Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་མི་མང་གི་ཚེ་སྲོག་ལ་མྱ་ངན་ཞུ།

Posted on 2015-04-262015-04-26 By ཁ་བརྡ 2 Comments on བལ་ཡུལ་མི་མང་གི་ཚེ་སྲོག་ལ་མྱ་ངན་ཞུ།

མགལ་དུམ།
——-(བལ་ཡུལ་གཞུང་དམངས་ཀྱི་མི་སྤྱོད་ལས་འདས་པའི་རྨ་ཁ་དག་ནམ་ཡང་བརྗེད་དུ་མེད་མོད། བལ་ཡུལ་མི་མང་གི་ཚེ་སྲོག་ལ་མྱ་ངན་དང་བརྩི་བཀུར་བྱའོ།)

 
ཁ་སང་ཉི་མ་ནུབ་ལ་ཉེ་བའི་ད་ཚོད་ཅིག་ལ། ངས་བལ་ཡུལ་གྱི་རྒྱལ་ས་ཡོམ་ཡོམ་འགུལ་བའི་སྐད་ཆ་འཚིག་རོ་མ་ཞིག་གོ་སོང་། དེ་མུར་ངས་བལ་ཡུལ་དུ་ཡོད་པའི་རང་གི་གྲོགས་པོ་ཚོ་དྲན་སོང་། གཉེན་ཉེ་དང་སྤུན་ཟླ་ཧི་མ་ལའི་ཕར་རྒྱབ་ཏུ་བསྐྱུར་ཞིང་བལ་ཡུལ་དུ་སྐྱབས་བཅོལ་དུ་ཡོད་པའི་རིགས་མཐུན་གྱི་སྤུན་ཟླ་ཚོ་དྲན་སོང་། ངས་སླར་ཡང་ལོ་ངོ་ལྔའི་གོང་གི་ཡུལ་ཤུལ་མི་མང་གི་ངུ་སྒྲ་དང་ན་ཟུག་དྲན་སོང་། ཞོགས་པ་དེར་བདག་གི་སྙིང་ཆུང་ཚལ་བར་བཤགས་པའི་རྨ་ཁ་དེར་བསྐྱར་དུ་ན་ཟུག་ལངས་ཤིང་ཚོད་ཚོད་ལ་ཟུག་རྔུ་རྒྱག་གིན་འདུག མི་བུ་གཅིག་ཡིན་ཡང་ཧ་ཅང་དགོས་གལ་ཆེ་བའི་ཉམ་ང་ཞིང་ཉག་ཕྲའི་སྐབས་འདིར་འུ་ཚོའི་མི་བུ་ཚོ་གློ་བུར་དུ་ཉུང་དུ་བུད་འགྲོ་བ་ནི་མིའི་རིགས་ཀྱི་ཆག་འཇིག་ཡིན་པ་མ་ཟད། འུ་ཚོའི་མི་རིགས་ལ་མཚོན་ན་དེ་ལས་ལྷག་པའི་ཆག་འཇིག་ཅིག་ག་བ་ཡོད་དེ་ཡོད་མི་སྲིད།
ངས་འདི་ལྟར་བསམ་གྱིན་བསམ་གྱིན། མ་འོངས་པར་བོད་དུ་ལོག་ཏེ་པོ་ཏ་ལའི་ཐང་ཆེན་དུ་བོད་ཀྱི་རྒྱལ་གླུ་ཤུགས་ཀྱིས་ལེན་འདོད་མཁན་གྱི་བོད་མི་སྐྱབས་བཅོལ་བ་རེ་ཟུང་བལ་ཡུལ་གྱི་ཨར་འདམ་དང་སོ་ཕག་གི་གས་སྲུབས་བར་ནས་ཕྱིར་ཡོང་མེད་སོང་ན་ཅི་བྱེད་སྙམ་པའི་དངངས་སྐྲག་ཅིག་གིས་ཕྲན་པའི་སྙིང་ཁ་རུ་སེན་འབྲད་བྱེད་ཀྱིན་འདུག་ཨང་། ང་ཚོ་ཕྱིར་ཕ་ཡུལ་ལོག་དུས་གཞིས་བཞུགས་ཀྱི་སྤུན་ཟླ་ཚོར་འགྲེལ་བཤད་ཇི་ལྟར་རྒྱག་ཨང་།

རེད་དེ། མདང་ནུབ་བརྡ་འཕྲིན་གང་དེའི་བརྒྱུད་ལམ་ནས་བལ་ཡུལ་གྱི་གྲོགས་པོ་ཚོ་བདེ་བླག་ངང་ཡོད་པ་གོ་སོང་། རིགས་མཐུན་སྤུན་ཟླ་ཚོའང་སྔ་གཞུག་སྐད་ཆ་གང་ལ་ཉན་ན་འཚམས་པོ་ཡིན་ཚུལ་ལས་གཞན་གང་ཡང་གོ་རྒྱུ་མ་བྱུང་བས། བློ་སེམས་ཅུང་བདེ་རུ་བབས་སོང་། དངངས་འཚུབ་ཀྱིས་བསླངས་པའི་སྙིང་གི་ལྡིང་ཚད་ཀྱང་ལྡབ་ཀྱིས་ཉུང་དུ་བྱིན་འདུག འོན་ཀྱང་། སྐྱིད་གྲོང་དང་དིང་རི་སོགས་སུའང་ས་ཡོམ་བརྒྱབ་ཡོད་མེད་ཀྱི་སྐད་ཆ་མང་དུ་ནས་མང་དུ་འགྲོ་བཞིན་པ་དེས་སྤུན་ཟླ་སུ་ཞིག་གི་ཚེ་སྲོག་ལ་རྨ་ཁ་བཏད་མེད་འགྲོ་བསམ་ན་ད་དུང་ཡང་ཚོར་བ་འདི་བཏང་སྙོམས་ཤིག་མིན་ལེ་འདྲ།

མདང་ནུབ་བདག་གི་རྨི་ལམ་དུ་བལ་ཡུལ་དུ་ཡོད་པའི་རིགས་མཐུན་ཚོའི་ལས་དབང་རྨིས་པས། དེ་རིང་བསྐྱར་དུ་འུ་ཚོས་ནམ་ཡང་བརྗེད་དུ་མེད་པའི་ལོ་ཟླ་དང་ན་ཟུག་དག་དྲན་བཞིན་འདུག བལ་ཡུལ་ཉེན་རྟོག་པ་ཚོས་བོད་ཀྱི་འཐབ་རྩོད་པ་ཚོ་གཙོ་བོར་གྱུར་པའི་བོད་མི་དག་ལ་དབྱུག་པས་ལེབ་རྡུང་བྱས་ཤིང་ཁྲག་གིས་དམར་པོར་བརྫིས་ཏེ་བཙན་གྱིས་བཙོན་ཁང་དུ་བླུགས་པ་དག་དྲན་བཞིན་འདུག བལ་ཡུལ་གཞུང་གིས་རྒྱ་ནག་གི་དངུལ་སྒོར་གྱི་བམ་ཁ་ལ་མགོ་བོ་གཏུགས་ཏེ་བོད་ཀྱི་ལས་དབང་ལ་རྐང་པས་ཕུར་ཕུར་བཏང་བའི་རྣམ་འགྱུར་སྙིང་ཁ་གཟན་པ་དག་དྲན་གྱིན་འདུག

མདོར་ན་བལ་ཡུལ་གཞུང་དམངས་གཉིས་ཀྱིས་དུས་དང་སྐབས་སུ་བོད་མི་ཚོར་ཐུབ་ཚོད་དང་བརྙས་བཅོས་བཏང་བའི་འདས་དང་ད་ལྟ་བ་དག་དྲན་ན་བལ་ཡུལ་གཞུང་དམངས་གཉིས་ལ་ད་རེས་ཀྱི་དཀའ་ངལ་ཞིག་འཕྲད་པ་ནི་སེམས་ཀྱིས་མི་བཟོད་པ་དང་སྙིང་རྗེ་བསམ་པ་གང་ཡང་མི་འདུག དེ་ནི་བལ་ཡུལ་གཞུང་དམངས་ཀྱིས་བོད་མི་ཚོའི་སྙིང་ཁ་རུ་རྨ་ཁ་བཞག་པ་ཟབ་དྲགས་པས་ཡིན་ངེས། དེ་ནི་བོད་མི་ཚོར་འོ་བྱེད་ཁུལ་གྱིས་སྣབས་སྦྱར་པའི་གཤིས་སྤྱོད་རྩུབ་པོ་དེས་ཡིན་ངེས་ཀྱང་སྲིད། གང་ལྟར་བལ་ཡུལ་ཞེས་ལབ་དུས་བློ་ལ་འཇགས་པོ་ཞིག་ལར་ནས་རེད་མི་འདུག

ད་ལྟ་སླར་ཡང་ངས་ལོ་ངོ་ལྔའི་གོང་གི་ཡུལ་ཤུལ་གྱི་ཞོགས་པ་དེ་དྲན་སོང་། གཞོབ་དྲི་དང་སྡུག་ཡུས་ཀྱིས་གནམ་ས་འགུལ་བའི་ཡུལ་ཤུལ་སྤུན་ཟླ་ཚོའི་སྡུག་བསྔལ་དང་ན་ཟུག་གི་ཉིན་མོ་དེ་དྲན་གྱིན་འདུག ཆོལ་གསུམ་གྱི་ལག་ཟུང་དམ་དུ་སྦྲེལ་ཏེ་སྐྱིད་སྡུག་མཉམ་མྱོང་གི་ལོ་ཞིག་ཕར་ལ་བསྐྱལ་བའི་ནམ་ཟླ་སེམས་ན་བ་དག་དྲན་གསོས་ཀྱིན་འདུག སྐབས་དེར་འུ་ཚོའི་སྤུན་ཟླ་དག་གི་ཚེ་སྲོག་ལའང་གཞན་དང་གཞན་གྱིས་མྱ་ངན་དང་བརྩི་བཀུར་བྱས་ཏེ་སེམས་གསོའི་མེ་ཏོག་གཏོར་ཞིང་ཐུགས་ཁུར་གནང་བ་དེ་འུ་ཚོས་ནམ་ཡང་བརྗེད་མི་སྲིད་ལ། ཡུལ་ཤུལ་སྤུན་ཟླ་ཚོས་དེ་ལས་ཀྱང་བརྗེད་ངེས་མ་རེད། དེ་ནི་ཚེ་སྲོག་ལ་གོང་བཀུར་གྱི་མེ་ཏོག་གནང་བ་དེ་གས་ག་ལ་མིན་ཨང་། ཡིན་ངེས་རེད།

བལ་ཡུལ་གཞུང་དམངས་ཀྱི་གཤིས་སྤྱོད་རྩུབ་པོ་དེས་བསྐྱེད་པའི་ན་ཟུག་དག་བོད་མི་ཚོས་ནམ་ཡང་བརྗེད་མི་སྲིད་ལ། བརྗེད་ཀྱང་ག་ལ་རུང་། རེད་དེ། ད་རེས་ཀྱི་ས་ཡོམ་ཁྲོད་དུ་ཤི་རྨས་ཐེབས་པའི་ཚེ་སྲོག་དག་ལ་བོད་མི་ཚོས་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་བྱས་དང་བྱེད་བཞིན་པ་དེ་ནི་བོད་མི་ཚོར་གོ་རྟོགས་ཅུང་སེལ་བཞིན་པའི་རྟགས་ཤིག་ཡིན་ཙང་། ཡི་རངས་དང་རྒྱབ་སྐྱོར་བྱ་འོས་པ་ཞིག་ཡིན་པར་སྙམ།
ད་དུང་བལ་ཡུལ་དུ་ཡོད་པའི་རིགས་མཐུན་སྤུན་ཟླ་ཚོས་རང་གི་ནུས་ཚོད་དང་འཇོན་ཚོད་ཀྱིས་ས་རྡུལ་གསེབ་ཀྱི་བལ་ཡུལ་མི་མང་གི་ཚེ་སྲོག་གཅིག་ཡིན་ཡང་སྐྱོབ་ཐུབ་མིན་ལ་འབད་ཀྱིན་པ་ནི་བོད་མི་ཚོར་བཙན་པོའི་དཔའ་སྙིང་ཡོད་པ་མཚོན་པས་སྤོབས་པ་བསྐྱེད་འོས་པ་ཞིག་ཡིན་པར་འདོད། དེའི་ཕྱིར། འུ་ཚོ་སུ་ཡང་བལ་ཡུལ་གཞུང་དམངས་ཀྱི་གདུག་རྩུབ་དང་བརྙས་བཅོས་ལ་སྙིང་ནད་ཡོད་པ་བདེན་དུ་ཆུགས་ཀྱང་། ན་ཟུག་དང་སྡུག་ཡུས་ཁྲོད་ཀྱི་བལ་ཡུལ་མི་མང་གི་ཚེ་སྲོག་ལ་འུ་ཚོ་སུས་ཀྱང་བརྩི་བཀུར་དང་མྱ་ངན་ཞུ་དགོས་པར་དྲན་ལ་ཁོ་བོར་མཚོན་ན་ཞུ་བཞིན་ཡང་ཡོད་དོ།

བལ་ཡུལ་མི་དམངས་མིག་ཆུ་ཕྱིས་ལ་སླར་ཡང་འཚོ་བར་སྟ་གོན་གྱིས།།
འབྱུང་བཞི་འདི་ཀོ་རལ་གྲི་འདྲ་བས་དངོ་ལ་སུ་ཡིས་འགྲན་པ་མེད།།
ས་གཞི་རྡོག་པོ་ཡོམ་ཡོམ་འགུལ་བ་གཞའ་ཐབས་མེད་པ་གནས་ཤིག་རེད།།
ཚེ་སྲོག་རྡུལ་གྱིས་ཡང་ཡང་བརྫིས་ན་རྣམ་ཤེས་གསོན་རྒྱུ་དཀོན་ལེ་རེད།།

ཁྱོད་ཚོར་གླང་བོའི་གཤིས་ཤིག་ཡོད་པས་ད་རེས་ས་རུ་འཐིམས་གྱུར་ཅིག།
ཉམ་ཆུང་རྡུང་བའི་ལུགས་ཤིག་ཡོད་པ་ད་རེབ་དྭངས་ཤིག་གཙང་བར་སྨོན།།
དངུལ་ལོར་དགའ་བའི་ཧེབ་ཅིག་ཡོད་པ་ཐེངས་འདིར་ཕྱིར་ཡོང་མེད་པ་དང་།།
རྣམ་ཤེས་དེ་ཚོ་ཡང་བསྐྱར་འཁྲུངས་ན་རྒྱུ་འབྲས་བློ་མིག་འཁྲུངས་པར་ཤོག།

ཚེ་སྲོག་ཟེར་བ་རིན་ཐང་མངའ་བས་མྱ་ངན་བརྩི་བཀུར་བྱེད་བཞིན་ཡོད།།
ས་རྡུལ་གསེབ་ཀྱི་རྣམ་ཤེས་དག་ལ་ཕྱྭ་དང་གཡང་གིས་འབོད་ཀྱིན་ཡོད།།
བསྐྱར་དུ་གསོན་པའི་སྐལ་བ་ཉིད་དེར་ཁྱེད་ཚོས་བརྩོན་ཅིང་འབད་ཀྱིན་པས།།
འཚོ་གཞིས་གསར་ཞིང་སྐྱིད་སྐྱིད་ཅིག་ལ་ག་ལེར་རོལ་བའི་ཀི་ཞིག་འདེབས།།

༢༠༡༢༥-༤-༢༧ ཉིན།

སྣ་ཚོགས།

Post navigation

Previous Post: བོད་མིའི་སྒྲིག་འཛུགས་ཀྱིས་བལ་སྒོར་འབུམ་ ༢༠ གནང་བ།
Next Post: ས་ཡོམ་ཁྲོད་དུ་ཚེ་སྲོག་ཤོར་བ་ཡོངས་ལ་བསྔོ་བའི་ཀ་བཤད།

Comments (2) on “བལ་ཡུལ་མི་མང་གི་ཚེ་སྲོག་ལ་མྱ་ངན་ཞུ།”

  1. ཆུ་ཐིགས་སྔོན་མོ says:
    2015-04-26 at 2:59 pm

    དབྱུག་པ་ཐོགས་པའི་ཉེན་རྟོགས་པ་ག་ཚོད་ཅིག་ཚར་འདུག་་་་་ཉེན་དེའི་ཞོགས་པར་དབྱུག་པ་བཟུང་ནས་བོད་མི་ཚོའི་རྗེས་སུ་རེ་རེ་བཞིན་འདེད་ཀྱིན་པའི་ཉེན་རྟོགས་པ་ག་ཚོད་ཅིག་ཚར་འདུག་་་ད་ཐེངས་ལས་འབྲས་ཤིག་སྨིན་རྒྱུ་ཡོད་ན་ཡིན་ཡ

  2. BONPO says:
    2015-04-26 at 10:29 pm

    དྲན་པ་ཡབ་སྲས་གསུམ་གྱི་གསོལ་འདེབས་བསམ་པ་མྱུར་འགྲུབ་བཞུགས།

    ཨེ་མ་ཧོ། ཕྱོགས་བཅུའི་རྒྱལ་བ་ཡི་དམ་མཁའ་འགྲོ་ཡི། །ཐུགས་རྗེ་བྱིན་རླབས་གཅིག་ཏུ་བསྡུས་པ་ཡི། །འཛམ་བུ་གླིང་དུ་འགྲོ་བའི་དོན་བྱོན་པ། །འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་ཚེ་ལོ་བརྒྱ་བའི་དུས། །ཚེ་མཐར་མི་ཕྱིན་བར་ཆད་མང་བའི་དུས། །ཁྱེད་ནི་རིག་འཛིན་ཚེ་ལྷའི་འཁོར་གྱིས་བསྐོར། །ཚེ་ཡི་བར་ཆད་ཟློག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་ས་བཅུད་ཉམས་པའི་དུས། །འབྲུ་བཅུད་མི་འཕེལ་བཙའ་སད་མང་བའི་དུས། །ཁྱེད་ནི་འབྲུ་ཡི་གཏེར་བདག་ཚོགས་ཀྱིས་བསྐོར། །འབྲུ་བཅུད་དངོས་གྲུབ་སྩོལ་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་བསོད་ནམས་མར་འགྲིབ་སྐབས། །དབུལ་འཕོངས་ཕྱྭ་གཡང་ཟས་བཅུད་ཉམས་པའི་དུས། །ཁྱེད་ནི་འཛམ་བྷ་ལྷ་ཡི་འཁོར་གྱིས་བསྐོར། །རྒྱུ་ནོར་གཏེར་མཛོད་སྩོལ་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་དཀར་ཕྱོགས་འཁྱམས་པའི་དུས། །ནག་ཕྱོགས་གཞི་བདག་ས་བཟུང་བྱེད་པའི་དུས། །ཁྱེད་ནི་གཞི་བདག་ཟོ་དོར་འཁོར་གྱིས་བསྐོར། །དཀར་ཕྱོགས་རང་གནས་འཁོར་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་ཆར་ཆུ་མི་འབེབ་དུས། །ལྷ་ཀླུ་གཞི་བདག་ཚོགས་རྣམས་ཉམས་པའི་དུས། །ཁྱེད་ནི་ལྷ་ཀླུ་ཆར་བདག་འཁོར་གྱིས་བསྐོར། །ཆར་ཆུ་དུས་སུ་ཕོབ་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་འཁྲུགས་རྩོད་བྱེད་པའི་དུས། །སེམས་ཅན་མང་བོ་གྲི་ལ་ཤི་བའི་དུས། །ཁྱེད་ནི་ཡི་དམ་ཁྲོ་བོ་ཁྲོ་མོས་བསྐོར། །དུས་འཁྲུགས་དམག་དཔུང་ཟློག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་སྒོ་ནོར་འཆི་བའི་དུས། །ཉ་གོར་གློ་ཧོན་ནད་རིགས་དར་བའི་དུས། །ཁྱེད་ནི་མཁའ་འགྲོ་ནོར་ལྷའི་ཚོགས་ཀྱིས་བསྐོར། །ནོར་ནད་མྱུར་དུ་བཟློག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་ནད་རིམས་འོང་བའི་དུས། །ཚ་གྲང་གོ་ལྡོག་སྨན་སྦྱོར་མི་ཕན་དུས། །ཁྱེད་ནི་སངས་རྒྱས་སྨན་ལྷའི་འཁོར་གྱིས་བསྐོར། །ནད་རིམས་མཐའ་ལ་བཟློག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་བསམ་པ་མི་འགྲུབ་དུས། །ལམ་ལོག་ཁ་ལོ་འདྲེ་ཡིས་བསྒྱུར་བའི་དུས། །ཁྱེད་ནི་ལྷ་སྲུང་བོན་སྐྱོང་ཚོགས་ཀྱིས་བསྐོར། །བསམ་དོན་ལམ་འགྲོ་མཛད་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་དགེ་སྦྱོར་མི་འགྲུབ་དུས། །དགེ་བྱེད་ཚུལ་ཁྲིམས་བར་ཆད་མང་བའི་དུས། །ཁྱེད་ནི་རྩ་བའི་བླ་མ་འཁོར་གྱིས་བསྐོར། །དགེ་བ་མཐའ་རུ་ཕྱིན་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་གཟའ་སྐར་འཁྲུགས་པའི་དུས། །ནམ་མཁའ་མེ་འོད་སྤྲིན་ཚོགས་ཤར་བའི་དུས། །ཁྱེད་ནི་དུས་བཞི་ལྷ་ཡི་འཁོར་གྱིས་བསྐོར། །གནམ་ཐན་ལྟས་ངན་བཟློག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་བར་སྣང་སྟོང་སྒྲ་གྲགས། །ས་གཞི་འགུལ་ནས་སྐྲག་བསྔངས་འོང་བའི་དུས། །ཁྱེད་ནི་ས་གནོན་ཁྲོ་བོའི་འཁོར་གྱིས་བསྐོར། །ས་གཞི་གཡོ་འགུལ་བཟློག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་འདྲེ་བགེགས་དར་བའི་དུས། །ཤི་འདྲེ་གསོན་འདྲེས་གནོད་པར་བྱེད་པའི་དུས། །ཁྱེད་ནི་ཡི་དམ་དྲག་པོ་འཁོར་གྱིས་བསྐོར། །འདྲེ་གདོན་དམ་ལ་ཐོག་ཅིག་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ད་ལྟ་དུས་ངན་མ་རུང་ལྟས་ཚོགས་དང་། །མེ་དགྲ་ཆུ་དགྲ་རླུང་དགྲའི་དགྲ་ཚོགས་དང་། །ས་དགྲ་འབྱུང་བ་དུས་ཀྱི་དགྲ་རྣམས་ཀྱང་། །ཁྱེད་ཀྱི་ཐུགས་རྗེས་རང་སར་ཞི་བར་ཤོག །བདག་ནི་ནམ་ཞིག་འཆི་བའི་དུས་བབས་ལ། །ཁྱེད་ནི་སངས་རྒྱས་བདེར་གཤེགས་འཁོར་གྱིས་བསྐོར། །བར་དོའི་འཇིགས་སྐྲག་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། །བདེ་ཆེན་ལམ་སྣ་ཁྲིད་མཛད་ཡབ་སྲས་གསུམ། །དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས། །ཁྱེད་ཀྱི་ཐུགས་རྗེ་ཉེ་རིང་མེད་པ་ལ། །ནང་ནུབ་དུས་དྲུག་ཁྱེད་ཀྱི་ཐུགས་རྗེ་གཟིགས། །གཟུགས་ཅན་གཟུགས་མེད་དགྲ་ཚོགས་ཁྱེད་ཀྱིས་བཟློག །འདི་དང་ཕྱི་མའི་སྐྱབས་མགོན་མ་ཆུང་ཞིག །བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས། །ཨཱོྃ་ཨཿཧཱུྃ། དྲན་པ་མུ་ལ་ཧ་རི་ནི་ས་སི་ཏི་འདུས་འདུས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme