Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསམ་འཆར་ཡིག་ཆའི་ནང་ཕུན་དབང་གི་ཚིག་དང་དགོངས་ཚུལ་མང་པོ་བཅུག་ཡོད།

Posted on 2014-04-192014-04-19 By ཁ་བརྡ་ 15 Comments on བསམ་འཆར་ཡིག་ཆའི་ནང་ཕུན་དབང་གི་ཚིག་དང་དགོངས་ཚུལ་མང་པོ་བཅུག་ཡོད།

བོད་ཀྱི་དུས་བབ་ནས་དྲངས།

བསམ་འཆར་ཡིག་ཆའི་ནང་ཕུན་དབང་གི་ཚིག་དང་དགོངས་ཚུལ་མང་པོ་བཅུག་ཡོད།

དེ་རིང་གངས་སྐྱིད་དུ་འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གི་སྐོར་ལ་བགྲོ་གླེང་གོ་སྒྲིག་གནང་བའི་ཐོག ཕྱི་ལོ་༡༩༢༠ རྩ་གྲངས་ནས་ད་ལྟའི་བར་བོད་པའི་སྤྱི་ཚོགས་ནང་འབའ་བ་ཕུན་ཚོཊ་དབང་རྒྱལ་ལྟ་བུ་ཞིག་བྱུང་བ་དེ་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་མ་ཟད། ང་ཚོས་ཡག་སྡུག་གང་ནས་བལྟས་ཀྱང་ཁོང་ལྟ་བུ་ཞིག་བྱུང་བ་དེ་བོད་མི་རིགས་ཀྱི་གཟི་བརྗིད་རེད་ཅེས་བསྔགས་བརྗོད་བྱེད་མཁན་ཡང་བྱུང་སོང་། དེ་རིང་ཕྱི་ཚེས་༡༩ ཉིན་སྔ་དྲོའི་ཆུ་ཚོད་༨།༣༠ ཡས་མས་སུ། གངས་སྐྱིད་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བཞུགས་སྒར་འབའ་བ་སྐྱིད་སྡུག་གི་གོ་སྒྲིག་འོག་༼འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་བོད་ཀྱི་ལས་དབང་།༽ཞེས་པའི་བརྗོད་གཞི་ཐོག་བགྲོ་གླེང་ཞིག་ཚོགས་སོང་། ཆ་ཚང་འདི་ནས་གཟིགས།http://www.tibettimes.net/news.php?showfooter=1&id=8799

གསར་འགྱུར།

Post navigation

Previous Post: << ཆར་བ་བབས་པའི་རྗེས་ལ >>
Next Post: གྲོགས་པོ་་་་་ཁྱོད་འདི་ལྟར་ཕྱིན་སོང་།

Comments (15) on “བསམ་འཆར་ཡིག་ཆའི་ནང་ཕུན་དབང་གི་ཚིག་དང་དགོངས་ཚུལ་མང་པོ་བཅུག་ཡོད།”

  1. ཀློང་ཆུང་ says:
    2014-04-19 at 9:12 pm

    མི་མ་འགྱུར་དུས་ཚོད་འགྱུར་ཟེར་བ་བཞིན་ད་ཁྱོད་ཚོད་གང་བཤད་བཤད་རེད།
    ༡༩༦༠ ནང་ལ་འབའ་པའི་ནང་ལ་ཕུན་དབང་གི་མིང་འབོད་ས་མེད་པ་དང་། རྡ་སར་ཕུན་དབང་ཟེར་ན་བདུད་ལྟ་བུ་རེད། དུས་དེང་སང་ཕུན་དབང་ངོ་མ་ཤེས་ན་ལྟོ་གོས་མ་འཁྱོལ་བ་ལྟ་བུ་རེད།

    རྡ་སའི་བྱེད་སྟངས་འདིར་བལྟས་ན་ཉིན་གཅིག་དོལ་རྒྱལ་འགོ་པ་ལི་ཐང་ཨ་དར་ཟེར་བ་དེ་ཡང་ཉིན་གཅིག་དཔའ་བོ་ཆགས་རྒྱུའི་ཐེ་འཚོམ་མིན་འདུག སྐབས་དེ་དུས་ཡང་མཁས་པ་འགའ་ཤས་ཡོང་ནས་ཨ་དར་དེ་མི་རིགས་རིང་ལུགས་པ་དང་དགེ་ལྡན་བསྟན་པའི་སྲུང་མ་ཟེར་རྒྱུ་རེད་འདུག འདི་ཇི་ལྟར་རེད་ཟེར་ན།

    ཕུན་དབང་གིས་རྒྱ་དམག་་ཁྲིད་ནས་ལི་ཐང་ལ་བོད་པ་ཁྲི་ལས་འདས་པ་བསད་པ་དང་། རྒྱ་དམག་གི་གནམ་དམག་དང་པོ་དེ་ལི་ཐང་ལ་བཀོལ་བ་རེད། ད་ལྟའི་དོལ་ཚོགས་ཀྱིས་དེ་འདྲ་བསད་མེད། ང་རང་གི་སྤུན་མཆེད་གསུམ་ཐད་ཀར་ཕུན་དབང་གིས་ཁྲིད་ཡོང་བའི་དམར་དམག་མིས་བསད་འདུག

  2. གཡུ་ཐོག་རྒྱལ་པོ། says:
    2014-04-19 at 10:30 pm

    ཕུན་དབང་ལ་དགེ་སྐྱོན་གཉིས་ཀ་ཡོད་པ་སྨོས་མེད་རེད། དེ་འདྲ་ཡིན་པ་སོང་ཙང་བོད་པའི་ལོ་རྒྱུས་དང་སྤྱི་ཚོགས་ཁྲོད་རྩོད་གཞི་ཅན་ཞིག་ཆགས་པ་རེད། འོན་ཀྱང་། དེང་སྐབས་ཕུན་དབང་གླེང་སྐབས་བརྙན་འཕྲིན་དང་། དྲ་རྒྱ་སོགས་ཀྱི་ནང་ཕུན་དབང་གི་དགེ་ཁོ་ན་གླེང་བ་ལས་སྐྱོན་རྩ་བ་ཉིད་ནས་གླེང་གི་མི་འདུག དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་རེད། དེ་བས་ཀྱང་སྡུག་ས་ནས་བཤད་ན་དམར་ཤོག་རིང་ལུགས་པའི་བྱེད་སྟངས་རང་རེད། དམང་གཙོའི་སྤྱི་ཚོགས་སུ་མི་དང་སྤྱི་ཚོགས་གང་ཞིག་ཡིན་ཀྱང་དགེ་སྐྱོན་གཉིས་ཀའི་ཐོག་སྦས་གསང་མེད་པར་གླེང་སློང་བྱེད་ཆོག་གི་རེད་ལ་བྱེད་དགོས་ཀྱི་ཀྱང་རེད། འོན་ཀྱང་། ད་ལྟ་ང་ཚོས་རྒྱུད་ལམ་ཁག་ཏུ་མཐོང་བ་ནི་ཕུན་དབང་ལགས་དཔའ་བོ་ཞིག་དང་རླབས་ཆེན་ཞིག་ཆགས་ཟིན་པ་རེད། དེ་ནི་ཅུང་ཡ་མཚར་བ་ཞིག་རེད།

  3. རྒྱང་མིག says:
    2014-04-20 at 12:24 am

    ཟམ་གདོང་རིན་པོ་ཆེའི་གསུང་སྟངས་འདིས་འབའ་པ་ཕུན་དབང་ནི་རྡ་སའི་ལས་སྣེ་ཚོའི་བློ་ཁ་དགྱ་ཕྱོགས་ལ་བསྒྱུར་མཁན་ཡང་ཡིན་པ་ཤུགས་ཀྱིས་གསལ་ཡོང་། ལངས་ཕྱོགས་མི་བརྟན་པའི་ལས་སྣེ་འདི་ཚོས་དེང་སྐབས་་ག་རེ་བཤད་བཤད་ཡིན་པ་འདྲ་ཞིག་འདུག

    སྔོན་ཆད་ཟམ་གདོང་རིན་པོ་ཆེས་༼བཙན་བྱོལ་བོད་གཞུང་གི་གྲུབ་འབྲས་སྤྱི་དང་བྱེ་བྲག༽ནང་དུ། “༡༩༥༩ ལོའི་ཕྱི་ཟླ་༤ པའི་ཚེས་༡༧ ཉིན་ཏི་ཛི་པུར་ལ་གྲོས་མཐུན་དོན་ཚན་བཅུ་བདུན་དེ་བཙན་འོག་ཏུ་བཞག་པས་ངོས་ལེན་མེད་པའི་གསལ་བསྒྲགས་བསྐྱངས་པའི་ཉིན་མི་དེ་ནས་བོད་རང་བཙན་སྐྱར་གསོ་བྱེད་པའི་ལས་འགུལ་འགོ་བཙུགས་པ་རེད། དེང་སང་རྒྱལ་སྤྱིའི་ཁྲོད་བོད་དེ་རྒྱ་མིའི་ཆ་ཤས་ཡིན་པ་ངོས་ལེན་བྱེད་པ་དང་། རྒྱ་མིའི་རང་སྐྱོང་ལྗོངས་ཞིག་ཡིན་པར་ངོས་ལེན་བྱེད་པའི་བརྒྱུད་རིམ་གཉིས་ཆ་ཐུག་ས་ག་བར་ཐུག་ཡོད་པ་རེད་ཅེ་ན། གྲོས་མཐུན་དོན་ཚན་བཅུ་བདུན་ལ་ཐུག་བསྡད་ཡོད་པ་རེད། རྒྱལ་ཁབ་ཚང་མས་གྲོས་མཐུན་དོན་ཚན་བཅུ་བདུན་དེ་བོད་པས་ཁས་བླངས་པ་ཡིན་ཙང་དེ་ནས་བཟུང་ང་ཚོས་ཀྱང་དེ་ག་རང་ཁས་ལེན་བྱེད་ཀྱི་ཡོད་ཅེས་ལབ་བསྡད་པ་ཞིག་རེད། ཡིན་ནའང་ང་ཚོ་བོད་པའི་ངོས་ནས་གྲོས་མཐུན་དོན་ཚན་བཅུ་བདུན་དེ་བཙན་འོག་ཏུ་བཞག་པ་དང་རྩིས་མེད་ཡིན་པ་གསལ་བསྒྲགས་གནང་བ་ནས་བཟུང་ལེའུ་གསར་བ་ཞིག་གི་འགོ་བཙུགས་པ་རེད།” ཞེས་སོགས་གསུངས་འདུག་པ་དང་།
    དེ་བཞིན་༧གོང་ས་མཆོག་གིས་ཀྱང་༼ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་༽ནང་དུ། “བོད་རྒྱ་ནག་གི་ཆ་ཤས་ཡིན་པ་གཞི་རྩར་བཟུང་སྟེ་བཞག་པའི་གྲོས་མཐུན་དེ་ནི་བདེན་འབྲེལ་ནམ་ཡང་མིན།” ཞེས་སོགས་མང་དུ་གསུངས་འདུག

    ད་ལྟའི་ཆར་ཁོང་ཚོས་སྔོན་བཤད་ལས་ལྡོག་ཕྱོགས་སུ་གྱུར་ཏེ་བཙན་འོག་གི་གྲོས་མཐུན་དོན་ཚན་བཅུ་བདུན་དེ། ཁྲིམས་མཐུན་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་དུ་བརྩི་བཀུར་བྱེད་ཀྱིན་བོད་དགྱ་ཁོངས་སུ་ཤུགས་ཀྱིས་འདེད་པ་ལ་གྲུབ་འབྲས་འབུར་ཐོན་བླངས་པའི་འབའ་པ་ཕུན་དབང་ཡང་མི་རིགས་ཀྱི་ཕུལ་བྱུང་དཔའ་བོ་ཞིག་ལ་ངོས་ལེན་དང་སྦྲགས་ཚད་བརྒལ་གྱི་བསྟོད་བསྔགས་བརྗོད་ཀྱིན་ཡོད།

    ཟམ་གདོང་རིན་པོ་ཆེས་གཙོ་སྒྲུབ་བྱས་པའི་བསམ་འཆར་ཡིག་ཆ་ཞེས་པ་དངོས་གནས་དེ་གང་འདྲ་ཞིག་ཡིན་ནམ།

  4. ལྷ་སྡེ་གནམ་ལོ་ཡག says:
    2014-04-20 at 12:35 am

    ཟམ་གདོང་རིན་པོ་ཆེ་ཡིས་འདི་ལྟར་རྒྱ་ནག་རྩ་ཁྲིམས་འོག་གི་རང་སྐྱོང་གི་དགོས་འདུན་ཕུན་དབང་སྒང་འདེད་དོན་དང་། དེ་ལས་བསྐྱེད་སྲིད་པའི་མཇུག་འབྲས་ནི་གླེང་གཞི་གལ་ཆེན་ཞིག་རེད་བསམ།

    སྤྱིར་རྒྱ་དམར་རྩ་ཁྲིམས་འོག་ཏུ་ཤར་བསྐྱོད་བྱ་བའི་གྲོས་འཆར་དེ་བཞིན་ཟམ་གདོང་རིན་པོ་ཆེ་སྐུ་དངོས་ཀྱིས་འབྲེལ་ཡོད་རང་སྐྱོང་ཁྲིམས་གཞི་ཁག་གི་བོད་འགྱུར་གཞིར་བཟུང་ནས་ཐག་གཅོད་དང་ཟིན་བྲིས་ཕབ་པ་ཞིག་རེད་མ་གཏོགས་ཕུན་དབང་ལགས་སུ་འབྲེལ་བ་ཡོད་མེད་ཧ་ཅང་གི་ཞུ་ཁག་པོ་རེད། ཕུན་དབང་ལགས་ཀྱི་ཁྱད་ཆོས་གཅིག་ནི་ཁ་པར་བརྒྱུད་ནས་དོན་དག་གླེང་བའམ། ཕྱི་སྡོད་ཀྱི་མི་ལ་ཐུག་འཕྲད་ཆ་ཚང་ཡིག་ཐོག་ལ་ཕབ་རྗེས། རྒྱ་གཞུང་ལ་ཕུལ་བ་དང་རང་ཉིད་ཀྱིས་ཉར་བའི་གོམས་སྲོལ་འདུག དེ་བས། ཕུན་དབང་ལགས་ཀྱི་ཟིན་བྲིས་ནང་དེ་ལུགས་བཀོད་ཡོད་མེད་ཧ་ཅང་གི་དོགས་གཞི་རེད།

    ཡང་ཅིག་བཤད་ན། ཕུན་དབང་ལ་ཚིག་རེ་གཉིས་ཐད་བཀའ་མོལ་ཞུས་པ་ཞིག་གཞིེར་བྱས་འགན་ཆ་ཚང་ཕུན་དབང་ལ་ཕུལ་རྐྱང་གནང་བ་ནི་ལོ་རྒྱུས་ལ་གཡོལ་ཐབས་ཤིག་ལས་མཐོང་གི་མི་འདུག དེ་གཅིག་ཡིན།

    ཕྱོགས་གཞན་ཞིག་ནས་གཟའ་རྗེས་མའི་ནང་རྒྱ་གཞུང་གིས་ཕུན་དབང་ལ་མྱ་ངན་ཚོགས་འདུ་བསྐོང་རྒྱུ་རེད་ཟེར། དེ་ལས་ཚང་མར་དོན་དག་ཁ་ཤས་ཐད་ཀྱི་དཔྱད་གཞི་རེག་སྲིད། ཡིན་ནའང་། ཕུན་དབང་ལགས་ཀྱི་མི་རིགས་ཐད་ཀྱི་རིགས་པའི་གཞུང་ལུགས་ལ་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་རྒྱ་དམར་གཞུང་གི་མར་ལེ་རིང་ལུགས་ཀྱི་གཞུང་ལུགས་པ་ལའེ་ཝེ་ཧན(གྲོས་མཐུན་དོན་ཚན་བཅུ་བདུན་འཇོག་དུས་ཀྱི་རྒྱ་ཕྱོགས་ཀྱི་འཐུས་ཚབ་གཙོ་བོ)བཀོལ་ནས་དགག་པ་བརྒྱབ་ཡོད་པའི་ཁར། སྐབས་དེ་ཤེད་ནས་ཕུན་དབང་ལགས་ལས་འགན་གཙོ་བོའི་སྒང་སླེབས་ཐུབ་མེད། འདིའི་ཕྱོགས་ནས་བལྟ་སྐབས། ཟམ་གདོང་རིན་པོ་ཆེ་ལགས་ཀྱིས་ཡོངས་གྲགས་སུ་ཕུན་དབང་དབུ་མའི་ལམ་ལ་འབྲེལ་བ་ཡོད་ཚུལ་བརྗོད་པ་དེས་རྒྱ་དམར་གཞུང་དོགས་པ་གསར་བ་ཞིག་བསླངས་ཡོད་པར་མ་ཟད། མུ་མཐུད་དུ་དབུ་མའི་ལམ་བསྙོན་འབྱིན་བྱེད་པའི་ཁག་དཀྲི་ས་གཙོ་བོ་ཞིག་ཏུ་བསྐྲུན་ཡོད།

  5. ཤར་པ་ says:
    2014-04-20 at 5:46 am

    ༄༄། གང་ལྟར་ཟམ་གདོང་བླ་མ་འདི་བལྟ་བ་མི་བརྟེན་པ་བྱ་པུ་རླུང་འཆེར་དང། བོད་གཞུང་གི་དབུ་མའི་ལམ་དེ་འབའ་་ཕུན་ནས་བྱུང་པ་འདྲ་པོ་འདུག་པས། ད་ཡིན་ན་དཀོན་མཆོག་མཁྱེན།

  6. ཅོ་རི་ཉི་མ། says:
    2014-04-20 at 7:37 am

    ཕུན་དབང་ནི་མར་ཁེ་ཤི་དང་ལེ་ཉིན་གྱི་ལྟ་གྲུབ་ལ་མཁས་པའི་དམར་ཕྱོགས་གུན་ཁྲན་རིང་ལུགས་པ་ཞིག་ཡིན་ཟེར་བ་དང་། མི་འདི་ལྟ་བུ་རྒྱ་ནག་དང་ཪ་ཤེ་ཡ་གཉིས་ལ་ཡང་དཀོན་པོ་རེད་ཟེར་བ། དབུ་མའི་ལམ་གྱི་བསམ་འཆར་ཡིག་ཆ་ནི་མཁས་པའི་དབང་པོ་ཕུན་དབང་ལགས་ཀྱི་རྩོམ་ཡིག་དང་བསྟུན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མཐུན་པ་ཞིག་བཟོས་ཡོད་པར་བདེན་ན་་་་དབུ་མའི་ལམ་ཁྲིམས་འགལ་ཇི་ལྟར་ཆགས་སོང་བ་རེད་དམ། ལན་མ་རྒྱག་པར་མཛུབ་མོ་ཁ་ནང་བཅུག་ནས་བསྡད་དགོས་ཐུག་པའི་གནས་སྟངས་འདི་་ཕུན་དབང་དམར་ཕྱོགས་པའི་ཁྲིམས་ལུགས་ལ་མཁས་མཁས་ཀྱིས་ཨེ་རེད། དེ་མིན་ན་་གུན་ཁྲན་ཏང་གིས་དཔོན་རིགས་ཚོས་དབུ་མའི་ལམ་ཁྲིམས་འགལ་རེད་ཟེར་དུས་ཁྲིམས་མཐུན་ཡིན་ལུགས་ཀྱི་་ལན་དོན་མཐུན་ཞིག་བརྒྱབས་ཐུབ་མེད་པ་འདི་ག་རེ་བྱས་པ་རེད་དམ། ཧཧཧཧ

  7. ཅོ་རི་ཉི་མ། says:
    2014-04-20 at 8:04 am

    དབུ་མའི་ལམ་པ་བ་ཚོས་ལན་གཅིག་བརྒྱབས་སོང་། དབུ་མའི་ལམ་ཁྲིམས་འགལ་རེད་ཟེར་བ་འདི་རྒྱ་གཞུང་གི་དཔོན་རིགས་ལྟ་བ་མཁྲེགས་འཛིན་ཅན་ཚོའི་སྐད་ཆ་རེདཅེས་ལན་བརྒྱབས་སོང་། དགོད་མོ་ཤོར་ཡ་ཡི་ལན་རེད། ལན་དེ་དམར་ཕྱོགས་པའི་ལྟ་བ་ལྕགས་ལྟར་མཁྲེགས་པོ་འཛིན་མཁན་ཕུན་དབང་ལ་བརྒྱབས་པ་དང་ཡིན་གྱི་མ་རེད་བ་་་་ཧཧཧཧ ཀླད་རྙིང་་་་ལྐུག་པ་འདི་ཚོ།

  8. ཅོ་རི་ཉི་མ། says:
    2014-04-20 at 8:09 am

    དྲང་པོ་བཤད་ན་་ཕུན་དབང་གིས་མའོ་ཡི་མཚན་ཉིད་རིག་པའི་གོ་བ་ཡག་པོ་ཞིག་ལེན་ཤེས་ཡོད་ས་མ་རེད། མའོ་ཡི་མཚན་ཉིད་རིག་པའི་གསུངས་རྩོམ་ནང་དུ་འགལ་ཟླ་ལ་གཉིས་དང་འགལ་ཟླ་དེ་གཉིས་སེལ་སྟངས་ལ་ལག་ལེན་གཉིས་བཤད་ཡོད་རེད། དེ་ཙམ་ལའང་ཕུན་དབང་གིས་གོ་བ་ཡག་པོ་ལེན་ཡོད་ཟོལ་མི་འདུག་་་ཧཧ་་་ད་དུང་མཁས་དབང་ཡིན་ན་ཅིག

  9. སྤོབས་པ་མཐའ་ཡས། says:
    2014-04-20 at 8:13 am

    ཟམ་གདོང་གིས་ཕུན་དབང་གི་ཡིག་ཆ་ལས་བརྐུས་པ་ཡིན་ཟེར་གྱིན་འདུག དེ་མིན་ཕུན་དབང་གིས་འདི་གྱིས་དང་འདི་མ་བྱེད་ཟེར་བའི་ལམ་སྟོན་བྱས་ཡོད་པའི་སྐད་ཆ་མི་འདུག བོད་ཡིག་ཤེས་ན་ཡག་པོ་ཀློག་དང་།

  10. ཅོ་རི་ཉི་མ། says:
    2014-04-20 at 8:27 am

    བྱས་ན་རྐུ་སྟངས་མ་ཤེས་ནས་དབུ་མའི་ལམ་ཁྲིམས་འགལ་ཆགས་སོང་བ་ཡིན་རེད།་་་ཧཧ

  11. བློ་བཟང་རིག་འཛིན། says:
    2014-04-20 at 12:40 pm

    རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས་འདི་ལྟར། སྤྱིར་བཏང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་རྙོག་གྲ་ཚ་བོ་ཡིན་པ་ལྟར། ཕུན་ཚོགས་དབང་རྒྱལ་ལགས་ལ་མཚོན་ན་རྙོག་འཛིང་ཆེན་པོ་ཞིག་གི་ནང་ཡོང་བའི་མི་ཞིག་ཡིན་སྟབས། ཁོང་ལ་ལྟ་སྟངས་མ་འདྲ་བ་ཡོང་བཞིན་པ་དེ་ཆོས་ཉིད་ཅིག་ཡིན་པ་དང་། ལྟ་སྟངས་འདྲ་མིན་ཡོང་བཞིན་པ་དེ་ཡང་ཁོང་དང་ཐག་རིང་པོར་མཇལ་མྱོང་མེད་མཁན་ཙམ་མ་ཟད། ཉིན་རེར་འདྲིས་པའི་མི་དང་ཁོང་གི་ཕྲུ་གུའི་ཁྲོད་དུའང་ཁོང་གི་མི་ཚེར་གདེང་འཇོག་བྱེད་སྟངས་མི་འདྲ་བ་ཡོང་གི་ཡོད་པ་དང་། ལྷག་པར་དུ་ཁོང་ལ་ཆེ་བསྟོད་དང་བསྔགས་བརྗོད་ཤུགས་ཆེན་གནང་མཁན་༧གོང་ས་མཆོག་གིས་ཀྱང་དབྱིན་ཡིག་མཛད་རྣམ་ནང་ཕུན་ཆོགས་དབང་རྒྱལ་རྒྱ་མི་བོད་ནང་འཁྲིད་ཡོང་མཁན་རེད་ཅེས་བྲིས་གནང་ཡོད་སྟབས། ཁོང་ལ་ལྟ་སྟངས་མི་འདྲ་བ་ཡོང་གི་ཡོད་པ་དེ་ཆོས་ཉིད་དང་མཐུན་པ་ཞིག་ཡིན་སྐོར་སོགས་བརྗོད་བྱུང་། ཁོང་གིས་རིམ་དང་པོ། ཕུན་ཚོགས་དབང་རྒྱལ་གྱིས་བོད་རིཊ་དམར་ཤོག་ཚོཊ་པ་བཙུཊ་པ་ནས་ ༡༩༤༦ བར་ཁོང་གིས་ས་ཁོངས་ཀྱི་ཆ་ནས་བོད་ཆོལ་ཁ་གསུམ་གཅིག་གྱུར་བཟོ་རྒྱུ་དང་། ལམ་ལུགས་ཀྱི་ཆ་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པར་བཟོས་ནས་འདྲ་མཉམ་དང་དམངས་གཙོའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཤིག་མགོ་འཛུཊ། བདག་དབང་གི་ཆ་ནས་མི་རིགས་གཞན་གྱིས་བཙན་གནོན་དང་། ལྷག་པར་དུ་གོ་མིན་ཏང་གིས་བཙན་གནོན་མེད་པའི་རང་བཙན་གྱི་རྒྱལ་ཁབ་ཅིག་འཛུཊ་རྒྱུའི་བསམ་ཚུལ་ལྟ་ཚུལ་བྱུང་པ་དང་། ལྟ་ཚུལ་དེ་མངོན་འགྱུར་ཡོང་ཆེད་རྒྱ་ནག་དང་མདོ་ཁམས། དབུས་གཙང་ས་ཁུལ་བཅས་སུ་བོད་རིགས་དམར་ཤོག་ཚོགས་པའི་ཡན་ལག་ཚོགས་པ་མང་པོ་བཙུགས་ཏེ། སྤྱི་ཚོགས་ནང་ལྟ་བ་གསར་བ་ཁྱབ་སྤེལ་གཏོང་ཐབས་དང་། བོད་ཤར་ཕྱོགས་ཁུལ་དུ་ཇག་དམག་གི་སྒྲིག་འཛུགས་འཛུགས་ཐབས། རྒྱ་ནག་དང་རྒྱ་གར། ཨུ་རུ་སུ་བཅས་ཀྱི་དམར་ཤོག་ཚོགས་པ་མཉམ་འབྲེལ་བ་གནང་རྒྱུ་བཅས་རིམ་པས་རྒྱལ་སྤྱིའི་གུང་ཁྲན་གྱི་སྤྱི་ཚོགས་འཛུཊ་རྒྱུའི་ཐབས་ཤེས་གནང་བ། ལྷག་པར་དུ་བོད་གཞུང་གི་བཀའ་བློན་ཟུར་ཁང་དང་གནད་ཡོད་མི་སྣར་མཇལ་ཏེ་ལེགས་བཅོས་གཏོང་རྒྱུའི་བསམ་ཚུལ་ཞུས་ཏེ་ཐབས་ཤེས་གནང་ཡང་། མཐའ་མར་ཐབས་ཤེས་ཚང་མ་ལེགས་འགྲུབ་མ་བྱུང་བར། ༡༩༤༩ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་ནས་ཁོང་གོ་མིན་ཏང་དང་མཉམ་དུ་ཕྱིར་འཕུད་བཏང་ཡོད་སྐོར་སོགས་བརྗོད་བྱུང་།

    ཁོང་གིས་མུ་མཐུད། ༡༩༤༩ ནས་ ༡༩༧༩ བར་ཁོང་ལ་བོད་རྒྱ་ནག་དང་ཁ་བྲལ་མི་དགོས་པར་རྒྱ་ནག་གི་རྩ་ཁྲིམས་འོག་རྒྱ་མི་རིགས་དང་མཉམ་གནས་བྱེད་པའི་ལྟ་ཚུལ་བྱུང་བ་རེད། དེའི་བྱུང་རྐྱེན་ ༡༩༤༦ ལོར་ཟུར་ཁང་བ་སོགས་ལ་མཇལ་ཏེ་བོད་གཞུང་གི་སྐོར་འགྱུར་བ་གཏོང་དགོས་པ་དང་། བོད་ཤར་ཕྱོགས་སུ་ཇག་དམག་སྒྲིག་འཛུཊ་འཛུགས་པའི་གོ་བསྡུར་རིམ་པ་ལམ་ལྷོང་མ་བྱུང་བ། རྒྱ་གར་དང་ཨུ་རུ་སུའི་དམར་ཤོག་ཚོགས་པ་དང་འབྲེལ་བ་བསམ་ཚུལ་བཞིན་མ་བྱུང་བ། ཁམས་ཁུལ་ཏུ་ཇག་དམག་གི་སྒྲིག་འཛུཊ་བཙུགས་ཏེ་ས་ཆ་འཛིན་རྒྱུའི་འཆར་གཞི་ལམ་ལྷོང་མ་བྱུང་བ། མཐའ་མར་ཁོ་རང་དགའ་ལྡན་ཕོ་བྲང་མངའ་ཁོངས་ནས་ཕྱིར་འཕུད་བཏང་བ་བཅས་ཀྱིས་དབང་གིས་ཁོང་མར་ཁམས་ཕྱོགས་སུ་ཕེབས་ཡོད་པ་དང་། སྐབས་དེར་རྒྱ་ནག་གུང་ཁྲན་དམར་པོས་གང་ཅིའི་ཐོག་ཡིད་འཕྲོག་བསྡད་པ། རྒྱབ་ལྗོངས་ཀྱི་ཆ་ནས་དམར་ཤོག་གི་བག་ཆགས་ཤུགས་ཆེན་པོ་ཡོད་སྟབས། བོད་རིགས་གུང་ཁྲན་ཚོགས་པ་དེ་ལས་སླ་བོའི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཟླ་སྒྲིལ་བཏང་བ་སོགས། གང་ལྟར། རྒྱ་ནག་གིས་སྐབས་དེར་མི་རིགས་ལྔ་བཅུ་ང་གྲངས་བོ་མཐུན་སྒྲིལ་དང་འདྲ་མཉམ། ཕན་ཚུན་རོགས་རམ་གྱི་ཐོག་ནས་མཉམ་དུ་བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཅིག་འཛུཊ་བསྐྲུན་བྱེད་རྒྱུ་དེར་ཡིད་ཆེས་བྱས་པ་རེད། དེ་བྱས་སྐབས་ལྟ་ཚུལ་མངོན་འགྱུར་ཡོང་ཆེད་ཕུན་དབང་གིས། བོད་པའི་དམར་ཤོག་ཚོགས་པ་དང་རྒྱ་ནག་དམར་ཤོག་ཚོགས་པ་གཉིས་ཟླ་སྒྲིལ་བཏང་བ་རེད། བོད་གཞུང་དགའ་ལྡན་ཕོ་བྲང་ལ་བཙན་འཛུལ་བྱེད་མཁན་གྱི་རྒྱ་ནག་གི་དམག་མིར་བརྡ་བཏང་བ་རེད། བོད་ལ་བཙན་འཛུལ་དཔུང་འཇུག་བྱེད་མཁན་གྱི་གྲོས་བསྡུར་རིམ་པའི་ནང་འཛུལ་ཞུགས། ཆབ་མདོར་བཙན་འཛུལ་བྱས་ཚར་རྗེས་ང་ཕོད་ལ་དངོས་སུ་ཐུག་ནས་རྒྱ་ནག་གུང་ཁྲན་གྱི་སྲིད་ཇུས་འགྲེལ་བཤད་བྱས་བ་རེད། ༡༩༥༡ ལོར་ཕྱོགས་གཅིག་ནས་བོད་རྒྱ་གྲོས་མོལ་བྱེད་སྐབས་ཕན་ཚུལ་འགལ་ཟླ་ཤུགས་ཆེན་མི་ཡོང་བའི་ཆེད་བར་མི་དང་། ཕྱོགས་གཅིག་ནས་ཟུར་ཉན་དང་སྐད་བསྒྱུར་བཅས་ཆབ་སྲིད་ཐད་འབད་བརྩོན་བྱས་པ་རེད།

    ལྟ་ཚུལ་གསུམ་པ། བརྒྱད་ཅུ་གྱ་གྲངས་ནས་ད་ལྟའི་བར་རེད། ང་རང་གི་ངོས་ནས་དེའི་ཐོག་ལ་ཞིབ་ཕྲ་བལྟ་དགོས་པ་མང་པོ་འདུག་བསམ་གྱི་ཡོད། ཁོང་གི་ལྟ་སྟངས་སྐོར་གྱི་ཚིག་གཅིག་དྲངས་པ་ཡིན་ན། ཁོང་བོད་ཀྱི་གནད་དོན་ཐོག་ག་དུས་ཡིན་ཡང་བོད་ཀྱི་འཕྲོ་ལུས་གནད་དོན། འཕྲོ་ལུས་གནད་དོན་ཞེས་གཞི་རྩའི་ཆ་ནས་བོད་ཀྱི་གནད་དོན་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་དུས་ནས་གཞི་རྩའི་བོད་ཀྱི་གནད་དོན་ཐག་གཅོད་བྱས་ཚར། དེའི་འཕྲོར་ལུས་བསྡད་པའི་གནས་ཚུལ་སྐོར་ལ་ཚིག་དེ་བེད་སྤྱོད་གཏོང་གི་འདུག འཕྲོ་ལུས་གནད་དོན་ཟེར་ན་ག་རེ་རེད་ཅེས་ལབ་སྐབས། དེ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ལག་བསྟར་ཡག་པོ་མ་བྱུང་བ་དང་། རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ཡིག་ཁག་ནང་གསལ་བའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་སྲིད་ཇུས་དོན་འཁྱོལ་མ་བྱུང་བ། རྒྱ་ནག་གི་རྩ་བའི་སྲིད་ཇུས་དང་ལངས་ཕྱོགས་དེ་གུང་ཁྲན་རིང་ལུགས་ཀྱི་ལྟ་ཚུལ་ལྡོག་ཕྱོགས་ཤིག་རྒྱ་མི་རིགས་ཆེན་པོས་མི་རིགས་ཆུང་བ་ཚོར་བརྙས་བཅོས་བྱེད་ཀྱི་ཡོད་པ་རེད། མང་པོ་ཞིག་གིས་ཕུན་དབང་གིས་གསུང་བཞིན་པའི་བོད་ཀྱི་གནད་དོན་དེ་བོད་མིའི་སྒྲིག་འཛུཊ་ཀྱི་གནད་དོན་དང་འབྲེལ་བ་ཡོད་པའི་ངོས་འཛིན་གནང་གི་འདུག ངའི་བསམ་པར་ཁྱད་པར་འགྲོ་གི་ཡོད་ན་ཁྱད་པར་འགྲོ་སའི་གནད་འགག་དེ་བོད་ཀྱི་ད་ལྟའི་གནས་སྟངས་དེ་འཕྲོ་ལུས་གནད་དོན་ཞིག་རེད་དམ་མ་རེད། ཕུན་དབང་གིས་ངོས་འཛིན་བྱེད་ཕྱོགས་ལྟར་ན་བོད་ཀྱི་གནད་དོན་དེ་འཕྲོ་ལུས་གནད་དོན་ཞིག་རེད་ཅེས་ལབ་ཀྱི་འདུག

    མཇུག་ཏུ་ཁོང་གིས། “ ང་ཚོའི་མི་རིགས་རིང་ལུགས་ཞེས་པ་དེ། གཅིག་བྱས་ན་ང་ཚོས་ཁོང་དང་སྦྱར་ན་རྒྱལ་སྤྱིའི་ནང་ཡག་པོ་བརྩི་གི་ཡོད་པ་མ་རེད། ང་རང་གི་ངོས་ནས་རྒྱ་ནག་གིས་ཁོང་མི་རིགས་རིང་ལུགས་པ་རེད་ཅེས་བཤད་པ་ལྟར། ང་ཚོས་ཁོང་དེ་འདྲ་རེད་ཅེས་ལབ་ན་འགྲིག་གི་མ་རེད་བསམ་གྱི་འདུག ཁོང་གི་མི་ཚེའི་ལྟ་ཚུལ་དེ་དབང་བསྒྱུར་གྲལ་རིམ་དང་དབང་བསྒྱུར་མྱོང་མཁན། གཉའ་གནོན་གཏོང་མཁན་དང་མྱོང་མཁན། ལས་ཀ་གང་འདྲ་ཞིག་ཡིན་ཡང་གཉའ་གནོན་མྱོང་མཁན་གྱི་ཕྱོགས་སུ་ལངས་དགོས་པ་རེད་ཅེས་པ་དེ་ཁོང་གི་མི་ཚེའི་གཏན་ཚིགས་རེད། དེའི་ཆེད་དུ་ཁོང་གི་མི་ཚེ་ཁོ་རང་བློས་གཏོང་གནང་བ་རེད་ལ། འབད་བརྩོན་བྱས་པའང་དེ་རེད། བོད་དང་རྒྱ་ནག་གི་འོག་ཏུ་ཡོད་པའི་གཉའ་གནོན་མྱོང་མཁན་ཚོ་སོ་སོ་རང་བདག་རང་དབང་གི་འཚོ་བ་ཞིག་སྐྱེལ་རྒྱུ་ཡོད་པའི་དོན་དུ་རེད། ཁོང་གི་མི་ཚེའི་ནང་ནོར་བ་དང་འགྲིག་པ་གང་ཡིན་ཡང་། སོ་སོའི་བསམ་ཚུལ་དང་ལངས་ཕྱོགས་དེའི་ཐོག་བཤད་ཕོད་པ་དང་བསྒྲུབ་ཕོད་པ་བློས་གཏོང་ཕོད་པའི་སྙིང་སྟོབས་དང་རྣམ་དཔྱོད་ཡོད་པ་དེ་ཕུན་དབང་གིས་རིན་ཐང་དངོས་ནས་དེ་རེད་བསམ་གྱི་འདུག མི་ཞིག་ལ་ངོས་འཛིན་བྱེད་སྐབས་ཁོང་གི་ཁ་བཤད་དོན་ལ་གནས་མིན་གྱི་ཐོག་ནས་རེད། དེའི་ཐོག་ནས་བཤད་པ་ཡིན་ན། ཁོང་ཁ་ཞེ་གཉིས་མེད་དང་མི་གཤིས་བརྟན་པོ། མི་གསེར་འདྲ་བ་ཞིག་རེད་བསམ་གྱི་འདུག ཕྱི་ལོ་ ༡༩༢༠ རྩ་གྲངས་ནས་ད་ལྟའི་བར་བོད་པའི་སྤྱི་ཚོགས་ནང་འབའ་བ་ཕུན་ཚོཊ་དབང་རྒྱལ་ལྟ་བུ་ཞིག་བྱུང་བ་དེ་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་མ་ཟད། ང་ཚོས་ཡག་སྡུག་གང་ནས་བལྟས་ཀྱང་ཁོང་ལྟ་བུ་ཞིག་བྱུང་བ་དེ་བོད་མི་རིགས་ཀྱི་གཟི་བརྗིད་རེད” ཅེས་བརྗོད་བྱུང་།

  12. ཁྱི་ནག་ says:
    2014-04-20 at 1:22 pm

    བོད་རང་བཙན་དང་རྒྱ་དམར་ལ་ཁ་གཏད་འཇལ་མཁན་མི་གྲངས་མང་པོ་བསད་པ་དང་བཙན་བྱོལ་ནང་ལ་གྲོངས་པ་རྣམས་ལ་ཚོགས་འདུ་འདི་འདྲ་མི་ཚོགས་པར། རྒྱ་དམར་བོད་ལ་ཁྲིད་ནས་རང་གཞན་ཕུང་ལ་སྦྱོར་མཁན་ལ་མཁས་པ་རེད། མི་འདི་འདྲ་དགོན་པའི་ནང་ལ་ཡོད་ན་མཁས་པའི་དབང་པོར་གྱུར་བར་ཐེ་འཚོམ་རེད་ཟེར་དུས་ཅུང་རྩ་མ་ཚང་བའི་མི་ཞིག་མིན་ན་འདི་ལྟར་ཤོད་མི་སྲིད།

    ཆུང་ཚེ་རིང་གི་གཏམ་བཤད་འདིའི་མགོ་མཇུག་བར་གསུམ་ལ་ག་ཚོད་ཐུབ་ཐུབ་ཀྱིས་ཕུན་དབང་གིས་མི་རིགས་རྒྱ་ལ་བཙོང་བའི་ལས་ཀ་རྣམས་སྦས་ནས་གསར་བརྗེའི་ལས་འགུལ་ཐ་ཐོར་ཐོག་ལ་དུས་ཚོད་མང་ཐག་ཆོད་བཏང་ནས་ཁོང་ལ་དག་ཐེར་བྱེད་སྟངས་འདི་ཡང་མཁས་པའི་བྱ་བ་མ་རེད། ལྷག་པར་དུ་ཆུང་ཚེ་རིང་གིས་དངོས་སུ་མ་ཤེས་པ་འམ་ཤེས་ནས་སྦས་སྐུམ་བྱེད་པ་ནི། ཕུན་དབང་གིས་ཐོག་མར་ཐེངས་དང་པོར་བོད་ཁུལ་ལ་ལྐོག་འཛུལ་བྱས་ནས་རྒྱའི་དངུལ་རྡ་ཡང་ཟེར་བ་འདི་འདྲས་མང་པོ་བོད་ཀྱི་བླ་མ་དང་དཔོན་ཆེན་ལ་སྤྲད་ནས་བླུ་བྲིད་བྱས་པ་འདིའི་སྐོར་ལ་གཅིག་ཀྱང་བཤད་མིན་འདུག འདི་སྦས་དགོས་པའི་རྒྱུ་མཚན་ཅི།

  13. ཀརྡོ་གཉེར་ཕྱག་པ་ says:
    2014-04-20 at 2:21 pm

    ་་་་་་་ ཕུན་དབང་གིས་རྒྱ་དམག་་ཁྲིད་ནས་ལི་ཐང་ལ་བོད་པ་ཁྲི་ལས་འདས་པ་བསད་པ་དང་། རྒྱ་དམག་གི་གནམ་དམག་དང་པོ་དེ་ལི་ཐང་ལ་བཀོལ་བ་རེད། ད་ལྟའི་དོལ་ཚོགས་ཀྱིས་དེ་འདྲ་བསད་མེད། ང་རང་གི་སྤུན་མཆེད་གསུམ་ཐད་ཀར་ཕུན་དབང་གིས་ཁྲིད་ཡོང་བའི་དམར་དམག་མིས་བསད་འདུག ་་་་་་

  14. ཀརྡོ་གཉེར་ཕྱག་པ་ says:
    2014-04-20 at 2:30 pm

    ་་་་་་ ལྷག་པར་དུ་ཁོང་ལ་ཆེ་བསྟོད་དང་བསྔགས་བརྗོད་ཤུགས་ཆེན་གནང་མཁན་༧གོང་ས་མཆོག་གིས་ཀྱང་དབྱིན་ཡིག་མཛད་རྣམ་ནང་ཕུན་ཆོགས་དབང་རྒྱལ་རྒྱ་མི་བོད་ནང་འཁྲིད་ཡོང་མཁན་རེད་ཅེས་བྲིས་གནང་ཡོད་སྟབས། ཁོང་ལ་ལྟ་སྟངས་མི་འདྲ་བ་ཡོང་གི་ཡོད་པ་དེ་ཆོས་ཉིད་དང་མཐུན་པ་ཞིག་ཡིན་སྐོར་སོགས་བརྗོད་བྱུང་། ་་་་་་

  15. ཀརྡོ་གཉེར་ཕྱག་པ་ says:
    2014-04-20 at 2:34 pm

    མཁས་དབང་ཚོར། བོད་མི་ས་ཡ་གཅིག་དང་། གྲངས་ཆུང་གཉིས་ཙམ། དམར་གསོད་དང་། སྡུག་ཤི་ཐེབས་བཅུག་མཁན་གཏེ་པོ་དེ་ཚོ། སུ་དང་སུ་རེད་དམ། ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme