པའི་ཁྲོད་ནས་འཛམ་གླིང་གི་སྒྱུ་རྩལ་སྟེགས་བུར་སྙེག་ཐུབ་མཁན་དེ་ཡིན་ཞིང་། ལྷག་པར་དུ། ཉེ་བའི་ལོ་ཤས་ནང་དུ་བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་ལ་རྒྱལ་སྤྱིའི་ཐོག་ན་ཉོ་མཁན་དང་བཙོང་མཁན། དོ་སྣང་སྤྲོད་མཁན་གསུམ་ཀ་ཇེ་མང་དུ་འགྲོ་བཞིན་ཡོད་ལ། བསྟན་འཛིན་རིག་གྲོལ་དང་གོང་དཀར་རྒྱ་མཚོ་གཉིས་ནི་བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་གྱི་མདུན་གྲལ་བ་གཉིས་ཡིན།

སྤྱི་ཟླ་གཉིས་པའི་ཚེས་༨ཉིན། འཛམ་གླིང་སྟེང་གི་རི་མོའི་འགྲེམས་སྟོན་ཁང་ཆེ་ཤོས་མེ་ཁྲོ་པོ་ལིས་ཁྲིན་སྒྱུ་རྩལ་འགྲེམས་སྟོན་ཁང་(The Metropolitan Meseum of Art)དུ་། བསྟན་འཛིན་རིག་གྲོལ་དང་གོང་དཀར་རྒྱ་མཚོའི་རི་མོ་གཉིས་འགྲེམས་སྟོན་བྱས་ཡོད་ཅིང་། འགྲེམས་སྟོན་དེ་སྤྱི་ཟླ་དྲུག་པའི་ཚེས་བརྒྱད་བར་དུ་སྒོ་འབྱེད་བྱེད་འཆར་རེད་འདུག ལོ་རྒྱུས་ཐོག་འདི་ནི་བོད་ཀྱི་དེང་རབས་སྒྱུ་རྩལ་བ་གཉིས་ཀྱི་རི་མོ་འཛམ་གླིང་གི་འགྲེམས་སྟོན་ཁང་ཆེ་ཤོས་ཞིག་ལ་འགྲེམས་སྟོན་བྱས་བ་ཐོག་མ་རེད་ལ། འདི་ནི་བོད་ཀྱི་དེང་རབས་སྒྱུ་རྩལ་ལ་མཚོན་ན་འཛམ་གླིང་ལ་བྲིས་བའི་དབུ་འཁྱུད་གསར་བ་ཞིག་རེད་ལབ་ན་མི་འགྲིག་པ་མེད་སྙམ།

Met

མེ་ཁྲོ་པོ་ལིས་ཁྲིན་སྒྱུ་རྩལ་འགྲེམས་སྟོན་ཁང་ནི་ཕྱི་ལོ་༡༨༧༠ལོར་ཨ་རིའི་ཕྱུག་བདག་དང་ཚོང་པ་འགས་བཙུགས་ཤིང་། འགྲེམས་སྟོན་ཁང་འདིས་ལོ་ངོ་སྟོང་ཕྲག་ལྔ་ལྷག་གི་འཛམ་གླིང་གི་སྒྱུ་རྩལ་གྱི་གཅེས་ནོར་མང་པོ་གསོག་ཉར་བྱས་ཡོད་ཞིང་། འགྲེམས་སྟོན་ཁང་འདི་ཤར་དང་ལྷོ། ནུབ་དང་བྱང་བཅས་སྡེ་ཚན་ཆེན་པོ་བཞི་ལ་བགོས་ཡོད། ཨེ་ཤ་ཡའི་སྒྱུ་རྩལ་དག་ཐོག་བརྩེགས་གཉིས་པ་དང་གསུམ་པའི་བྱང་ངོས་སུ་ཡོད་ཞིང་དེ་རུ་ཁང་མིག་ཆེ་ཁག་༥༣འདུག དེའི་ཁོངས་ཀྱི་ཁང་མིག༢༡༨ཟེར་བ་དེའི་ནང་དུ་བོད་ཀྱི་ཐང་ཀ་དང་སྐུ་འདྲ་རྙིང་པ་འགའ་འགྲེམས་སྟོན་བྱས་ཡོད་ལ། བསྟན་འཛིན་རིག་གྲོལ་དང་གོང་དཀར་རྒྱ་མཚོ་གཉིས་ཀྱི་རི་མོ་གཉིས་ཀྱང་དེར་བཤམས་འདུག

Rigdol Art

བསྟན་འཛིན་རིག་གྲོལ་གྱི་རི་མོ་འདིའི་མིང་ལ་(Pin Drop Silence)ཟེར་ཞིང་། དེའི་གོ་དོན་ནི་ལྷིང་འཇགས་ཀྱི་དོན་ཡིན་ཞིང་། མིང་དེ་ལྟར་འདོགས་དགོས་བའི་ཐད་ལ་བསྟན་འཛིན་རིག་གྲོལ་གྱིས་གསུངས་ན། “བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་བརྒྱ་གྲངས་བརྒལ་ན་ཡང་། འཛམ་གླིང་ཧྲིལ་བོ་ད་དུང་ཡང་ཁུ་སིམ་མེར་བསྡད་འདུག་པ་དེར་བརྡ་ཞིག་སྤྲད་པ་ཡིན་”ཟེར་། ལྷག་པར་དུ་ཁོང་གི་རི་མོ་འདིའི་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ནི་མེ་ལྕེ་ཡིན་ཟེར།

Kongkar Art

གོང་དཀར་རྒྱ་མཚོ་ལགས་ཀྱི་རི་མོ་འདིའི་མིང་ལ་”དུམ་བུར་བསིལ་བའི་སྟོན་པ་”(Dissected Buddha)ཟེར་ཞིང་། རི་མོ་འདིའི་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེན་ཞིག་ནི་སྦྱར་ཤོག(Sticker)ཡིན་ལ། གོང་དཀར་རྒྱ་མཚོ་ནི་བོད་ཀྱི་སྒྱུ་རྩལ་བའི་ཁོངས་སུ་སྦྱར་ཤོག་བེད་སྤྱོད་བཏང་ནས་སྒྱུ་རྩལ་བཞེངས་མཁན་ཐོག་མའི་གྲས་ཡིན་ལ་དེ་ནི་ཁོང་གི་གསར་གཏོད་ཡིན་ལབ་ན་ཡང་མི་འགྲིག་པ་མེད་། ཁོང་གིས་ད་དུང་ཡང་སྦྱར་ཤོག་སྒྱུ་རྩལ་དེ་བེད་སྤྱོད་གཏོང་གི་ཡོད་།

Rigdol

བསྟན་འཛིན་རིག་གྲོལ་ནི། ཕྱི་ལོ་༡༩༨༢ལོར་བལ་ཡུལ་དུ་སྐྱེས། ཁོང་གི་སྒྱུ་རྩལ་ནི་ཚོན་བྲིས་དང་འཇིམ་བཟོ། བརྙན་ཕབ་བཅས་ཚུད་པའི་ལག་ཤེས་སྣ་མང་གི་ཁོངས་སུ་ཚུད་ཡོད། ཁོང་ནི་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དང་ནུབ་ཕྱོགས་ཀྱི་སྒྱུ་རྩལ་གཉིས་ཀར་སྦྱངས་བ་ཐོན་ཡོད་ལ། ཕྱི་ལོ་༢༠༠༥ལོར། རི་མོའི་སྒྱུ་རྩལ་དང་སྒྱུ་རྩལ་གྱི་ལོ་རྒྱུས་ཐོག་ཨ་རིའི་ཁོ་ལོ་ར་སྒྲོའི་གཙུག་ལག་སློབ་ཁང་(The University of Colorado)དུ་རིག་གནས་རབ་འབྱམས་པ་ཐོན། ཁོང་གིས་ད་ཕན་འཛམ་གླིང་གི་རྒྱལ་ཁབ་སུམ་ཅུ་ལྷག་ལ་རི་མོའི་འགྲེམས་སྟོན་བྱས་མྱོང་། ལྷག་པར་དུ་། ཕྱི་ལོ་༢༠༡༡ལོར་ཁོང་གིས་བོད་ནས་ས་སྤྱི་རྒྱ་ཁྲི་གཉིས་བོར་ཏེ་རྒྱ་གར་རྡ་ལམ་ས་ལར་ས་ཡི་སྟེགས་བུ་ཞིག་བཞེངས་ཡོད་པ་མ་ཟད་། དེ་དང་འབྲེལ་ནས་ཁོང་གིས “ཕ་ས་བུ་ཐུག” ་ཟེར་བའི་དངོས་བྱུང་གློག་བརྙན་ཞིག་བཟོས་ཤིང་། གློག་བརྙན་དེ་ཡང་ཨེ་ཤ་ཡའི་རང་དབང་གློག་བརྙན་དུས་སྟོན་ཆེ་ཤོས་(BUSAN)་སོགས་ལ་ཡང་ཚུད་ཡོད། ད་དུང་བསྟན་འཛིན་རིག་གྲོལ་ལགས་ནི་སྙན་ངག་པ་ཞིག་ཀྱང་ཡིན་། ད་ཕན། ཁོང་ནས་ ( “R”-the frozen ink 2008) “སྐྱབས་བཅོལ་བ། འཁྱག་ལ་འབྱར་བའི་སྣག་ཚ་།” དང་ (Anotmy of Nights 2011) “མཚན་མོའི་རུས་ཀྲང་།” (Butterfly’s wings 2011) “ཕྱེ་མ་ལེབ་ཀྱི་གཤོག་ཟུང་”བཅས་དཔར་བསྐྲུན་བྱས་ཡོད་། ཁོང་ཨ་རིའི་ནེའུ་ཡོག་ཏུ་བཞུགས་ཡོད་།

gyatso_gonkar

གོང་དཀར་རྒྱ་མཚོ་ནི། ཕྱི་ལོ་༡༩༦༡ལོར་བོད་ལྷ་སར་སྐྱེས་ཤིང་། ཁོང་གིས་བོད་ཀྱི་སྲོལ་རྒྱུན་ཐང་ཀ་དང་རྒྱ་ནག་གི་་རི་མོའི་སྒྱུ་རྩལ་གཉིས་ཀར་སློབ་སྦྱོང་གནང་མྱོང་བ་མ་ཟད་། ཕྱི་ལོ་༡༩༩༠འགོ་སྟོད་དུ་དབྱིན་ཇིའི་རྒྱལ་ས་ལོན་སྒྲོན་ཏུ་གནས་སྤར་ཞིང་། དབྱིན་ཇི་རུ་ནུབ་ཕྱོགས་ཀྱི་རི་མོའི་སྒྱུ་རྩལ་སྒང་ལ་རིག་གནས་རབ་འབྱམས་པ་ཐོན། ཁོང་གིས་ད་ཕན་འཛམ་གླིང་གི་རྒྱལ་ཁབ་སུམ་ཅུ་ལྷག་ལ་རི་མོའི་འགྲེམས་སྟོན་བྱས་མྱོང་ཞིང་། ཁོང་ནི་བོད་ཀྱི་དེང་རབས་སྒྱུ་རྩལ་གྱི་ཚོགས་པ་ “ཇ་མངར་མོ་” ཟེར་བ་དེ་བཙུགས་མཁན་ཐོག་མའི་གྲས་ཀྱང་ཡིན། ཁོང་དེང་སང་རྒྱ་ནག་ཏུ་བཞུགས།

གསར་འགྱུར།, སྣ་ཚོགས།

Post navigation

Previous Post: བདག་ཅག་གི་སྟོན་པ་འཁྲུངས་སྟངས་ལ་ཅུང་ཟད་དཔྱད་པ།
Next Post: གསུང་རབ་ཀྱི་དགོངས་པ་དོན་དངོས།

Comments (3) on “བསྐྱར་དུ་འཛམ་གླིང་ལ་དབུ་འཁྱུད་ཅིག་བྲིས་སོང་།”

  1. གནམ says:
    2014-02-12 at 7:37 am

    རིག་གྲོལ་ནི། ང་ཚོའི་བོད་པའི་ནང་ན། ངའི་སྒྱུ་རྩལ་ལ་བོད་མིས་དགའ་པོ་བྱེད་ཀི་མ་རེད། མགོ་སེར་ཚོས་དགའ་པོ་བྱེད་ཀྱི་རེད་ཟེར་མཁན་དེའི་རིགས་གྱི་གཅིག་རེད། ཅིའི་ཕྱིར། འདི་མགོ་སྐོར་དང་འབྲེལ་བ་ཡོད་པའི་སྒྱུ་རྩལ་བ་ཡིན་ཙང་རེད།
    སྟོན་པའི་སྐུ་སྙན་ནི་ས་ཐོ། རྡོ་ཐོ། ཤིང་ཐོ་ཙམ་གྱིས་བཟོས་བ་ཡིན་ན་ཡང་། ཉོ་ནི་གང་མང་རེད། དེ་ནི་སྒྱུ་རྩལ་བའི་རྣམ་དཔྱོད་མིན་པར། སྟོན་པ་རང་སྟེང་གི་ནུས་འཕགས་རེད།
    རིག་གྲོལ་གྱིས་སྐུ་ཐང་ལ་གཤག་བཅོས་བྱས་བ་ལས་བརྒལ་བའི་རི་མོ་ཞིག་འབྲི་མི་ཐུབ་པ་དང་ཐུབ་པ་དེ་ལ་སྒོ་མོ་སྟེར་ནིའི་མི་བུ་ཞིག་ཡོད་མ་མྱོང་།
    གོང་དཀར་ནི་མི་ཤེས། ཕྱི་ནང་གཉིས་ཀ་འགུག་པའི་སྒྱུ་རྩལ་ངོ་མ་ཞིག་ཡིན་པའི་རེ་བ་ཡོད།

  2. ཁྱི་ཕྲུག says:
    2014-02-12 at 11:19 am

    རིག་གྲོལ་སྙན་ངག་བྲིས་པ་ཡང་ཧ་ཅང་ཡག་གི་་་( “R”-the frozen ink 2008) “སྐྱབས་བཅོལ་བ། འཁྱག་ལ་འབྱར་བའི་སྣག་ཚ་།”་ཞེས་པའི་དེབ་དེར་བལྟས་མྱོང་་ཚོར་བ་ཤུགས་ཆེན་པོ་སྤྲད་གི

  3. འཇིགས་མེད་ནུབ་པ་ says:
    2014-02-12 at 4:43 pm

    བོད་མི་ཞིག་གིས་སྒྱུ་རྩལ་གྱི་ལམ་ནས་འཛམ་གླིང་ལ་སྐད་གྲགས་བཞག་ན་དེ་ལ་དགའ་བ་མི་སྒོམ་པར་སྡུད་སྐད་རྒྱག་པ་འདི་གཤིས་ཀ་ཡ་མཚན་ཞིག་རེད། ངས་ཀྱང་རྩོམ་བྲིས་ནས་འཛམ་གླིང་གི་དོ་སྣང་བོད་ལ་འདྲེན་འདོད། གལ་སྲིད་ངའི་དེབ་འཛམ་གླིང་གི་ཚོང་རྭ་ལ་བྲིན་པའི་ཉི་མ་ཞིག་ཤར་ཚེ། ཁྱེད་ཚོས་ང་ལ་ཡང་སྡུག་རྒྱུ་ཡིན་པ་འདྲ། དོན་ངོ་མར་ཁྱེད་ཚོའི་རྒྱུད་ཀྱི་ན་ཚ་དེ་ཅི་རེད།

    ང་སྒེར་ངོས་ནས་བསྟན་འཛིན་རིག་གྲོལ་དང་གོང་དཀར་རྒྱ་མཚོ་སོགས་ལ་རྗེས་སུ་ཡི་རངས་དང་ཁོང་ཚོའི་ཕྱག་ལས་ལ་དགའ་བ་སྒོམ་གིན་ཡོད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme