Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྐྱར་དུ་ཆད་པ་བསྐངས་པའི་ལྷུག་རྩོམ་གསར་བ།

Posted on 2014-11-232014-11-23 By ཁ་བརྡ་ 2 Comments on བསྐྱར་དུ་ཆད་པ་བསྐངས་པའི་ལྷུག་རྩོམ་གསར་བ།

རྩོམ་པ་པོ། ལྷམ་ཀོག (རྒྱང་མིག་གིས་འོས་སྦྱོར་བྱས།)

 

མེས་པོ་སྙན་ངག་པ་ཞིག་གི་ངག་རྩལ།

དེང་གི་ཆར་མང་པོ་ཞིག་གསར་དར་སྙན་ངག་འབྲི་བར་ཕྱོགས་པ་དང་བསྟུན། མེས་པོའི་མཛོད་ན་ལུས་པའི་ངག་རིག་གི་རྩལ། དབྱངས་ཅན་མའི་ཞལ་ལས་ཀྱང་ཐོན་དཀའ་བ་མང་པོ་ཞིག་ས་འོག་གི་གཏེར་བཞིན་དུ་ཕྱུང་མ་ནུས་པར་ལུས་པ་ནི་ཕངས་ཆེ་ཨང་སྙམ་ནས། ཕྲན་བུས་འདིར་ཟུར་ཙམ་ངོ་སྦྱར་བར་འདོད་པའི་རྩོམ་ཡིག་ནི། བོད་པའི་ཆོས་སྲིད་གང་ཐད་ནས་ཀྱང་གླེང་དགོས་པའི་སྐྱེས་བུ་འགྲོ་མགོན་འཕགས་པའི་སྙན་ངག་ཅིག་ཀློག་པ་པོ་དག་གི་སྤྱན་སྔར་བསྟར་རྒྱུ་ཡིན། ཐོག་མར་འགྲོ་མགོན་འཕགས་པ་ནི་སྤྱི་ལོ། ༡༢༣༥ ཙམ་ལ་འཁྲུངས་ཤིང་། ༡༢༨༠ ལོར་ཞི་བར་གཤེགས་པ་རེད། ཁོང་གི་རྩོམ་ཡིག་མང་པོའི་ཁྲོད་ནས་འདིར་༡༢༥༩ ལོར་མཛད་པའི་སྙན་ངག [བསྟོད་དབྱངས་རྒྱ་མཚོའི་སྙན་དངགས་རིན་པོ་ཆེའི་རྒྱན་རྣམ་པར་བཀྲ་བ] ཞེས་བྱ་བ་དེ་ཡིན་ཞིང་། རྩོམ་ཡིག་འདིའི་ཐུན་མིན་གྱི་རྩོམ་ལུགས་ཀྱི་ཐད་ནས་ཁོང་གིས་གསུངས་པ་བཞིན། རྐང་བ་ཐུང་ངུ། རིང་བོ། ཤིན་ཏུ་རིང་བོ་སོགས་ཀྱི་རྣམ་པར་སྤེལ་བ་ནི། རྒྱ་མཚོའི་རྦ་རླབས་ཀྱི་གཡོ་ཚུལ་དང་ཀུན་ནས་མཚུངས་པར་འདྲ་ཞིང་། ཡི་གེ་སྡེབ་སྦྱོར་དང་། དབྱངས་ཀྱི་འདེགས་འཇོག་གི་ཆ་ནི་ཡིག་གཟུགས་འདྲ་བ་དང་སྒྲ་འདྲ་བའི་འཕར་འབེབ་ལ་བསྟུན་ནས་སྙན་ངག་མཁན་ཀུན་གྱི་མགོ་བོ་ལ་ཚིག་གི་གོམ་པ་རིང་ནས་སྤོས་འདུག་པའི་ཚུལ་རྩོམ་ཡིག་ལ་མཇལ་ན་ཤེས་པས། རྩོམ་ཡིག་དེ་ལས་ཚིག་རེ་འགའ་ཁོལ་དུ་ཕྱུང་ན།

བསོད་ནམས་རྒྱ་མཚོས་རྣམ་བསྐྲུན་ཞིང་།། ཡེ་ཤེས་ཚོགས་ཀྱིས་ཆེ་བའི་སྐུ།། བརྙེས་པ་ཁྱོད་ཀྱིས་སྲིད་པ་ཡི།། ཉེས་པ་རྩད་ནས་གཞོམ་པའི་སླད།། འཇིག་རྟེན་སྤྱོད་ལས་རྣམ་གྲོལ་བས།། ཡོན་ཏན་རྒྱ་མཚོའི་ཡོན་ཏན་གྱིས།། ཆ་ཡང་ཉམས་པ་མི་མངའ་ན།། འཆི་འཕོ་ལྷ་ཡང་ག་ལ་མཆིས།།

ཚེག་ཁྱིམ་བདུན་ཅན།

བསོད་ནམས་རྒྱ་མཚོས། ཡོན་ཏན་རྒྱ་མཚོའི། བརྙེས་པ། ཉེས་པ། ཆ་ཡང་། འཆི་འཕོ། མཆིས་སོགས་ཡི་གེ་དང་སྒྲ་མཐུན་པ་དང་ཕྱོགས་སུ་མཐུན་པའི་རིགས་རགས་ཙམ་དབྱེ་བའི་སྐོར།

སྲིད་ལ་སྲེད་པའི་སྲད་བུའི་འཆིང་བྲལ་སླད།། ཐོགས་མེད་སླད་དུ་འདིར་ཡང་ཐོགས་མེད་ལགས།། འགྲོ་བ་ཀུན་ལ་ཐུགས་རྗེ་གོམས་པའི་ཕྱིར།། འདིར་ཡང་ཐུགས་རྗེས་རྗེས་འཛིན་གདོན་མི་ཟ།།

ཚེག་ཁྱིམ་དགུ་ཅན།།

སྲིད་ལ། སྲེད་པའི། སྲད་བུའི། སླད། སླད་དུ། ཐོགས་མེད། ཐོགས་མེད། ཐུགས་རྗེ། ཐུགས་རྗེ། རྗེས། རྗེས་འཛིན་སོགས་ཡི་གེ་དང་སྒྲ་མཐུན་པ་དང་ཕྱོགས་ཙམ་མཐུན་པའི་རིགས་རགས་ཙམ་དབྱེ་བའི་སྐོར།

དེ་ལྟ་མོད་ཀྱི་མགོན་པོ་ཁྱོད་ཀྱིས་བསྐལ་བ་རྒྱ་མཚོར་ཤེས་བྱ་ཀུན་ལ་ཀུན་ནས་ལེགས་སྦྱངས་ཤིང་།། སྡུག་བསྔལ་རྒྱ་མཚོར་རྣམ་པར་བྱིང་བའི་སེམས་ཅན་རྒྱ་མཚོ་གྲངས་མཐའ་ཡས་ལ་རབ་ཏུ་བརྩེ་བ་ཡི།། ཐུགས་རྗེས་ཆེན་པོས་རྣམ་པར་བརླན་པའི་ཡང་དག་ཐབས་ལ་རབ་ཏུ་བརྩོན་མཛད་སྨོན་ལམ་རྒྱ་མཚོའི་ཚོགས།། ལེགས་པར་འགྲུབ་པས་ཤེས་བྱའི་དཀྱིལ་འཁོར་ཇི་སྙེད་མཁྱེན་ཕྱིར་མཁྱེན་པའང་ཤེས་བྱ་ཇི་བཞིན་བཀྲ་བ་ལགས།།

ཚེག་ཁྱིམ་ཉེར་གཅིག་ཅན།

ཤེས་བྱ་ཀུན་ལ། ཀུན་ནས་ལེགས་སྦྱངས། སྡུག་བསྔལ་རྒྱ་མཚོར། སེམས་ཅན་རྒྱ་མཚོ། སྨོན་ལམ་རྒྱ་མཚོའི། གྲངས་མཐའ་ཡས་ལ། ཐུགས་རྗེས་ཆེན་པོས། ཡང་དག་ཐབས་ལ། ལེགས་པར་འགྲུབ་པས། ལགས། ཤེས་བྱའི་དཀྱིལ་འཁོར། ཤེས་བྱ་ཇི་བཞིན། ཇི་སྙེད་མཁྱེན་ཕྱིར། མཁྱེན་པའང་སོགས་ཡི་གེ་དང་སྒྲ་མཐུན་པ་དང་ཕྱོགས་སུ་མཐུན་པའི་རིགས་རགས་ཙམ་དབྱེ་བའི་སྐོར།

ཡང་ན་བཅོལ་ལྡན་ཁྱོད་སྐུ་དྲི་མེད་ཉིན་མོར་བྱེད་པའི་དཀྱིལ་འཁོར་ལྟ་བུར་ཀུན་ནས་རབ་ཏུ་གསལ་བ་གང་།། ཆོས་གོས་འོད་ཟེར་སྣམ་ཕྲན་གླེགས་བུའི་ཕྲེང་བ་སྤེལ་ལེགས་ཉེ་བར་འཁྲིགས་པ་བལྟ་ན་སྡུག་པས་ཡོངས་བསྐོར་པས།། མཛེས་པ་གཞན་ཀུན་སྐར་མའི་ཚོགས་ལྟར་ཟིལ་གྱིས་མནན་ནས་གདུལ་བྱ་རབ་དགའི་མེ་ཏོག་པདྨོའི་ཚལ་རབ་རྒྱས་བྱེད་ཅིང་།། སྙན་དངགས་མཁན་གྱི་སྦྲང་རྩི་འཛིན་པས་སྙན་དངགས་ངག་གི་བསྟོད་དབྱངས་དར་དིར་ཀུན་ཏུ་སྒྲོགས་པར་བགྱིད་པ་ལགས།།

ཚེག་ཁྱིམ་ཉེར་གསུམ་ཅན།

སྣམ་ཕྲན། ཕྲེང་བ། འཁྲིགས་པ། རབ་དགའི། རབ་རྒྱས། སྙན་དངགས་མཁན། སྙན་དངགས། ངག་གི མཛེས་པ་གཞན་ཀུན། ཀུན་ཏུ་སོགས་ཡི་གེ་དང་སྒྲ་མཐུན་པ་དང་ཕྱོགས་སུ་མཐུན་པའི་རིགས་རགས་ཙམ་དབྱེ་བའི་སྐོར།

འདི་ལྟར་མཆོད་པས་མཆོད་པར་བགྱིད་འོས་མ་ལུས་ཀུན་བདག་མགོན་པོ་མཆོག་ཁྱོད་མཆོད་སྤྲིན་རྒྱ་མཚོ་སྙན་ཚིག་ཆར་རྒྱན་བསྟོད་དབྱངས་འབྲུག་གི་སྒྲ་དབྱངས་ལྡན་པས་ལེགས་མཆོད་པས།། དེ་ལྟར་མཆོད་པས་མཆོད་བྱེད་དུ་འོས་མ་ལུས་ལུས་ཅན་ཆོས་ཀྱི་དབྱིངས་གཏུགས་ནམ་མཁའི་མཐའ་ཀླས་ཀུན་གྱིས་ཀྱང་ནི་ཀུན་བཟང་རྣམ་འཕྲུལ་མཆོད་སྤྲིན་ལྟ་བུས་ལེགས་མཆོད་ཅིང་།། ཡོན་ཏན་རྒྱ་མཚོའི་ཡོན་ཏན་ཚོགས་རྣམས་ཡོན་ཏན་ཤེས་པའི་དད་པའི་དབང་བྱས་ཡོན་ཏན་བསྔགས་པའི་བསྟོད་དབྱངས་རྒྱ་མཚོ་དབྱངས་ཅན་ཚིག་དང་ཚངས་དབྱངས་ལྟར་སྙན་ལེགས་བསྒྲགས་པས།། སྡུག་བསྔལ་རྒྱ་མཚོ་རྣམ་པར་སྦྱངས་ནས་བསོད་ནམས་རྒྱ་མཚོ་ཀུན་ནས་རྒྱས་པའི་དཔལ་ལས་ལེགས་བྱུང་མཆོད་སྤྲིན་རྒྱ་མཚོས་ཡོན་ཏན་རྒྱ་མཚོ་སྲས་བཅས་རྟག་ཏུ་མཆོད་གྱུར་ཅིག།

ཚེག་ཁྱིམ་སོ་ལྔ་ཅན་ནོ།།

མཆོད་པས། མཆོད་པར། མཆོག་ཁྱོད། མཆོད་སྤྲིན། རྒྱ་མཚོ། སྙན་ཚིག ཆར་རྒྱན། བསྟོད་དབྱངས། སྒྲ་དབྱངས། མཆོད་པས། མཆོད་པས། མཆོད་བྱེད། མ་ལུས། ལུས་ཅན། ཀུན་གྱིས། ཀུན་བཟང་། མཆོད་སྤྲིན། ལེགས་མཆོད་ཅིང་། ཡོན་ཏན་རྒྱ་མཚོའི། ཡོན་ཏན་ཚོགས། ཡོན་ཏན། ཡོན་ཏན་ཤེས་པའི། ཡོན་ཏན་བསྔགས་པའི། བསྟོད་དབྱངས་རྒྱ་མཚོ། དབྱངས་ཅན་ཚིག ཚངས་དབྱངས་ལྟར། སྡུག་བསྔལ་རྒྱ་མཚོ། བསོད་ནམས་རྒྱ་མཚོ། མཆོད་སྤྲིན་རྒྱ་མཚོས། ཡོན་ཏན་རྒྱ་མཚོ་སོགས་ཡི་གེ་དང་སྒྲ་མཐུན་པ་དང་ཕྱོགས་ཙམ་མཐུན་པའི་རིགས་རགས་ཙམ་དབྱེ་བའི་སྐོར་རོ།།

རྩོམ་འདིའི་མཇུག་ཏུ།།

ཚུལ་འདི་ནི་རྐང་བ་ཐུང་ངུ་དང་། རིང་པོ་དང་། ཤིན་ཏུ་རིང་པོ་རྣམས་སྤེལ་ཞིང་འབྱུང་བས་རྒྱ་མཚོའི་རྦ་རླབས་ཀྱི་ཕྲེང་བ་ལྟ་བུ་ཞེས་བྱ་བའི་སྡེབ་སྦྱོར་ཡིན་ལ། ཞེས་གསུངས་པ་ལྟར་རང་རིས་ཀློག་པ་པོ་དག་གིས་སྙན་ངག་འདི་སེམས་ཞིབ་མོས་བཀླགས་པའི་ཚེ་ན། སེམས་ཀྱི་འགྱུ་བ་ཚིག་གི་དབྱངས་འགྲོས་ལ་བརྟེན་ནས་མིག་སྔར་འཕྱུར་འོང་བའི་སྣང་བ་རྩོལ་མེད་དུ་སྐྱེ་བར་ངེས། སྙན་ངག་འདིའི་ཁྱད་ཆོས་གཙོ་བོ་ཞིག་ནི་ཡི་གེ་འདྲ་བ་དང་སྐྱེ་གནས་འདྲ་བ། སྒྲ་འདྲ་བ་སོགས་ཀྱི་སྒྱུ་འཕྲུལ་གྱི་མཛེས་པ་མངོན་པ་དེ་རེད།
སྤྱིར་སྔོན་མའི་སྲོལ་རྒྱུན་སྙན་ངག་མཁན་པོ་དག་གི་སྒྲོས་སུ། ཡི་གེ་འདྲ་བ་དང་། སྒྲ་འདྲ་བ། བྱེད་འབྲེལ་སྤུངས་པ་ནི་སྙན་ངག་ལེགས་པོ་འགྲུབ་རྒྱུར་གེགས་བྱེད་པའི་རྐྱེན་དུ་གསུངས་ཀྱང་། སྦྱར་ཤེས་པ་ཡིན་ན་སྙན་ངག་གི་སྐྱོན་དུ་འགྱུར་བ་ལྟ་ཞོག སྙན་ངག་གི་དབྱངས་ཀྱི་འཕར་འབེབ་སོགས་ཕུན་སུམ་ཚོགས་པར་གཏོང་བ་ལ་རྒྱུད་སྟོང་དང་ལྡན་པའི་པི་ཝང་གི་རྒྱུད་སྐུད་རེ་རེ་ཡི་བྱེད་ནུས་བཞིན་རྣ་བའི་དབང་བོ་འཕྲོག་བྱེད་དུ་འགྱུར་བ་ནི་རྩོམ་ཡིག་འདི་ལས་གོ།

ཇི་སྐད་དུ། རྗེ་ཙོང་ཁ་བ་ཆེན་པོས། དོན་བཟང་བ་ལ་ཡིད་འཕྲོག་ཚིག་སྦྱོར་གྱིས།། སྤྲོས་པར་གྱུར་ན་ཆེ་ཆེར་མཛེས་པར་འགྱུར།། གསུངས་པ་ལྟར་ལགས་ན། རང་ཅག་སྙན་ངག་ལ་བརྩོན་པའི་ལས་དང་པོ་བ་དག་གིས་འདི་ལྟའི་མེས་པོ་ལྷ་ཆེན་ཚངས་པའི་ངག་རིག་གི་རྩལ་ལས་ཀྱང་རིང་དུ་འགོངས་པ་དག་གི་རྩོམ་ཡིག་རིན་ཐང་ཅན་དག གཡས་བསྐྱུར་དང་གཡོན་བསྐྱུར་མི་བྱེད་པར། ཤ་ཐང་ཐང་གིས་འབད་པར་བྱ་བའི་གནས་སུ་གོ་དགོས་པར་སྙམ།

སྤྱིར་སྙན་ངག་འབྲི་བ་ནི་དག་ཡིག་བསྒྲིགས་པ་དང་གཞན་རྩོམ་བཏུས་བསྒྲིགས་བྱས་པ་ལྟ་བུ་ཞིག་མ་ཡིན་པར། མི་རང་རང་གི་རྣམ་པར་དཔྱོད་པའི་ཤེས་རབ་ལ་ཐུག་ཡོད་པ་སྨོས་མ་དགོས་པ་ཞིག་ཡིན་རུང་། དེ་ཁོ་ནས་ཀྱང་མི་ཆོག་པར་རིག་གནས་ཀྱི་ཐོས་རྒྱ་དང་སྤྱི་ཚོགས་ཀྱི་མཐོང་རྒྱས་དཀྱེལ་ཡངས་པར་བྱ་དགོས་པའི་ལས་ཤིག་ཡིན་པ་མེས་པོ་དག་གི་གསུང་དུ་གསལ་ལོ།།

དེ་ལྟའི་ཕྱི་རྐྱེན་དང་ནང་རྐྱེན་ཚགས་སུ་ཆུད་པའི་ཚེ་ན། འགྲོ་མགོན་འཕགས་པས། རྩོམ་པ་འདི་འདྲར་མྱུར་འཇུག་པ།། གློག་འགྱུ་བས་ཀྱང་ཆེས་མྱུར་ཞིང་།། རྩོལ་བ་མེད་པར་འབྱུང་བ་ནི།། མཚོ་ལྟར་ངང་གིས་ལྷུན་གྲུབ་ལགས།། ཞེས་པ་ལྟར་དུ་ངེས་པས། རང་རིས་ཅོག་རྩོམ་གྱི་ཚུལ་འདི་ལ་འཇུག་པའི་དུས་སུ་གནའ་དེང་གང་ལའང་རིས་སུ་མ་ལྷུང་བར་ངང་བས་ཆུ་ལས་འོ་མ་ལེན་པ་ལྟར་དུ་གཞུག་རྒྱུ་ནི་གལ་བོ་ཆེ་རུ་འདོད་ནས། གུས་པོས། དེང་གི་དུས་སུ་རང་དང་ན་མཉམ་པ་དག་གསར་བའི་རྗེས་སུ་རྒྱུགས་ཐལ་ཆེ་བས། ཚིགས་བཅད་མི་འབྲི་བ་འམ། འབྲི་བ་བོ་དག་ཀྱང་ཁ་སྐད་ཀྱིས་གསོས་བཏབ་པའི་ཚིགས་བཅད་གླུ་བརྒྱ་གདང་གཅིག་ཅན་གྱི་གནས་ལས་ཅུང་འགྲོལ་ཐུབ་ཀིན་མེད་པའི་ཚུལ་ལ་བསམས་ནས། ཀུན་སློང་རྣམ་དག་གིས་རྩོམ་ཡིག་འདི་རགས་པའི་རགས་པ་ཙམ་དུ་ངོ་སྤྲད་པ་དགེའོ།།

ཟུར་བཤད། སྙན་དངགས། ཁོང་གི་གསུང་རང་སོར་བཞག

རྒྱ་མཚོའི་རྦ་རླབས་ཀྱི་ཕྲེང་བ་ལྟ་བུའི་སྡེབ་སྦྱོར། ཚེག་ཁྱིམ་གྱི་རིང་ཐུང་སྤེལ་ལུགས་ཀྱི་ངོས་ནས་བཞག་ཡོད་པ་འདྲ།

༼རྩོམ་པ་པོ་ཁོང་གི་”བཙན་གཡར་ཟིན་བྲིས་”ནས་དྲངས།༽

རྩོམ་རིག

Post navigation

Previous Post: ངའི་སེམས་པ།
Next Post: མཚོ་ངོགས་ཀྱི་དུང་ཟླ་ལ་ཕུལ་བའི་སྙན་དབྱངས།

Comments (2) on “བསྐྱར་དུ་ཆད་པ་བསྐངས་པའི་ལྷུག་རྩོམ་གསར་བ།”

  1. ཐུབ་པ། says:
    2014-11-23 at 10:57 pm

    ག་རེ་ལྷུག་རྩོམ་གསར་པ།
    འདི་ལྷུག་རྩོམ་རེད་དམ། སྙན་ངག་འདི་སྒྲ་རྒྱན་རེད། དེ་ལ་ཡིད་འཕྲོག་པའི་ཆ་ཅང་མི་འདུག་གོ།

  2. ཇུས་ཏོག་ says:
    2014-11-24 at 1:35 am

    འཕགས་པ་རིན་པོ་ཆེ་བོད་རིགས་རེད་དམ་སོག་རིགས་རེད་ཁྱིམ་གཞིས་སོགས་
    བཤད་་རྒྱུ་ཡོད་དམ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme