Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཤད་འདོད་པའི་སྐད་ཆ་འདི་ཡིན།༼སློབ་བུ་ཆོས་འབྱོར་ལ་བྲིས་པ།༽

Posted on 2008-08-25 By དབང་ཕྱུག་ 3 Comments on བཤད་འདོད་པའི་སྐད་ཆ་འདི་ཡིན།༼སློབ་བུ་ཆོས་འབྱོར་ལ་བྲིས་པ།༽

ལྷ་ལུང་རྒྱལ།
རིགས་ཚུལ་གློག་གི་འདྲིས་མཐུན་སློབ་གྲོགས་ཚོ་བསྐྱུར་ཅིང༌།།
ཤེས་བྱའི་འོ་མ་འཐུང་མཚམས་ཕོར་ཁ་རུ་བཞག་ལ།།
རབ་མཛེས་སློབ་གྲྭའི་མཛའ་གཅུགས་ཡིད་མཐུན་མར་བྲལ་ནས།།
མི་གཅིག་གླིང་ལ་རི་ཆུས་བསྐལ་བ་འདི་ཅིས་ལན།།

འདུ་འབྲལ་སྒྱུ་མའི་རོལ་སྒེག་འཇའ་འོད་ཀྱི་ཕྱོགས་ལ།།
སྐྱོ་དགས་འཐམ་འཁྱུད་རེ་བའི་འབྲས་བུ་དེ་དབེན་ཡང༌།།
མི་སྐྱིད་དངན་པའི་རླུང་བུ་བྱང་ཁོག་ཏུ་ལྡིང་བ།།
ཕྱི་དབུགས་ལ་འདྲེས་གོ་ལར་འཁོར་བསྐྱོད་ཅིག་བྱས་སོང༌།།

འབྲོག་ཁྱུ་སེང་གེར་བཀུར་བའི་ཡིན་མདོག་གི་ལོ་ཟླར།།
ལྗང་མདོག་གཡུ་རལ་མེད་ཀྱང་གདོང་ལྔ་ཡི་ཉམས་ཀྱི།།
ཟོལ་བཅོས་ང་རོས་སློབ་ཚོགས་ཐོས་འཛིན་གྱི་བུ་ཆུང༌།།
ཡང་ཡང་གཉིད་ལས་དཀྲོགས་པར་དགོངས་དག་ཅིག་ལོས་ཞུ།།

ལྷག་པར་མ་དག་རྙོག་བཤད་ཐལ་རྡུལ་གྱི་འཚུབ་མས།།
ཤེས་རབ་མིག་ཟུང་སྒྲིབ་པའི་ན་ཡམས་ཀྱི་རྗེས་ཤུལ།།
ཡང་དག་བློ་ཡི་ཁ་བས་ཤུལ་མེད་དུ་བཟོས་པ།།
ཚུལ་གནས་མཁས་པའི་ངག་གི་ཡོལ་གོ་རུ་ཕུལ་ན།།

ལས་ཀྱི་རླུང་གིས་གནམ་སའི་ཕར་མཐའ་རུ་འཁུར་ཡང༌།།
ཞེ་དམ་དུངས་བརྩེའི་མིག་ཞགས་བྱང་ངོས་ཀྱི་ཕ་ཡུལ།།
གངས་རིའི་སྐྱིད་སྡུག་གྲོགས་སུ་ཡང་ཡང་དུ་བསྒྱུར་རྒྱུ།།
མ་བསྙེལ་ཞེ་ལ་ཆོངས་ཞེས་སྙིང་དབུས་ནས་སྐུལ་ལོ།།

འདི་ལྟར་བྲལ་ཁའི་སེམས་ཚོར་སྡེབ་ལེགས་ཀྱི་སྦྱོར་བ།།
ཚིག་གི་དར་ལ་ལྕིབས་པ་ལག་ཟུང་གིས་བཏེགས་ཏེ།།
དྲན་པའི་རྟེན་དུ་ཕུལ་བའི་སེམས་གཏམ་གྱི་མཛེས་པ།།
གང་ཞིག་སྙེགས་པའི་དཔལ་གྱི་མཐུན་ཆོས་སུ་འགྱུར་ཤོག།།

གསར་འགྱུར།

Post navigation

Previous Post: ཧི་མ་ལ་ཡའི་རི་འདབས་ནས།
Next Post: ང་ད་དུང་མྱི་གསོན་པོ་ཡིན།

Comments (3) on “བཤད་འདོད་པའི་སྐད་ཆ་འདི་ཡིན།༼སློབ་བུ་ཆོས་འབྱོར་ལ་བྲིས་པ།༽”

  1. སྟག་སྨྱོན། says:
    2008-08-25 at 9:15 am

    བརྗོད་དོན་སྲོག་གི་སྙིང་པོར་གསོན་ཉམས་ཅང་མེད་པར།།
    བརྗོད་ཚིག་སྐྱུར་མོས་བཙེམས་པའི་རྩོམ་ཆད་ཀྱི་རིགས་འདི།།
    ཞིམ་པོའི་བྲོ་བ་མེད་པའི་ཟས་རུལ་དང་འདྲ་བས།།
    མཐོང་བའི་སྐད་ཅིག་དང་པོར་ཞེན་པ་དེ་ལོག་འགྲོ།།

  2. སྟག་སྨྱོན། says:
    2008-08-25 at 9:35 am

    ཁ་བོ་སྔ་མོ་ཞིག་ནས་སྙན་རྩོམ་གྱི་རིགས་ལ།།
    མ་བཅོས་སེམས་ཀྱི་གཏིང་ནས་ཡི་ག་དེ་འགག་པས།།
    འདིར་ཡང་མཐོང་མ་ཐག་ཏུ་སུན་སྣང་གིས་གཟེར་ཏེ།།
    ཚུལ་མིན་ཚིག་རྩུབ་ཤོར་བར་བཟོད་སྒོམ་ཞིག་གནང་རོགས།།

  3. ÇtôzÅ-q- says:
    2008-08-27 at 6:06 pm

    སྟག་སྨྱོན། ཁྱེད་ཀྱི་སྐད་ཆེ་ཤོད་སྟངས་འདི་ཁ་རི་ཁ་ཐུག་ཚ་དྲགས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme