Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསོད་ནམས་སྟོབས་ལྡན་ལགས་ཀྱིས་མི་ལོ་ ༡༤ རྗེས་ཀྱི་བོད་ནང་གི་མཐོང་སྣང་བརྗོད་པ།

Posted on 2010-09-21 By དབང་ཕྱུག་ No Comments on བསོད་ནམས་སྟོབས་ལྡན་ལགས་ཀྱིས་མི་ལོ་ ༡༤ རྗེས་ཀྱི་བོད་ནང་གི་མཐོང་སྣང་བརྗོད་པ།

གསར་འགྱུར་འབྲི་མཁན། དུས་བབ་གསར་འགོད་པ། དཔལ་ལྡན།

སྐུ་ཞབས་བསོད་ནམས་སྟོབས་ལྡན་ལགས་ནི་ཕྱི་ལོ་ ༡༩༨༠ ལོར་བོད་ཀྱི་ཁམས་མི་ཉག་ཏུ་སྐྱེས་ཤིང་། ཆུང་དུས་སུ་ས་གནས་སློབ་གྲྭ་ཁག་འགྲིམས་ཏེ་ལོ་ ༧ ཙམ་རིང་སློབ་སྦྱོང་བྱས། ༡༩༩༧ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་༧གོང་ས་མཆོག་གི་གསར་ཞལ་འཇལ་རྗེས་སྦིར་སུ་ཇཱ་བོད་ཁྱིམ་དུ་འཛུལ་ཞུགས་ཀྱིས་བོད་དབྱིན་གཉིས་ལ་སློབ་སྦྱོང་བྱས། ཕྱིས་སུ་ནོར་གླིང་མཐོ་སློབ་ཏུ་ཞུགས་ཏེ་མི་ལོ་ ༤ རིང་བོད་ཀྱི་རིག་གནས་ཐོག་སྦྱངས་བ་བྱས་ཏེ་ལེགས་བྱང་མཐོ་རམས་པ་སློབ་མཐར་ཕྱིན། སྐབས་དེར་མཐོ་སློབ་ཀྱི་འོད་ཐིག་ཚགས་པར་དང་མཆོད་པའི་མེ་དཔུང་བཅས་ཀྱི་རྩོམ་སྒྲིག་པའང་བྱས་མྱོང་། སློབ་གྲྭ་ཐོན་མཚམས་ཁོང་ཚོ་སློབ་མ་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་རྗེས་ཧི་མ་ལ་ཡའི་རི་རྒྱུད་དུ་བོད་ཡིག་དགེ་རྒན་དུ་ཕྱིན་ཡོད། ཉེ་ཆར་ཁོང་བོད་ལ་གཉེན་འཕྲད་དུ་སོང་སྟེ་ཕྱིར་ངྷ་སར་འབྱོར་མཚམས་འདི་ག་གསར་ཁང་ལ་རང་གི་མཐོང་ཐོས་བརྗོད་ཡོད།

གཉེན་འཕྲད་དུ་བསྐྱོད་པ།
ཟླ་ཤས་གོང་ང་ལ་ལྡི་ལི་རྒྱ་ནག་གཞུང་ཚབ་ཀྱིས་བོད་ལ་འགྲོ་ཆོག་པའི་ཡུལ་སྐོར་ལག་ཁྱེར་ཞིག་སྤྲད་སོང་ལ། དེ་ནི་ཏག་ཏག་མི་ལོ་ ༡༤ རྗེས་སུ་ང་རང་ཕ་ཡུལ་དུ་བསྐྱོད་པ་ཐོག་མ་ཆགས་ཡོད་སྟབས་སེམས་པ་དངོས་གནས་སྐྱིད་སྣང་ལྡན་པ་ཞིག་རེད། འགྲམ་ལ་སླེབས་དུས་འཐབ་ཕྱོགས་གཅིག་གྱུར་དང་མཐའ་སྲུང་དམག་མིས་ཞི་དྲག་གཉིས་ཀྱི་དོགས་འདྲི་བྱས་ཅིང་། ཐོག་མའི་ཉིན་དེར་ཆུ་ཚོད་ ༩ ཙམ་གྱི་རིང་ང་རང་བཟང་བཙོན་ལྟ་བུར་ཁང་ཆུང་ཞིག་ཏུ་བཅུག་སོང་། ཕྱི་ཉིན་ང་ཚོར་ཡིག་ཆ་གཞན་ཞིག་སྤྲད་དེ་བོད་ནང་དུ་འཛུལ་བཅུག་སོང་ལ། དེ་ནས་བཟུང་སྟེ་ང་ལ་དམིགས་བསལ་སུན་པོ་བཟོ་མཁན་སུ་ཡང་མ་བྱུང་བས་སྤྲོ་དགའི་ཁྲོད་ནས་ཕ་ཡུལ་བོད་དུ་བསྐྱོད་པ་ཡིན།

མཐོང་སྣང་གི་བོད།
དྭངས་གཙང་གི་བོད་ཀྱི་རི་ཆུ་མཐོང་དུས་སྨྲ་མི་ཤེས་པའི་ཚོར་བ་སྐྱེན་པོ་ཞིག་གིས་ལུས་སེམས་གཉིས་ཀ་ཡང་ཡང་བསྒུལ་བྱུང་ལ། ཅི་ཞིག་བོར་བ་ལྟ་བུའི་གདུང་ཚོར་ཞིག་གིས་བདག་གི་སེམས་པ་རྨང་ནས་དཀྲུགས་སོང་། གཅིག་བྱས་ན། དེ་ནི་བོད་ད་དུང་ཡང་གཞན་གྱིས་བཙན་འོག་ཏུ་བཅུག་ཡོད་པའི་སྟབས་ཀྱིས་ལོས་ཡིན། རླངས་འཁོར་གྱི་སྒེའུ་ཁུང་ནས་ཧོབ་ཀྱིས་བལྟས་ན་ཕྱི་རོལ་གྱི་ཡུལ་ལྗོངས་གསལ་པོར་མཐོང་དཀའ་ཡང་། ལམ་འགྲམ་གྱི་གཙང་སྦྲ་དང་འཛུགས་སྐྲུན། སྤུས་དག་གྱོན་པའི་མང་ཚོགས་ཀྱི་ཆས་གོས་སོགས་མཐོང་སྐབས། ད་ནི་རང་གི་ཕ་ས་ཡར་རྒྱས་སུ་སོང་འདུག་སྙམ་པའི་རྨོངས་འཆར་ཞིག་ཀྱང་སྐྱེས་སོང་། འདི་ལྟར་ཤེས་མིན་ཚོར་མིན་གྱི་ཁྲོད་དུ་ང་རང་བོད་ཀྱི་རྒྱལ་སར་འབྱོར་བྱུང་། ངའི་མཐོང་སྣང་གི་ལྷ་ས་ནི་དྲག་ཆས་དང་དམག་དཔུང་གིས་ཡོངས་སུ་བསྡམས་པའི་སྣང་བ་ཞིག་འཆར་སོང་ལ། བར་སྐོར་དུ་མིག་གི་མཐོང་ཚད་ལ་དྲག་ཆས་ཐོགས་པའི་དམག་མི་ཚོས་སོ་ལྟ་བྱེད་གྱིན་ཡོད་པས་རང་ཉིད་ཀྱང་དོགས་མི་བདེ་བ་ཞིག་རེད། བོད་པ་རྣམས་འདུ་འཛོམས་དང་མཚན་མོར་ཕྱི་རོལ་དུ་འགྲོ་རྒྱུར་ཞེད་སྣང་འདུག་པར་མ་ཟད། རྒྱུན་དུ་སོ་སོར་གཟབ་གཟབ་བྱས་ནས་འགྲོ་བཞིན་ཡོད་པའི་མཐོང་སྣང་ཞིག་སྤྲད་བྱུང་། ལྷ་སའི་བོད་པ་ཞིག་གི་བཤད་ན། སྔོན་ཆད་ཀྱི་ལྷ་སའི་བོད་མིའི་མཐུན་ལམ་ནི་དེ་ཙམ་ཡག་རྒྱུ་མེད་ཀྱང་། ༢༠༠༨ ལོའི་དོན་རྐྱེན་རྗེས་སུ་བོད་མིའི་མཐུན་ལམ་རྦད་དེ་ཡག་ཏུ་ཕྱིན་ཡོད། དེང་སྐབས་དོན་རྐྱེན་ཞིག་བྱུང་ནའང་ཐོག་མར་ང་ཚོ་རེད་དམ་ཁོང་ཚོ་རེད་ཅེས་བཤད་སྲོལ་གསར་པ་ཞིག་དར་འདུག་ཅེས་ཞེས་བརྗོད་བྱུང་།

ཁམས་ཕྱོགས་སུ་ཉུལ་པ།
འདི་ལྟར་ང་རང་ལྷ་ས་ནས་མེ་འཁོར་བརྒྱུད་ཟི་ལིང་དང་། ཟི་ལིང་ནས་མེ་འཁོར་བརྒྱུད་ཁྲིན་ཏུའུ་རུ་འབྱོར་སོང་ལ། དེ་ནས་ཕེབས་བསུ་རུ་ཡོང་བའི་གཅེན་པོ་དང་ལྷན་དུ་གླ་འཁོར་ཞིག་ལ་བསྡད་དེ་མི་ཉག་ཕྱོགས་སུ་བསྐྱོད་པ་ཡིན། སྡེ་འདབས་སུ་འབྱོར་སྐབས་ནང་མི་དང་གཉེན་ཉེ་ཚང་མས་སྔ་ས་ནས་ཁ་བཏགས་བཟུང་སྟེ་ང་ལ་སྒུག་འདུག་པས། ངའི་མིག་ཟུང་གི་མཆི་མ་དེའང་འགོག་མེད་དུ་འཁུར་ཚོས་ལས་བཞུར་སོང་། མི་ལོ་ ༡༤ ཡི་དུས་ཚོད་ནི་ཤིན་ཏུ་རིང་པོ་ཞིག་ཡིན་ནའང་ཉེ་འབྲེལ་ཚོས་ང་ལ་བཅངས་བའི་བརྩེ་དུང་ལ་འགྱུར་བ་ཅི་ཡང་ཕྱིན་མི་འདུག གནས་སྟངས་ཀྱི་རྐྱེན་པས་དབུས་གཙང་དང་མདོ་སྨད་ཕྱོགས་སུ་བསྐྱོད་ཐབས་མ་བྱུང་བས། ཕ་ཡུལ་ནས་ཉིན་ཤས་བསྡད་རྗེས་ཁམས་བྲག་མགོ་དང་། རྟ་བོ། བར་སྨད། དཀར་མཛེས་དང་དེ་ནས་མི་ཉག་རོང་ཕྱོགས་ཀྱི་ས་ཆ་འགར་ཕྱིན་པ་ཡིན། བྲག་མགོ་རྫོང་ཐོག་ཏུ་སླེབས་སྐབས་རྒྱ་མི་འབོར་ཆེན་མཐོང་རྒྱུ་ཡོད་པར་མ་ཟད། ཁང་པའི་འཛུགས་བསྐྲུན་དང་འཚོ་བ་རོལ་སྟངས་སོགས་ལ་རྒྱ་མིས་ཤུགས་རྐྱེན་ཆེ་ལ། རྫོང་ཐོག་ཏུ་སྡོད་མཁན་བོད་པ་ཚོས་ཀྱང་རྒྱ་སྐད་བཤད་ཀྱིན་ཡོད་པའི་ཚོར་སྣང་ཞིག་བྱུང་བས་རེ་ཞིག་སེམས་པ་དེའང་སྐྱོ་ལྷང་ངེར་ཆགས་སོང་། བྲག་མགོ་ནས་རྟ་བོ་ཕྱོགས་སུ་བསྐྱོད་པའི་ལམ་ཁའི་གཡས་གཡོན་གཉིས་སུ་རྒྱ་གཞུང་གིས་ཐོག་རྩེག་གཉིས་ཅན་གྱི་འབྲོག་པའི་སྡོད་ཁང་མང་པོ་ཞིག་གསར་རྒྱག་བྱས་ཡོད་ཅིང་། དེའི་ཐད་ངའི་རོགས་པས་བཤད་ན་རྒྱ་གཞུང་གིས་སྡོད་ཁང་རེར་རྒྱ་སྒོར་ཁྲི་ ༡ རེའི་འགྲོ་སོང་བཏང་ཡོད་པས་འབྲོག་པ་རྣམས་གཞིས་སྤོ་མ་བྱས་ན་མི་འགྲིག་པའི་བཀའ་ཡང་བཏང་ཡོད་ཚུལ་འདུག རྟ་བོར་སླེབས་སྐབས་བོད་རིགས་རྒད་པོ་ཞིག་དང་གླེང་མོལ་བྱུང་སོང་ལ། སྐབས་དེར་ཁོང་གིས་སྔོན་ཆད་རྟ་བོའི་ཕྱོགས་ཀྱི་རྩ་ཐང་ནི་སྒོ་ཕྱུགས་ཀྱིས་ཁེབས་ཡོད་སྟབས་སྐྱིད་སྣང་ལྡན་པ་ཞིག་ཡོད་ཀྱང་། དེང་སྐབས་ཡུལ་སྐོར་བ་ཚོ་དཔར་ལེན་དུ་ཡོང་ནའང་ས་ཁུལ་རེ་ཟུང་མ་གཏོགས་ནོར་ལུག་མཐོང་ཡུལ་དུ་མེད་པའི་གསུང་སྟངས་དེར་བལྟས་ན། རྒྱ་དམར་གྱིས་བོད་ས་འཕྲོག་རྗེས་བོད་མིའི་འཚོ་བར་གནོད་སྐྱོན་ཚབས་ཐེབས་ཡོད་པ་ཤེས་ཐུབ་ཀྱི་འདུག དཀར་མཛེས་ལ་སླེབས་དུས་དམག་སྒར་དང་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་པའི་གནས་སྟངས་མཐོང་དུས་ཞེད་སྣང་ཞིག་སྐྱེས་ཀྱང་། མི་རིགས་ཀྱི་ཞེན་ཁོག་ཆེ་སར་རྒྱ་གཞུང་གིས་དམ་དྲག་བྱེད་པ་ནི་ཁོང་ཚོའི་འགྲོ་སྟངས་ཤིག་ཡིན་པར་དྲན་མྱོང་། ངའི་ཕ་ཡུལ་ལ་མཚོན་ན། བོད་དོན་གྱི་གོ་རྟོགས་ཞན་པའམ་ས་མཚམས་ནས་ནུས་ཤུགས་འདོན་མ་ཐུབ་པ་གང་ལྟར་ཡང་དམག་སྒར་དང་དམག་མིའི་འཇིགས་སྣང་དེ་ཙམ་མི་འདུག་ལ། ཕར་བལྟས་ཚོས་ཀྱིས་ཡུལ་མི་རྣམས་དཔལ་འབྱོར་འཚོལ་སྒྲུབ་ལ་བྲེལ་བའི་རྣམ་པ་ཞིག་ངང་གིས་མཐོང་བྱུང་། སྔོན་ཆད་ང་རང་བོད་དུ་ཡོད་དུས། ཕ་ཡུལ་གྱི་སྡོད་ཁང་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་ཡོད་ཁར་མི་མང་གིས་ཀྱང་རྒྱུན་དུ་བོད་ཆས་གྱོན་བཞིན་ཡོད་ཀྱང་། དེང་སྐབས་ཁང་པ་རྒྱག་སྟངས་ཚུན་ཆད་ལ་འགྱུར་བ་གཏོང་བཞིན་ཡོད་པར་མ་ཟད་བོད་ཆས་གྱོན་མཁན་ཡང་ཧ་ལམ་གཅིག་ཀྱང་མཐོང་རྒྱུ་མི་འདུག

ཉེན་ཁའི་ཁྲོད་ཀྱི་གྲོང་སྡེ།
ཕྱིའི་མཐོང་སྣང་གི་བོད་ཁུལ་གྱི་འཛུགས་སྐུན་དང་གཙང་སྦྲ་ནི་སྤྲོ་སྣང་ལྡན་པ་ཞིག་ཡིན་ནའང་། མང་ཚོགས་ལ་སྐད་ཆ་ཞིབ་མོར་དྲིས་ཡོང་ན་ཁེ་ཕན་ཅི་ཡང་མེད་པ་ནི་ཧ་ཅང་གསལ་པོ་རེད། དེང་སྐབས་རྒྱ་རིགས་ཁེ་ལས་པ་མང་པོ་བོད་ནང་དུ་ཡོང་སྟེ་ས་ཆ་ཉོས་ཏེ་མ་རྩ་འཇོག་བཞིན་ཡོད་སྟབས་ས་གནས་མང་ཚོགས་ལ་དཀའ་ངལ་འཕྲད་ཀྱིན་ཡོད་པ་བཞིན། ངའི་ཕ་ཡུལ་མི་ཉག་ལའང་དེ་རིགས་ཀྱི་དཀའ་ངལ་ཞིག་འཕྲད་འདུག ད་ཆར་མི་ཉག་ཁུལ་གྱི་གྲོང་སྡེ་ ༡༣ ཙམ་དཀའ་ངལ་གྱི་ནང་དུ་ལྷུང་ཡོད། དཔེར་ན། ཐེའུ་གྲོང་སྡེ་དང་ཟམ་པ་ཁ་གྲོང་སྡེ། རི་མཐོ་གྲོང་སྡེ་སོགས་སྡེ་བ་འགའ་ཆུ་མཛོད་གསར་རྒྱག་གི་རྐྱེན་པས་ས་གནས་གཞན་དུ་གཞིས་སྤོ་དགོས་ཀྱི་ཡོད་སྟབས། མི་ཉག་ཁུལ་གྱི་བོད་རིགས་ལས་བྱེད་དང་དགོན་པའི་མཁན་པོ། སྡེ་བ་ཁག་གི་སྡེ་དཔོན་རྣམས་ཀྱིས་ཐེངས་དུ་མར་རྫོང་དང་ཞིང་ཆེན་རིམ་པ། ཀྲུང་དབྱང་བཅས་སུ་ཞུ་གཏུག་བྱས་ཀྱང་ཐག་གཅོད་མ་ཐུབ་པར་ལྷག་ཡོད། སྤྱིར་ཡིན་ན་གྲོང་སྡེ་དེ་དག་ནི་འབྲོག་ས་དང་ཞིང་ཁ། དབྱར་རྩ་དགུན་འབུ། ཤ་མོ། དེ་བཞིན་གྱི་གཏེར་ཁ་བཅས་ཀྱི་ཐོན་ཁུངས་མང་པོ་ཡོད་པའི་ས་ཁུལ་ཞིག་ཡིན་འདུག

བོད་ནས་ཕྱིར་ལོག་པ།
ལོ་མང་པོའི་རྗེས་སུ་་ང་རང་བོད་དུ་འགྲོ་ཐུབ་པ་དེས་ངའི་སེམས་ཀྱི་སྡུག་བསྔལ་རེ་ཞིག་སེལ་ཐུབ་ཡོད་ཀྱང་ང་ལ་ནམ་ཡང་བོད་དུ་གཏན་སྡོད་བྱ་རྒྱུའི་བསམ་བློ་མ་འཁོར། ཞིབ་ཏུ་བསམས་ན་བོད་ནང་དུ་རང་གི་ནུས་པ་དང་གནས་སྟངས་ལ་གཞིགས་པའི་ལས་ཀ་ཞིག་མི་རེག་པའི་རྐྱེན་གྱིས་ཡིན་རྒྱུ་རེད། འདི་ལྟར་ཕྱིར་ལོག་རྒྱུའི་སེམས་ཐག་ཆོད་རྗེས་ང་རང་རྫོང་རིམ་པ་ཞིང་ཆེན་རིམ་པ། དེ་ནས་ལྷ་ས་བཅས་ཀྱི་ཕྱི་མི་ལས་ཁུངས་སུ་ངོ་བཅར་གྱིས་ང་རང་ཕྱིར་རྒྱ་གར་དུ་ལོག་འགྲོ་གི་ཡོད་ཅེས་ཐོ་འགོད་བྱེད་དུ་སོང་བ་ཡིན་ལ། སྐབས་དེར་ཁོང་ཚོས་ཀྱང་འཇམ་པོས་ཚུལ་གྱིས་ཐེམ་ཐོ་བརྒྱབ་སོང་། ཕྱིར་འགྲམ་ལ་སླེབས་མཚམས་རང་གི་སེམས་པ་དེའང་ལྷོད་ལ་བབས་བྱུང་ལ་བལ་ཡུལ་ནི་རང་གི་རྒྱལ་ཁབ་ཡིན་པའི་ཚོར་སྣང་ཞིག་ཀྱང་སྐྱེས་སོང་།

གསར་འགྱུར།

Post navigation

Previous Post: དེང་རབས་གཞོན་སྐྱེས་བུད་མེད་ཤེས་ཡོན་ཅན་གཉིས་ལྷན་བགྲོ་གླེང་བྱས་པའི་མྱོང་ཚོར་ལས་འཕྲོས་པ།
Next Post: སྐྱིད་དུས་སུ་སྙན་ངག་མི་ཡོང་། མ་བྲིས་ན་ཡག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme