Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསམ་ཚུལ་དང་དོན་དངོས་དཔྱད་པ། 

Posted on 2008-09-02 By tenzin 16 Comments on བསམ་ཚུལ་དང་དོན་དངོས་དཔྱད་པ། 

བསྟན་འཛིན།

 

འདིར་བསམ་ཚུལ་དང་དོན་དངོས་སྐོར་ལ་རྩོམ་ཡིག་གཅིག་མཐོང་བྱུང་། རྩོམ་དེའི་འོག་ལ་བསམ་ཚུལ་ཤོད་མཁན་ཡང་མང་པོ་འདུག འདི་ནི་དངོས་གནས་ཕན་པ་ཡོད་པའི་རྩོམ་གཞི་ཞིག་རེད་སྙམ་ནས་འདིར་དྭོགས་པ་ཁ་ཤས་བཀོད་ཡོད་པའི་ཁྱེད་རྣམ་པའི་བཀའ་སློབ་ཡོད་པ་ཞུ།

བོད་ཀྱི་ལོ་རྒྱུས་ནང་གླང་དར་མ་ཡི་མགོ་ལ་རྭ་ཅོ་ཡོད་ཟེར། འདི་བསམ་ཚུལ་རས་དོན་དངོས་རས།

བོད་མིའི་བཤད་སྲོལ་ལ་མི་ཤི་སོང་ན་རྣམ་ཤེས་ད་དུང་གནས་ནས་ལུས་གཞན་བསྒྲུབ་པར་བྱེད་ཟེར། འདི་ལ་སྐྱེ་བ་ཟེར་ཞིང་མི་མང་ཆེ་བས་ཡིད་ཆེས་བྱེད་བཞིན་འདུག འདི་བསམ་ཚུལ་རས་དོན་དངོས་རས།

 

ད་དུང་བོད་མིའི་ངག་རྒྱུན་ལ་ཤམ་བྷ་ལ་ཟེར་བའི་རྒྱལ་ཁབ་ཤིག་ཡོད་ཅིང་། རྣམ་ཤེས་དག་པ་དང་རྟོགས་པ་མཐོ་བ་རྣམས་དེར་སྐྱེས་ཐུབ་ཟེར་ནས་དུས་འཁོར་དབང་ཆེན་སོགས་ཞུ། འདི་བསམ་ཚུལ་ལ་གཏོགས་སམ་ཡང་ན་དོན་དངོས་ལ་གཏོགས།

 

 

གསར་འགྱུར།, དཔྱད་རྩོམ།

Post navigation

Previous Post: དྲ་རྒྱ། གྲྭ་པ། བུ་མོ། དྲ་པ། དྲ་མོ།
Next Post: དེང་རབས་བོད་སྐད།

Comments (16) on “བསམ་ཚུལ་དང་དོན་དངོས་དཔྱད་པ། ”

  1. བོད་པ་ says:
    2008-09-02 at 5:50 pm

    དོན་དུ་དོན་དངོས་ཟེར་བ་ཞིག་ཡོད་ནི་མ་རེད། ཡིན་ནའང་དེང་སངས་མང་མང་གིས་ཐག་བཅད་པ་ལ་ལོlawའམ་ཁྲིམས་སམ་གནས་ལུགས་སམ་དོན་དངོས་ཟེར་ནི་རེད། འཇིགས་རྟེན་གྱི་དཀར་ནག་གི་དབྱེ་བ་ཡོད་ཚད་འདི་རྟེན་ནས་འབྱེད་གོ་ནི་རེད། ༡ གླ་དར་མགོ་ན་ར་ཅོ་ཡོད་ཟེར་བ་འདི་ཡང་བོད་མྱི་མང་ཆེ་བས་ར་ཡོད་བསམ་ནི་རེད། ར་ཅོ་ཡོད་བསམ་ནས་བསད་ནི་རེད། དེང་སང་ད་རུང་ར་བོད་མྱི་མང་ཆེ་བས་ར་ཅོ་ཡོད་བསམ་གི་ཡོད་ནི་རེད། དེར་རྟེན་གླང་དར་ལ་ར་ཅོ་ཡོད་པ་དོན་དངོས་ཡིན་རྒྱུ་རེད། ༢ རྣམ་ཤེས་ཡང་མི་མང་ཆེ་བས་ཡིད་ཆེས་བྱེད་བཞིན་འདུག་ན་དེ་ཡང་དོན་དངོས་རེད་ཟེར་དགོས། ༣ ཤམ་བྷ་ལ་ཟེར་བ་འདི་བོད་མིའི་ངག་རྒྱུན་ཙམ་མ་རེད། ཡི་ཤུ་དང་ཁ་ཆེ། ཇོའུ་སོགས་མང་ཆེ་བས་ཡོད་པར་ཡིད་ཆེས་བྱེད་བཞིན་ཡོད་པས་དོན་དངོས་རེད།

  2. རིག་པའི་རྡོ་རྗེ། says:
    2008-09-02 at 9:30 pm

    ཆོས་ལུགས་སོགས་རྒྱལ་མཚམས་གང་ཡང་མེད་པར་གོང་གི་དྲི་བ་དེའི་དོན་གསལ་བོར་བཤད་ན།    འདི་ལྟར་ཡིན།    ང་ཚོར་གང་སྣང་བ་ཐམས་ཅད།   སོ་སོའི་སེམས་ལ་ཇི་ལྟར་ཤར་བ་བཞིན་ཐག་བཅད་དེ་བཤད་པ་ཙམ་ལས།    དངོས་དོན་ནམ་བདེན་གྲུབ་ཟེར་བ་ཞིག་ཡོད་ནི་མ་རེད།    དཔེར་ན་ཤོག་བུ་འདི་དཀར་པོ་རེད་དམ་ཞེས་དྲིས་ན།    དྲི་བ་འདིའི་རྒྱུ་མཚན་ཁྱོད་ཀྱི་སེམས་ལ་ཤོག་བུ་འདི་དཀར་པོ་ཞིག་ཤར་གྱི་ཡོད་དམ་ཞེས་དྲིས་པ་ཡིན་ལ།    ལན་འདེབས་མཁན་གྱིས་ཀྱང་།    དེ་དཀར་པོ་རེད་ཅེས་ལན་བཏབ་ཚེ།    དོན་ལ་ངའི་སེམས་ལ་དེ་དཀར་པོ་ཤར་ཞེས་ལན་འདེབས་ཀྱིན་ཡོད་པ་རེད།    དེས་ན་གླང་དར་མའི་མགོའི་རྭ་དང་།   ཤམྦྷ་ལ་སོགས་ཀྱང་མང་ཕྱོགས་ཀྱི་སེམས་ལ་ཡོད་པར་འཆར་ནས་ཡོད་པ་རེད་ཅེས་བཤད་ཀྱིན་ཡོད།   དེར་བརྟེན་ཡོད་ཚད་བསམ་ཚུལ་ཙམ་ཡིན་པས།    ཇི་སྲིད་བསམ་ཚུལ་མ་མཐུན་པ་དེ་སྲིད་དུ་རྩོད་པ་བྱེད་ཀྱིན་ཡོད་ལ།    ཁ་མཐུན་མཁན་ཅི་ཙམ་མང་དུ་སོང་བ་དེ་ཙམ་གྱིས་དོན་དེ་གལ་ཆེན་དང་།    དོན་ཆེན་དུ་བརྩི་བཞིན་ཡོད།   དེས་རྒྱུ་མཚན་གྱིས།   ཁ་མི་མཐུན་པ་དེ་ལོག་ལྟ་དང་།    འཁྲུལ་བར་ངོས་འཛིན་བྱེ ད་ཀྱིན་ཡོད།    མུ་འགོད།

  3. ཡེ་ཤེས། says:
    2008-09-02 at 9:48 pm

    འདི་ལ་དམིགས་ནས་དཔལ་ཏེ་ལོ་བས་ཕྱག་ཆེན་གངྒྰ་མ་ལས། བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་དོན་མ་སླེབ། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །རང་སེམས་རྩད་ཆོད་རིག་པ་གཅེར་བུར་ཞོག །ཅེས་གསུངས།

  4. kunchok says:
    2008-09-02 at 10:18 pm

    ཟབ་ཞི་སྤྲས་བྲལ་འོད་གསལ་འདུས་མ་བྱས། །
    བདུད་ཙི་ལྟ་བུའི་ཆོས་ཤིག་ཉིད་ཀྱིས་བསྟན། །
    ཇི་ལྟར་བསམ་རུང་གོ་བར་མི་ནུས་པས། །
    མུ་མེད་ནགས་ཀྱི་འདབས་ལ་གནས་པར་བྱ། །

  5. ཡེ་ཤེས། says:
    2008-09-02 at 11:09 pm

    ཕྱག་ཆེན་ལས། སེམས་ནི་རི་མོ་མཁན་དང་འདྲ།།འདི་དག་ཐམས་ཅད་སེམས་ཀྱིས་བྱས།།

  6. མིའུཕྲུག says:
    2008-09-03 at 12:05 pm

    དམར་ནག་གཡུལ་ཁ་བཙན་པའི་གོད་ཆགས་ཁྲོད།།
    ཁ་བའི་མེ་ཏོག་ལྷོ་ཕྱོགས་དྲོད་ཀྱིས་བཞུས།།
    མི་ཆུའི་རྫིང་བུ་བསྐྱིལ་བའི་མཁུར་ངོས་ནས།།
    ཡུལ་གྱར་བོད་མིའི་ལས་དབང་མཐུར་དུ་འགྲིལ།།
    བསམ་གཞིགས་རེ་དོགས་མོད་པའི་རྡོག་སྣེ་ནས།།
    ཐམས་ཅད་སེམས་དོན་གླེང་བའི་རྐང་རྗེས་འཐུ།།
    བྱ་མེད་ལས་ལ་དོན་མེད་འགྱུར་བའི་ཚེ།།
    འཇིག་རྟེན་བདེན་པ་མེད་པའི་ངེས་ཤེས་རྙེད།།

  7. སེམས་ཆུང་། says:
    2008-09-03 at 12:43 pm

    ཁོ་རེ་མིའུ་ཕྲུག

    ཁྱོད་ཁ་བདེ་པོ་ཞེའུ་གཅིག་འདུག བོད་མིར་མཐོང་ཆུང་བྱེད་པའི་སྙན་རྩོམ་ཐུང་ཐུང་ཞིག་བྲིས་ནས་མཁས་ངོམས་བྱེད་པ་འདི། ཁྱོད་ཕ་ཤ་བཟས་ནས་དགྲ་ལ་དཔའ་ངོམས་པའི་ཚུལ་ལས་མ་འདས།
    ཡུལགྱར་བོད་མི་ཟེར་བ་འདིར་འཛམ་གླིང་མི་དམངས་ཚང་མ་དོ་སྣང་བྱེད་དགོས་ས་ཞིག་ཆགས་ཡོད། དེས་བོད་མིའི་སྡུག་བསྔལ་ཐམས་ཅད་འཛམ་གླིང་གི་གར་བསྟེགས་ཐོག་བརྗེན་པར་བསྟོན་ཡོད། རྒྱ་གུང་ཁྲན་གྱིས་མཛེས་མཛེས་མཁས་མཁས་གང་བྱས་ཀྱང་། ཁོ་ཚོའི་བརྫུན་དེ་དམར་བརྗེན་ལ་བཏོན་ཡོད། 

    ད་ལྟ་རྒྱ་བོད་གཉིས་ཀྱི་རྒྱལ་ཕམ་དེ་ཐག་གཅོད་བྱ་རྒྱུ་སྔ་དྲག་ལེ་རེད། བྱས་གཙང་བདུད་ཕྲུག་ཁྱོད་ཁྲེལ་བགད་དེ་ལོ་ཁ་ཤས་ཕྱིར་མ་བཏོན་ན་བཟང་། ཕ་རོ་བཟའ་རྒྱ་ཁྱོད་ནི་དགྲ་དང་གཉེན་མི་ཤེས་མཁན་གྱི་བྱིས་ཕྲུག་ངོ་མ་རེད། བོད་པའི་གཏམ་དཔེར། སྤྱང་ཕྲུག་གསོས་ནས་སྒོ་ཁྱི་མི་ཉན་ཟེར་བ་ཅིས་མ་བདེན།

  8. སྟག་སྨྱོན། says:
    2008-09-03 at 3:49 pm

    ཕྲུ་གུའི་དྲི་བ་འདི་ལ་ལན་ཡག་པོ་ཞིག་མི་འབབ་ཀྱང་། ཐུང་ཐུང་ཞིག་སྤྲོད་ཆོག གླང་དར་ལ་ར་ཡོད་ཟེར་བ་སྒྲོ་འདོགས་ཆེད་བཟོ་བྱས་པ་ལས་བསམ་ཚུལ་དང་དོན་དངོས་མ་རེད། ཤམ་བྷ་ལ་དང་བདེ་བ་ཅན་ནི་ཆེས་ཀློག་གྱུར་གྱི་ཆོས་ཡིན་པས། དེ་ཤེས་འདོད་ན་སྟུ་སྤངས་ནས་ཆོས་སྦྱངས་དགོས་དང་། ལན་མ་ནོར་བ་དེ་དགོས་ན་ཁྱེད་རང་གིས་ཉམས་ལེན་གྱི་ཐོག་ནས་ཐག་གཅོད་དགོས། དེ་མིན་ང་ལ་ཡིད་ཆེས་ཡོད་ན་བདེ་བ་ཅན་དང་ཤམ་བྷ་འདུག

  9. མིའུཕྲུག says:
    2008-09-03 at 5:28 pm

    སེམས་ཆུང་འདི་སེམས་ཆུང་ཡང་བློ་ཁོག་ཆེ་ཙམ་འདུག རྒྱུན་ལྡན་བསྟན་དགྲ་དང་། གསང་ཉུལ་བ། ཕ་རོ་ཟ་རྒྱུ་སོགས་དམོད་ཚིགས་ལ་ཧ་ཅང་མཁས་པས་ཆེན་པོའི་གྲལ་དུ་འགྲིམས་མྱོང་བའི་ལས་བྱེད་པ་ཞིག་ཡིན་པ་འདྲ། དེས་ན་ངས་སླར་ཡང་རྣ་བར་བཟན་པའི་སྙན་ཚིགས་ཞིག་འབུལ་འདོད་བྱུང་།
    སྒྲོ་བཏགས་ཟློས་གར་མོད་པའི་ནགས་ཁྲོད་ནས།།
    ཤ་གཟན་སྟག་མོའི་གདོང་རིས་འཛུམ་གྱིས་བསུ།།
    རྡོག་ཕྲེས་རིན་ཐང་དབེན་པའི་ཁུག་སོ་ནས།།
    བདེན་ཡོད་རང་མཁར་སྙེག་སའི་བགྲོད་ལམ་མེད།།
    གངས་འདབ་རླུང་གིས་ཁྱེར་བའི་ཆར་སྨག་ཁྲོད།།
    ཤ་ཕ་དཔང་དུ་ལེན་པའི་སྙིང་སྟོབས་མངའ།།
    བསམ་གཞིག་རེ་དོགས་མོད་པའི་རྨི་ལམ་ནང་།།
    རང་གི་བུ་རྒྱུད་ལ་ཡང་དོགས་ཞེན་ཟབ།།
    རྨོངས་ཞེན་རྡུལ་གྱིས་ཟོས་པའི་ཆུ་ངོགས་ནས།།
    གདུང་ཡུས་འདྲེས་མའི་སྐྱོ་གླུ་གྱེན་དུ་གྱེར།།
    དྲན་ཤེས་རླུང་གིས་བསྐྱོམས་པའི་ཁོར་ཡུག་ཏུ།།
    སེམས་ཆུང་སེམས་ཁྲལ་ཆེ་བའི་བྱ་དངོས་ཞིག།
    ངོ་གནོང་སེམས་ལ་བརྡོལ་བའི་ཚིག་གི་མདར།།
    སྙིང་ཁྲག་དམར་པོའི་རླབས་འཕྲེང་྄མ་གཡོ་བ།།
    དལ་གཅིག་དྲན་པའི་བརྟུལ་ཞུགས་ལྷོད་མཛོད་དང་།།
    གནས་ལུགས་རྟོགས་སད་རྙེད་པའི་གཏམ་ཞིག་འདྲི།།
    སྔོ་ལྗང་གཡུ་ལོ་བཞད་པའི་གངས་འདབས་དེར།།
    རང་རིགས་སྲོག་ལ་བརྔམ་པའི་གདུག་འདྲེའི་དཔུང་།།
    བཙན་དབང་སྐར་ལྔའི་དར་དམར་བསྒྲོན་བྱས་ནས།།
    མི་ལོ་ལྔ་བཅུ་བརྒལ་བར་མ་ཚོར་རམ།།
    སྒང་དྲུག་ཆུ་བོ་རྒྱུ་བའི་འབབ་སྟེགས་ནས།།
    ཤར་རླུང་སྐྱུར་མོ་ལྡང་བའི་གཏན་ཚིགས་ཀྱིས།།
    རང་སའི་གཏེར་ཁ་བསྲུང་བའི་གཡུལ་ངོ་དེར།།
    ཚེ་སྲོག་ཤོར་བའི་ཕམ་ཁ་མ་ཚོར་རམ།།
    གཡོ་སྒྱུའི་ཟློས་གར་རོལ་པའི་གར་སྟེགས་ནས།།
    གདུག་རྩུབ་བརྫུན་གྱིས་གདོང་རིས་མཐོང་བའི་མོད།།
    ཞི་དང་རྟེན་འབྱུང་བདག་པོ་གཤེས་གཉེན་ཡང་།།
    གཞན་ཡུལ་དབང་མེད་འགྲིམས་འདི་མི་ཤེས་སམ།།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།
    ལ་རྒྱ་ཁ་ནས་སྒྲོག་པའི་སྐྱེ་བོ་དག།
    ཕམ་ཁའི་ཚོར་རྟོག་སྙིང་ལ་མེད་པའི་ཕྱིར།།
    རྒྱ་བོད་རྒྱལ་ཕམ་མེད་ཞེས་དཔའ་གཏམ་འདི།།
    རྣ་བར་ཐོས་ཚེ་ཁྲེལ་བགད་མི་ཤོར་རམ།།

  10. སྟག་སྨྱོན། says:
    2008-09-03 at 5:40 pm

    མིའུ་ཕྲུག་ལ།

    སེར་པོ་སྐྱག་ཁུང་འདྲ་བའི་ཁ་ནང་ན།།
    ནག་པོ་བོང་མཇེ་འདྲ་བའི་ལྕེ་ཆེན་ཞིག།
    ཆུང་ཆུང་བྱེའུ་ཀླད་འདྲ་བའི་མགོ་ནང་།།
    མི་ཤེས་ཁ་ཚོད་མཐོ་བའི་ཀླད་རུལ་ཞིག།

    བསམ་གཞིགས་རེ་དོགས་ཆེ་བའི་མིའུ་ཕྲུག་གི།།
    འབར་བའི་རེ་བ་དམར་པོས་ཟུངས་ཁྲག་སྐམ།།
    རྩེ་བརྒྱ་དོགས་པའི་འཁོར་ལོས་སྙིང་ཁམས་འཀྲུགས།།
    བསླུ་མེད་བདེན་པའི་ཆོས་ལ་ལོག་ལྟ་ཤར།།

  11. སྟག་སྨྱོན། says:
    2008-09-03 at 5:49 pm

    ཆེན་པོའི་སྲིད་ཀྱང་ནམ་ཞིག་འཐོར་ནས་འགྲོ།།
    མཛེས་པའི་དཔལ་རྣམས་རྟག་ཏུ་ཡལ་བ་མཐོང་།།
    དྲག་པོའི་མཚོན་ལ་བརྟེན་པའིརྒྱ་དམར་གྱང།།
    ནམ་ཞིག་བརླག་པར་འགྱུར་བའི་ཡིད་ཆེས་བྱོས།།

  12. མིའུཕྲུག says:
    2008-09-03 at 9:40 pm

    གོང་དུ་་་་་སྟག་སྨྱོན་གྱིས་ཕྲུག་གུའི་དྲི་བ་འདི་ལ་ཞེས་ཕྲུག་གུའི་དྲི་བ་ལ་སྨྱོན་པའི་ལན་ཞིག་གནང་འདུག་པས་རིགས་པའི་རོལ་རྩེད་ཅུང་ཟད་ཞིག་གིས་སྨྱོན་པ་འདིའི་སེམས་ཁམས་གསོ་བར་འདོད། ཁོ་ན་རེ། གླང་དར་ལ་ར་ཡོད་ཟེར་བ་སྒྲོ་འདོགས་ཆེད་བཟོ་བྱས་པ་ལས་བསམ་ཚུལ་དང་དོན་དངོས་མ་རེད། ཞེས་ཟེར། འོ་ན་སྒྲོ་འདོགས་དང་ཆེད་བཟོ་བྱས་པ་ཆོས་ཅན། ཁྱོད་ཡིན་ན་བསམ་ཚུལ་དང་དོན་དངོས་མ་ཡིན་པས་ཁྱབ་པ་ཐལ། རྟགས་ཁས་བླངས་པའི་ཕྱིར། འདོད་ན་ཚན་རིགས་ཀྱི་གྲུབ་དོན་ཏུ་གྱུར་པའི་གསར་བྱུང་གི་དངོས་པོ་འདི་རྣམས་ཆོས་ཅན། དོན་དངོས་མ་ཡིན་པ་ཐལ། ཆེད་བཟོ་བྱས་པ་ཡིན་པའི་ཕྱིར། རྟགས་ཁེལ། ཡང་ཁོ་ན་རེ་ཤམ་བྷ་ལ་དང་བདེ་བ་ཅན་ནི་ཆེས་ཀློག་གྱུར་གྱི་ཆོས་ཡིན་པས། ཟེར་བ་ལ་དེས་ན་ཤམ་བྷ་ལ་དང་བདེ་བ་ཅན་ཆོས་ཅན། ཆེས་ལྐོག་གྱུར་མ་ཡིན་པ་ཐལ། མངོན་གྱུར་ཡིན་པའི་ཕྱིར། དེ་ཐལ་སོ་སོར་སྐྱེ་བོ་རྣམས་ཀྱིས་ཀྱང་མངོན་སུམ་དུ་གཞལ་ཐུབ་པའི་ཕྱིར། མ་གྲུབ་ན་དེ་ཐལ་སོ་སོར་སྐྱེ་བོ་རྣམས་གནས་དེ་ལ་སྐྱེ་བ་ཡོད་པའི་ཕྱིར།་ཁྱབ་པ་ཁེལ། འཁོར་གསུམ། ད་དུང་ཁོས་་དེ་ཤེས་འདོད་ན་སྟུ་སྤངས་ནས་ཆོས་སྦྱངས་དགོས་ཟེར། འོ་ན་ཆོས་སྦྱོང་པར་སྟུ་སྤངས་དགོས་པས་ཁྱབ་པ་ཐལ། ཁས་བླངས་པའི་ཕྱིར། འདོད་ན་སློབ་དཔོན་ཆེན་པོ་པདྨ་སམྦྷ་དང་། མཁས་པ་ཆེན་པོ་སྡེ་སྲིད་སངས་རྒྱམ་སོགས་ཆོས་ཅན། ཆོས་མ་སྦྱོང་བ་ཐལ། སྟུ་མ་སྤངས་ཕྱིར། ཐལ་འགྱུར་ཡང་དག་གོ

  13. Rabjor says:
    2008-09-03 at 10:48 pm

    ཤམ་བྷ་ལ་ལ་གནམ་གྲུ་འཛིན་བྱང་ཉོས་ནས་འགྲོ་རྒྱུ་ཡོད་པའི་ཉིན་དེར་ཤམ་བྷ་ལ་དོན་དངོས་སུ་གྱུར་བ་རེད། དེ་བར་དུ་བསམ་ཚུལ་རེད།
    མཚན་ཉིད་རིག་པའི་གཞུང་ན་དོན་དངོས་ཟེར་བ་འདི་ལ་འགྲེལ་བཤད་རིམ་པ་མང་པོ་དང་རྙོག་དྲ་ཚ་བོ་ཞིག་རྒྱག་རྒྱུ་ཡོད་ཀྱི་རེད། ཡིན་ན་ཡང་སྤྱིར་བཏང་དོན་དངོས་ཞེས་དུས་དབང་བོ་རྣམ་ལྔ་ཚང་བ་རྣམས་ཀྱི་ཐུན་མོང་སྤྱོད་ཡུལ་དུ་གྱུར་བའི་དོན་དག་རྣམས་ལ་གོ་ཡི་ཡོད་པ་འདྲ། དེ་ཡང་གང་ཟག་གི་རྟོགས་པ་མཐོ་དམན་དང་དགའ་མ་དགའ། ཡིད་ཆེས་ཡོད་མེད་ལ་འབྲེལ་བ་ཅི་ཡང་མེད་ཅིང་། གང་ཟག་གི་བློ་ལ་མ་ལྟོས་པར་གནས་པ་ཞིག་ལ་གོ་ཡི་ཡོད། དཔེར་ན། བོད་གངས་ཅན་ཞེས་པའི་རྒྱལ་ཁམས་དེ་ད་ལྟ་རྒྱ་འོག་ཏུ་ཡོད་པ་དེ་ང་ཚོ་བོད་པ་རྣམས་མི་དགའ་བ་དང་ཡིད་ཆེས་འདོད་ཀྱང་མེད་མོད། དེ་ནི་དོན་དངོས་ཤིག་རེད། འཛམ་བུ་གླིང་གི་མི་ཡོངས་ལ་དོན་དངོས་ཤིག་རེད། དེ་དོན་དངོས་ཡིན་པ་དེ་སྟུ་སྤངས་ནས་ཤེས་དགོས་པ་ཞིག་མ་རེད།སྟུ་སྤངས་ནས་དོན་དངོས་སུ་འགྱུར་དགོས་པ་ཞིག་ཡིན་ཚེ་དོན་དངོས་ཀྱི་རིམ་པ་གཞན་པ་ཞིག་ཡིན་རྒྱུ་རེད། ད་ལྟ་ང་ཚོས་གྲོས་བསྡུར་བྱེད་བཞིན་པའི་དོན་དངོས་ཀྱི་རིམ་པ་འདི་ཡིན་རྒྱུ་མ་རེད།

  14. ཡེ་ཤེས། says:
    2008-09-03 at 11:20 pm

    ཤམ་བྷ་ལ་ཆོས་ཅན། ཁྱོད་ཡོད་པར་ཐལ། ཁྱོད་ཡོད་ཚུལ་ལུང་དང་ལམ་ཡིག་རྣམ་དག་གིས་གྲུབ་པའི་ཕྱིར། དང་པོ་དེར་ཐལ། སྟོན་པས་དུས་འཁོར་རྩ་རྒྱུད་དང་ཆོས་རྒྱལ་ཟླ་བཟང་གིས་དེའི་འགྲེལ་བ་དྲི་མེད་འོད་གསུངས་པའི་ཕྱིར། གཉིས་པ་དེར་ཐལ། སྡེ་སྲིད་ཀྱི་ཤམ་བྷ་ལའི་ལམ་ཡིག་ཆེན་མོ་དང་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ལམ་ཡིག་སོགས་ཡོད་པའི་ཕྱིར།

  15. སྟག་སྨྱོན། says:
    2008-09-04 at 3:26 am

    ཡང་བོད་པའི་གྲྭ་ལོག་སྙན་ངག་པ་ཅིག་གིས་ཤམ་བྷ་ལ་གངས་ཏེ་སི་རེད་ཟེར་ནས་ཐག་བཅད་ཡོད་ཚོད་གོ་མྱོང་། དེ་ཡིན་ན་དོན་དངོས་ཡིན་མིན་མཐོང་ཆོག་ཆོག་རེད།

  16. དགེ་བོ་ says:
    2008-09-04 at 8:24 am

    གལ་ཏེ་ཤམ་བྷ་ལ་གང་དུ་ཡོད་མེད་ཤེས་འདོད་ན་མཁས་དབང་ཧོར་འཇིགས་ལ་དྲིས།
    དྲ་གྲོགས་འདི་ཚོའི་གྲས་ན་དེ་ཤེས་མཁན་ཞིག་ཡོད་རྒྱུ་མ་རེད།
    ཁོ་ཚོ་ཆོས་མི་ཤེས་མཁན་གྱི་ཀླད་སྟོང་ཤ་སྟག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme