Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བསམ་ཚུལ་ཐོར་བུ།

Posted on 2016-07-222016-07-22 By རེབ་གོང་བཀྲ་ཤིས། No Comments on བསམ་ཚུལ་ཐོར་བུ།

ལྷ་འབུམ་ཚེ་བརྟན།

 

1. #སྐད་ཡིག #ཡི་གེ #ཆོས་ལུགས #བོད་ལྭ #བོད་ཆས #ཆས་གོས

མི་རིགས་ཞིག་གི་ཆས་གོས་དང་ཆོས་ལུགས་ནི་མི་རིགས་ཀྱི་རྣམ་པ་མཚོན་བྱེད་ཟུར་བ་དང། སྐད་ཡིག་ནི་མི་རིགས་ཀྱི་རྣམ་པ་མཚོན་བྱེད་ངོ་མ་དེ་རེད། མི་རིགས་ཞིག་གི་སྐད་ཡིག་ཇི་ཙམ་ཡར་རྒྱས་ཆེ་ན། མི་རིགས་དེའི་དཔལ་ཡོན་དེ་ཙམ་གྱིས་དར་རྒྱས་ཆེ། མི་རིགས་ཞིག་ལ་ཆས་གོས་དང་ཆོས་ལུགས་འདྲ་མིན་ཡོད་སྲིད་རུང། ཡི་གེ་མི་འདྲ་བ་ཡོད་མི་རུང། ཡིག་གེ་ནི་སྐད་ལས་ཀྱང་གལ་ཆེའོ། དེས་ན་བོད་ཀྱི་སྐད་ཡིག་ཇི་ལྟར་ཡར་རྒྱས་གཏོང་དགོས་ཞེ་ན།

 
ཀ༽ བཀོལ་སྤྱོད་བྱ་བ།

སྐད་ཡིག་ཞིག་ཇི་ཙམ་བཀོལ་སྤྱོད་བྱས་ན་དེ་ཙམ་གྱིས་ཕུན་སུམ་ཚོགས་པ་འོང་བས། བཀོལ་སྤྱོད་གང་མང་མང་བྱེད་དགོས། སྐྱབས་བཅོལ་ནང་ཁྲིམས་ལྟ་བུ་ཞིག་བཟོས་ནས་གཞུང་དང་ཚོགས་པའི་སྒོ་བྱང་དང་། ལས་འགུལ་གྱི་བྱང་བུ་སྟེང་བོད་ཡིག་དག་མ་ཞིག་ཡོད་པ་བཟོས་དགོས་པ་དང། ལས་འགུལ་གཞན་པ་སྟེ་གཞས་གཏོང་བ་ལྟ་བུའང་བོད་སྐད་ཐོག་གང་མང་འོང་ན་ལེགས། ༼བོད་མི་ཞིག་གིས་མི་རིགས་གཞན་ཞིག་གི་སྐད་ཀྱི་ཐོག་གཞས་གཏོང་ཐུབ་ཚེ །དེས་ཁོང་ལ་རྣམ་དཔྱོད་ཡོད་པ་དང། གཟིགས་མོ་བ་སྤྲོ་བོ་བཟོ་ཐུབ་པ་ཙམ་མཚོན་ནོ། ཡིན་ནའང་ཁོས་གཞས་དེ་བོད་སྐད་ཐོག་བསྒྱུར་གཏོང་བྱ་ཐུབ་ཚེ། བོད་ཀྱི་གཟིགས་མོ་བ་རྣམས་དེ་ལས་སྤྲོ་བ་ཡོང་གི་རེད་ལ། གཞས་དེའང་བོད་གཞས་ཆགས་པས་རྗེས་སུ་ཡིད་རངས་པ་རེད།༽

 
ཁ༽ སྐད་ཀྱིས་ཡིག་གེ་ལ་བསྟུན་པ་དང་ཡིག་གེས་སྐད་ལ་བསྟུན་པ།

ཡིག་གེ་བེད་སྤྱོད་བྱེད་སྐབས་ཇི་ཙམ་ཚིག་སླ་བ་དང་ཁ་གསལ་བ་ཡོང་བ་བཟོ་དགོས་རུང། ཕལ་སྐད་རྐྱང་མ་བེད་སྤྱོད་བྱ་མི་རུང། སྐད་ཀྱིས་ཡིག་གེ་ལ་བསྟུན་དགོས་ལ་ཡིག་གེས་ཀྱང་སྐད་ལ་བསྟུན་དགོས།

 
ག༽ དེང་རབས་ཀྱི་ཤེས་ཡོན་དང་ཐ་སྙད་བོད་འགྱུར་བྱ་བ།

དེང་སྐབས་འཛམ་གླིང་ཐོག་ནང་ཆོས་ཤེས་དགོས་ན། བོད་འགྱུར་ལའང་ཁུངས་གཏུགས་དགོས་པ་ཞིག་ཆགས་ཡོད་པ་དེས་བོད་མི་དང་བོད་སྐད་ཀྱིས་ཤེས་བྱ་གང་ཡང་བོད་འགྱུར་བྱ་ཐུབ་པར་མཚོན། དེ་བས་དེང་རབས་ཀྱི་ཤེས་ཡོན་བོད་འགྱུར་བྱ་རྒྱུ་ནི་གལ་ཆེ་ཤོས་ཞིག་རེད་ལ། དེ་ལེགས་པོ་ཡོང་བར་དང་པོ་དེང་རབས་ཀྱི་ཐ་སྙད་གཏན་འབེབས་བྱ་རྒྱུ་དེ་རེད། དེ་ཡོང་བ་ལ་

 

༡༽ རྒྱལ་སྤྱིའི་བོད་ཀྱི་དེང་རབས་ཐ་སྙད་གཏན་འབེབས།

རྒྱལ་སྤྱིའི་བོད་ཀྱི་དེང་རབས་ཐ་སྙད་གཏན་འབེབས་ཀྱི་གླེང་སྟེངས་ཞིག་བསྐྲུན་དགོས་ཀྱི་འདུག རྒྱུ་མཚན་ནི། བོད་དུ་བོད་མི་ཚོས་རང་དབང་མེད་པའི་སྒོ་ནས་ཐ་སྙད་གཏན་འབེབས་མི་འདྲ་བ་རེ་བྱས། ཕྱི་ལོགས་སུ་བཙན་བྱོལ་བ་ཚོས་ཡང་ཐ་སྙད་གཏན་འབེབས་མི་འདྲ་བ་རེ་བྱེད་ཀྱི་ཡོད། ཕྱི་ནང་ལ་འབྲེལ་བ་ཡོད་མ་རེད། དེ་བས་རྒྱལ་སྤྱིའི་གླེང་སྟེངས་ཞིག་བསྐྲུན་ཚེ། བོད་ཕྱི་ནང་གི་མཁས་པ་དང། ལོ་ཙྭ་བ། མི་མང་བཅས་ལ་བསམ་ཚུལ་འདོན་པའི་གོ་སྐབས་ཡོང་གི་རེད་ལ། ལ་དྭགས་དང་འབྲས་ལྗོངས། འབྲུག་ཡུལ་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་ཡིག་འགྱུར་བཅས་ལ་ཞིབ་བསྟུར་བྱེད་པའི་གོ་སྐབས་ཡོང་གི་རེད་ལ། ཕྱི་རྒྱལ་གི་བོད་རིག་པའི་མཁས་པས་བསམ་འཆར་འདོན་པའི་གོ་སྐབས་ཡང་ཡོང་གི་རེད།

 

༢༽ བོད་ཀྱི་བརྡ་རྙིང་དང་བོད་ཡོད་མིང་ཚིག་བེད་སྤྱོད་བྱ་བ།

བོད་ཀྱི་ཡི་གེ་ལ་བརྡ་རྙིང་དང་མིང་ཚིག་ཧ་ཅང་མང་བས། ཐ་སྙད་གསར་བསྒྱུར་སྐབས་དེ་དང་མཐུན་པའི་བརྡ་རྙིང་དང་མིང་ཚིག་བོད་ལ་ཡོད་ཚེ་དེའང་བེད་སྤྱོད་བཏང་ཆོག དཔེར་ན། དབྱིན་ཡིག་Sinkལ་བོད་ཀྱི་བརྡ་རྙིང་ཀ་ཏོ་ར་དེ་ཀ་ཏོར་བསྒྱུར་ཆོག་པ་ལྟ་བུའོ།

 

༣༽ ཁུངས་གལ་ཆེ་ལ་འབྱོར་བདེ་བའང་གལ་ཆེ།

དང་པོ་ཐ་སྙད་ཞིག་བསྒྱུར་སྐབས་སྔོན་མ་བཙན་པོའི་སྐབས་ཀྱི་ཡིག་འགྱུར་དང་སྐད་གསར་བཅད་ཀྱི་གདམས་པ་བཅས་ལ་བརྩི་བ་གལ་ཆེ། ང་ཚོས་ཐ་སྙད་གང་ཞིག་གི་འབྱུང་ཁུངས་དང། དབྱིན་ཡིག རྒྱ་ཡིག་བཅས་ལ་ཉམས་ཞིབ་བྱས་ཏེ་བོད་ཀྱི་སྐད་ཡིག་ཐོག་འབྱོར་བདེ་བ་ཞིག་གདམས་པ་གལ་ཆེ། དཔེར་ན། དབྱིན་ཡིག་Beer བོད་དུ་ལྦུ་ཆང་དུ་འགྱུར་བ་ཇི་འདྲའི་ལེགས་པ་ལའང། ཚིག་ལྦུ་བ་ཡིས་དབྱིན་ཚིག་གི་གདངས་དང་ཆང་གི་ངོ་བོ་བཅས་མཚོན་ཐུབ་ལ། དེའི་མཐར་ཆང་སྤྱར་བས་ཐ་སྙད་དེ་ཡོངས་སུ་བོད་འགྱུར་བྱུང་བའོ།

 

༤༽ རྒྱུན་བཀོལ་ཐ་སྙད་གལ་ཆེ་ལ་ཆེད་ལས་ཐ་སྙད་ཡང་གལ་ཆེ།

ཐ་སྙད་གཏན་འབེབས་ཀྱི་སྔ་ཕྱི་དུས་ཚོད་ལ་མཚོན་ན། རྒྱུན་བཀོལ་ཐ་སྙད་གལ་ཆེ་བ་རེད་འདུག་ལ་ཆེད་ལས་ཀྱི་ཐ་སྙད་ཡང་གལ་ཆེ་བ་འདུག དེ་བས་ཐ་སྙད་རིགས་གཅིག་སྔོན་དང་གཅིག་རྗེས་སུ་མ་ཡིན་པར་མཉམ་དུ་བསྒྱུར་ཆོག དཔེར་ན། ཉིན་རེ་ལ་ཐ་སྙད་གཉིས་བསྒྱུར་དགོས་ན། གཅིག་རྒྱུན་བཀོལ་ཐ་སྙད་དང་གཅིག་ཆེད་ལས་ཐ་སྙད་བྱས་ཚེ། རིན་བཞིན་བོད་མིར་འོག་ནས་རྒྱུན་བཀོལ་ཐ་སྙད་བེད་སྤྱོད་བྱ་རྒྱུ་ཇེ་མང་ཡོང་གི་རེད་ལ། སྒང་ནས་ཆེད་ལས་ཀྱི་ཐ་སྙད་ཡང་ བེད་སྤྱོད་བྱ་རྒྱུ་ཇེ་མང་འོང་བས་མཐར་ལེགས་འགྲུབ་ཡོང་ཐུབ་པ་ཡོད་དོ།

མཇུག་སྡོམ། མི་རིགས་ཞིག་གི་དར་རྒུད་དང། སྟོངས་འཇིག་ནི་མི་རིགས་ཀྱི་སྐད་ཡིག་ལ་རག་ལས་པས་བོད་ཡིག་གང་མང་མང་བེད་སྤྱོད་གཏོང་རྒྱུ་དང་། དེང་རབས་ཀྱི་ཤེས་ཡོན་དང་ཐ་སྙད་བོད་འགྱུར་བྱ་རྒྱུ་ཤིན་ཏུ་གལ་ཆེའོ།

 

 
 

2. #བོད་ཆས #བོད་ལྭ #ཆས་གོས #ཕྱི་ཆས #རྒྱ་ལྭ

 

རྒྱ་དམར་གྱིས་བོད་མི་ནི། རྒྱ་མི་དང་བོད་ཡུལ་རྒྱ་ཡུལ་རེད་ཟེར་བ་རེད། ང་ཚོས་བོད་པ་དང་རྒྱ་མི་ཁ་ཁ་ཡིན་ལབ་གྱི་ཡོད་རེད། ཁྱབ་བསྒྲགས་བྱེད་ཀྱི་ཡོད་རེད། ཡིན་ནའང་ཁྱབ་བསྒྲགས་བྱེད་པའི་གོ་སྐབས་ལེགས་ཤོས་སྐབས་སུ་ང་ཚོས་ཅིའི་ཕྱིར་བོད་མིའི་མཚོན་རྟགས་སྟེ་བོད་ཆས་འདོར་བ་ཡིན་ནམ།

མི་རིགས་ཞིག་གི་ཆས་གོས་ཟེར་བ་ནི་ག་རེ་ཡིན་པ་དང། དེའི་ཕན་ཐོགས་གང་ཡིན་ནམ།
 

ཀ༽ བག་ཆགས་འཇོག་མཁན།

གལ་ཏེ་བོད་ལ་རྒྱུས་མེད་པའི་ཕྱི་གླིང་བ་ཞིག་བོད་ལ་སོང་ནས་བོད་མི་ཞིག་ཐུག་ཚེ། དང་པོ་ཁོང་ལ་བག་ཆགས་ཡོང་རྒྱུ་ནི། “ཨ་ལ་ལ། བོད་ལྭ་ཟེར་བ་དེ་དངོས་ནས་ང་ཚོ་དང་རྒྱ་མིའི་ཆས་གོས་དང་མཐུན་མོང་མ་ཡིན་པ་ཞིག་འདུག” བསམ་པ་དེ་རེད། དེ་ནས་བོད་མིར་འབྲེལ་འདྲིས་བྱས་ཚེ་བོད་ཀྱི་སྐད་ཡིག་དང། རིག་གཞུང་རྒྱ་མི་དང་ཁ་ཁ་ཡིན་པ་ཤེས་ཡོང་གི་རེད། དེ་བས་ཆས་གོས་ནི་ཕྱིའི་རྣམ་པའི་མི་རིགས་ཀྱི་མཚོན་བྱེད་དང། ཐེངས་དང་པོར་ཕ་རོལ་གྱི་མིའི་དོ་སྣང་འབྱུང་གཞི་དེ་ཆགས་ཡོད་རེད།

 
ཁ༽ མི་རིགས་ཀྱི་མཚོན་རྟགས།

ཆས་གོས་ནི་སྐད་ཡིག་དང། ཆོས་ལུགས་དང་འདྲ་བར་མི་རིགས་ཀྱི་མཚོན་རྟགས་ཞིག་རེད། བོད་ཆས་ལ་མཚོན་ན། བོད་ཀྱི་སྐད་ཡིག་དང་མཚུངས་པར་བོད་ཆས་ནི་བོད་རིགས་ས་ཁུལ་ཡོངས་སྟེ། བོད་ཆོལ་ཁ་གསུམ་དང། རྒྱ་གར་དང་བལ་ཡུལ་གྱི་འོག་ཤོར་བའི་བོད་བརྒྱུད་མི་རིགས་ལ་དྭགས་སོགས་སུ་དར་ཡོད་རེད། དེ་རྒྱ་ནང་གི་རྒྱ་མིས་གོན་གྱི་ཡོད་པ་མ་རེད། དེ་ན་ང་ཚོས་ཇི་ལྟར་བོད་ཀྱི་ངོ་བོ་མཚོན་པའི་བོད་ཆས་རྒྱུན་འཛིན་བྱེད་དགོས་ཞེ་ན།

 

༡༽ མ་ཉམས་རྒྱུད་འཛིན།

ཉམས་པ་སོར་ཆུད། ཡོད་པ་རྒྱུད་འཛིན་བྱེད་དགོས་པ་རེད། བོད་ཀྱི་ཆས་གོས་དང་ཆས་གོས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་མང་ན་ལེགས་པ་རེད། དེབ་ཐོག་ཁ་གསལ་བཀོལ་ཡོད་ན་ལེགས་པ་རེད།

 

༢༽ འགྱུར་བ་ཕྲན་ཚེགས་གཏོང་འོས་རུང་། རྣམ་པ་བསྒྱུར་མི་རུང་བ།

སྐྱབས་བཅོལ་ནང་མཚོན་ན། བོད་མིའི་གར་ཆས་ཁ་ཤས་ཚོན་མདོག་སྡེབ་ཆ་མི་ལེགས་པ་དང་བཟོ་དབྱིབས་མདོག་ཉེས་པ་དེ་འདྲ་འདུག གཅིག་བྱས་ན་དངོས་གནས་དེ་ནི་བོད་ས་ཁུག་གང་ཞིག་གི་ཆས་གོས་རིགས་གཅིག་ཡིན་གྱི་རེད། བོད་ཀྱི་ཆས་གོས་དང་ཆས་གོས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དུས་དངོས་ཡོད་གནས་ཚུལ་འཇོག་དགོས་རུང། གར་སྟེངས་སྟེང་དང་ང་ཚོའི་ནམ་རྒྱུན་འཚོ་བའི་ཁྲོད། དེ་སྔོན་བོད་ས་ཁུལ་གྱི་གྱོན་ཆས་རིགས་ཚང་མ་དཔར་རྒྱབ་པ་ནང་བཞིན་གཅིག་འདྲར་བཟོས་ནས་གྱོན་དགོས་པར་མི་མཐོང། ཚོན་མདོག་སྡེབ་ཆ་དང་བཟོ་དབྱིབས་ལ་འགྱུར་བ་ཅུང་ཟད་བཏང་ཆོག་སྙམ། ༼བོད་ཆས་མང་ཆེ་བ་སྙིང་རྗེ་བོ་ཡོད་ནའང། ཁ་ཤས་མདོག་ཉེས་པ་ཡོད་རེད།༽ དེ་བས་གར་ཆས་མདོག་ཉེས་དེ་རིགས་ཀྱི་ཚོན་མདོག་སྡེབ་ཆ་དང་བཟོ་དབྱིབས་བཅས་ལ་འགྱུར་བ་ཅུང་ཟད་བཏང་སྟེ་ཕྱི་མི་ཚོས་མཐོང་དུས་ཡང་བོད་ཀྱི་ཆས་གོས་ནི་དེ་འདྲའི་མདོག་ཉེས་པ་ལའང་མི་བསམ་པ་ཞིག་བཟོས་ན་ལེགས། བོད་ཀྱི་འཁྲབ་ཆས་ཀྱང་བོད་ཀྱི་ངོ་བོ་ཟུར་བ་ཞིག་མཚོན་གྱི་ཡོད་པས། ཅིའི་ཕྱིར་ང་ཚོས་བོད་ལ་རྒྱུས་མེད་པའི་ཕྱི་རྒྱལ་བ་ཚོར་བག་ཆགས་ངན་པ་འཇོག་པ་ཡིན་ནམ།

ཡང་བོད་དུ་ཚེམ་བཟོ་ཆེད་ལས་འགས་བོད་ཆས་དཔེ་གསར་ཡིན་ཟེར་ནས་ཕྱུ་བ་རྒྱ་ལྭ་འདྲ་བ་གང་བྱུང་བཟོ་ཡི་འདུག བོད་ཆས་ཀྱི་ངོ་བོ་མ་བསྒྱུར་བར་ཚོན་མདོག་སྡེབ་ཆ་དང། བཟོ་དབྱིབས་ཕྲན་ཚགས་བཅོས་ཆོག་རུང། བོད་ལྭ་དེ་བོད་ལྭ་ཡིན་པར་ངོས་འཛིན་མི་ཐུབ་པ་ཞིག་རྩ་བ་ནས་བཟོ་མི་རུང།

བོད་ཀྱི་ཚེམ་བཟོ་ཆེད་ལས་བ་འཐོན་གྱི་ཡོད་པ་ནི་དགའ་སྤོབས་སྐྱེས་དགོས་པ་ཞིག་རེད་ལ། འབྱུང་ཡང་དགོས་པ་རེད། ཁོང་ཚོས་བོད་ཀྱི་རྒྱ་ལྭ་དཔེ་གསར་བཟོས་ཆོག་གི་རེད། ཡིན་ནའང་བོད་ལྭའམ་བོད་ཆས་དཔེ་གསར་བཟོ་མི་རུང་སྙམ། ༼ཉི་ཧོང་དང་ཀོ་རི་ཡ་ཡིས་ཀྱང་ཁོང་ཚོའི་སྲོལ་རྒྱུན་གྱི་ཆས་གོས་རང་འཇགས་ཉར་ཡོད་པ་ལས་འགྱུར་བ་བཏང་ཡོད་པ་མ་རེད། ཁོང་ཚོས་དཔེ་གསར་བཟོ་མ་ཐུབ་པ་མ་རེད།༽ བོད་མི་ཚོས་ཡང་སོ་སོ་ལ་མོས་པ་མེད་ན་ནམ་རྒྱུན་རྒྱ་ལྭའམ་བོད་ཀྱི་རྒྱ་ལྭ་དཔེ་གསར་གྱོན་ཆོག་གི་རེད། ཡིན་ནའང་བོད་ཆས་རྒྱག་དུས་བོད་ཆས་དག་མ་དང་བོད་ཆས་ཀྱི་ངོ་བོ་ལྡན་པ་ཞིག་གོན་དགོས་པར་མཐོང།

དེས་ན། མི་རིགས་ཞིག་གི་ཆས་གོས་ཀྱི་ཕན་ཐོགས་གང་ཡིན་ནམ།

དེང་སྐབས་བཙན་བྱོལ་སྐུ་ངོས་མཛད་སྒོ་དང་གསར་འགོད་ཐོག་ཕྱི་ལྭ་བསྣབས་པ་མཐོང་གི་འདུག་ལ། བཙན་བྱོལ་གཞུང་དང་ཚོགས་པའི་སྐུ་ཚབས་ཀྱིས་ཀྱང་ཕྱི་རྒྱལ་གྱི་འཚོགས་ཐོག་ཏུ་ཕྱི་ལྭ་གོན་པ་མཐོང་བྱུང། ང་ཚོས་བོད་པ་དང་རྒྱ་མི་ཁ་ཁ་ཡིན་ལབ་གྱི་ཡོད་རེད། ཁྱབ་བསྒྲགས་བྱེད་ཀྱི་ཡོད་རེད། ཡིན་ནའང་ཁྱབ་བསྒྲགས་བྱེད་པའི་གོ་སྐབས་ལེགས་ཤོས་སྐབས་སུ་ང་ཚོས་ཅིའི་ཕྱིར་བོད་མིའི་མཚོན་རྟགས་སྟེ་བོད་ཆས་འདོར་བ་ཡིན་ནམ།

གལ་ཏེ་བོད་ནང་གི་བོད་མིས་ང་ཚོའི་སྐུ་ངོ་དང་སྐུ་ངོ་ཚབ་རྣམ་པ་བརྙན་འཕྲིན་སོགས་བརྒྱུད་ནས་མཐོང་སྐབས། དང་པོ་སུ་རེད་བསམ་གྱི་རེད། དེས་ནས་བོད་མིའི་སྐུ་ཚབ་ཡིན་པ་ཤེས་རྗེས་“འོ“་ཟེར་བ་དེ་རེད། དེ་ག་ནང་བཞིན་འཛམ་གླིང་གི་མིས་བོད་ཀྱི་སྐུ་ཚབ་རྣམ་པ་བརྙན་འཕྲིན་སོགས་བརྒྱུད་ནས་མཐོང་སྐབས། དོ་སྣང་གང་ཡང་འབྱུང་གི་མ་རེད། ཕྱི་ཆས་སྤྲས་མཁན་ཁྲི་མ་འབུམ་ཡོད་རེད། གལ་ཏེ་ཁོང་ཚོ་༧སྐྱབས་མགོན་རིན་པོ་ཆེའི་མཁྲིས་སུ་ཡོད་ནའང་སྐུ་སྲུང་བ་འདྲ་ཨེ་ཡིན་ནམ་བསམ་གྱི་རེད། ཕྱིས་སུ་བོད་མིའི་སྐུ་ཚབ་ཡིན་པ་ཤེས་ནའང་“འོ“་ཟེར་བ་དེ་རེད།

ཡིན་ནའང་བོད་ཆས་སྤྲས་ཡོད་ཚེ། བོད་ནང་གི་བོད་མིས་མཐོང་སྐབས་“སྙིང་རྗེ། ཁོང་ཚོས་དཀའ་ལས་བསྐྱོན་གྱི་འདུག་འ“་བསམ་ནས་དགའ་སྤོབས་སྐྱེ་ཡི་རེད། དེ་ག་ནང་བཞིན་འཛམ་གླིང་གི་མིས་མཐོང་ཚེ་བོད་ཆས་ནི་མ་འདྲ་བ་ཞིག་ཡོད་པས་ལམ་སེང་དོ་སྣང་འབྱུང་གི་རེད། ཤེས་འདོད་སྐྱེས་ནས་སུ་རེད་ཟེར་པ་རེད། བོད་ཀྱི་སྐུ་ཚབ་པ་ཡིན་པ་ཤེས་རྗེས་“གྱོན་ཆས་མི་འདྲ་བ་ཞིག་འདུག བོད་དང་རྒྱ་མི་ཁ་ཁ་རེད“་བསམ་གྱི་རེད།

དེ་བས། བོད་ཆས་ནི་ཕྱིའི་རྣམ་པའི་སྒོ་ནས་རྒྱ་མི་དང་ཁ་ཁ་ཡིན་པ་མཚོན་བྱེད་དང་།ཕ་རོལ་མིའི་ཐེངས་དང་པོར་མཐོང་ཡུལ་དང་བག་ཆགས་འབྱུང་གཞི་ཆགས་ཡོད་པས། བཙན་བྱོལ་གཞུང་གི་སྐུ་ངོ་དང་ཚོགས་པའི་སྐུ་ཚབ་རྣམ་པས་མཛད་སྒོ་དང། འཚོགས་འདུ་གལ་ཆེན་རིགས། གསར་འགོད་དང་ཕྱི་རྒྱལ་དུ་སྐུ་ཚབ་ཕེབས་པའི་མཛད་སྒོ་ཐོག་གྱོན་ན་ལེགས་སྙམ། ང་ཚོ་བོད་ལ་རང་དབང་དང་རང་བཙན་ཡོད་ན། ཕྱི་ལྭ་གྱོན་ན་འགྲིག་གི་རེད། དེ་འཛམ་གླིང་གི་ལུགས་སྲོལ་རེད། ཡིན་ནའང། ད་ལྟའི་སྐབས་སུ་ང་ཚོས་ཅིའི་ཕྱིར་སོ་སོ་ཕྱིའི་རྣམ་པའི་སྒོ་ནས་མཐུན་མོང་མ་ཡིན་པ་སྟོན་བྱེད་ཀྱི་བོད་ཆས་ལ་སྣང་ཆུང་བྱེད་ཀྱི་ཡོད་དམ། བོད་ཆས་ནི་ཕྱིའི་རྣམ་པའི་མི་རིགས་ཀྱི་མཚོན་བྱེད་དང། ཐེངས་དང་པོར་ཕ་རོལ་གྱི་མིའི་དོ་སྣང་འབྱུང་གཞི་དེ་ཆགས་ཡོད་རེད། བོད་ཆས་ནི་ང་ཚོས་བོད་པ་དང་རྒྱ་མི་ཁ་ཁ་ཡིན་ལབ་བྱེད་ཀྱི་དབང་རྟགས་ཞིག་ཆགས་ཡོད་རེད། བོད་ཆས་ནི་ང་ཚོས་བོད་དོན་ཁྱབ་བསྒྲགས་བྱེད་པའི་ལག་ཆ་ཡག་ཤོས་ཞིག་རེད།

མཇུག་བསྡོམ། བོད་ཆས་ནི་ཕྱིའི་རྣམ་པའི་མི་རིགས་ཀྱི་མཚོན་བྱེད་དང། ཐེངས་དང་པོར་ཕ་རོལ་གྱི་མིའི་དོ་སྣང་འབྱུང་གཞི་དེ་ཆགས་ཡོད་པས། ང་ཚོས་བོད་པ་དང་རྒྱ་མི་ཁ་ཁ་ཡིན་ལབ་བྱེད་ཀྱི་དབང་རྟགས་དང། བོད་དོན་ཁྱབ་བསྒྲགས་བྱེད་པའི་ལག་ཆ་ཡག་ཤོས་ཞིག་རེད། དེ་བས་བོད་ཆས་ལ་འགྱུར་བ་ཕྲན་ཚེགས་བཏང་ཆོག་ཡང་ངོ་བོ་བརླག་མི་རུང། སྐུ་ངོ་རྣམ་པ་དང། ཚོགས་པའི་སྐུ་ཚབ་རྣམ་པས་གཞུང་འབྲེལ་མཛད་སྒོ་དང་འཚོགས་འདུ། གསར་འགོད། ཕྱི་རྒྱལ་དུ་འཚོགས་འདུ་དང་མཛད་སྒོ་སྐབས་བོད་ཆས་གྱོན་ན་བོད་དོན་ཐད་དགེ་ཕན་ཤིན་ཏུ་ཆེ་བར་སེམས།

འདྲེན་ཁུངས། ༼བོད་དོན་གླེང་སྟེགས་ཁང་།༽

བསམ་ཚུལ།

Post navigation

Previous Post: སུམ་རྟགས་ཐོན་མིས་བརྩམས་མེད་པའི་རྒྱུ་མཚན་ཆེན་པོ་བཅུ།
Next Post: 2016ལོའི“ཞང་བོད་རྩོམ་རིག་ཕུལ་བྱུང་བྱ་དགའ”གསལ་བསྒྲགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme