Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལྟ་མི་བཟོད་པའི་གློག་བརྙན་ཞིག

Posted on 2009-03-212009-03-28 By དགེ་རབ་ 7 Comments on བལྟ་མི་བཟོད་པའི་གློག་བརྙན་ཞིག

གཤམ་གསལ་གྱི་གློག་བརྙན་འདི་ནི་ཧ་ཅང་བལྟར་མི་བཟོད་པའི་གློག་བརྙན་ཞིག་རེད་འདུག ཡིན་ན་ཡང་། དྲ་ཐོག་ལ་ཁྱབ་འདུག ཀླ་ཀློའི་སྤྱོད་པ་ཟེར་བ་དེ་འདི་འདྲ་ཞིག་ལ་གོ་དགོས་པ་ལས་གཞན་ཅི།

http://www.youtube.com/watch?v=PqjC9Wa3sxE

གློག་བརྙན་།

Post navigation

Previous Post: དཔལ་འབྱོར་ཉམས་རྒུད་སྐོར་གྱི་དྲི་བ་ཞིག
Next Post: འོད་ཐིགས་ལ་དུངས་པའི་གཏམ།

Comments (7) on “བལྟ་མི་བཟོད་པའི་གློག་བརྙན་ཞིག”

  1. དཀོན་མཆོག says:
    2009-03-21 at 1:31 pm

    གློག་བརྙན་འདིར་ཁ་སང་བལྟས་པ་ཡིན། དེ་རིང་བསྐྱར་ཏུ་བལྟ་ཐུབ་ས་མ་རེད། ཐོག་དང་བོ་མཐོང་དུས་ངས་རང་ལ་རྡུལ་ཕྲན་མཚོན་ཆ་ཞིག་ཡོད་ན་ཅི་མ་རུང་དྲན་སོང་། རྒྱ་མིས་ང་ཚོར་ལོ་ངོ་དྲུག་ཅུའི་རིང་སྡུག་པོ་འདི་འདྲ་རྐྱང་བཏང་ནས་ཡོང་བ་ལས་དེ་རིང་གི་འདི་གསར་བ་དེ་འདྲ་ཅང་མ་རེད།

  2. གཞིས་ལུས་བོད་པ། says:
    2009-03-21 at 5:24 pm

    མཉམ་འབྲེལ་རྒྱལ་ཚོགས་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མིག་ཅེ་རེར་ལོང་དུ་སོང་མེད་ན་བརྙན་འཕྲིན་འདི་དག་གཙོ་བོར་གྱུར་པས་བོད་ལ་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད་པ་མངོན་གསལ་རེད། བོད་ཡུལ་ལ་ཕྱི་རྒྱལ་གྱི་མྱི་རིག་རྒྱུ་མེད་པ་བྱས་ནས་ལོ་གཅིག་ལྷག་རེད་ལ། དེའི་རིང་ལ་བོད་ས་ཡོངས་རྫོགས་དམག་གིས་གང་ནས་འདུག ན་ནིང་ཕྱི་ཟླ་བདུན་པར་ང་རང་ཁྲེང་ཏུའུ་ནས་དར་མདོར་ཡོང་སྐབས་ཤིག་ལ་ལྕགས་ཟམ་ཁ་ནས་དར་མདོའི་བར་དུ་དམག་གི་རླངས་འཁོར་བརྒྱ་ལྷག་ཅིག་འགྲོ་གྱིན་འདུག་པ་དངོས་སུ་མིག་གིས་མཐོང་། དེས་ན་བོད་ས་ཡོངས་རྫོགས་དམག་གིས་གང་ཡོད་ལ། དེའི་ཡུན་ལ་བོད་མི་སྟོང་ཕྲག་མང་པོར་སྡྭག་བསྔལ་བཟོད་བླག་མེད་པས་མནར་གཅོད་བྱས་ཏེ་ད་ལྟ་ཨ་ན་ཨ་ཚ་ཙམ་ཟེར་ནའང་སྲོག་ལ་རྒོལ་བའི་སྡུག་བསྔལ་གཏོང་གི་ཡོད་པ་རེད། ན་ནིང་གི་ལས་འགུལ་སྐབས་འཛིན་བཟུང་བྱས་པའི་མི་ཁ་ཤས་ལ་ང་ཐུག་པ་ཡིན། ཁོ་ཚོས་བཤད་རྒྱུར། སྤྱིར་བཏང་རྡུང་རྡེག་བྱེད་པ་བཟོད་དཀའ་བ་སྨོས་མ་དགོས་པ་རེད་ལ། དེ་ལས་ཀྱང་ཆེས་བཟོད་དཀའ་བ་ནི་བཙོན་ཁང་ནང་དུ་བཟའ་བ་དང་བཏུང་བ་མི་སྦྱིན་པར་ལྟོག་སྐོམ་གྱིས་གདུང་བ་དེ་རེད་ཅེས་བཤད་ཀྱིན་འདུག དེ་ཡང་རྡུང་རྡེག་བྱེད་སྟངས་ལ་ངས་མི་གཉིས་ལ་དྲིས་པར་གཉིས་ཀས་ཁ་གཅིག་གྲག་ལྟ་བུས་རྫོང་ཐོག་ཏུ་རང་སྐྱོང་ཁུལ་གྱི་ལས་བྱེད་རྣམས་ཡོང་ཉིན་དེ་ལ་ནམ་ཡིན་ཡང་རྡུང་རྡེག་བྱེད་ནི་རེད་ཟེར། ཡང་གཟའ་འཁོར་རེའི་གཟའ་ལྔ་པ་སྟེ་གཟའ་པ་སངས་ཉིན་ལུས་ཀྱི་ཕྱི་གོས་རྣམས་ཕུད་དུ་བཅུགས་སྟེ་དུས་ཚོད་སྐར་མ་བཅོ་ལྔ་ནས་སུམ་ཅུའི་བར་དུ་བཟོད་དཀའ་བའི་རྡུང་རྡེག་བྱེད་པ་རེད་ཟེར། རྡུང་རྡེག་སྐབས་ཨ་ན་ཨ་ཚ་ཟེར་ན་དེ་ལས་ཀྱང་ཇེ་སྡུག་ཏུ་བཏང་ནས་རྡུང་བ་དང་སྐད་ཀྱང་གཏོང་མི་ཉན་ཟེར་བ་རེད། དཔེར་ན་རྔ་བ་ནས་གནམ་མཚོ་མ་སྡེ་བས་དགེ་བཟང་ཟེར་བ་ཞིག་མཁལ་མ་གཏོར་ནས་ནད་ཀྱིས་ཤི་བ་ཡིན་འདུག གསེར་རྟ་གནུབས་ཟུར་དགོན་པའི་གྲྭ་བ་གསུམ་འཇུ་བཟུང་བྱས་མ་ཐག་བརྡུངས་ནས་བརྒྱལ་འདུག་ལ་གཅིག་གི་རྐེད་པ་ཡང་ཕུད་འདུག་ཟེར། དེ་བཞིན་དུ་དཀར་མཛེས་རྫོང་དུ་མི་བཙོན་ལ་བཟུང་བ་མང་དྲགས་ཏེ་བཙོན་ཁང་དུ་མ་ཤོང་བས་ཉག་རོང་སོགས་ས་ཁུལ་གཞན་གྱི་བཙོན་ཁང་དུ་བགོས་འདུག ཡང་ལྷ་སའི་གྲོགས་པོ་ཞིག་གིས་བཤད་རྒྱུར། གྲྭ་སའི་དགེ་བཤེས་ཤིག་གི་ལག་པ་གཉིས་ཀ་དུམ་བུར་བཅད་ཡོད་ཅིང་དེ་ལ་སྨན་བཅོས་བྱེད་པ་ལྟ་ཅི་ད་དུང་རྡུང་རྡེག་བྱེད་ཀྱིན་འདུག་ལ། ཟ་མ་བཟའ་བར་ཧ་ཅང་དཀའ་ངལ་ཆེ་བ་དངོས་སུ་རིག་མཁན་ཡོད་འདུག་ཟེར། དེ་དང་དེ་ལྟ་བུའི་དཔེ་མཚོན་བརྗོད་ཀྱིས་མི་ལངས་པ་ཞིག་ཡོད་འདུག རྒྱ་ངན་ཚང་འདིས་ད་དུང་བོད་མི་རྣམས་བདེ་སྐྱིད་ལ་རོལ་གྱིན་ཡོད་པ་བཤད་དེ་རྒྱལ་སྤྱི་ལ་བོད་པའི་སྐུ་ཚབ་ཀྱང་མངགས་ནས་རྫུན་བསྒྲགས་བྱེད་པ་འདི་ཅི་འདྲའི་སྙིང་ན་སྤྱད་ཀྱི་ཧམ་སེམས་དང་བརྙས་བཅོས་ཤིག་རེད།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-03-21 at 5:41 pm

    གཞིས་ལུས་བོད་པ་ལགས། ངེད་ཅག་བོད་པ་ཚང་གི་ལས་དབང་འདི་ལ་འགྱུར་བ་ཞིག་གཏོང་དགོས་དུས། དེ་ནི་གཙོ་བོ་བོད་མི་རང་ཉིད་ཀྱི་ནང་ཁུལ་ནས་ཁ་འཆམ་པོ་བཟོ་རྒྱུ་དང་བྱ་བ་ཆེ་མ་ཆུང་གསུམ་གང་ཞིག་བྱེད་ཀྱང་བོད་མིས་བོད་མི་ལ་སེམས་གཏིང་ནས་རོགས་རམ་བྱེད་རྒྱུ་དང་གསང་བ་ཕྱི་ལ་མི་ཤོར་བ་ཞིག་བྱོས་དེ་རང་རང་གི་ས་ནས་རང་ཁྱིམ་ནས་མགོ་བཙུགས་དེ་རྒྱ་ནག་གི་སྲིད་གཞུང་ལ་བློ་གཏོད་མེད་པའི་བསླབ་བྱ་བྱིས་པ་ལོ་གསུམ་ཡན་ནས་བཟུང་དེ་བསླབ་བྱ་བརྒྱབ་དེ་བོད་མིས་བོད་མི་བཙོང་མི་རུང་། བོད་མིས་བོད་མི་སྐྱོབས་དགོས་ན་བོད་ས་ནས་བོད་པ་རང་གི་རྣ་མཆོག་འཛིན་སྟངས་ལ་རིགས་མི་འདྲ་བ་སྣ་ཚོགས་ཡོད་པའི་བསྐོར་གྱི་ཤེས་བྱ་གང་ཡིན་ཡང་གཅིག་གི་རྣ་ལམ་བརྒྱུད་དེ་བཅུ་དང་བཅུ་ནས་བརྒྱ། བརྒྱ་ནས་གྲངས་ག་ཚོད་འཕར་ཐུབ་ཐུབ་ཞིག་བྱེད་རྒྱུ་ལས་ལག་དུ་མེ་མདའ་བཟུང་ཞིང་ཁོག་ན་ཞེ་སྡང་གདུག་རྩུབ་ལས་མེད་པའི་རྒྱ་ནག་སྲིད་གཞུང་གི་རྒྱུག་ཁྱི་དེ་དག་ལ་ཁ་གཏད་འཇོག་དགོས་ན་ནང་ཁུལ་རྡོག་རྡོག་བཟོས་དེ་ཐབས་ལ་བརྟེན་ནས་ཚེ་སྲོག་ལ་མི་གནོད་པའི་ལས་ཀ་ནས་འགོ་བརྩམས་དེ་རང་ས་རང་སྲོག་ཅིས་ཀྱང་སྲུང་ཐུབ་ལ་འབད་བརྩོན་བྱེད་དགོས་པའི་བསྐོར་ལ་་བསམ་བློ་གཏོང་རོགས་ཟེར་ནས་བོད་པ་རང་གི་དགའ་ཉེ་གྲོགས་པོ་ནས་མགོ་འཛུགས་རོགས་ཟེར་ནས་སེམས་གཏིང་ནས་ཞུ་འདོད་བྱུང་བས་ཁྱེད་རང་ལ་དྲ་ཐོག་འདི་བརྒྱུད་དེ་ཞུས་པ་ཡིན།

  4. ཟིལ་བ says:
    2009-03-22 at 1:06 pm

    འདི་ལྟ་བུ་ཅི་ཡང་མ་རེད་ཅེས་བརྗོད་ཆོག དོན་དངོས་སུ་བོད་མའི་མྱོང་བཞིན་པའི་སྡུག་བསྔལ་ཏེ་ཕྱི་ལ་སྟོན་ཐུབ་ཡོད་པ་མ་རེད། རྒྱུ་མཚན་ནི། གཅིག དེང་གི་ལས་ཡུལ་དངོས་ར་སྤྲོད་བྱེད་པའི་པར་ཆས་དང་བརྙན་འབེབས་ཡོད་མཁན་གྱི་བོད་མི་རྫོང་གྲོང་དུ་ཤུན་ཏུ་ཉུང་། གཉིས། བོད་མིའི་སེམས་ངོགས་སུ་གནས་ཚུལ་དེ་དག་གཞན་ལ་སྟོན་ཆེད་དུ་པར་འདེབས་པ་དང་བརྙན་འབེབས་བྱེད་པའི་འཆར་གཞི་དང་སེམས་པའི་འཁྱེར་སོ་དེ་མེད་པ་རེད། གསུམ། གལ་ཏེ་པར་འདེབས་པ་དང་བརྙན་འབེབས་ཀྱི་གོ་སྐབས་བྱུང་ནའང་སེམས་ཀྱི་སྡུག་བསྔལ་དེ་སུ་ལ་ཞུ། བློས་ཐུབ་ཀྱི་གྲོགས་པོ་སུ་ཞིག་བྱེད། དེང་སྐབས་ སྒོར་མོ་ལས་བསམ་པ་མེད་པའི་རྒྱ་དམར་གྱི་རྒྱུགས་ཁྱིའི་ཁ་རུ་ཚུད་ཨེ་འགྲོ་སྙམ་པའི་ཐེ་ཚོམ་བྱ་དགོས། བཞི། ཇོ་མོ་གླང་མའི་ཕ་རོལ་དུ་སྤྲོད་པའི་ཐབས་ཤེས་མེད། དྲ་རྒྱ་ཞེས་པའི་ལག་རྩལ་དེ་མེད་ལ་ཁ་པར་གཏོང་སའི་ཨང་གྲངས་ཡང་ཡེ་ནས་ཤེས་ཀྱི་མེད།
    བོད་དོན་དུ་རང་སྲོག་ཤོར་བ་དེ་དག་གི་རེ་བ་དག་ང་ཚོའི་ཇི་ལྟར་གོ་ལ་ཡོངས་སུ་བར་འཇུག་ཐུབ་བམ།

  5. བསོད་ནམས་བདེ་སྐྱིད། says:
    2009-03-23 at 12:14 am

    གུས་མོར་གོ་སྐབས་ཤིག་འབྱུང་ཚེ་གུང་ཁྲན་དྲེ་དམག་ཁ་ཤས་གསོད་ངེས་ཡིན། དྲང་མོར་བཤད་ན་ང་ནི་ཞི་བའི་ལས་ལ་འུ་ཐུག་སོང་བའི་བོད་མི་ཞིག་ཡིན།

  6. གངས་ཕྲུག་རྨས་མ། says:
    2009-04-19 at 9:52 pm

    གལ་སྲིད་ཁྱེད་བོད་ཀྱི་བུད་མེད་ཚོགས་གཙོ་ཡིན་ན གུས་པ་ཡང་གཞོན་ནུའི་ཚོགས་གཙོ་ཡིན་ན། བྷས་ལ་ཏེན་དང་བལ་ཡུལ་མའོ་རིང་ལུགས་ཀྱི་ལམ་ཁ་འདི་བརྒུུད་ནས་རྒྱ་མི་བོད་ནས་མཐར་སྤྲོད་བྱེད་པའི་དྲག་སྤྱོད་ཅི་སྤེལ་ཁོ་ཐག་ཡིན།

  7. གངས་ཕྲུག་རྨས་མ། says:
    2009-04-19 at 9:53 pm

    ཅིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme