Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསྐལ་པ་འཇིག་པའི་སྙན་ངག་རྡོག་གཅིག

Posted on 2011-10-15 By ཡེ་ཤེས་ 24 Comments on བསྐལ་པ་འཇིག་པའི་སྙན་ངག་རྡོག་གཅིག

fire
ཀླུ་སྨྱོན།
མེ་ཞིག་འབར་བྱུང་།

མེ་དེ་ག་འདྲ་བྱས་ནས་འབར་སོང་ངམ།

མེ་དེ་གང་ནས་འབར་སོང་ངམ།

མེ་དེ་འབར་སྟངས་ག་འདྲ་ཞིག་ཡིན་ནམ།

མེ་དེ་ཤི་སྟངས་ག་འདྲ་ཞིག་ཡིན་ནམ།

མེ་དེ་ག་འདྲ་བྱས་ནས་ལོ་རྒྱུས་སུ་གྱུར་པ་ཡིན་ནམ།

སྙན་ངག

Post navigation

Previous Post: དེ་རིང་ཨ་མདོ་རྔ་པ་ནས་དཔའ་བོ་ནོར་བུ་དགྲ་འདུལ་གྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ།
Next Post: ད་ལོ་ང་སྐྱིད་པོ་བྱས་ནས་འདུག་མི་འདོད།

Comments (24) on “བསྐལ་པ་འཇིག་པའི་སྙན་ངག་རྡོག་གཅིག”

  1. ཕུན་ཚོགས says:
    2011-10-15 at 8:46 pm

    མེ་དེ་འདོད་འཆགས་ཀྱི་མེ་ཞིག་རེད་
    མེ་དེ་ལས་ཉོན་དབངས་ཀྱི་འབར་བ་རེད
    མེ་དེ་ གཟུགས ་སྒྲ་ དྲི་ རོ་ རེག་བྱ་ ལྔ་ནས་འབར་སོང་
    མེ་དེ་འབར་སྟངས་སྤྱིར་གཏང་ཞིག་མ་རེད་
    རང་གི་ཟུང་ཁྲག་ཀྱི་རྒྱུ་ཆ་བརྗེས་པའི་མེ་ཞིག་རེད

  2. བཟོད་པ། says:
    2011-10-16 at 1:07 am

    མེ་དེ་བསམ་བཞིན་དུ་བསྒྲོན་ནས་འབར་སོང་།
    མེ་དེ་བོད་མི་མང་པོ་ཞིག་གི་གཟུགས་པོའི་ཐོག་ནས་འབར་བྱུང་།
    མེ་དེ་འབར་སྟངས་ནི་རང་དབང་གི་དབྱིབས་གཟུགས་སུ་འབར་འདུག
    མེ་དེ་ཤི་སྟངས་ནི་མེའི་རྒྱུ་ཆ་ཟད་པའམ་ཡང་ན་མེ་མདའི་ཡུ་བ་དང་རྡོག་ཀྱག་སོགས་ཀྱིས་ཤི་རུ་བཅུག་སོང་།
    མེ་དེ་ལོ་རྒྱུས་སུ་གྱུར་པའི་རྒྱུ་རྐྱེན་ནི་མེ་དེས་མི་རིགས་ཤིག་གི་སྡུག་བསྔལ་མཚོན་ཡོད་པས་རེད།

    དེ་འདྲ་རེད་དམ།

  3. བརྩོན་རྒྱམ། says:
    2011-10-16 at 2:41 am

    བོད་མིའི་དཀའ་སྡུག་མ་བཟོད་པར་སྡུག་བསྔལ་གྱི་མེ་རི་འབར་སོང་།   བོད་མིའི་དྲག་གནོན་མ་བཟོད་པར་བཟོད་སྲན་གྱི་མེ་རེ་འབར་སོང་།  བོད་མིའི་མནར་གཅོད་མ་བཟོད་པར་དཀའ་སྡུག་གི་མེ་རི་འབར་སོང་།  བོད་མིའི་དམ་དྲག་མ་བཟོད་པར་ཞི་བདེའི་མེ་རི་འབར་སོང་།   

  4. བན་དེ་བ། says:
    2011-10-16 at 3:02 am

    རིན་ཆེན་སྲོག་ལས་གཅེས་པ་རྙེད་མིན་ཀྱང།
    རང་དབང་ནོར་ལྟར་འཛིན་པའི་དཔའ་བོའི་བློས།
    རང་དབང་ཆེན་པོས་དལ་རྟེན་བོད་མིའི་ཆེད།
    སྣང་གསལ་བཞུགས་ལ་སྒྲོན་པ་སེམས་དཔའ་དངོས།

  5. མཆོད་མེ་རྐང་གཅིག says:
    2011-10-16 at 5:00 am

    མེ་དེ་བོད་ཀྱི་ས་ཆ་ཉུང་ཤས་ནས་མཆེ་སོང།

    ཁོང་ཚོས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་ལམ་བཏོད་ཆེད་དུ་མཆེད་སོང།

    མེ་དེ་དགེ་ལུགས་གཅིག་པུའི་ནང་ནས་མཆེད་སོང།

    ཆོས་བརྒྱུད་གཞན་ལ་མེ་དེ་དང་འབྲེལ་བ་གཏན་ནས་མི་འདུག
    མེ་དེ།
    ས་སྐྱ་་་་རྙིང་མ་བཀའ་བརྒྱུད་་་་བོན་པོ་ནས་འབར་མ་སོང་།
    རྒྱུ་མཚན་དེས།
    མེ་དེས་དད་པ་གཅིག་པུ་མ་གཏོགས་མི་རིགས་གཅིག་གི་བདེ་སྡུག་མཚོན་ཐུབ་མ་སོང།

  6. མཆོད་མེ་རྐང་གཅིག says:
    2011-10-16 at 5:06 am

    མེ་དེས་བླ་མ་གཅིག་ལ་དད་སེམས་ཙམ་ལས་གཞན་གང་ཡང་མཚོན་ཐུབ་མ་སོང།
    མེ་དེས་བོད་མི་ཚང་མ་དང་ཆོས་ལུགས་རིས་མེད་མཚོན་ཐུབ་མ་སོང།
    མེ་དེས་རྒྱལ་བ་རིན་པོ་ཆེ་གཅིག་པུའི་དད་སྟོབས་ལས་མི་རིགས་ཤིག་གི་བདེ་སྡུག་གཏན་ནས་མཚོན་ཐུབ་མ་སོང།

  7. ཚངས་དབྱངས། says:
    2011-10-16 at 5:18 am

    རང་ལུས་གསོན་པོར་བསྲེག་པའི་སྙིང་སྟོབས་ཀྱི་མེ་སྒྲོན།
    རང་རིགས་གསོན་པོར་གནས་པའི་སྤྱི་ཕན་གྱི་མེ་དཔུང་།
    རང་ཡུལ་གསོན་པོར་རྩོད་པའི་རྒྱལ་གཅེས་ཀྱི་མེ་འབར།
    རང་དབང་གསོན་པོར་འདེགས་པའི་ལྷག་བསམ་གྱི་མེ་ཁྱིལ།

    ཨེ་མ།
    གངས་རིའི་སྟག་སེང་གི་རྒྱུད་པ་རྩོད་མེད་དཔའ་བོ།
    བན་བོན་ལུགས་བཟང་གི་རིགས་རྒྱུད་བཙན་པོའི་གདུང་སྲས།
    ཆོས་སྲིད་གོང་དུ་འདེགས་པའི་པུར་རྒྱལ་གྱི་བདག་པོ།
    བོད་རིགས་ཀུན་གྱི་བཀུར་འོས་གཅེས་ཕྲུག་ཀི་རྟི་བ།

    ཁྱོད་ཚོར་གདུང་བའི་སྡུག་སྐད་སྙིང་ལ་འཆོར་དུས།
    ཁྱོད་ཚོ་དྲན་པའི་ངུ་སྐད་གློ་ནས་ཤོར་སོང་།
    ཁྱོད་ཚོས་བཞག་པའི་མིག་དཔེ་ལྗོངས་འདིར་ཤར་དུས།
    ཁྱོད་ཚོར་དད་པའི་ལྷག་བསམ་ལྕི་བོར་བཞད་བྱུང་།

    ༀམཎྀཔདམེཧུཾ། བྫ་གུ་རུ་པད་མ་སིཏི་ཧུཾ། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། གངས་ཅན་མགོན་པོས་རྗེས་སུ་བཟུང་བར་ཤོག

  8. གཡུ་འབྲུག་དཀར་པོ། says:
    2011-10-16 at 9:33 am

    omg haha nb http://c35.ultraphotosend.com/dn.php?z2m0s0s-Picture13.JPG

  9. ཁྱུང་དཀར says:
    2011-10-16 at 10:13 am

    ཁོར་ཡུག་དེའི་གཡས་གཡོན་གང་སར།
    དུས་ཚོད་ལ་སྔ་གཞུག་མེད་པར་སུན་གཙེར་དང་།
    འགྲོ་འདུག་ལ་གཤིབ་བཞེར་ཡང་ཡང་བྱས་དུས།
    བཙོན་པའི་འདུ་ཤེས་དང་གཉིས་སུ་མ་སྣང་བས།
    འགྲོ་འདུག་གི་བར་གསེང་ནས་རང་དབང་ལ་ཁ་ཅི་ལྟར་ཕྱོགས་ཀྱང་།
    གོམ་གང་སྤོ་དབང་མེད་ས་ནས།
    གལ་ཆེན་དུ་སྣང་བའི་ཚེ་སྲོག་འདིས།
    དམར་འཆིལ་ལེ་ཁྲོམ་གཞུང་དུ་སྤར་བ།
    རང་ཉིད་ཁོ་ནའི་ཕྱིར་དུ་ག་ལ་ཡིན།
    མེ་ལྕེ་འདིའི་སྣེ་དང་ཟུར་གང་རུང་།
    རྔ་ཡུལ་དང་དཀར་མཛེས་རྒལ་ནས།
    བོད་ཀྱི་རོང་འབྲོག་གྲོང་གསུམ་ལ་མཆེད་ཐུབ་ན།
    ཆིག་སྒྲོལ་དང་གཡས་སྐྱོར་གཡོན་འཁུར་གྱི་ཚོར་བ་བྲང་གཞུང་དུ་སླེབས་ཐུབ་པས།
    མང་པོའི་རྗེས་ཤུལ་ལ་བྱས་འབྲས་ཀྱང་དེ་བཞིན་དུ་མོད་ན།
    ང་ཚོས་བཙལ་བཞིན་པའི་རང་དབང་ཡང་བར་ཐག་ཉེ་རུ་འགྲོ་ངེས།

  10. བདེ་ཡང་། says:
    2011-10-16 at 1:08 pm

    སྙན་པོ་འདུག ཐུགས་རྗེ་ཆེ་མི་མཐུད་དེ་བོད་དོན་ཐོག་འབྲི་རོགས།

    མེ་དེ་ནི་མི་རིགས་ཤིག་གི་མངོན་
    འདོད་འགྲུབ་པའི་སྔ་ལྟས་རེད།
    མེ་དེའི་རྒྱབ་རོལ་དུ་ས་ཡ་དྲུག་བདེ་སྡུག་ཡོད།
    ས་ཡ་དྲུག་མིག་ཆུས་མེ་དེ་འབར་ཡོད་ལ་་
    དེས་ན་ས་ཡ་དྲུག་གིས་ཡིད་ངོ་ན་ནམ་ཡང་མེ་དེ་འབར་གྱིན་འབར་གྱིན་
    རང་དབང་གི་ཉི་མ་འཆར་ངེས་ངེས་ཡིན་

  11. ཀརྡོ་རབ་འབྱམས་པ་ says:
    2011-10-16 at 2:04 pm

    རྒྱ་གཞུང་མ་རབས་བཙན་ཤེད་གཉའ་གནོན་གྱི་མེ་ཡིས། །
    བོད་མིའི་བཟོད་བསྲན་ལྗང་མྱུག་མང་དག་ཅིག་བསྲེགས་སོང། །

  12. རེ་བ་ says:
    2011-10-16 at 2:39 pm

    བོད་མིར་རང་དབང་དགོས་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། ཞེས་ཟེར་བ་དགེ་ལུགས་པ་གཅིག་པུར་རང་དབང་རྩོད་པ་མ་ཡིན་ལ། ༧གོང་ས་མཆོག་ལ་དད་པ་ཁོ་ནས་ག་ལ་ཡིན་མཆོད་མེ་རྐང་གཅིག།

  13. མཆོད་མེ་རྐང་གཅིག says:
    2011-10-16 at 3:03 pm

    གོང་ས་མཆོག་བོད་ཏུ་ཕེབས་དང་མ་ཕེབས་ཆོས་བརྒྱུད་གཞན་ལ་ཁྱད་པར་ཡོད་པ་མ་རེད།
    ཆོས་ལུགས་སོ་སོ་ལ་སོ་སོའི་དཀོན་མཆོག་རེ་ཡོད་རེད་རྒྱལ་བ་རིན་པོ་ཆེ་དགེ་ལུགས་པའི་དཀོན་མཆོག་ལས་ཆོས་བརྒྱུད་གཞན་གྱི་དཀོན་མཆོག་ཆགས་མེད་་་་་་་་་་དེ་ཆགས་ཡོད་སྙམ་པའི་ལྟ་སྟངས་དེ་རྡ་སའི་ཕྱོགས་རིས་རིང་ལུགས་ཀྱི་ལྟ་ཚུལ་ཁོ་ན་རེད།
    བོད་ཁྱོན་ཡོངས་ནས་རྒྱལ་བ་རིན་པོ་ཆེ་ཐུན་མོངས་ཀྱི་དཀོན་མཆོག་གཅིག་ཆགས་པའི་འབད་བརྩོན་མི་ལོ་ལྔ་བཅུའི་རིང་ལ་བྱས་ཀྱང་གྲུབ་འབས་ྠོན་མེད།
    དེ་ནོ་ཆོས་བརྒྱུད་སོ་སོ་ལ་གཞན་ལ་མགོ་སྒུར་མི་དགོས་པའི་དཀོན་མཆོག་མི་འདྲ་བ་ཡིན་པས་འཇིགརྟེན་ཐུན་མོངས་ཀྱི་དཀོན་མཆོག་གཅིག་ཆགས་ཀྱི་མ་རེད།

  14. རེ་བ་ says:
    2011-10-16 at 3:04 pm

    དལ་འབྱོར་མི་ལུས་རིན་ཆེན།།
    ཤིན་ཏུ་རྙེད་དཀའ་བསམ་བཞིན།།
    བོད་མིའི་རང་དབང་ཆེད་དུ།།
    དལ་རྟེན་མེ་ལྷར་ཕུལ་སོང།།
    ང་ཡིས་མཆོད་མེ་རྐང་གཅིག།
    འདས་པོའི་ཆེད་དུ་ཕུལ་ཀྱང།།
    མཆོད་མེས་འདས་པོར་མི་ཕན།།
    གསོན་པོའི་སྙིང་རྩ་གཏོར་སོང།། །།

  15. རེ་བ་ says:
    2011-10-16 at 3:22 pm

    སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་འདིར་འཛུལ་འཕྲུལ་དང་བཅས་བྱོན་ཀྱང། ཁྱོད་དང་འདྲ་བའི་ལྷ་བྱིན་ལྟ་བུས་རྟག་ཏུ་སྐྱོན་ཁོ་ན་བཙལ་ཀྱང་སྐྱོན་རྙེད་མེད་པ་མ་ཟད། སངས་རྒྱས་ལ་ཅུང་ཟད་ཙམ་ཡང་གནོད་མེད་པའི་ངང་ཚུལ་བཞིན་ཤེས་པར་གྱིས་ཤིག་རྐང་གཅིག་ལོག་སྨོན་ཅན།། །།

  16. ཞོལ་ཕྲུག says:
    2011-10-16 at 3:26 pm

    མེ་དེ་འབར་བ་མ་རེད། སྤར་བ་རེད།
    མེ་དེ་རྒྱ་ནག་གཞུང་གིས་སྤར་སོང་།
    མེ་དེ་བོད་མིའི་ལུས་ཐོག་སྤར་སོང་།
    མེ་དེ་སྤར་སྟངས་དེ་འདྲའི་གདུག་རྩུབ་ཆེ།
    མེ་དེ་ད་དུང་ཡང་ཤི་མེད།
    མེ་དེས་ལོ་རྒྱུས་ལ་ཚིག་པ་ཟ།

  17. ཞོལ་ཕྲུག says:
    2011-10-16 at 3:36 pm

    མཆོད་མེ་རྐང་གཅིག་ལགས།
    བོད་ནང་བུ་རྒོད་ཚོས་རང་ལུས་མཆོད་མེར་སྤར་ནས་བོད་མིའི་རང་དབང་རྩོད་བཞིན་པ་དེ།
    ཁྱེད་ཀྱིས་རྒྱལ་བ་རིན་པོ་ཆེ་གཅིག་པུའི་ཆེད་དུ་རེད་ཟེར་བ་དེ་ནི་གུང་ཁྲན་གྱི་ལྟ་ཚུལ་ལས་མ་འདས།
    སྤྱིར་གུང་ཁྲན་གྱི་ལྟ་ཚུལ་ཚང་མ་རྫུན་པ་ཡིན་པའི་ཁྱབ་པ་མེད་ཀྱང་།
    བོད་དོན་ཐོག་རྫུན་གཏམ་སྤེལ་བཞིན་ཡོད་པ་ཕྱི་གསལ་ནང་གསལ་རེད།
    ཁྱེད་ཀྱིས་ཁོ་ཚོའི་རྗེས་སུ་ཧོལ་རྒྱུགས་བྱེད་དགོས་རྒྱུ་མཚན་ཡོད་ཀྱི་རེད།

    ཁྱོད་ཀྱི་མཆོད་མེ་རྐང་གཅིག་དེས་ཁྱོད་ཀྱི་ཕྱོགས་ཞེན་གྱི་མུན་པ་སེལ་ཐབས་མི་འདུག་པས།
    ད་དུང་ཡང་མཆོད་མེ་བརྒྱ་ཕྲག་ཁ་ཤས་སྤར་དགོས་འདུག

  18. བོད་དགའ says:
    2011-10-16 at 3:42 pm

    མེ་འདི་ག་གེ་མོ་ནས་མཆེད་མ་སོང་ཁ་ཅིག་ནས་འབར་སོང་ཞེ་སྨྲ་བ་ནི། ལྟ་ངན་ལ་སྦས་གསང་མེད་པར་བྱུར་ལ་ངོ་སོ་བྱས་པ་མ་ཡིན་ནམ།། །།

  19. རེ་བ་ says:
    2011-10-16 at 3:53 pm

    ཕྱོགས་ཞེན་གྱི་མུན་པ་མ་རེད།།
    རྒྱ་དངུལ་གྱི་མུན་པ་རེད་འདུག།
    འདོད་ཆུང་དང་ཆོག་ཤེས་མེད་ན།།
    སྟོང་མཆོད་ཀྱིས་མུན་པ་མི་སེལ།། །།

  20. ནམ་མཁའ་འོད་ཟེར། says:
    2011-10-16 at 4:32 pm

    མེ་མཆོད་དེ། མཆོད་ཐེངས་དང་པོ་རྒྱལ་བ་རིན་པོ་ཆེ་དང་ཀི་ཏི་རིན་པོ་ཆེ་ལ་མཆོད་པ་དངོས་གསལ་རེད།
    མེ་མཆོད་དེ། མཆོད་ཐེངས་གཉིས་པ་ཀི་ཏི་གྲ་ཚང་དང་བོད་མི་རིགས་ལ་མཆོད་པ་དངོས་གསལ་རེད།
    མཆོད་རོ་སྡོང་དུམ་དེ་རྒྱ་མི་གུང་ཕྲན་ལ་གཡུག་པ་དངོས་གསལ་རེད།
    མཆོད་པ་གཞེས་ཡུལ་དང་སྡོང་དུམ་རུག་ཉན་རྣམས་ཀྱི་ཁུར་ལེན་དང་སྟངས་འཛིན་མ་བྱས་ན།
    ན་གཞོན་དང་མ་སྨིན་པའི་ཕྲུ་གུ་དེ་ཚོ་ལ་ཤ་རེ་ཚ་ད་དུང་དེ་བའི་ལམ་ལ་སོང་ན།

  21. རེ་བ་ says:
    2011-10-16 at 6:16 pm

    བདེན་པ་མེད་ན་དང་པོ་ནས་སེམས་ལ་བསམ་ཚད་ཡིག་ཐོག་ཏུ་བཀོད་རྒྱུ་ཡོད་པ་མ་རེད་ལ། རྒྱ་མིའི་དངུལ་དངོས་ལ་དགའ་ནས་༧གོང་ས་མཆོག་དང་བོད་གཞུང་ལ་དེ་བས་གཞི་མེད་སྐྱོན་བརྗོད་བྱ་རྒྱུ་ཡོད་པ་མ་རེད།ཇི་སྐད་དུ་ཡང་་་ཚེར་མ་རྣོ་ཡང་བྲག་རི་ལ།།བསྣུན་ན་རྩེ་མོ་འཇིག་པར་འགྱུར།།ཞེས་གསུངས་པ་ལྟར་ཡིན་་་་མཆོད་མེ་རྐང་གཅིག་ཤེས་སོང་ངམ།། །།

  22. སྐྱུ་རྩི་ནས། says:
    2011-10-17 at 1:45 am

    མེ་དེ་འབར་བ་མ་རེད། སྤར་བ་རེད། མཆོད་མེ་རྐང་གཅིག་ཅེས་པའི་མིང་ངན་དང་། བསྟན་དགྲ་རྒྱ་དམར་དཔུང་གིས་སྤར་བ་རེད། བོད་པ་ནང་ཁུལ་དཀྲུགས་པའི་མཆོད་རྐང་དང་། །རྒྱ་དམར་ཀླ་ཀློའི་དཔུང་གིས་སྦར་བ་རེད།
    བོད་པའི་ཁྲག་རྒྱུན་རྒྱ་ཡི་སེམས་པ་ཅན།
    ངོ་ཚ་ཁྲེལ་མེད་མ་རབས་ཟིང་སློང་བ།
    མཆོད་མེ་རྐང་གཅིག་རྒྱ་དམར་རྒྱུག་ཁྱི་ཁྱོད།
    བདེན་མེད་སྨྱོ་གཏམ་གླེང་རྒྱུ་ཉུང་ན་དགའ།
    སྙིང་སྟོབས་ཅན་གྱི་རང་རིགས་སྤུན་ཟླ་ཡིས།
    གཅེས་པའི་ལུས་སྲོག་མེ་ལྷའི་ཞལ་བཏབས་ནས།
    ས་ཡ་དྲུག་གི་བདེན་དོན་རྩོད་པ་དེ།
    མཆོད་མེ་རྐང་གཅིག་མ་ཤེས་ངོ་མཚར་ཆེ།
    མི་རིགས་ལ་རྒྱ་དམར་པོའི་དངུལ་དང་བརྗེས།
    ཉིན་མཚན་དུས་དྲུག་བོད་པ་ནང་ཁུལ་དབྱེན།
    ཆོས་མེད་ཀླ་ཀློའི་རྗེས་བགྲངས་མི་ངན་ཁྱོད།
    དྲིན་ཆེན་ཕ་མའི་གདོང་པར་ཡང་ཡང་བལྟོས།
    རྙིང་མ་ས་སྐྱ་བཀའ་དགེ་བོན་དང་བཅས།
    ཕན་ཚུན་དམ་གཙང་དགེ་བའི་ཐུགས་གཤིན་པ།
    ༧གོང་ས་བཅུ་བཞི་ཁོ་ནའི་མཛད་པ་་ལས།
    བྱུང་བ་གཟུ་གནས་ཀུན་གྱི་ཐུགས་ན་གསལ།

  23. ནམ་མཁའ་འོད་ཟེར། says:
    2011-10-17 at 1:27 pm

    མི་ཚང་མས་ཤེས་གསལ་ལྟར་ཆོ་ཁ་དང་ཆོས་རྒྱུད་ནི་བོད་ནང་ལ་མཐུན་སྒྲིལ་དང་རིགས་མེད་རྒྱ་གར་ལས་ཤིན་ཏུ་ཡག་པ་ཚོང་མས་མཁྱེན་གསལ་རེད། སྐྱུར་རྩི་ལགས་དེ་གང་གི་རྒྱུ་རྐྱེན་ཡིན་ན།

  24. ཆོས་འཕེལ་དར་རྒྱས་ says:
    2011-10-17 at 7:12 pm

    མེ་དེ་མི་ཡི་ངན་ལྷུང་འོག་ནས་འབར།
    མེ་དེ་ལོ་ཆུང་བྱིས་བའི་ལུས་ནས་འབར།
    མེ་དེ་ཆབ་སྲིད་པ་ཡི་གཡོ་རྒྱུས་སྤར།
    མེ་དེ་ས་ཀྱོག་ལུང་ཀྱོང་ཞིག་ནས་འབར།
    མེ་དེ་མ་གསོད་ད་དུང་འབར་འཇུག་རོགས།
    གཅིག་རྗེས་གཉིས་མཐུད་མེ་ལ་འབར་བཅུག་ན།
    བོད་མིའི་བདེན་དོན་ར་སྤྲོད་ཡོང་ངེས་རེད།
    བོད་ལ་མཐའ་མར་རང་བཙན་ཐོབ་ཉིན་མོ།
    ཁོ་ཚོའི་ཆེད་དུ་མར་མེ་ཚེ་འབར་ཞིག
    ལྷ་སའི་ཇོ་བོའི་མདུན་དུ་ངས་འབར་ཡོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme