Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཤད་ཞོར་དང་ངུ་ཞོར།

Posted on 2010-05-192010-05-19 By ཁ་བརྡ་ 39 Comments on བཤད་ཞོར་དང་ངུ་ཞོར།

ལོ་ལོན་གྱིས་བསྒྲིགས།

སྣ་ཚོགས།

Post navigation

Previous Post: མིང་ཐོ་བསྡུས་ནས་མིང་བསྒྱུར་བྱེད་པའི་སྤྲུལ་སྐུའི་ལམ་ལུགས།
Next Post: ༼ལ་དྭགས་པ་འཇམ་དཔལ་ལགས་རྐང་པ་ལ་དྲི་ཆེན་གོས་འདུག༽

Comments (39) on “བཤད་ཞོར་དང་ངུ་ཞོར།”

  1. ཨ་མཆོག་ཆོས་དར། says:
    2010-05-19 at 4:01 am

    ཕ་མ་དང་ཁྱིམ་གཞི་མེད་པའི་བུ་ཕྲུག་རེར་ཐད་གར་རོགས་གང་ཐུབ་རེ་བྱེད་འདོད་ཡོད་ཚེ་འབྲེལ་གཏུག་བྱེད་རོགས་གནང་། གསར་བཤད་བྱེད་རྒྱུ་ཞིག་ལ་ལས་འགུལ་འདི་ནི་སྒེར་ངོས་ནས་ཡིན་པ་ལས་ཚོགས་པ་སོགས་རྩ་འཛུག་སོགས་གང་ཡང་མེད།
    འབྲེལ་གཏུག་བྱེད་ཡུལ།
    email: choetar@choetar.com
    skype: amchok

  2. འབའ་སྲས། says:
    2010-05-19 at 9:06 am

    གོང་གི་བརྙན་འཕྲིན་ལ་བལྟས་ནས་མིག་ཆུ་རང་དབང་མེད་པར་བཞུར་སོང་། ལྷག་པར་ཏུ་བུ་མོ་ཆུང་དེས་རང་ཉིད་ལ་མིས་སྤྲད་པའི་སྒོར་མོ་གཉི་བརྒྱ་དེ་ནང་ལ་བསྐུར་གི་ཡིན་ཞེས་བཤད་པའི་སྐད་ཆ་དེས་གློ་མཆིན་སྟེང་འོག་བརྗེས་སུ་བཅུག་སོང་།

  3. འབའ་སྲས། says:
    2010-05-19 at 9:15 am

    བུ་མོ་ཆུང་ཆུང་ལགས། ངས་རྒྱང་རིང་ནས་ཁྱོད་ཀྱི་ངུ་སྐད་དེ་ཐོས་སོང་།
    བུ་མོ་ཆུང་ཆུང་ལགས། ངའི་སེམས་པས་ཁྱོད་ཀྱི་མིག་ཆུ་ཕྱིས་བཞིན་ཡོད།
    བུ་མོ་ཆུང་ཆུང་ལགས། ད་མ་ངུ་། ཕུ་བོ་ངས་ཁྱོད་ཀྱི་མི་ཚེ་ལ་བདེ་སྐྱིད་ལྡན་པའི་སྨོན་ལམ་འདེབས།

  4. སྨྲ་ཤེས་དོན་གོ། says:
    2010-05-19 at 9:22 am

    བསམ་ཆུ༹ལ།

    འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་བྱུང་ཆེ༹། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་དང་བོད་འབངས་ཡོངས་ཀྱི་ཆ༹བ་གནང་ནས་གསོལ་རས་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད་ཉེ་ལམ་ཧ་ཏེ་རྒྱལ་ཁབ་ལ་རོགས་སྐྱོར་སུད་སྒོར་འབུམ་གཅིག་གནང་ཟིན་པ་རེད།

    རོགས་རམ་གནང་བ།

    ད་ལམ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་ཡ་ང་བའི་གོད་ཆག་བྱུང་མ་ཐག་ཏུ་བོད་ཕྱི་ནང་གཉིས་ཀས་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་ ཡར་དཀོན་མཆོག་ལ་མཆོད་འབུལ་དང་མར་ཤུལ་ལུས་རྣམས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེར་གནང་བ་གསར་ལམ་ཁག་ནས་རྟོགས་པ་ངེས་སོ།

    སྣང་མེད་བཏང་བ།

    འོན་ཀྱང་དེང་དུས་སྤྱི་ཆོ༹གས་ཁྲོད་མི་ཆོ༹སབཤད་པ་ལྟར་ན། ༧གོང་ས་མཆོག་གིས་ཐུགས་སྨོན་གནང་བ་ལས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་གསོལ་རས་གནང་མེད་ལུགས་དང་ མ་ཟད་བོད་འབངས་ཡོངས་ཀྱི་སྐུ་ཆ༹བ་རྡ་སའི་མཇ༹ད་གཅོ༹་རྣམ་པས་དེ་ལས་སྣང་མེད་དུ་བཏང་འདུག་ཟེར།

    རྗེས་ལུས་ཐེབས་སོང།

    ཨོ་ཧོ་ད་དུང་དེ་ཡིས་ག་པར་ཆ༹ད་ ཕ་རོལ་པོ་རྒྱ་དམར་གིས་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་ཡིན་ཟེར་ནས་མྱ་ངན་བྱས་འདུག་པ་མ་ཆ༹ད་ད་ལྟའི་འཇ༹མ་གླིང་ཡོངས་སུ་གྲགས། ང་ཆོ༹ས་མཇ༹ད་གཅོ༹་རྣམ་པས་ཅུང་ཟད་དྲན་པ་བརྗེད་རྗེས་ སླར་ཡང་ནམ་ལངས་ནས་ཤུལ་ལུས་སྤུན་ཟླ་རྣམས་ཀྱི་ཆེད་དུ་མྱ་ངན་བྱས་ཡིན་པར་འདྲ།།

  5. མེ་ཏོག་དཀར་པོ། says:
    2010-05-19 at 12:36 pm

    ཡིད་འཕྱ་མོ་་་་་ཧ་བོ་ཧ་བོ།
    མིག་ཆུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཧུ་ཧུ་ཧུ་
    ཅི་དྲག་ང་ང་་་་ངའི་སྲིང་མོ་ཁྱོད་་་་ངས་ཁྱོད་དྲན་བཞིན་ཡོད། མིག་ཆུས་གདོང་པ་བརླན་བཞིན་་་་་་

    ི་

  6. lungrik says:
    2010-05-19 at 1:11 pm

    སྨྲ་ཤེས་དོན་གོ་ལགས། སྤྱིར་བཏང་རོགས་དངུལ་འབུལ་རྒྱུ་དང་། ལྷག་པར་དུ་སྐུ་མདུན་ཁོང་གིས་གནང་ན་དགེ་བ་དང་དགོས་པ་ཁྱད་པར་བ་མང་པོ་ཡོད་ཀྱང་། ངས་ནི་ད་ཐེངས་བོད་མི་ཚོས་སྐྱེ་རྒུ་མདོར་ཞལ་འདེབས་བསྡུས་པ་དེ་ཐབས་ཤེས་ཁྱད་དུ་འཕགས་པ་ཞིག་ལ་མཐོང་མ་སོང་། ང་ཚོས་འདི་ནས་དཔལ་འབྱོར་གྱི་མཐུན་རྐྱེན་ཅི་ཙམ་མང་པོ་སྤྲད་ན་རྒྱ་གཞུང་གིས་དེ་ཙམ་གྱིས་ཁེ་ཕན་ལེན་གི་རེད། རོགས་དངུལ་དེ་དག་སྤྱད་དེ་མདེའུ་རེ་རེ་བཟོས་ནས་ཁྱེར་ཡོང་གི་རེད། མདེའུ་དེ་དག་ཀྱང་འདས་པའི་ལོ་ ༣༠ ནང་ཚུན་དུ་བོད་པ་ཚོའི་སྟེང་ལ་བཀོལ་བ་ནང་བཞིན་ཞིག་མི་རིགས་གཞན་གྱི་སྟེང་ལ་བཀོལ་མེད་པའི་ཚོད་ཡིན།

    ཕར་འཕྲོག་ནས་ཁྱེར་བའི་རྒྱུ་དངོས་དེ་དག་ཚུར་མ་རག་པར། འདི་ནས་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་སློང་མོ་བརྒྱབ་སྟེ་བསགས་ཤིང་བསྡུས་པའི་དངུལ་དེ་ཚོ་སླར་ཡང་རྒྱ་ནག་གཞུང་གི་ལག་ལ་འཇོག་པ་འདི་ལས་ཐབས་རྡུགས་པ་ཞིག་མཐོང་གི་མི་འདུག

    ཁྱོད་ཀྱིས་སྒོར་རྡོག་ག་ཚོད་ཅིག་བསྡུས་ནས་ཕར་སྤྲད་ན་དེ་ཚོད་ཀྱིས་རང་མི་རིགས་ཀྱི་སྲོག་རྩ་གཅོད་གི་རེད།

    དེང་སྐབས་འཛམ་གླིང་སྟེང་ན་དམག་མི་མང་ཤོས་ནི་རྒྱ་ནག་རེད། མཐའ་མཚམས་ཁག་གི་བཅིངས་འགྲོལ་དམག་མི་དག་གི་འགྲོ་སོང་མཐའ་དག་གུང་ཁྲན་ཏང་གིས་མི་དམངས་ཀྱི་ཤ་ཁྲག་ནས་འཇུབ་སྟེ་བཅིངས་འགྲོལ་དམག་གི་སྟེང་ལ་བཀོལ་གྱིན་ཡོད་པ་རེད། མཐའ་མ་དེར་མི་དམངས་ཀྱི་ཚེ་སྲོག་འཕྲོག་མཁན་ནི་མི་དམངས་བཅིངས་འགྲོལ་དམག་མི་རེད།

    ད་རྩིས་རྒྱོབ། འདང་རྒྱོབ། དེའི་རྗེས་ནས་སྐད་ཆ་ཤོད།

  7. lungrik says:
    2010-05-19 at 2:05 pm

    ལས་རིགས་ཟེར་བ་འདི་ལ་དངོས་གནས་རང་རང་གི་ཁྱད་ཆོས་རེ་དགོས་པ་འདྲ། རང་རང་གི་ལས་རིགས་དེ་ནི་ཆེད་དུ་སྦྱོང་བརྡར་བྱས་ཤིང་། དགོས་གལ་ལ་ཐུག་དུས་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ནུས་པ་འདོན་ཐུབ་པ་རེ་དགོས་པ་འདྲ།

    སྐྱེ་རྒུ་མདོར་མཚོན་ན། གསར་འགོད་པ་ཞིག་འདི་ནས་ངུས་བསྡད་ན་ཡག་གི་རེད་དམ། ཡང་ན། མིག་ཆུ་ཁོག་ལ་བཅུག་སྟེ་སྲ་ཐག་ཐག་གིས་ལངས་ཅི་ཐུབ་བྱས་ཏེ་གནས་ཚུལ་དེ་གསལ་བོ་ཞིག་བླངས་ན་ཡག་གི་རེད། (དེང་སྐབས་གློག་བརྙན་འདི་བསྟན་ཏེ་གཞན་གྱི་མིག་ཆུ་འབུད་འདོད་མཁན་དང་། འདི་ལ་བལྟས་ཏེ་རང་རང་གི་མིག་ཆུ་བཙུར་འདོད་མཁན་ཡོད་སྲིད། ད་དུང་མིག་ཆུ་བཏོན་པ་ཙམ་གྱིས་གསར་འགོད་པ་དེ་སེམས་ཡག་པོ་ཡོད་མཁན་ཞིག་ལ་ལྟ་མཁན་ཡང་ཡོད།)

    གལ་སྲིད་དེ་འདྲ་ཡིན་ན། མྱུར་སྐྱོབ་པ་དག་ཀྱང་ངུས་ནས་བསྡད་ན་ཅི་བྱེད། སྨན་པ་དག་ཀྱང་ངུས་ནས་བསྡད་ན་ཅི་བཤད་དགོས། དམག་མི་དག་ཀྱང་ངུས་ནས་བསྡད་པ་ཡིན་ན་ཁྱོད་ཚོ་ངུ་ཆོག་གི་མ་རེད་ལབ་ས་ཨེ་ཡོད། འདི་དག་ལ་བསམ་བློ་བཏང་ན་ཚེ་སྒྲོན་ལའང་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་དེ་ལས་རིགས་ཀྱི་ཐོག་ནས་བཤད་ན་དགོངས་དག་ཞུ་དགོས་པ་འདྲ་ཞིག་འདུག

  8. ལོ་ལོན། says:
    2010-05-19 at 3:02 pm

    གོང་གི་བརྙན་ཐུང་དེ་ཁ་བྱང་ལ་ངུ་ཞོར་དང་བཤད་ཞོར་།
    ངུ་། སེམས་ཀྱི་ངོ་བོ་སྡུག་གིས་ནོན་དུས། མིག་ལ་མཆུ་མ་འཁོར་བ་དང་ཆབས་ཅིག་སྐད་ངག་གི་འདང་ཡང་རང་བཞིན་གྱིས་འགྱུར་ནས་ངུ་བ་འདི་ནི། འགྲོ་བ་མིའི་ཕུང་ཁམས་ལྷན་སྐྱེས་ཀྱི་རང་བཞིན་ཞིག་ཡིན། དེ་ཁྲིམས་འགལ་དུ་འདོད་མཁན་ཡོད་ཚེ་། དེ་ནི་རྩ་ཁྲིམས་དང་ལུགས་ཁྲིམས་ཅི་ཡང་མ་ཡིན་པས་སྐྱག་ཁྲིམས་ཞིག་ཡིན་རྒྱུ་རེད།
    ངུ་ཞོར་དུ་བཤད་དགོས་པས་གནས་ཚུལ་ཆད་མེད་དུ་བཤད་པས་མ་ཚད། བུ་མོར་སེམས་གསོ་ཀྱང་གནང་ཡོད་པས་གནས་ཚུལ་ཛ་དྲགས་སྐབས་གསར་འགོད་ལས་དོན་ལྷག་མེད་སྒྲུབས་ཡོད་པས་། མིང་མི་ཤེས་གསར་འགོད་པ་དེར་ལས་དོན་ལྷགས་བསྒྲུབས་ཀྱི་བྱ་དགའ་ཞིག་འོས།
    ཕ་ཡུལ་དུ་ཨ་ཁུ་ཨ་ནེ་མིང་སྲིང་དུ་མ་སྡུག་གི་གཏོང་ཞབས་ལ་ལྷུང་སྐབས་འདིར་། མིག་མི་ཡོང་མཁན་དག་ལ་བཙུར་འདོད་ཀྱང་མེད་ལ། ཡོང་མཁན་དག་ལ་འགོག་འདོད་དེ་ལས་ཀྱང་མེད།

  9. ལོ་ལོན། says:
    2010-05-19 at 3:05 pm

    གོང་གི་བརྙན་ཐུང་དེ་ཁ་བྱང་ལ་ངུ་ཞོར་དང་བཤད་ཞོར་།
    ངུ་། སེམས་ཀྱི་ངོ་བོ་སྡུག་གིས་ནོན་དུས། མིག་ལ་མཆུ་མ་འཁོར་བ་དང་ཆབས་ཅིག་སྐད་ངག་གི་འདང་ཡང་རང་བཞིན་གྱིས་འགྱུར་ནས་ངུ་བ་འདི་ནི། འགྲོ་བ་མིའི་ཕུང་ཁམས་ལྷན་སྐྱེས་ཀྱི་རང་བཞིན་ཞིག་ཡིན། དེ་ཁྲིམས་འགལ་དུ་འདོད་མཁན་ཡོད་ཚེ་། དེ་ནི་རྩ་ཁྲིམས་དང་ལུགས་ཁྲིམས་ཅི་ཡང་མ་ཡིན་པས་སྐྱག་ཁྲིམས་ཞིག་ཡིན་རྒྱུ་རེད།
    ངུ་ཞོར་དུ་བཤད་དགོས་པས་གནས་ཚུལ་ཆད་མེད་དུ་བཤད་པས་མ་ཚད། བུ་མོར་སེམས་གསོ་ཀྱང་གནང་ཡོད་པས་གནས་ཚུལ་ཛ་དྲགས་སྐབས་གསར་འགོད་ལས་དོན་ལྷག་མེད་སྒྲུབས་ཡོད་པས་། མིང་མི་ཤེས་བས་གསར་འགོད་པ་དེར་ལས་དོན་ལྷགས་བསྒྲུབས་ཀྱི་བྱ་དགའ་ཞིག་འོས།
    ཕ་ཡུལ་དུ་ཨ་ཁུ་ཨ་ནེ་མིང་སྲིང་དུ་མ་སྡུག་གི་གཏིང་ཞབས་ལ་ལྷུང་སྐབས་འདིར་། མིག་ཆུ་མི་ཡོང་མཁན་དག་ལ་བཙུར་འདོད་ཀྱང་མེད་ལ། ཡོང་མཁན་དག་ལ་འགོག་འདོད་དེ་ལས་ཀྱང་མེད།

  10. ལོ་ལོན། says:
    2010-05-19 at 3:12 pm

    ཁ་སྣོན་ཞིག་ཆད་འདུག། སྨན་པ་དག་གིས་ངུ་ཞོར་སྨན་བཅོས་བྱེད་ཞོར་། མྱུར་སྐྱོབས་པ་དག་གི་ངུ་ཞོར་དང་ས་རྐོ་ཞོར་བྱས་ན་། ལུས་སེམས་གཉིས་དེར་སླེབས་པ་གསལ་བོ་རེད།

  11. མདའ་ཚན་པ། says:
    2010-05-19 at 4:03 pm

    ངུས་ནས་གསར་འགྱུར་ཤོད་མཁན་ཞིག་བོདམི་གསར་འགོད་པ་ཚོ་མ་གཏོགས་ད་སྔ་མཐོང་མ་མྱོང་། ཐོས་མ་མྱོང་། བོད་སྙིང་རྗེའི་བདག་པོ་ཟེར་བ་དེ་དེ་བཞིན་དུ་ཡིན་པ་འདྲ། མི་རབས་སྔོན་མ་ཚོའི་དུས་རབས་དེ་འཐབ་ནས་དམག་རྒྱག་པའི་དུས་རབས་དང་། ང་ཚོའི་དུས་རབས་འདི་ངུས་ནས་མིག་ཆུ་གཏོང་བའི་དུས་རབས། འཐབ་པ་དང་ངུས་པ་ལ་གྲུབ་འབྲས་ཤིག་བྱུང་ནས། མི་རབས་རྗེས་མ་ཚོ་བདེ་སྐྱིད་ཀྱི་དུས་རབས་ཤིག་ཏན་ཏན་འཆར་གྱི་རེད།

  12. འབའ་སྲས། says:
    2010-05-19 at 4:28 pm

    ཐེངས་འདིའི་གོད་ཆག་ཁྲོད་བོད་རིགས་གསར་འགོད་པ་ཚོར་འཕྲད་པའི་དཀའ་ངལ་ཆེ་ཤོས་དེ་ངུ་ཤོར་ནས་སྐད་ཆ་བཤད་མི་ཐུབ་པ་དེ་ཡིན་འདུག གལ་སྲིད་ལུང་རིགས་རྒྱལ་ཡང་དེར་སླེབས་པ་ཡིན་ན་ངུ་ཐག་ཆོད་ཡིན།

  13. དགེ་འདུན་རབ་གསལ་ says:
    2010-05-19 at 4:59 pm

    ཧེ་ཊེ་ཡི་ས་ཡོམ་སྐབས་ཨ་རིའི་གསར་འགོད་པ་ཞིག་ངུས་པ་འདི་ན་འདུག སྐར་མ་གཉིས་དང་ཕྱེད་ཀ་ཙམ་གྱི་ཐད་ནས་ངུ་གི་འདུག་
    http://www.youtube.com/watch?v=MjbBn11bSVA&feature=player_embedded#!

    གསར་འགོད་པ་རང་ཉིད་སྒེར་གྱི་ཚོར་བ་སྦས་ཏེ་དོན་དངོས་སྤྲོད་པ་དེ་ཆེད་ལས་རེད། ཡིན་ན་ཡང་རྒྱལ་ཁབ་ཀྱི་ཆག་འཇིག་ལ་ཐུག་སྐབས་མིག་ཆུ་གཏོང་བ་ཡང་འདུག

  14. མགོ་རུལ། says:
    2010-05-19 at 5:20 pm

    ཚར་གཅིག་བཞི་ལྔ་ཞིག་ལ་མགོ་ནས་མཇུག་བར་བལྟ་བསམས་ཀྱང་མིག་ཟུང་མཆི་མས་བསྒྲིབས་ནས་ལྟ་ཐབས་མ་བྱུང་ངོ་།།

  15. དཔལ་དགྱེས་པ་རྡོ་རྗེ says:
    2010-05-19 at 6:17 pm

    སྙིང་རེ་རྗེ་བུ་མོ་ནད་པ། །བཀའ་དྲིན་ཆེ་ལོ་ལོན་དྲིན་ཆེན། །བྱམས་བརྩེ་ཅན་གསར་འགོད་སྒྲོལ་མ། །དམ་ཆོས་རང་འདི་ཀ་ལགས་སོ། །ཡང་ཡང་སོ་ཡིད་ལ་འཁོར་ཚེ། །འཁོར་འདས་ཀྱི་བདེ་སྡུག་བསམ་ཚེ། །དྲོད་ཆུང་ང་རྒྱལ་ཁད་པ། །སྙིང་བརྩེ་ནི་བཅོས་མིན་སྐྱེས་ནས། སྨོན་ལམ་གྱིས་ར་མདའ་སྒྲོན་ཡོད། །

  16. ལོ་ལོན། says:
    2010-05-19 at 7:51 pm

    རྒན་རབས་གསལ་ལགས་། འབྲེལ་ཐག་གནང་བར་ཐུགས་རྗེ་ཆེ། གཞན་གོང་དེར་གསར་འགོད་པ་ཡིན་ན་ཚོར་བ་ཡོད་མི་ཆོག་པས་ལྟ་བུའི་སྒྲུབས་བྱེད་བཏང་ནས་། ཁྱི་ཁོག་ན་དྲོད་ཙམ་ཡང་མེད་པར་སྟོན་གིན་འདུག་ག།

  17. ལོ་ལོན། says:
    2010-05-19 at 7:52 pm

    ནོར་་ མི་ཆོག་པ་ལྟ་བུའི་་་

  18. ལོ་ལོན། says:
    2010-05-19 at 8:00 pm

    འདིར་གོང་གི་གསར་འགོད་ཀྱི་ཆེད་ལས་ལ་མཁས་བར་བསམ་པ་དག་ལ་དྲི་བ་ཞིག་ཡོད་། གསར་འགྱུར་བཤད་སྐབས་ངུ་མི་ཆོག་ན་། དགོད་ཆོག་ནི་འུ་རེད་།?

  19. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-19 at 8:30 pm

    ལུང་རིགས་ལགས་ནས། དགོས་གལ་ལ་ཐུག་དུས་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ནུས་བ་འདོན་ཐུབ་པ་རེ་དགོས་བ་འདྲ། ཞེས་གསུངས་འདུག ཆེད་ལས་ཀྱི་ངོས་ནས་ཞུས་ན་འདི་གནད་འགག་རེད་དྲན། འོན་ཀྱང་། སྐྱེ་རྒུ་མདོའི་ས་ཡོམ་གོད་ཆག་དང་འབྲེལ་ནས། བོད་ཀྱི་ཕྱི་ནང་གི་གསར་འགོད་པ་ཚོས་དམིགས་བསལ་གྱི་ནུས་བ་འདོན་སྟངས་ལ་བལྟས་ན།བཙན་བྱོལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་མཚོ་སྔོན་བརྙན་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཕྱག་ལས་ཀྱི་སུམ་ཆ་གཅིག་ཙམ་ལྟ་བུ་ཞིག་ཀྱང་འཇོན་མ་སོང་། ནུས་བ་འདོན་ཐུབ་མ་སོང་།
    དགོས་གལ་ལ་ཐུག་དུས་གཞན་ལས་སྐྱོ་བའི་གནས་སྟངས་དེ་བསྟན་སོང་། (འདི་ང་སྒེར་གྱི་མཐོང་ཚུལ་ཡིན།) དེར་བརྟེན། ཚེ་སྒྲོན་ངུ་བཞིན་དུ་གསར་འགྱུར་སྙན་སྒྲོན་བྱས་བ་དེར་བརྩི་བཀུར་ཞུ་བཞིན་ཡོད།

  20. མདའ་ཚན་པ། says:
    2010-05-19 at 9:11 pm

    ངུ་མི་ཆོག དགོད་མི་ཆོག་ཟེར་ནས་སྐྱག་ཁྲིམས་བཙན་པོ་བཟོ་མཁན་ཕལ་ཆེར་ཨེ་ཡོད་ན། ངུས་པ་དང་དགོད་པ་དེ་ཚོ། སེམས་ཀྱི་ཚོར་བ་ཞིག་ཕྱི་རུ་མངོན་པ་ཁོ་ན་མིན་པར་དེ་ནི་སྐད་ཆའི་སྒྱུ་རྩལ་དམར་རྗེན་ཞིག་ཏུའང་བདག་མཐོང་ངོ་།
    ངུ་མི་ཆོག་ཟེར་མཁན་སུ་རེད། ཇོ་བོ་རིན་པོ། ཡར་མཆན་ཚང་མའི་ནང་ཅིག་བཙལ་ཀྱང་རྙེད་མ་སོང་། ཕལ་ཆེར་བསུབས་པ་ཡིན་པ་འདྲ།

  21. ལོ་ལོན says:
    2010-05-19 at 11:04 pm

    གོང་གི་མཆན་བུ་༧པའི་མཇུག་དེར། འདི་དག་ལ་བསམ་བློ་བཏང་ན་ཚེ་སྒྲོན་ལའང་གདུང་སེམས་མཉམ་སྐྱེད་བྱེད་རྒྱུ་དེ་ལས་རིགས་ཀྱི་ཐོག་ནས་བཤད་ན་དགོངས་དག་ཞུ་དགོས་བ་འདྲ་ཞིག་འདུག་ཟེར་བ་དེས། ངུས་བ་དེ་མ་འགྲིག་པ་རེད་ལབ་གི་ཡོད་མ་རེད་དམ། གཞན་མོས་དགོངས་དག་ཞུ་དགོས་དོན་ཞིག་འདུག་གམ། མདའ་ཚན་པས་གསུངས་དང་།

  22. lungrik says:
    2010-05-20 at 12:09 am

    གློག་བརྙན་འདིས་ང་ཚོར་སྟོན་འདོད་པའི་དོན་དག་ངོ་མ་དེ་ཅི་ཞིག་རེད། གློག་བརྙན་བཟོ་མཁན་དང་། དྲ་ངོས་འདིར་ཁྱེར་ཡོང་མཁན་གྱི་དམིགས་ཡུལ་ངོ་མ་དེ་ཅིག་གསུངས་རོགས།

    ཆག་འཇིག་གི་སྐབས་འདི་འདྲ་ལ་གསར་འགོད་པ་ཚོས་ཕར་ཕྱོགས་ནས་པར་བརྒྱབ་སྟེ་སྡོད་པ་དེ་ནི་ཀུན་སྤྱོད་ཀྱི་སྟེང་ནས་སྐྱོན་རྒྱག་མཁན་ཡང་ཡོད་པ་རེད། ཐ་ན་མི་ཞིག་ལ་རླངས་འཁོར་གྱིས་བརྒྱབ་སྟེ་ཤི་གྲབ་ཡོད་སྟབས་ཀྱང་། ཁོ་མྱུར་སྐྱོབ་མི་བྱེད་པར། དེ་ལ་པར་བརྒྱབ་སྟེ་གསར་འགྱུར་བཟོ་བ་ཡང་ཀུན་སྤྱོད་ཀྱི་ཐོག་ནས་འགྲིག་གི་མེད་ཚུལ་བཤད་གི་འདུག འདི་ཚོ་ཞོར་འཕྲོས་ཙམ་ཡིན།

    རིག་འབྱུང་གི་སྐད་ཆ་དེ་ཚོ་བདེན་སྲིད། ནུས་པའི་ཆ་ནས་མཚོ་སྔོན་བརྙན་འཕྲིན་ཁང་ཚད་མཐོན་པོ་ཡིན་སྲིད། ཡིན་ཡང་། བསྡུར་སྟངས་ཀྱི་ཆ་ནས་ཁས་ལེན་བྱ་ཐུབ་པ་མི་འདུག ཆ་རྐྱེན་དང་གོ་སྐབས། ཡུལ་དུས་སོགས་གང་གི་ཆ་ནས་ཀྱང་ཁྱད་པར་ཡོད་པ་ཤེས་བཞིན་དུ། དམའ་འབེབས་འདི་འདྲ་བྱེད་པ་ཡང་ཁྱད་མཚར་བོ་རེད་འདོད། བཙན་བྱོལ་གྱི་གསར་འགོད་ལས་རིགས་པ་འདི་ཚོར་ནུས་པའི་ཐོན་ཁུངས་ག་རེ་ཡོད་དམ། ཐ་ན་རྩོམ་སྒྲིག་པའི་གཏམ་ཡང་སྦྱིན་བདག་གི་གན་རྒྱ་ཇི་འདྲ་ཞིག་གི་འོག་ནས་ད་གཟོད་ནང་དོན་གང་འདྲ་ཞིག་འབྲི་ཆོག་གི་ཡོད་མེད་ཙམ་ལ་ཡང་བརྟག་མྱོང་ཡོད་ཀྱི་མ་རེད།

    དམངས་གཙོའི་ལུང་པ་ན་རང་དབང་ཆ་ཚང་འདུག་ཨང་སྙམ་པ་ནི་རང་དབང་ཆུང་ཆུང་ཚོ་མ་གཏོགས། རང་དབང་ཆེན་པོ་ཞིག་ལ་ཚོད་ལྟ་བྱེད་མ་མྱོང་བའི་རྟགས་ཀྱང་ཡིན་སྲིད།

    ལན་གཞན་པ་ཚོ་ནི་མདའ་ཚན་པས་བརྒྱབ་ཚར་འདུག་སྟབས། བསྐྱར་དུ་བཤད་མི་དགོས་པར་འདོད།

  23. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-20 at 1:08 am

    ལུང་རིགས་ལགས། ངེད་ནས་དམའ་འབེབས་བྱས་མེད། ལས་ཀྱི་སྣེ་མོར་གཏོགས་པ་ཚོའི་སེམས་ལ་ཕོག་ཐུག་ཕྱིན་ཡོད་ན་དགོངས་དག་ཞུ་གི་ཡིན།
    ད་ངས་བསྐྱར་དུ་གནད་དོན་འདི་ཚོའི་སྐོར་ལ་བསམ་ཚུལ་ཡང་ཞུ་གི་མིན། གནས་སྐབས་ལ་ཁ་ཚུམས་ནས་འདུག་གི་ཡིན། ད་ཁ་ཚུམས་ནས་འདུག་གི་ཡིན།

    རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་གུས་ཞབས་དང་བཅས།

  24. དོན་གོ says:
    2010-05-20 at 1:20 am

    ཁ་བརྡ་དྲ་བས་བོད་ཕྱི་ནང་གི་རྩོམ་ཡིག་དང་གསར་འགྱུར་དུས་ལྟར་སྤེལ་བར་ཕྲན་གྱིས་དྲ་བདག་དང་རྩོམ་པ་པོ་
    རྣམས་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ། དེ་རིང་ང་རང་ཁ་བརྡ་རུ་སླེབས་ཐེངས་ཐོག་མ་དེ་ཆགས་ཡོད།ཐོག་མའི་མགྲོན་པོ་ཞིག་གིས་སླེབས་ཉིན་ནས་བསམ་ཚུལ་བརྗོད་ཚེ་ལྟ་ཚུལ་འཛིན་ངེས་ཀྱང་། ང་ལ་དགྲ་འཛིན་གྱི་འདུ་ཤེས་གཏན་ནས་མེད་ཅེས་ངས་འདི་ནས་གསལ་བོར་བརྗོད་འདོད་བྱུང་། ཉེ་བའི་དུས་ནས་བཟུང་ང་ཚོ་བཙན་བྱོལ་གྱི་དྲ་ཚིགས་གང་མང་ཞིག་གིས། ད་ལྟ་བོད་ནང་ཡོད་པའི་རྩོམ་པ་པོ་དང་གསར་འགོད་པ། སློབ་གྲྭ་ཆེན་མོ་བ་སོགས་ལྷག་བསམ་གྱི་ཕྱུགས་པའི་མི་སྣ་མང་པོ་ཞིག་གི་གནས་ཚུལ་དང་བརྙན་རིས་སོགས་འགན་ལེན་དང་གནས་སྟངས་ལ་མི་ལྟ་བར་བཀོད་བཞིན་ཡོད་སྟབས། ང་རང་ཉིད་འདིའི་ཐད་བློ་འཚབ་གང་མང་སྐྱེང་མྱོང་ལ་འདི་ལྟར་བཀོད་པར་གཞན་ལ་ལེ་གདའ་ཡང་གང་མང་བྱས་མྱོང་ཡོད། གལ་སྲིད། མ་འོངས་པར་ཡང་ང་ཚོས་རང་ཉིད་ཀྱི་འདོད་མོས་ལྟར་མུ་མཐུད་གཞིས་སྡོད་བོད་མི་
    དག་གི་གཟུགས་མཐོང་བརྙན་རིས་དང་མིང་སོགས་དྲ་ངོས་སུ་སྤེལ་བ་ཡིན་ན། རྒྱ་ནག་གི་མཐུན་རྐྱེན་དུ་མི་འགྲོ་བའི་ངེས་པ་མེད་ལ། སྐུ་ཞབས་ཞོགས་དུང་ལགས་ཀྱང་རྒྱུ་རྐྱེན་འདི་འདྲའི་འོག་རྒྱ་ལག་ཏུ་ཚུད་སོང་བར་བློ་དོགས་ཡོད་པས།
    ལྷག་བསམ་དང་མཁྱེན་རྒྱ་ཡངས་པའི་དྲ་བདག་རྣམས་དང་གནས་ཚུལ་སྤེལ་མཁན་ཡོངས་ཀྱིས་

  25. དོན་གོ says:
    2010-05-20 at 1:43 am

    ཐོག་མར་ཁ་བརྡ་དྲ་རྒྱའི་དྲ་བདག་དང་རྩོམ་པ་པོ། ཀློག་མཁན་ལྷན་རྒྱས་ལ་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན། ཕྲན་ད་ལྟའི་བར་ཁ་བརྡ་དྲ་བའི་ཀློག་པ་པོའི་གྲས་སུ་ཡོད་པ་ལས། བསམ་ཚུལ་དང་རྩོམ་ཡིག་སྤེལ་མཁན་གྱི་གྲས་འཛུལ་མྱོང་མེད། ཡིན་ཡང་། ཐོག་མར་སླེབས་པའི་ཉིན་འདིར་ངས་རང་ཉིད་ཀྱིས་བརྗོད་འདོད་པའི་བསམ་ཚུལ་ཞིག་དྲ་བ་འདི་བརྒྱུད་བརྗོད་འདོད་བྱུང་ལ། ཉེ་སྔོན་སྐུ་ཞབས་ཞོགས་དུང་ལགས་བཀག་ཉར་མ་བྱས་པའི་ཡར་སྔོན་དེར་ཁོང་གིས་བརྩམས་པའི་གནམ་ས་གོ་འབྱེད་ཀྱི་གནས་ཚུལ་ཐོག་མར་ཟིན་བྲིས་སུ་སྤེལ་མཁན་གཉན་པོ་ལགས་ལ་དུས་བབ་དྲ་ཚིགས་བརྒྱུད་དེ་བསམ་ཚུལ་ཞིག་སྤེལ་བ་ཡིན། དེ་རིང་ཁྱེད་ཁ་བརྡ་དྲ་བས་བཀོད་པའི་བརྙན་རིས་འདི་བརྒྱུད་དྲ་བདག་དང་གནས་ཚུལ་སྤེལ་མཁན་དག་ལ་རང་ངོས་ནས་འབོད་སྐུལ་ཞིག་ཞུ་འདོད་པ་ནི། ང་ཚོ་ཕྱི་སྡོད་བོད་མི་ཚོ་དང་ལྷག་པར་དྲ་ཚིགས་དག་གི་དྲ་བདག་དང་བརྒྱུད་ལམ་ཁག་གིས་ངེས་པར་དུ་བོད་ནང་གི་བོད་མིའི་གནས་སྟངས་ལ་གཞིགས་ཏེ་གནས་ཚུལ་དང་བརྙན་རིས། ཡང་ན་པར་འགོད་དགོས་པར་འདོད་ལ། མ་མཐར་ཡང་ཁོང་ཚོར་འགན་ལེན་ཡོད་པའི་ཐོག་ནས་གནས་ཚུལ་འདིའི་རིགས་འགོད་དགོས་པའི་འབོད་སྐུལ་ཞུ་འདོད་བྱུང་། ཐུགས་རྗེ་ཆེ།།

  26. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-20 at 2:07 am

    གོང་གི་མཆན་བུ་༡༩བའི་ཁོངས་ནས་ཚིག་ཁ་ཤས་ལེན་བཅུག་པ་ཡིན། གཙོ་བོ་གཞན་ལ་ཕོག་ཐུག་མི་འགྲོ་བར་དམིགས་པ་ཡིན།
    གནས་སྐབས་ལ་བཙན་བྱོལ་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་དང་འབྲེལ་བའི་གནད་དོན་ཐད། ངེད་ལ་བསམ་ཚུལ་མེད། ཁ་ཚུམས་ནས་འདུག་གི་ཡིན།

  27. lungrik says:
    2010-05-20 at 2:39 am

    རིག་འབྱུང་དོན་བཀྲ་ལགས། གསལ་བཤད་གནང་བར་ཐུགས་རྗེ་ཆེ།

    ངས་བཤད་པ་ནི་གཙོ་བོ་ཡུལ་ཤུལ་ས་ཡོམ་གྱི་སྐོར་ནས་བོད་ནང་གི་བརྒྱུད་ལམ་ཆེ་བ་ཞིག་དང་། བཙན་བྱོལ་ནང་གི་བརྒྱུད་ལམ་ཆུང་ཆུང་ཚོ་བསྡུར་བ་ནི་འོས་འཚམ་མ་རེད་ཅེས་པ་དེ་ཡིན། ཞོར་དུ་རང་དབང་གི་ལུང་པར་ཡོད་པའི་བརྒྱུད་ལམ་འདི་ཚོར་དོན་དངོས་ཐོག་རང་དབང་ཅི་ཙམ་ཞིག་ཡོད་མེད་ཀྱི་བརྡ་རེ་བརྒྱབ་པ་ཡིན། ངའི་མཆན་དེས་སྐུ་ཉིད་ལའང་དོགས་མི་བདེ་བ་ཞིག་བཟོས་ཡོད་པ་འདྲ་བས་དགོངས་དག་ཞུ།

    བརྒྱུད་ལམ་ཚོའི་ལས་དོན་ཐོག་དགོངས་ཚུལ་འདོན་རྒྱུ་ནི་ཡར་རྒྱས་ཀྱི་ཆེད་དུ་གལ་ཆེན་པོ་ཡིན་སྟབས་ཐུགས་འཛེམས་མི་གནང་རོགས་ཞུ།

  28. རྡོ་རྗེ། says:
    2010-05-20 at 3:39 am

    ཤ་རུས་གཅིག་པའི་ངའི་སྤུན་ཟླ་ཆུང་ཆུང་། ཁྱེད་མཐོང་བ་དང་། ང་སེམས་པ་གཏིང་ནས་སྐྱོ་སོང་།

  29. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-20 at 7:30 am

    ལུང་རིགས་ལགས། ངོ་ཤེས་བ་ཚོར་བསམ་ཚུལ་བཤད་རྒྱུ་ལས་ཁ་ཚུམས་ནས་བསྡད་ན་ཡག་པོ་འདུག་བསམ་པའི་ཚོར་བ་ཞིག་ང་ལ་ཡོང་གི་འདུག དེ་ཙམ་ཡིན།

  30. tsering says:
    2010-05-20 at 7:47 am

    that is very good opinion but too long!

  31. ལོ་ལོན། says:
    2010-05-20 at 12:18 pm

    གོང་གི་བརྙན་དེ་སྐྱར་བསྒྲིགས་བྱེད་མཁན་ང་ཡིན། དྲ་ཐོག་འདིར་ཁྱེར་ཡོང་མཁན་ཡང་ང་ཡིན། ད་རེས་འུ་ཚང་གི་བཀོད་ཆགས་ཆེན་པོ་འདི་ནང་གོང་འོག་བར་གསུམ་ན་ལུས་ངག་ཡིད་གསུམ་གྱིས་དཀའ་ལས་གྲང་མེད་རྒྱག་མཁན་མི་འདི་དང་འདི་འདྲ་འདུག་། དེ་ཚང་མས་ངོས་ཟིན་ན་ཡག་གི་བསམ་པ་ལས་། གློག་བརྙན་འདིས་ང་ཚོར་སྟོན་འདོད་པའི་དོན་དག་ངོ་མ་ཁྱེར་ཤོག། དྲ་ངོས་འདིར་ཁྱེར་ཡོང་མཁན་གྱི་དམིགས་ཡུལ་ངོ་མ་དེ་ཁྱེར་ཤོག་། ཟེར་ན་ཅི་ཡང་མེད་། གོང་གི་མཆན་སྔོན་མ་ཚོའི་ནང་དུ་གསར་འགོད་ལས་རིགས་ལ་ཆེད་སྦྱོང་བྱས་པ་ཞིག་ཡིན་ན་ལས་ཀའི་སྐབས་ངུ་ཤོར་མི་ཆོག་པ་འདྲ་བོ་ཞིག་གསུང་གིས་ཡོད་པར་གོ་ནས་། མཆན་ཁ་ཤེས་བྲིས་པ་ཡིན། ལས་རིགས་འདི་དག་དྲ་ངོས་འདིར་བཀོད་པས་རྐྱེན་བྱས་ནས་ཁོ་ཚོ་ཡང་སྐུ་ཞབས་ཞོག་དུང་གི་ལམ་སྣེ་དེར་འདེད་གི་ཡོད་ན་། བདག་གི་ད་ལྟ་རང་ནས་བརྙན་དེ་ཕྱིར་འཐེན་བྱེད་ཆོག་ལ། ཟླ་སྔོན་མས་ནང་ “ ཨ་མ་འདི་ན་ཡོད་“ ཞེས་བ་ཞིག་ཀྱང་་ཡོད་། དེ་དག་ཚང་མ་ཕྱིར་འཐེན་བྱས་ཆོག་ལ་། ད་དུང་འདིར་ཡང་ཁ་ཤེས་ཞིག་བང་རིམ་བསྒྲིག་ནས་བཀོད་རྩིས་ཡོད་པས་། དེ་དག་ཀྱང་ངས་གློག་ཀླད་ནང་གཏེར་དུ་སྦས་ཆོག།
    སྤྱིར་ན་མཚོ་སྔོན་རླུང་འཕྲིན་ཁང་གིས་དྲ་ཐོག་ལ་ཡོང་ཁྱབས་སུ་བཀོད་ཡོད་པས། འདྲེ་ཡི་སེམས་ལ་མ་དྲམ་པ་། ནད་པས་ཡིད་ལ་དྲན་དགོས་དོན་འུ་ཡོད་ལ།

  32. མགོ་རུལ། says:
    2010-05-20 at 12:26 pm

    ཨ་རོ་ལོ་ལོས་ཟེར་ཡ། ཞ་ཞིས་ཚོའི་ཁ་ལ་ཉན་དགོས་ནི་མ་རེད། ལོ་ལོན་ལ་ལོ་ལོན་གྱི་ཚོད་ཀྱི་ལ་རྒྱ་ཞིག་ཡོད་ནི་རེད། དེ་ཞ་ཞིས་ཚོའི་ལག་ཏུ་མ་འཇོག་ཡ། ལོ་ལོན་ཡིན་ནོ་བདེནཀི་ར། ཧོན་ལོག་ཡིན་པ་ཁས་མི་ལེན།

  33. མེ་ཏོག་དཀར་པོ། says:
    2010-05-20 at 12:45 pm

    ལོ་ལོན་ལགས། སྤྱི་ཚོགས་ཞིག་གི་ནང་ལ་ནམ་ཡང་གཞན་ལ་དག་པ་མི་ལྟེར་མཁན་དེ་འདྲ་མང་པོ་ཡོད་རེད། ངས་ཀྱང་མཆན་བུ་དེ་དག་མཐོང་དུས་མི་བདེ་བའི་ཚོར་བ་ཞིག་སྐྱེས་སོང་།
    སྐབས་རེ་སྣང་མེད་བཏང་ན་ཡག་གི་འདུག

  34. ལོ་ལོན། says:
    2010-05-20 at 3:00 pm

    མགོ་རུལ་ལགས། དེ་ག་རང་ལབ་གི་ཡོད། ཞོར་གཅིག་ལ་ཧོན་ལོགས་ནས་མི་གིས་མི་མཐོང་། རྣ་བས་མི་ཐོས་། སེམས་ཀྱི་མ་ཚོར་ན། མི་ཚང་ཆེན་པོ་འདིར་ཕྱི་ནང་གཉིས་ཀྱི་དཀའ་སྡུག་ལ་སེམས་ཁུར་བྱེད་པས་ཁྲོད་ནས་མཐར་ཕྱིན་ཚར་བ་ཡིན་མོད། ཡིན་ན་ཡང་། ད་དུང་དུས་ཚོད་མ་རེད་། ཞི་ལུ་ལོ་ལོ་། ད་ང་དུང་ཤི་ཐག་རང་རྒྱུ་རེད་ཡ།

  35. ལོ་ལོན། says:
    2010-05-20 at 3:01 pm

    ནོར་འདུག་། ་་་ཞོར་གཅིག་ལ་ཧོན་ལོག་ནས་མིག་གིས་་་་

  36. མགོ་རུལ། says:
    2010-05-20 at 8:46 pm

    ཨ་རིའི་ཨོཁལཧོམ་ཞེས་པའི་ས་གནས་སུ་སེར་བ་ཁུ་ཚུར་ཙམ་བབས་པའི་གློག་བརྙན་ལ་གཟིགས།
    http://news.yahoo.com/video/us-15749625/hail-storm-hits-oklahoma-19917666#video=19917666

  37. ལུང་རིགས་རྒྱལ། says:
    2010-05-21 at 2:31 pm

    མཆན་འདེབས་མཁན་མི་ ༣༦པོའི་ནང་དུ་ངོ་རྟགས་ཆོད་མཁན་ ༣ མ་གཏོགས་མི་འདུག འཕྲོས་ཀྱི་ ༣༢ དེ་ཚོར་སྐད་ཆ་ཅི་ཡང་བཤད་མེད་ལགས།

  38. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-21 at 6:40 pm

    གསར་འགོད་པ་ཚོ་ཉེན་རྟོག་པ་མ་ཆགས་པའི་རེ་བ་ཡོད།

  39. སྨྲ་ཤེས་དོན་གོ། says:
    2010-05-24 at 7:28 pm

    གཏམ་འཁྱལ་སྤེལ་བ།

    སྡེ་དགེ་འཇིགས་མེད་ཁོ་བོས་བྱ་སྤྱོད་ངན་པ་དེ་ཆོ༹་རེ་རེ་ངས་མི་བཤད། ཡིན་ན་ཁོ་བོས་སོ་སོར་རྐང་པ་གཉིས་བཅུ༹གས་བྱས་པ་དེ་ཆོ༹་སྣང་མེད་དུ་བཏང་སྟེ། ཁོ་བོས་ད་དུང་མ་ཡིན་ཡིན་མདོག་བྱས་ནས་བོད་མི་སྤྱི་ཆོ༹གས་ཁྲོད་ཕུ་དཀྲུག་མདའ་དཀྲུག་གི་གཏམ་འཁྱལ་ངན་པ་ཁྱབ་སྤེལ་བྱས་འདུག་པས་ཤིན་ཏུ་ངོ་ཆ༹།

    ཁོ་བོ་ཁ་དང་ཁོག་གཉིས་དངོས་སུ་འགལ་བ་ཇེ་གསལ་དུ་འགྲོ་གི་ཡོད་པ་མ་ཆ༹ད་ང་ཆོ༹ས་ཁོ་བོས་གཏམ་འཆལ་ནང་ནས་མངོན་སུམ་དུ་རྟོགས་ངེས།

    གང་ཡིན་ཟེར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་བླ་ཆེན་རྣམ་པ་དང་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་རོགས་སྐྱོར་གནང་གི་ཡོད་པར་ཀུན་གྱི་མཁྱེན་གསལ་རེད།

    དེར་བརྟེན་ཁོ་བོས་གཏམ་འཆལ་ནང་དོན་ལྟར་ན། རྒྱུ་མཆ༹ན་སྤུ་ཅ༹མ་མེད་པའི་ཐོག་ཡ་ང་བའི་ཤུལ་ལུས་བོད་རིགས་སྤུན་ཟླ་རྣམས་ལ་རྩིས་མེད་རྡོག་རིལ་བཏང་རྗེས། ད་དུང་ཁོ་བོས་འགྲེལ་བཤད་བྱས་དོན་ཉམ་ཐག་ཤུལ་ལུས་སྤུན་ཟླ་རྣམས་ལ་རོགས་སྐྱོར་མི་དགོས་པའི་རྒྱུ་མཆ༹ན་བཀོད་པ་དེ་ནི་ཁོ་བོ་རྒྱ་དམར་གྱི་ལོག་སྤྱོད་ལྡན་པ་མ་ཆ༹ད་ངོ་མ་རྒྱ་མི་སོ་པ་ཡིན་པར་ཀུན་གྱི་མངོན་སུམ་དུ་མཐོང་ཐུབ།

    དེ་ཡང་མ་ཟད་ཁོ་བོས་ང་ལ་ལུང་སྟོན་ཡིན་མདོག་གི་འགྲེལ་བཤད་བྱས་པ་དེ་ཆོ༹་ངས་དུས་ནམ་ཡང་ཉན་མི་སྲིད་པ་མ་ཆ༹ད་ཁྱེད་ཀྱིས་སྲིད་དོན་གྱི་ཟློས་གར་འཁྲབ་པ་དེ་ཡང་གད་མོ་ཤོར་གྱི་འདུག། དེ་རིང་དེ་ཅ༹མ་འཇོག་རྒྱུ་ཡིན། སྤྱིར་བོད་མིའི་སྤྱི་ཆོ༹གས་ཁྲོད་དཀྲུག་གཏམ་སྤེལ་མཁན་ཁྱེད་ལྟར་བུ་གཅིག་ལས་མང་དྲག་མེད་ན་ཅི་མ་རུང།།

    ཁོ་བོས་གཏམ་འཁྱལ་འདོན་སྤེལ་བྱ་ཡུལ་བོད་ཀྱི་དུས་བབ་ནང་དུ་བཀོད་འདུག་པས་མཁྱེན་རྟོགས་ཡོང་བའི་རེ་བསྐུལ་བཅས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme