Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་ལ་མྱ་ངན་ཞུས་ཏེ་བོད་པ་འགར་ལན་ཞིག་བཏབ་ཡོད།

Posted on 2015-04-302015-04-30 By ཁ་བརྡ 5 Comments on བལ་ཡུལ་ལ་མྱ་ངན་ཞུས་ཏེ་བོད་པ་འགར་ལན་ཞིག་བཏབ་ཡོད།

དུར་བྱང་།

 
ད་ཆ། མང་བོ་ཞིག་གིས་བལ་ཡུལ་གྱི་ས་ཡོམ་ལས་འཕྲོས་པའི་ཁ་ཐོགས་ཚད་པོས་དབུགས་ཚ་བོ་དང་འགྲོགས་ནས་འགན་དང་འཁྲི་མེད་པའི་སྐད་ཆའི་གད་སྙིགས་འབེལ་བོ་ཞིག་མཐོང་བའི་ཚེ། ཨ་ཙི་བོད་འདི་ཅི་མ་ཉན་པ་རེད་ཅེས་ཟུར་མ་ཕྱིན་པའི་ཆིག་ལབ་ཐེངས་འགར་ཤོར།
ཡིན་རྒྱུ་ནི། བསྟུན་ཐབས་སྲིད་དོན་རིག་པའི་རྨང་མ་ཆགས་པ་ཁོ་ནས་ལན་པ་རེད་ལ། ཁ་ཤ་ལྷབ་ལྷབ་བྱས་པ་ཙམ་ལས་སྙིང་ན་ཕར་གཡོ་ཚུར་གཡོ་བྱེད་བཞིན་པའི་ལྟ་ཚུལ་ནར་མ་དེ་ཁོ་ནས་ལན་པ་མ་རེད་པས།

ཡང་སྙིང་། བལ་ཡུལ་གཞུང་ངོས་ནས་དགྱ་ནག་ལ་ཁ་གཏད་དེ་བོད་པ་རྒྱབ་ནས་བསྐྱོར་དགོས་ཟེར་བ་ཡིན་ནམ། ཧམ་པ་ཚ་དྲགས་ཨང་། ཅིའི་ཕྱིར། བོད་ལ་རྒྱབ་སྐྱོར་བྱ་དགོས་པ་རེད་དམ། ཅིའི་ཕྱིར། དགྱ་ནག་ལ་གདོང་གཏོད་དགོས་པ་རེད་དམ། “བལ་ཡུལ་དགྱ་ནག་གི་རྒྱུག་ཁྱི་རེད”ཅེས་པ་ནི་ཟེར་རྒྱུས་ཕོངས་པ་རང་རེད་ལ། “དགྱ་ནག་གིས་བལ་ཡུལ་དབང་བསྒྱུར་བྱ་རྒྱུ་ཐག་གིས་ཆོད་པ་རེད”ཅེས་པ་ནི། རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་རང་རེད། ཆབ་སྲིད་དཔལ་འབྱོར་དང་འབྲེལ་བའི་དགྱ་ནག་ལ་བསྟུན་ཐབས་བྱ་དགོས་པ་ནི་རྒྱལ་ཁབ་ཅིག་གི་འཕེལ་རྒྱས་དང་འབྲེལ་བ་དམ་པོར་ཆགས་ཡོད། བལ་ཡུལ་ལ་ཅི་ཁག དངོས་གནས་ཐུགས་ཁག་མེད།

སྔ་ཆད། ཆིངས་ཡིག་དོན་ཚན་བཅུ་བདུན་མ་བཞག་པའི་སྔོན་ཏག་ཏག་ལ། “བོད་གཞུང་གིས་རྒྱལ་ཁབ་བདུན་ལ་རྒྱབ་སྐྱོར་གནང་རོགས་ཞེས་ཁ་ཚ་དགོས་གཏུག་གི་སྙན་ཞུ་ཕུལ་བ་རེད”དེ། སྐབས་དེར་རྣ་བ་གཡར་མཁན་མ་བྱུང་།
རྒྱ་གར་གྱི་སྲིད་བློན་ནེ་རོས། “བོད་རང་བཙན་ཡིན་པར་ཁས་ལེན་མ་བྱས་པ་རེད”དེ། སྐབས་དེར་མིད་པ་ལྷུག་ལྷུག་འགུལ་རྒྱུ་མ་བྱུང་།
ཨ་རིའི་སྲིད་འཛིན་ཨོ་བྷ་མས། “བོད་འདི་དགྱ་ནག་གི་ཆ་ཤས་ཤིག་རེད་ཅེས་གཏམ་བཤད་སྤེལ་བ་རེད”དེ། སྐབས་དེར་སྙུ་གུ་ལག་ཏུ་འཛིན་རྒྱུའང་མ་བྱུང་།
དངོས་གནས་བྱས་ན། འདི་དག་གིས་ང་ཚོར་གཏིང་ནག་པ་རེད་ལ། བོད་ཀྱི་ལོ་རྒྱུས་བསྣོག་པ་མ་རེད་པས། ཕུ་འདེད་བྱས་ན། འདིའང་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་བསྟུན་ཐབས་ལ་གཟས་པ་དང་། ཆབ་སྲིད་དང་དཔལ་འབྱོར་གྱི་འབྲེལ་མཐུད་ལ་དམིགས་པ་ཡིན་ཆེ་སྟེ། འོ་ཅག་ལ་ག་འདྲའི་བསམ་ནག་གཏིང་ནག་ཏུ་མ་གྱུར་གྲང་། ཧིན།
ག་གེ་མོ་ན་རེ། “ལས་འབྲས་ནི་ཅུང་ཟད་བསླུ་བ་མེད་པའོ།།”ཞེས་བལ་ཡུལ་དམར་མཆོད་ཆེན་མོའི་སྐབས་ཀྱི་འདྲ་པར་རེ་འགའ་བཞག་སྟེ་ཅུང་མ་རུང་བའི་རྣམ་འགྱུར་བསྟན་པ་ནི་ཤིན་ཏུ་དགོད་བྲོ་ཨང་། རྒྱུ་བསགས་པ་ལས་འབྲས་བུ་མྱངས་པ་ཡིན་ཙང་། ཏག་ཏག་རེད་ཟེར་བ་ཡིན་ན་ཁྱོད་རྦད་དེ་གཟར་སོང་། རང་ཉིད་ལྟེ་བ་ཡིན་པའི་ལྟ་ཚུལ་བརྗོད་པར་འདོད་དེ་བརྗོད་མ་ཤེས་པ་ཁོ་ནའོ།།

ཆེ་གེ་མོ་ན་རེ། བལ་ཡུལ་གྱི་ས་ཡོམ་ཁྲོད་ནས་བྱུང་བའི་སྨེ་ངག་དང་། ངུ་འབོད། མྱ་ངན་བྱེད་པ་ལས། བོད་ཀྱི་སྐད་ཡིག་ཉམས་པ་དང་། རྒུད་པ། འཇིག་པ་སོགས་ལ་དེ་བྱོས་དང་། འདི་གྱིས་དང་ཞེས། དེ་འདི་ལ་སྦྱོར་ཁུལ་བྱས་པ་ནི་ར་མགོ་ལུག་ལ་ཨེ་འཕྲོད་བལྟས་པ་རང་ཡིན་པས་སུ་ཞིག་དགོད་མི་འཆོར་རམ། ཡོངས་ཁྱབ་རིན་ཐང་གི་རྩ་འཛིན་དང་མི་རིགས་རིང་ལུགས་ཀྱི་ཞེན་ཁོག་གཉིས་གཞི་གཅིག་ཏུ་བསྲེས་པ་རེད། ཡང་ན། བྱེ་བྲག་གིས་སྤྱི་ལ་དམར་གསོད་བཏང་བའི་འཇིགས་སྐུལ་བ་ལྟ་བུ་རེད།

རང་ངོས་ནས། སྙིང་ཉེ་བའི་བལ་ཡུལ་གཞུང་དམངས་གཉིས་ལ་སེམས་གཏིང་ནས་མྱ་ངན་ཞུ་རྒྱུ་ཡིན། མྱ་ངན་ཞུ་ཞེས་པའི་ཚིག་སྐམ་པོ་གཅིག་གིས་ཅི་ཡང་རྔོ་ཐོགས་པ་མིན། འོན་ཀྱང་། རང་ཉིད་ལ་བདག་པའི་སེམས་པ་དམར་པོ་དེ་ཁྱེད་ཅག་གི་སེམས་པ་དང་གླན་ནས་ཡོད། རེད། འདི་ཆབ་སྲིད་དང་འབྲེལ་བ་མེད་ལ། ཆོས་ལུགས་དང་འབྲེལ་བ་དེ་བས་ཀྱང་མེད། ཁོ་བོས། ཡོངས་ཁྱབ་རིན་ཐང་གི་རིན་ཐང་ཤེས་པས་ཡིན་ལ། འོ་ཅག་གིས་གཅེས་པ་ལ་ཚོད་མེད་པའི་ཚེ་སྲོག་གི་གོང་ཐང་རྟོགས་པས་ཡིན། རང་སྲོག་རང་གིས་ཇི་ལྟར་གཅེས་པ་དང་སྲུང་བ་ལྟར་གཞན་ལའང་ངེས་པར་དེ་འདྲ་ཡིན། ངས་རང་དཔེ་གཞན་ལ་ལངས་པ་ཡིན། གཞན་དཔེ་རང་ལ་བསྡུར་བ་ཡིན། དེའི་ཆ་ནས། ཁོ་བོས་ཚེ་སྲོག་ཤོར་བའི་བལ་ཡུལ་གྱི་མི་སྒེར་རེ་རེ་ལ་མྱ་ངན་ཞུ་བཞིན་ཡོད།

2015.4.27

སྣ་ཚོགས།

Post navigation

Previous Post: རིན་པོ་ཆེ། ཁྱེད་ཉིད་གང་དུ་བཞུགས་ཡོད།
Next Post: བོད་ཀྱི་སྨྱོན་པ་ཚ་ཤོས།

Comments (5) on “བལ་ཡུལ་ལ་མྱ་ངན་ཞུས་ཏེ་བོད་པ་འགར་ལན་ཞིག་བཏབ་ཡོད།”

  1. དཔལ་དོན། says:
    2015-04-30 at 11:54 pm

    དང་པོ། ཨོ་བྷ་མ་དང་ཨ་རིའི་གཞུང་གིས་གནའ་ནས་ད་བར་དུ་”བོད་རྒྱ་ནག་གི་ཆ་ཤས་རེད་”ཅེས་བཤད་མྱོང་ཡོད་པ་མ་རེད།

    གཉིས་པ། བལ་ཡུལ་གཞུང་གིས་བོད་རང་བཙན་ཡིན་མྱོང་བ་ལ་རྒྱབ་སྐྱོར་བྱེད་དགོས་དོན་ནི་བལ་ཡུལ་གཞུང་དང་བོད་གཞུང་གཉིས་མོལ་གྱིས་བོད་རྒྱལ་ཁབ་ཀྱི་ཤོག་སྒོར་བཟོས་མྱོང་བ་དང་གཅིག བལ་ཡུལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་ཞུགས་དུས་ཀྱི་ཆ་རྐྱེན་ནང་བོད་རྒྱལ་ཁབ་དང་མཉམ་དུ་བཞག་མྱོང་བའི་གྲོས་ཆོད་ཡོད་པ་དང་གཉིས། ཀོར་བོད་དམག་འཁྲུག་འདུམ་པའི་སྐབས་སུ་མན་ཇུ་རྒྱལ་ཁབ་ཀྱི་ལྷ་སར་སྡོད་པའི་ཨམ་བན་གྱིས་བལ་བོད་རྒྱལ་ཁབ་གཉིས་ཀྱི་བར་དཔག་བྱས་པ་དང་གསུམ་གྱིས་ལོ་རྒྱུས་ཀྱི་དོན་དངོས་ཁས་ལེན་དགོས་ཀྱི་ཡོད་པ་རེད། དེ་མ་བླངས་པས་བལ་བོ་ནི་རྒྱལ་ཁབ་ཀྱི་མིང་ཙམ་ལ་དོན་ལ་སུས་ཀྱང་བེད་སྤྱོད་བཏང་ཆོག་ཆོག་ཡིན་པའི་ངོས་འཛིན་ཞིག་འཛམ་པོའི་གླིང་དུ་ཡོད་རེད། དེས་རྒྱལ་ཁབ་ཀྱི་ལ་རྒྱ་ཤོར་ཡོད། བོད་ལ་རྒྱབ་སྐྱོར་བྱེད་རོགས་ཟེར་བ་ནི་བལ་ཡུལ་བས་རང་གི་རྒྱལ་ཁབ་ཀྱི་ལ་རྒྱ་འཛིན་རོགས་ཟེར་གྱི་ཡོད་པ་རེད།

    མཐར་བལ་ཡུལ་ས་ཡོམ་ནང་རྐྱེན་འདས་ཕྱིན་པ་ཡོངས་ལ་མྱ་ངན་དང་། ཤུལ་ལུས་རྣམས་པར་གདུང་སེམས་མཉམ་བསྐྱེད་ཞུ། སྡུག་བསྔལ་ལས་ཐར་བར་ཤོག

  2. ཁྱུང་སེ། says:
    2015-05-01 at 3:48 am

    མི་ཆོས་དགེ་བའི་ཆ་ནས་བཤད་ན་ཕ་རོལ་པོ་སྡུག་གིས་མགོ་བོ་སྒུར་དུས་ཚུར་ཕྱོགས་ནས་སྐད་གསང་མཐོན་པོས་དགའ་བའི་གླུ་ལེན་སྐྱིད་པའི་བྲོ་འཁྲབ་ན་ལས་འབྲས་སུ་རུང་ངམ། ཡ་རབས་སྤྱོད་བཟང་ཞིག་ཏུ་ངོམ་ཆོག་གམ། ནང་པ་བ་ཞིག་གི་ངོས་ནས་བྱས་ན་ལས་འབྲས་ལ་བརྩི་སྲུང་བྱས་པ་ཡིན་ནམ། འཚེ་མེད་ཞི་བའི་ལྟ་གྲུབ་ཏུ་འདོད་པའི་སྟོན་པ་ཞིག་གི་རྗེས་འཇུག་ཏུ་འགྲོ་འམ། མར་གྱུར་ནམ་མཁའི་མཐའ་དང་མཉམ་པར་ཟེར་ནས་ཉིན་ལྟར་ཁ་མག་མུག་གིས་འདོན་པ་དེའི་ཁ་དང་ལག་མཐུན་གི་ཡོད་དམ། རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོའི་བཀའ་དགོངས་བསྒྲུབ་བམ། ཅི་ལྟར་བལ་ཡུལ་མེད་ན་བོད་མེད། བལ་ཡུལ་མེད་ན་གཞིས་བྱེས་མཉམ་འཛོམ་མེད། བལ་ཡུལ་མེད་ན་ནང་པའི་ལྷ་སྐུ་རྟེན་གསུམ་མེད། བལ་ཡུལ་མེད་ན་གསར་འབྱོར་རྙིང་འབྱོར་ནུབ་ཕྱོགས་སུ་འགྲོ་ལམ་མེད། དེས་ན་ཆབ་སྲིད་དང་ཡ་རབས་བཟང་སྤྱོད་གང་ནས་ལྟས་ཀྱང་གནས་ཚུལ་འདི་འདྲ་བྱུང་དུས་སྐྱིད་པའི་གླུ་ལེན་དགའ་བའི་བྲོ་འཁྲབ། དམོད་ངན་གྱི་བཟློག་པ་འཕེན་དུས་ཞིག་གཏན་ནས་མ་རེད་དྲན།

  3. བསྟན་དབང says:
    2015-05-01 at 1:38 pm

    ཨ་རིའི་སྲིད་འཛིན་ཨོ་བྷ་མས་བོད་དེ་རྒྱ་ནག་གི་ཆ་གཤས་རེད་གསུང་མ་སོང་ ཁོང་གི་ག་རེ་གསུང་སོང་ཟེར་ན་བོད་དེ་རྒྱ་ནག་མི་དམང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོང་རེད་ཟེར་ དེ་འདྲ་གསུང་ཐུབ་མཁན་འཛམ་གླིང་གི་དབུ་ཁྲིད་ནང་ཉུང་ཉུང་རེད་
    བལ་ཡུལ་ནང་བཞིན་ཀྱི་པོན་པོ་རིམ་བྱུང་གི་བོད་རྒྱ་འོག་རེད་ཟེར་བ་རེད་ ད་ལྟ་དབུ་མའི་ལམ་ཀྱི་གྲོལ་མོལ་ཡང་དགགས་ས་དེ་རང་རེད་རྒྱ་མཆོག་ནས་བོད་འདི་སྔ་མོ་ནས་རྒྱ་འོག་རེད་ལབ་དགོས་ཟེར་ དེར་རང་གཞུང་ནས་ཁས་ལེན་བྱེད་ཐབ་བྲལ་ རྒྱ་འོག་ཟེར་ན་ཧན་མི་རིགས་འོག་ལ་ཟེར་སྤྱི་མཐུན་རྒྱལ་ཁབ་ཟེར་ན་གྲང་མང་གྲ་ཉུང་མི་རིགས་ཡོང་འཛོགས་ལ་གོ་དགོས་ དེ་ཞིན་ཨ་རི་སྤྱི་མཐུན་རྒྱལ་ཁབ་ཡང་མི་རིགས་དཀར་པོ་དབྱིན་ཅི་ནས་རང་བཙན་བྱས་ནས་ད་ལྟའི་མི་རིགས་འདྲ་མཉམ་ཀྱི་སྲིད་གཞུང་འདི་གཙུགས་པ་རེད་

  4. ཁུ་བྱུག says:
    2015-05-01 at 4:06 pm

    མྱི་ཟེར་བ་འདི་ཅི་འདྲའི་གོད་བྲོ་བ་ཞིག་རེད་ཨང་། ཡིན་ན་མིན་ན་ཆགས་སྡང་བྱེད་ཡུལ་དེ། སྲོག་ལྡན་ཞིག་ཡིན་དགོས་འདུག ད་ཐེངས་བལ་ཡུལ་དུ་ས་འགུལ་རྒྱུགས་ཏེ། མི་སྟོང་ཕྲག་མང་པོའི་ཚེ་སྲོག་དུས་གཅིག་ཏུ་སྐད་ཅིག་ལ་བྲལ་ཞིང་། དཀའ་སྤྱད་ཀྱིས་བསགས་པའི་རྒྱུ་དངོས་འབོར་ཆེན་ཐལ་རྡུལ་དུ་གྱུར་ཀྱང་གང་ལ་སྡང་དགོས་སམ། གཞན་ཡང་། རྩོམ་ཐུང་ཅིག་འབྲི་ནའང་དེ་དང་དེ་ནོར་བ་དང་མི་འགྲིགས་ཞེས་སྡང་སེམས་སྐྱེས་ཤིང་། ང་དང་ངའི་བལྟ་ཚུལ་ལེགས་ཤིང་འགྲིགས་པའི་རློམ་སེམས་ཀྱིས་རང་གིས་རང་ལ་ཆགས་པ་ཤུགས་ཀྱིས་བསྟན་པ་སོགས་འཁོར་བའི་གནས་ལུགས་ལ་བདེན་པ་ཞིག་གཞར་ཡང་མེད་དོ། །

  5. ཨ་འདུས་སྐལ་བཟང་རྒྱ་མཚོ། says:
    2015-05-02 at 10:21 pm

    འདི་ནས་བློ་གྲོས་ཀྱི་ན་ཚོད་སྨིན་པའི་མྱི་དག་མ་ཞིག་གི་དབུགས་ཀྱི་རྒྱུ་བ་རྣལ་མ་དེ་ཚོར་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme