Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསུ་བ་ཞུ།

Posted on 2014-09-042014-09-04 By ཁ་བརྡ་ 4 Comments on བསུ་བ་ཞུ།

ཚན་རྡོར།
 

༼༢༠༡༤/༠༩/༠༥ ལོའི་དགེ་རྒན་གྱི་ཉིན་མོར་གནམ་འོག་གི་དགེ་རྒན་ལགས་ཐམས་ཅད་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།༽

 
ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་མོ་ནས།།
ཡངས་ཤིང་ཆེ་བའི་འཇིག་རྟེན་གྲུ་ག་འདིར།།
ཚོན་རིགས་འཇའ་ཚོན་འདྲ་བའི་བཀྲག་མདངས་དེ།།
དེ་རིང་བསུས་ནས་ཁྱེད་ཅག་རྣམས་ལ་འབུལ།།

ལྷ་ལམ་གམ་གྱི་གཤོག་རྩལ་དཔལ་འབར་དེ།།
ཁྱེད་ཅག་རྣམས་ཀྱིས་ཐུགས་ལ་མངའ་བ་དག།
ཕངས་མེད་ངེད་ཚོར་གནང་བའི་བཀའ་དྲིན་དེ།།
དྲན་བཞིན་དྲན་བཞིན་ཉིན་མོ་དེ་རིང་བསུ།།

བཀའ་དྲིན་ཆེ་བའི་དགེ་རྒན་རྣམ་པ་ཚོ།།
ངེད་ཅག་རྣམས་ཀྱིས་སེམས་པའི་དཀྱིལ་འཁོར་ནས།།
བརྗེད་དུ་དཀའ་བའི་དེ་རིང་ཉིན་མོ་འདིར།།
ཚ་གྲང་དབུས་ནས་ཆས་ཏེ་བསུ་བ་ཞུ།།

ས་སྲོས་ཉི་མ་བསྒྲིབས་པའི་ལ་ཁ་ནས།།
དཀར་གལས་ཟླ་དང་ཁྲ་ཆེམ་སྐར་ཚོགས་འོག།
ཁྱེད་ཅག་རྣམ་པ་བདེ་སྤྲོ་འོང་པའི་ཕྱིར།།
ལེགས་སྐྱེས་འཁྱེར་ནས་བསུ་བ་ཚད་མེད་ཞུ།།

སྙན་ངག

Post navigation

Previous Post: དགེ་ལུགས་རྒྱུགས་སྤྲོད་ཀྱི་སྐོར་ཡང་བསྐྱར་གླེང་བ།
Next Post: ༧གོང་ས་མཆོག་ལ་ཐོངས་མཆན་སྤྲོད་རྒྱུ་མིན་སྐོར་འཁོད་འདུག

Comments (4) on “བསུ་བ་ཞུ།”

  1. ཀ་ར་མ says:
    2014-09-05 at 1:13 am

    བཀའ་དྲིན་ཆེ་ལགས་སོ།།

  2. གླིང་གཟི་མིག says:
    2014-09-05 at 1:23 am

    བཀའ་དྲིན་ཆེ། དགེ་རྒན་བཟང་བོ་དག་ལ་བཀའ་དྲིན་ཞུ

  3. ཁ་བའི་རྒྱང་ཕྲུག says:
    2014-09-05 at 3:14 am

    དེ་རིང་ནི། སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་རྣམས་ཀྱིས་རང་ལ་སློབ་འཁྲིད་གནང་མཁན་དགེ་རྒན་རྣམས་ཀྱི་བཀའ་དྲིན་དྲན་པའི་ཉིན་མོ་ཙམ་མིན་པར། གནམ་འོག་ན་སློབ་གསོ་ཐོབ་པའི་འགྲོ་མི་ཀུན་གྱིས་སྲུང་གཙི་བྱེད་དགོས་པའི་གལ་ཆེ་དུས་ཚེས་ཤིག་རེད། སྲུང་གཙི་བྱེད་སྟངས་ཤིག་གིས་འདས་དོན་གྱི་ཟུར་ཅིག་ད་ལྟའང་དྲན་པ་ནི། ང་བོད་ཁྱིམ་སློབ་གྲྭ་ན་ཡོད་སྐབས། དགེ་རྒན་ཉིན་མོ་ནི་སློབ་མ་ཚོས་དགེ་རྒན་བཟང་ངན་བཀར་བའི་དབྱེ་འབྱེད་ཀྱི་ཉིན་མོ་ཞིག་རེད་བསམ་མྱོང་། རྒྱུ་མཚན་ནི། ཉིན་དེའི་མཛད་སྒོ་སྐབས་དགེ་རྒན་གཙོས་པའི་ལས་བྱེད་པ་རྣམས་གྲལ་དུ་འཁོད་པའི་གཡས་གཡོན་དུ་ལག་ན་ཤིས་ཤོག་ (Card) དང་ལག་རྟགས་ཆུང་ངུ་སོགས་མང་ཉུང་ཅི་རིགས་འཁྱེར་བའི་སློབ་མས་མཐར་བསྐོར་བ་དང་། རིམ་བཞིན་སློབ་ཕྲུག་ཚོས་རང་རང་གི་ཡིད་ལ་འཐད་པའི་དགེ་རྒན་གི་དྲུང་དུ་ཤིས་ཤོག་ཕུལ་བས། དགེ་རྒན་ཚོས་(མང་ཆེ་བ་དགེ་རྒན་བུད་མེད) ང་ལ་འདི་ཙམ་བྱུང་ཟེར་བ་ལྟ་བུས་ཟུར་དུ་བཞུགས་པའི་དགེ་རྒན་རྣམས་ལ་བསྟན་རེས་བྱེད། གཡས་གཡོས་སློབ་ཕྲུག་ཚོ་ནི་གྲངས་བཤེར་གཟུར་དཔང་དང་འདྲ་བ། གྲུང་ཤ་དོད་པའི་མིག་ཟུང་གཉིས་པོ་དགེ་རྒན་ཚོའི་པང་དུ་ཡོད་པའི་སློབ་མའི་ལག་རྟགས་ལ་ལྷོད་པ་མེད་པས། དགེ་རྒན་འགའ་ཞིག་ལ་ནི་ཕྱག་གིས་ཁྱོག་ཚད་དང་། ལ་ལ་ནི་ཕྱག་སྟོང་དུའང་ཕེབས་དགོས་པ་བྱུང་བས་ང་དང་འདྲ་བ་བོད་ཁྱིམ་སློབ་གྲྭར་འགྲིམ་མྱོང་མཁན་ཞིག་ན་དེ་རིང་གི་ཉིན་མོ་འདི་ལ་འགྲེལ་སྟངས་གཞན་ཞིག་ཡོད་སྙམ། ཁ་དྲོ།

  4. ཤཱིལ་སཱ་གར། says:
    2014-09-05 at 3:46 am

    དུས་རིང་མོ་ནས་དགེ་རྒན་གྱི་བཀའ་དྲིན་དེ་བཞིན་ཡིག་ལམ་དུ་མདོར་བསྡུས་ཤིག་སྤེལ་འདོད་ཀྱི་འདུན་པ་ཤུགས་དྲག་བྱུང་། ད་ལྟ་མི་ཡུལ་དུ་བཞུགས་མེད་པའི་ཁོ་བོའི་དགེ་རྒན་དམ་པ་ཁོང་ནི་ཕུགས་བསམ་ཆེ་ཞིང་འདིང་གི་ཞེ་འདང་ཟབ་པའི་ཁོ་བོའི་ཕ་ཚབ་ཡིན། ཁོང་ནི་རྒྱུན་དུ་སྒང་རླིངས་ཆེ་བས་ང་རང་ཆུང་དུས་སློབ་གཉེར་ལ་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ཕྱི་ཚུལ་ཁྲོ་ཉམས་ལྡན་པའི་དགེ་རྒན་ལ་ཞེད་སྣང་དང་ཁྲོ་བ་གཅིག་ཅར་དུ་བྱུང་ནས་བསམ་མེད་ན་ཆུང་ལོ་ཟླ་ཟད་པ་དང་བསྟུན་ནས་དགེ་རྒན་ཁོང་ཡང་ང་དང་གཏན་དུ་ཁ་བྲལ་སོང་། ད་ཆ་བསམ་ན་མིག་མཐར་མཆིལ་མ་འཁོར་བ་ཙམ་ལས་མེད་པས་ཤེས་ཡོན་གྱི་གཤོག་པ་ཅུང་ཙམ་འབུར་བའི་ལོ་ཆུང་སྣང་བ་མཐོ་པོ་རྣམས་ཀྱིས་དགེ་རྒན་གྱི་བཀའ་དྲིན་སྐབས་ཐོག་ཤེས་ཐུབ་པ་བྱས་ཏེ་ཕྱིས་འབྱུང་བློ་འགྱོད་མེད་པ་གནང་རོགས་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme