Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་དུ་མེར་སྲེག་གནང་མཁན་སྒྲུབ་ཚེ་ལགས་ཀྱི་གནས་བསྡུས་དང་སྐུ་པར།

Posted on 2013-02-142013-02-15 By ཁ་བརྡ་ 42 Comments on བལ་ཡུལ་དུ་མེར་སྲེག་གནང་མཁན་སྒྲུབ་ཚེ་ལགས་ཀྱི་གནས་བསྡུས་དང་སྐུ་པར།

མཁོ་སྤྲོད་པ། ཆོས་ཉིད་འོད་ཟེར།

ཕྱི་ཟླ་༢ ཚེས་༡༣ དང་བོད་ཀྱི་ལོ་སར་ཚེས་༣ གྱི་ཞོགས་པར་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་སྒོ་ཆེན་འགྲམ་དུ་བོད་མི་སྒྲུབ་ཚེ་(འགྲུབ་བཞིན་ཚེ་རིང་)ཞུ་བ་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག རང་ལུས་སུ་སྲིན་བལ་དཀྲིས་ཏེ་ལྕགས་སྐུད་ཀྱིས་བདམས་ནས་དེའི་ཐོག་རྡོ་སྣུམ་བླུགས་ཡོད་འདུག ཁོང་གིས་མེར་སྲེག་བཏང་བ་དང་ཐང་ལ་འགྱེལ་སྐབས་བལ་ཡུལ་གྱི་ཉེན་རྟོག་པ་སླེབས་སྟེ་ཁྲིད་ཡོད་འདུག་ལ། དེ་རྗེས་སྐུ་གྲོངས་ཡོད་འདུག
ཟླ་འདིའི་ཚེས་༡༤ ཉིན་བོད་ནས་ཁ་པར་བརྒྱུད་འདིར་འགྲེལ་བརྗོད་གནང་བ་ལྟར་ན། སྒྲུབ་ཚེ་ནི་ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་གནུབས་ཟུར་ཡུལ་ཚོ་རྒྱལ་ཕྱུག་སྡེ་བ་ནས་ཡིན་པ་དང་། ཡབ་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་དང་མ་ཚེ་ལྷ་གཉིས་ཀྱི་སྲས་ཡིན་པ་དང་། རང་ལོ་ཉི་ཤུ་རྩ་ལྔ་ཡིན་པ་རེད། ཁོང་གིས་ད་སྔོན་བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་སྒྲུབ་མ་ཐུབ་ཀྱང་མ་འོངས་པར་ངས་གང་ཐུབ་ཀྱིས་བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་བསྒྲུབ་རྒྱུ་ཡིན་ཞེས་འབྲེལ་ཡོད་ལ་བཤད་ཡོད་འདུག
གསེར་རྟ་རྫོང་གནུབས་ཟུར་ཡུལ་ཚོ་རྒྱལ་ཕྱུག་དགོན་པར་ཆོས་ཞུགས་བྱས་ཡོད་འདུག་ལ། ཁོང་ཕྱི་ཟླ་དང་པོའི་ནང་བོད་ནས་བལ་ཡུལ་དུ་འབྱོར་སྟེ། བལ་ཡུལ་བོད་གཞུང་སྣེ་ལེན་ཁང་དུ་བསྡད་ཡོད་འདུག ད་ལྟ་བལ་ཡུལ་ཉེན་རྟོག་པས་ཕུང་པོ་རྩིས་སྤྲོད་བྱས་མེད་ནའང་། ཟླ་འདིའི་ཚེས་༡༥ ཉིན་སྣེ་ལེན་ཁང་དང་འབྲེལ་ཡོད་ལ་རྩིས་སྤྲོད་བྱ་འཆར་ཡོད་འདུག བལ་ཡུལ་གཞུང་གིས་བོད་མིའི་ཐོག་དམ་དྲག་བྱས་ཏེ། ས་གནས་ནས་ཁོང་རྩད་གཅོད་བྱེད་རྒྱུར་དཀའ་ངལ་འཕྲད་ཡོད་འདུག ཁོང་གི་་ལོ་རྒྱུས་འདི་བོད་ནས་འབྱོར་བ་ཡིན་ལ། མིང་ལ་སྒྲུབ་ཚེ་ཟེར་གྱི་འདུག རྒྱ་ནག་གི་ཐོབ་དཔང་ལག་ཁྱེར་ཐོག་ཏུ་ཡང་སྒྲུབ་ཚེ་བྲིས་འདུག བོད་གཞུང་སྣེ་ལེན་ཁང་དུ་ལུང་རྟོགས་བསྟན་འཛིན་ཞེས་ཐོ་བརྒྱབ་ཡོད་པའི་གནས་ཚུལ་འདུག

གསར་འགྱུར།

Post navigation

Previous Post: གློ་བུར་དུ་བློ་ཡུལ་ལས་འདས་པའི་བློ་སྐྱེད་བྱུང་ན་བརྗོད་ཚོད་མི་ཐིག་པའི་སྐོར།
Next Post: ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་རྡ་སར་འབྱོར་འདུག

Comments (42) on “བལ་ཡུལ་དུ་མེར་སྲེག་གནང་མཁན་སྒྲུབ་ཚེ་ལགས་ཀྱི་གནས་བསྡུས་དང་སྐུ་པར།”

  1. བཙན་བྱོལ་བ་ says:
    2013-02-15 at 12:12 am

    ད་ཡིན་ན་མགོ་འཐོམ་སོང་། མི་རེས་གནས་ཚུལ་རེ་བྲི་བཞིན་འདུག །ཐོག་མར། བལ་ཡུལ་མཆོད་རྟེན་མདུན་ཐང་དུ་མེར་བསྲེག་པ་དེའི་མཚན་ལ་ལྷུན་གྲུབ་རྡོ་རྗེ་དང་། ཕ་ཡུལ་ལ་སྟོད་དིང་རི་དང་། རང་ལོ་ 21 ཟེར། དེ་རྗེས་གནས་ཚུལ་ཁུངས་གཅིག་ལ། ཁོང་གི་ཕ་ཡུལ་མགོ་ལོག་རེད་ཟེར། ཡང་ད་ལྟ་ཁ་བརྡ་དྲ་རྒྱ་ནང་དུ། ཁོང་གི་མཚན་ལ་སྒྲུབ་ཚེ་དང་། ཕ་ཡུལ་གསེར་རྟ་རེད་ཟེར་བཀོད་འདུག

  2. ས་འཛིན་དཀར་པོ། says:
    2013-02-15 at 5:25 am

    ཕ་ཡུལ་གང་ནས་ཡིན་ན་ཐང་བོད་མི་རིགས་ཤིག་གིས་དོན་དུ་བོད་མི་ཞིག་རང་ལུས་མེ་བསྲེགས་པ་རེད། དེ་ལ་བསྔོ་བ་དང་གདུང་སེམས་མཉམ་སྐྱེད་བྱེད་ཡ་རྒྱ་མ་ཆུང་རོགས། འདི་ལས་ལྷག་པར་ཁ་གསལ་མེད་གི

  3. དགའ་ཡ་ says:
    2013-02-15 at 7:00 am

    འདི་ཁུངས་ལྡན་ཡིན་མིན་དོགས་པ་ཡོད།

  4. ཚེ་རྡོར། says:
    2013-02-15 at 7:19 am

    བཙན་བྱོལ་བས་གསུངས་པ་བདེན་པ་རེད། ངོ་མ་བཤད་ན་ཁོང་གི་ཕ་ཡུལ་དེ་ཨ་མདོ་མགོ་ལོག་གསེར་རྟ་ནས་ཡིན་འདུག་ཀྱང་ང་ཚོ་བཙན་བྱོལ་ནང་གི་གསར་འགྱུར་ཕལ་ཆེ་བའི་ནང་དཀར་མཛེས་གསེར་རྟ་ནས་རེད། ཅེས་བྲིས་འདུག དཀར་མཛེས་གསེར་རྟ་ཟེར་བ་དེ་རྒྱ་མིས་བཟོས་པ་རེད་ལོ། རྒྱལ་གཅེས་དཔའ་བོ་རྣམས་ལ་རང་སྲོག་བློས་གཏོང་གི་སྙིང་སྟོབས་ཡོད་ཀྱང་ང་ཚོའི་གསར་འགོད་པ་རྣམས་ཀྱིས་དངོས་ཡོད་གནས་ཚུལ་ཙམ་ཡང་ཤོད་མི་ཕོད་པར་རྒྱ་མིའི་ལས་དོན་ལ་རྒྱབ་སྐྱོར་གྱིས་གནས་ཚུལ་རྫུན་མ་རེ་ཁྱབ་བསྒྲགས་བྱས་ནས་སྡོད་ལོ། དེ་ང་ཚོས་གནས་སྟངས་རེད།

  5. ཀརྡོ་གཉེར་ཕྱག་པ་ says:
    2013-02-15 at 8:56 am

    སྒྲུབ་ཚེ་ལུང་རྟོགས་བསྟན་འཛིན་ལགས་ལ་མྱ་ངན་གུས་དུད་ཞུའོ། །

  6. དགའ་ཡ་ says:
    2013-02-15 at 9:30 am

    དོན་རྐྱེན་གཅིག་གི་སྟེང་དུ་གསར་འགྱུར་སྤེལ་སྟངས་ཡ་མ་བརླ་འདི་འདྲ་འདུག བལ་ཡུལ་ནས་མེ་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དེ། ཕ་ཡུལ་ཏིང་རི་རེད། མིང་ལ་ལྷུན་གྲུབ་རྡོ་རྗེ་ཞུ་ཡི་འདུག་ཟེར། ཡང་གཞན་ཞིག་གིས་རྒྱལ་གཅེས་དཔའ་བོ་དེ་ཕ་ཡུལ་མགོ་ལོག་རེད། མིང་ལ་འབྲོང་ཚེ་ཟེར་ཞེས་སྤེལ། ཡང་གཞན་ཞིག་གིས་དཔའ་བོ་ཁོང་ཕ་ཡུལ་གསེར་རྟ་ཡིན་པ་དང་མིང་ལ་སྒྲུབ་ཚེ་ཟེར་༼འགྲུབ་བཞིན་ཚེ་རིང་༽ཞེས་བཀོད་ཡོང་། དོན་དངོས་གནས་འདི་དག་ལས་གང་བདེན་པར་འཛིན་དགོས་སམ། གལ་ཏེ་མིང་ལ་འགྲུབ་བཞིན་ཚེ་རིང་ཟེར་ན་ཚིག་བསྡུས་ཚེ་འགྲུབ་ཚེ་ལས་སྒྲུབ་ཚེ་ཞིག་ཇི་ལྟར་ཡོང་། ཡང་སྒྲུབ་ཚེ་ཡིན་ན་འགྲུབ་བཞིན་ཇི་ལྟར་ཡིན་ནམ། མིའི་ཚེ་སྲོག་གིས་དོན་དངོས་གསར་འགྱུར་བསྐྲུན་ན་གཞན་དག་གིས་རྫུན་གཏམ་ཡིད་ཆེས་སར་མི་འགྲོ་བའི་གསར་འགྱུར་ཡ་མ་བརླ་སྤེལ་ཡོང་བ་འདི་ཅི་ཡིན་ནམ། གསར་འགྱུར་དག་མ་ཡིན་པ་གཙོ་བ་ལས་མི་མང་ལག་མང་གིས་ལག་གང་མགྱོགས་བལྟས་ན་སྙིང་བོ་མི་འདུག

  7. ཚངས་པ། says:
    2013-02-15 at 11:25 am

    ལུང་པ་གང་ནས་ཡིན་ཀྱང་ཁྱད་པར་མེད།

  8. ངག་དབང་ནས་ says:
    2013-02-15 at 11:40 am

    ༄། ཁྱེད་ནི་བོད་ཀྱི་དཔའ་བོ། ཁྱེད་ནི་བོད་ཀྱི་ལོ་རྒྱུས། ་ ཁྱེད་ནི་རང་ལས་གཞན་གཅེས་པའི་བྱང་སེམས། ཁྱེད་ནི་རྒྱ་དམར་གྱི་རྫུན་རྐུབ་གཏོར་བའི་བདེན་དཔང་། ཁྱེད་ནི་བོད་ཀྱི་སྡུག་བསྔལ་ཀྱི་མུན་པ་སེལ་བའི་སྒྲོན་མེ། ཁྱེད་ནི་བདེན་པ་བདེན་པར་འཚོལ་བདེན་དཔང་། ཁྱེད་ནི་བོད་ཕྱི་ནང་གཉིས་སུ་སྙིང་སྟོབས་སྤེལ་བའི་དད་དཔོན། ཁྱེད་ནི་བོད་པ་ཚོ་ལང་ཤོག་ལང་ཤོག་སྒྲོགས་པའི་གཡུ་འབྲུག། ཁྱེད་ནི་འདི་ནས་ཤི་འཕོས་གྱུར་མ་ཐག་ཤར་ཕྱོགས་པོ་ཏ་ལའི་ཞིང་དུ་སྐྱེ་ནས་༧དམན་ལ་གཅིག་ཏུ་རྩེ་བའི་བདག་ཉིད་རྒྱལ་བ་རིན་པོ་ཆེའི་འཁོར་གྱི་ཐོག་མར་སྐྱེ་བར་ཤོག་

  9. དགའ་ཡ་ says:
    2013-02-15 at 11:40 am

    ཁྱད་པར་ཡོད་པ་རེད། ལོ་རྒྱུས་བདེན་པ་མ་བྲིས་པ་ཡིན་དགྱ་ནག་གི་གསར་འགྱུར་ལྟར་ཡིད་ཆེས་བརླག་འགྲོ་གི་རེད།

  10. དགའ་ཡ་ says:
    2013-02-15 at 11:42 am

    གནད་དོན་ང་ཚོའི་གསར་འགྱུར་རྒྱུད་ལམ་གྱི་ལས་ཀྱི་སྣེ་མོ་བ་དག་གིས་གསར་འགྱུར་སྒྲོག་པ་དང་སྤེལ་བ་ནི་ཞོར་ལས་ཙམ་དུ་བཟུང་དྲགས་པས་རེད། འདི་ལྟར་སོང་ན་ནམ་ཞིག་རྒྱ་ནག་གི་མཉམ་ཞིབ་པར་ལྕེ་ཞིག་སྤྲོད་ངེས།

  11. ངག་དབང་ནས་ says:
    2013-02-15 at 12:23 pm

    ༄།བདེན་པ་རེད་ སུ་ཡིན་མིན་ཧ་མ་གོ་ན་ཧ་གོ་མདོག་བྱེད་ནས་གནས་ཚུལ་སྤེལ་ན་ཡག་པོ་མི་འདུག་ མ་འོང་པར་ཡིད་གཟབ་བྱེད་རོག།

  12. བསྟན་འཛིན་ says:
    2013-02-15 at 12:49 pm

    སྒྲུབ་ཚེ་འམ་སྒྲུབ་བཞི་ཚེ་རིང་ཞེས་སུ་འབོད། ཨོཾ་མ་ཎི་པདྨེ་ཧཱུྃ།

  13. ཚེ་རྡོར། says:
    2013-02-15 at 12:57 pm

    དགའ་ཡ་ནས་གསུངས་པར་རྒྱབ་སྐྱོར་ཡོད། དེ་སྔོན་ང་ཚོས་རྒྱ་ནག་གི་ཉམས་ཞིབ་པ་མ་ཟད། ཡེ་རྡོར་སོགས་ལ་ལྕེ་སྤྲད་ཟིན་པ་རེད། དཔེར་ན་བོད་ཀྱི་བང་ཆེན་ཟེར་བའི་རྩོམ་སྒྲིག་པ་ཁམས་པ་རྫུན་མ་བང་ཚུལ་ཟེར་བ་དེས་ཁམས་གསེར་རྟ་ནས་མི་གསུམ་མེ་བསྲེགས་བཏང་སོང་། ཞེས་སྔ་ལོ་ཁྱབ་བསྒྲགས་རྫུན་མ་སྤེལ་བར་བརྟེན། མཐའ་མ་ཡེ་རྡོར་གྱིས་གཙོས། རྒྱ་གཞུང་གི་བརྒྱུད་ལམ་ཁག་གིས་ཏཱ་ལའི་ཁ་བྲལ་ཤོག་ཁག་གིས་གནམ་འོག་ལ་ཟིངས་ཆ་བསླང་འདོད་ཀྱིས་གནས་ཚུལ་རྫུན་མ་སྤེལ་བཞིན་འདུག་ཅེས་ག་ཚོད་ཁྱབ་བསྒྲགས་བྱས་སོང་། ད་ཙམ་མ་ཟད་ད་དུང་མུ་མཐུད་རྒྱ་གཞུང་ལ་ང་རང་ཚོས་མུ་མཐུད་ནས་ལྕེ་སྤྲད་འདོད་ཡོད་ཐག་ཆོད་རེད། དེ་ཙམ་མ་ཟད་དཀར་མཛེས་གསེར་རྟ་ཟེར་བ་སོགས་ལ་ལྟོས་དང་། རྒྱ་གཞུང་ལ་རྒྱབ་སྐྱོར་གྱིས་ས་ཁུལ་གཅིག་གི་ལོ་རྒྱུས་རྫུན་མ་ཟོས། དེ་ནས་ས་ཁུལ་གཉིས་དང་གསུམ་བཞི་བྱས་ལ་རྫུན་བཟོ་གྱིས་དང་། དེ་ནས་ང་ཚོ་བོད་ཡོངས་ཀྱིས་ལོ་རྒྱུས་རྫུན་མ་ཆགས་ངེས་རེད། སྐབས་དེར་རྒྱ་དམར་གྱི་དམིགས་ཡུལ་མཐར་ཐུག་ལེགས་གྲུབ་བྱུང་སོང་བ་རེད། དེས་ང་ཚོར་ག་རེ་ཕན་སོང་། ཚང་མས་བསམ་བློ་ཐོངས་དང་།

  14. ཨོ་རྒྱན་ཉི་མ། says:
    2013-02-15 at 1:02 pm

    འོད་དཔག་མེད་མཁྱེན།

  15. ཅོ་རི་ཉི་མ། says:
    2013-02-15 at 1:50 pm

    ས་རྩོད་ཆུ་རྩོད་མ་བྱེད་ན་དགའ་གི་རེད་དོ།

  16. འདྲེ་རྐང་ཐོ། says:
    2013-02-15 at 2:10 pm

    ད་རུང་རྩོད་ཧ་ཧ་་

  17. སྐྱུ་རྩི། says:
    2013-02-15 at 2:20 pm

    བོད་ནང་གི་མི་དེ་ཚོས་མདོ་དབུས་ཁམས་མཐུན་སྒྲིལ་གྱི་རང་སྒྲ་སྒྲོག་པ་དང་། བཙན་བྱོལ་ནང་གི་བོད་མི་ཚོས་ཆོལ་ཁ་ཆོས་ལུགས་ལུང་ཞེན་ཁོ་ན་གླེང་ཡག་པོ་རེད།

  18. མེ་ཏོག་དཀར་པོ says:
    2013-02-15 at 3:09 pm

    རེད། སྐྱུ་རྩི། ཁྱོད་ཀྱིས་གཞིས་བྱེས་གཉིས་བར་དཀྲུག་བཞིན་པ་འདི་ཚོར་གི་མིན་འདུག་ཝ། སྙིང་རྗེ་ཡ་རང་རེད།

  19. མེ་ཏོག་དཀར་པོ says:
    2013-02-15 at 3:14 pm

    ལང་ཤོར་འདི་གྲས་ཀྱིས་བཙན་བྱོལ་བ་ལ་བཀའ་སྐྱོན་གཏོང་ཆོག་ཆོག་བྱེད་གི་རེད། རྒྱལ་གཅེས་པ་བོད་ཕྱི་ནང་གཉིས་ཀ་ལ་ཡོད་པ་དང་། རྒྱལ་ཚོང་པའང་བོད་ཕྱི་ནང་གཉིས་ཀ་ལ་ཡོད་པ་ལ་ཁྱད་པར་ག་རེ་འདུག མང་ཉུང་ནི་བཙན་བྱོལ་འབུམ་གཅིག་དང་། བོད་ལ་ས་ཡ་དྲུག་ཡོད་རེད།
    མ་རྩ་ནས་ཁྱོད་རང་བཙན་བྱོལ་བ་ཡིན་དང་། བོད་སྡོད་པ་ཡིན། དང་པོ་དེ་ཡིན་ན་ཁྱོད་རང་ཡང་ཆོལ་ཁ་ཆོས་ལུགས་རྩོད་མཁན་རེད་འདུག་པ། གཉིས་པ་དེ་ཡིན་ན་ཁྱོད་ཀྱིས་བོད་མི་རིགས་ཆེད་ཅི་ཞིག་བློས་གཏོང་བྱས་ཡོད་ཤོད་དང་།
    ལར་ནས་བཙན་བྱོལ་བ་བཀའ་སྐྱོན་གཏོང་ས་མ་རེད་ད།

  20. ལྷག་རྒྱལ་ says:
    2013-02-15 at 3:14 pm

    ཧཧཧཧཧཧ་གསར འགྱུར་ནང་ཕེབས་འདོད་ཡོད་ཚེ་་་་ཕེབས་ན་འགྲིགས་གི་རེད་་་་སྐྱོད་རང་བྱེད་མ་སྡོད་ལོ

  21. ངག་དབང་ནས་ says:
    2013-02-15 at 4:07 pm

    ༄། དཔའ་ཁྱེད་ནམ་ཡང་མི་རྗེད་པར་བྱེད་ངེས་ཡིན

  22. ཚ་ཕྲུག་རྒྱལ། says:
    2013-02-15 at 4:21 pm

    ཚེ་རྡོ་མིང་ཅན་འདི་དག་གིས་ཁ་བརྡ་དྲ་ཚིག་བཙོག་པ་བཟོ་རྒྱུ་ལས་བོད་མི་རིགས་ལ་དགོས་རྒྱུ་ཚིག་གཅིག་ཀྱང་བཤད་ནི་མ་རེད། མི་འདི་ཚོ་རིགས་ཀྱིས་ཆོལ་གསུམ་གྱི་ས་བབ་དང་བོད་མིའི་གནས་སྟངས་གང་ཡང་མི་ཤེས་པས་སྐད་ཆ་བཙོག་པ་དག་དག་དྲ་ཐོག་ཏུ་སྤེལ་རྒྱུ་དེ་ཁོ་དག་གིས་དམིགས་ཡུལ་དང་ཆེད་ལས་རེད། བོད་ཀྱི་དཔལ་བོ་སྒྲུབ་ཚེ་ལགས་ཀྱི་སྙིང་སྟོབས་དང་མི་རིགས་སུ་ལར་རྒྱ་བཅས་ལ་སྙིང་ནས་གུས། དཔལ་བོ་ཁོང་གི་མཛད་རྗེས་དེ་ལུང་ཚན་ནང་འཁྲུག་གིས་རྐྱེན་ངན་དང་ཀླད་མེད་ནང་རུལ་པས་རྩེད་ཆས་ཞིག་ཏུ་བསྒྱུར་མི་ཐུབ།

  23. ངག་དབང་ནས་ says:
    2013-02-15 at 4:58 pm

    ༄། དཔའ་བོ་ཁྱེད་བདེ་བ་ཅན་ནས་ང་ཚོ་ལ་གཟིགས་ཡོད་དམ་། དཔའ་ཁྱེད་བདེ་ནས་བདེ་བར་ཕེབས་བཞིན་ཡོད་དམ། དཔའ་བོ་ཁྱེད་ནི་བོད་པའི་སྙིང་སྟོབས་མཚོན་བྱེད་རེད། དཔའ་བོ་ཁྱེད་ནི་གང་ཅན་བོད་པའི་བལྟ་བའི་མིག་རེད་ དཔའ་བོ་ཁྱེད་ནི་རྒྱ་དམར་བཅོམ་པའི་ཐོ་བ་རེད། དཔའ་བོ་ཁྱེད་ནི་བོད་པ་ཚོ་རྡོག་ཙ་གཅིག་ཏུ་བསྒྲེལ་བའི་ལམ་མཁན་རེད། དཔའ་བོ་ལཊ་

  24. ཚེ་རྡོར། says:
    2013-02-15 at 9:25 pm

    ཚ་ཕྲུག་རྒྱལ་གྱིས་ཚ་གི་ཚག་གེ་དགོས་དོན་མི་འདུག ཁ་བརྡ་དྲ་ཚིགས་བཙོག་པ་བཟོ་མཁན་ཚ་ཕྲུག་མིང་ཅན་པ་ལྟ་བུའི་རིགས་རེད། དེ་བཞིན་རྒྱ་དམར་ལ་རྒྱབ་སྐྱོར་བྱས་ཏེ། དཀར་མཛེས་གསེར་རྟ་ཟེར་བ་སོགས་བྲིས་པ་དེས་བོད་པ་ལ་ཕན་ཐོགས་གང་ཞིག་འདུག ངས་བལྟས་ན་ཚ་ཕྲུག་ཟེར་བ་དེ་ཁམས་པ་རྫུན་མ་བང་ཚུལ་ཡིན་ཚོད་འདུག་ག།

  25. རུ་ཤུལ་བུ་ says:
    2013-02-15 at 11:05 pm

    དྲ་འབུ་འགའ་ལ། འུ་ཅག་སུ་ཡིན་ཀྱང་མི་རེད། མ་ཤེས་མ་གོ་མ་རིག་ཅི་ལ་མི་སྲིད། དེའི་ཕྱིར་ན་གསར་འགྱུར་འདི་ལྟ་བུ་ཡང་ཤེས་བཞིན་དུ་འཁྱོག་བརྗོད་བྱེད་མཁན་གཅིག་ཀྱང་ཡོད་མི་སྲིད། འུ་ཅག་སུ་ཡིན་ཀྱང་བོད་མི་རེད། བོད་ཀྱི་དོན་ཆེ་མ་ཆུང་གསུམ་གང་ཡིན་ཀྱང་སུ་ལ་འགན་ཡོད་པས་ཁྱོད་ཀྱི་གཞན་ལ་སྐྱོན་བརྗོད་བྱེད་རྒྱུ་བཞག་ནས་གསར་འགྱུར་དག་མ་ཞིག་གི་རྒྱུ་ཆ་འཚོལ་བསྡུད་བྱས་ན་ཅི་ལ་མི་ཆོག

  26. ཐེ་ཤེས་རབ། says:
    2013-02-16 at 1:26 am

    དངོས་གནས་དཔའ་བོ་རེད། ཁམས་པ་ཨ་མདོའི་བློ་ཁོག་ལ། བོད་མི་རིགས་ཆེད་དུ་སྐུ་ལུས་མེར་སྒྲོན་ཐུབ་ཀྱིན་ཡོད་རེད་། དཔེ་རེད།

  27. འདྲེ་རྐང་ཐོ། says:
    2013-02-16 at 1:50 am

    དབུས་དང་ཁམས་པ་ཨ་མདོ་གང་ཡིན་མ་རྩོད་ལ། །
    ཕོ་མོ་གང་ཡིན་རྩོད་པ་དེ་བས་མ་གནང་བར། །
    རྩོད་རྒྱུ་ངོ་མ་རྒྱ་བོད་བར་གྱི་རྩོད་ཉོག་འདིར། །
    ཐབས་དང་རིགས་པས་རྩོད་ན་ཨ་མའི་བུ་རྒོག་ཡིན། །

  28. ལུང་རྟོགས། says:
    2013-02-16 at 8:11 am

    མེ་ཏོག་དཀར་པོས་གསར་འབྱོར་གཉིས་འབྱོར་རྩོད།།
    ཚེ་རྡོར་མིང་ཅན་ཁམས་དང་ཨ་མདོ་རྩོད།།
    དཔའ་བོས་སྤྱི་དོན་ཆེད་དུ་མེར་བསྲེགས་གཏོང་།།
    འཇིག་རྟེན་མི་ཡི་རིན་ཐང་འདི་ནས་ཤེས།།

  29. ལུང་རྟོགས། says:
    2013-02-16 at 8:16 am

    གོང་དུ་དྲ་འབུ་འགའ་རེས་གསར་འགྱུར་རྒྱུད་ལམ་ཁག་ལ་བཀའ་བཀྱོན་གཏོང་ཁུལ་བྱས་འདུག་ཀྱང་སོ་སོས་གནས་ཚུལ་གང་ཡང་མགོ་འཚོས་མི་འདུག གསེར་རྟ་ནི་འགོ་ལོག་གི་བྱེ་བྲག་ཅིག་ཡིན་པ་ལས་ལོག་ཀ་མ་རེད། འགོ་ལོག་གསེར་རྟ་ཞེས་བོད་ནང་ལ་ཡོངས་གྲགས་རེད། དེས་ན་སྐྱོན་བརྗོད་བྱེད་བསམ་ན་དང་པོ་སོ་སོས་མགོ་འཚོས་པ་ཞིག་བྱས་ནས་གཞི་ནས་གཞན་ལ་སྐྱོན་བརྗོད་བྱས་ན་ལན་པོ་ཡོད།

  30. ཡེ་ཤེས་དཔལ། says:
    2013-02-16 at 8:27 am

    ༼དགའ་ཡ་ནས་གསུངས་པར་རྒྱབ་སྐྱོར་ཡོད། དེ་སྔོན་ང་ཚོས་རྒྱ་ནག་གི་ཉམས་ཞིབ་པ་མ་ཟད། ཡེ་རྡོར་སོགས་ལ་ལྕེ་སྤྲད་ཟིན་པ་རེད། དཔེར་ན་བོད་ཀྱི་བང་ཆེན་ཟེར་བའི་རྩོམ་སྒྲིག་པ་ཁམས་པ་རྫུན་མ་བང་ཚུལ་ཟེར་བ་དེས་ཁམས་གསེར་རྟ་ནས་མི་གསུམ་མེ་བསྲེགས་བཏང་སོང་། ཞེས་སྔ་ལོ་ཁྱབ་བསྒྲགས་རྫུན་མ་སྤེལ་བར་བརྟེན། མཐའ་མ་ཡེ་རྡོར་གྱིས་གཙོས། རྒྱ་གཞུང་གི་བརྒྱུད་ལམ་ཁག་གིས་ཏཱ་ལའི་ཁ་བྲལ་ཤོག་ཁག་གིས་གནམ་འོག་ལ་ཟིངས་ཆ་བསླང་འདོད་ཀྱིས་གནས་ཚུལ་རྫུན་མ་སྤེལ་བཞིན་འདུག་ཅེས་ག་ཚོད་ཁྱབ་བསྒྲགས་བྱས་སོང་། ད་ཙམ་མ་ཟད་ད་དུང་མུ་མཐུད་རྒྱ་གཞུང་ལ་ང་རང་ཚོས་མུ་མཐུད་ནས་ལྕེ་སྤྲད་འདོད་ཡོད་ཐག་ཆོད་རེད། དེ་ཙམ་མ་ཟད་དཀར་མཛེས་གསེར་རྟ་ཟེར་བ་སོགས་ལ་ལྟོས་དང་། རྒྱ་གཞུང་ལ་རྒྱབ་སྐྱོར་གྱིས་ས་ཁུལ་གཅིག་གི་ལོ་རྒྱུས་རྫུན་མ་ཟོས། དེ་ནས་ས་ཁུལ་གཉིས་དང་གསུམ་བཞི་བྱས་ལ་རྫུན་བཟོ་གྱིས་དང་། དེ་ནས་ང་ཚོ་བོད་ཡོངས་ཀྱིས་ལོ་རྒྱུས་རྫུན་མ་ཆགས་ངེས་རེད། སྐབས་དེར་རྒྱ་དམར་གྱི་དམིགས་ཡུལ་མཐར་ཐུག་ལེགས་གྲུབ་བྱུང་སོང་བ་རེད། དེས་ང་ཚོར་ག་རེ་ཕན་སོང་། ཚང་མས་བསམ་བློ་ཐོངས་དང་།༽འདི་ལ་རྒྱབ་སྐྱོར་ཡོད།

  31. ཁྱབ་འཇུག says:
    2013-02-16 at 8:30 am

    དཔའ་པོའི་སྙིང་སྟོབས་དང་ཐུཊ་སྨོན་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག

  32. མེ་ཏོག་དཀར་པོ says:
    2013-02-16 at 8:35 am

    ལུང་རྟོགས་ལགས། ངའི་མཆན་བུ་དེ་མ་ཐག་པ་དེར་ལན་ལྡོན་པ་ཡིན། ངས་གསར་རྙིང་འབྱོར་རྩོད་མེད་དོ།།

  33. ཁྱབ་འཇུག says:
    2013-02-16 at 8:37 am

    ད་རུང་བཤད་རྒྱུ་ཞིག་ལ་༼མཚོ་སྔོན་༽མགོ་ལོག་བོད་རིཊ་རང་སྐྱོང་ཁུལ་དང་༼ཟི་ཁྲོན四川༽གསེར་རྟ་རྫོང་དང་༼ཀན་སུའུ甘肃༽རྨ་ཆུ་རྫོང་བཅས་ཚང་མ་མགོ་ལོག་རེད། དམར་ཕྱོཊ་ཀྱིས་ད་གཟོད་བསམ་གཟས་ནས་བོད་ཆོལ་ཁ་གསུམ་པོ་འདི་ལྟར་ཡར་བཅད་མར་བཅད་བྱས་ནས་ད་ལྟའི་ང་ཚོའི་གླེན་པ་ཚོའི་མགོ་ཉོག་ཏུ་བཅུག་པ་རེད། དེར་ད་རྩོད་རྒྱུ་ཅང་ཡོད་དམ།

  34. ཚེ་རྡོར། says:
    2013-02-16 at 9:59 am

    ཁྱབ་འཇུག་ལགས། རྒྱ་ནག་གསེར་རྟ་འམ། ཟི་ཁྲོན་གསེར་རྟ་ཡིན་ན་དེ་མགོ་ལོག་རེད། ཀན་སུའུ་རྨ་ཆུ་ཡོངས་རྫོགས་མགོ་ལོག་མ་རེད། དེའི་ནང་མགོ་ལོག་ཡིན་མིན་ཅི་རིགས་ཡོད་པ་རེད། རྩ་བས་ཁྱོད་ཀྱིས་གསུངས་པར་ངས་རྒྱབ་སྐྱོར་ཡོད། རྒྱ་མིས་བོད་བཟས། བོད་མིའི་ལོ་རྒྱུས་རྫུན་མ་བཟོས། དེ་ལ་ང་ཚོས་དངོས་ཤུགས་ཅི་རིགས་ནས་རྒྱབ་སྐྱོར་དགོས་དོན་མི་འདུག་བསམ་ནས་ངས་ཀྱང་གོང་དུ་གསལ་བཤད་ལན་མང་བྱས་པ་ཡིན།

  35. པདྨ་འཕྲིན་ལས་། says:
    2013-02-16 at 11:12 am

    དཔའ་པོ་ཁོང་ལ་སེམས་སྟེང་ནས་གུ་ཞུབས་ཞུ། རྣམ་པ་ཚོ་གསེར་རྟ་ཟེར་པ་དེ་མགོ་ལོག་གསེར་རྟ་མ་གཏོགས་གཞན་གསེར་རྟ་ཟེར་ལ་ཞིག་བོད་གྱི་ལོ་རྒྱུས་ནང་དུ་ཡོད་མ་རེད། ཡིན་ནའང་དེ་ལ་བརྩོད་པ་རྒྱག་དགོས་པ་འདུག་གམ། ལོ་རྒྱུས་ནི་ལོ་རྒྱུས་རང་རེད་མ་གཏོགས། ལོ་རྒྱུས་ལ་འགྱུར་པ་གཏོང་མཁན་ཞིག་ཡོད་ན་མཏོང་མཁན་དེ་རྫུན་མ་རེད་མ་གཏོགས་ལོ་རྒྱུས་ནི་རྫུན་མ་ནམ་ཡང་ཆག་མི་སྲིད། སྤྱིར་ང་ཚོ་སྤྱི་ཚོགས་ནང་དུ་འདི་འདྲའི་རྩོད་སྙོག་དགོས་རྒྱུ་མི་འདུག་བསམ། གསེར་རྟ་མདོ་སྟོད་ཡིན་ན་རེད་མདོ་སྨད་ཡིན་ན་རེད་དེ་ལ་ཁྱད་པར་མི་འདུག་བསམ། ཡར་མར་གང་དུ་གཏོགས་ཀྱང་ས་ཁུལ་དེ་དག་ནི་བོད་ཀྱི་ས་ཁུལ་ཞིག་ཡིན་པ་དང་ས་ཁུལ་དེ་ལ་གནས་པའི་མི་རིགས་ནི་བོད་མི་རེད་མ་གཏོགས་གཞན་ཡོད་པ་མ་རེད། ཡིན་ནའང་ངཚོའི་གཟབ་གཟབ་མ་བྱེད་ན་འདི་འདྲའི་རྩོད་པ་ཆུང་ཆུང་ཞིག་སྙོག་འཛིང་ཆེན་པོ་ཞིག་འགྱུར་མི་སྲིད་པ་མ་རེད། གལ་སྲིད་དེ་འདྲ་ཞིག་ཆག་པ་ཡིན་ན་གྱོང་མ་གཏོགས་གཞན་ཁེ་ཕན་གཅིག་ཀྱང་མེད་པ་ནི་ད་ལྟ་ནས་གསལ་པོ་རེད་འདོད། དེ་དུས་མི་རེ་བཟུང་བོད་ཀྱི་ལོ་རྒྱུས་ནང་དུ་ཆེ་ཡལ་རྒྱུ་མེད་པའི་ནག་ཉེ་ཅན་ཞིག་དུ་འགྱུར་ངེ་རེད་ལ། བོད་མི་ཚོའི་བར་ལ་འགལ་བ་བཟོ་མཁན་དེ་ཡང་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དུ་རང་དོན་ཁོ་ནར་ཆེད་ལས་ཀ་བྱེད་མཁན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་གསལ་གཉིས་རེད།

  36. བཀྲ་ཤིས་ཉི་མ། says:
    2013-02-17 at 1:11 am

    པདྨ་འཕྲིན་ལས་ལགས་ཀྱིས་བོད་མི་ཚོའི་བར་ལ་འགལ་བ་བཟོ་མཁན་དེ་ཡང་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དུ་རང་དོན་ཁོ་ནར་ཆེད་ལས་ཀ་བྱེད་མཁན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་རེད། གསུངས་པ་དེ་ལ་ང་ཚོས་ངོས་ལེན་ཡོད། གསེར་རྟ་མགོ་ལོག་ཡིན་པ་པདྨ་འཕྲིན་ལས་ཀྱིས་གསུངས་པ་ལྟར་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་གསལ་གྱིས་ཀྱང་བཤད་འདུག དེར་བརྟེན་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་གསལ་ལ་ནག་ཉེས་ཡོད་པ་ང་ཚོས་ངོས་ལེན་མེད། ཚང་མ་མཉམ་བསྲེས་བྱས་ན་ཕན་ཐོགས་ཅི་ཡང་མེད་པ་རེད།

  37. ངག་དབང་ says:
    2013-02-17 at 12:21 pm

    དགོངས་དག་གོང་རེབ་ནས་ཞེས་དེ་དག་དབང་ནས་ཡིན

  38. ངག་དབང་ says:
    2013-02-17 at 12:46 pm

    ༄།བསིལ་ལྡན་ལྗོངས་པའི་ཆེད་དུ།
    ཚ་བའི་མེ་ལ་ཞུགས་སོང།
    དྲིན་ཅན་བཀའ་དྲིན་ཆེད་དུ།
    མཐུན་སྒྲིལ་་རྡོག་ཙ་ཅིག་ཏོ།
    ཀ་ལ་ཡ་བཏག་ག་ཡིས་རྒྱན།
    པ་འོག་ཟ་ལ་ན་རོས་རྒྱན།
    རྒྱ་རོ་དམར་པོའི་ཟས་འདི་ཡིན།
    རྒྱ་རོ་དམར་པོའི་གོས་འདི་ཡིན།

  39. པདྨ་འཕྲིན་ལས་། says:
    2013-02-17 at 3:17 pm

    བཀྲ་ཤིས་ཉི་མལགས། ལ་རེད། ངའི་སྤྱི་ཟུར་གསེར་རྟ་འོད་གསལ་ལགས་ཀྱི་མིང་གྲངས་པ་དེ་ཁོང་ལ་ནག་ཉེ་འདུག་བསླབས་པ་མིན། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་བོད་མི་ནང་ཁུལ་དུ་སྙོགས་འཛིངས་བཟོ་མཁན་གྱི་རྒྱལ་པོ་ཆག་པ་རེད། དེ་འདྲ་ཡིན་ཙང་མ་འོངས་་པ་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལ་སྦྱོར་པའི་སྐབས་སུ་ནག་ཉེ་བདེན་དཔང་གི་ཆེད་དུ་ཁཽང་གི་མིང་གྲངས་པ་ཡིན་དེ་མ་གཏོགས་ཅི་ཡངས་མེད།

  40. ཀླུ་སྨྱོན། says:
    2013-02-17 at 5:22 pm

    དང་པོར་མེ་བསྲེགས་མཁན་ལ་བསྟོད་གླུ་བླངས། །
    བར་དུ་མེར་བསྲེགས་མཁན་ལ་དོགས་པ་ཟོས། །
    མཐའ་མར་མེར་བསྲེགས་ལ་ཞུ་བ་འཐེན། །
    དགྲ་བོའི་མདུན་ནས་གསོན་ལམ་ངེས་པར་ཚོལ། །

  41. ཅོག་རོང་གི་མྱི། says:
    2013-02-17 at 6:02 pm

    བསྲེགས་བསྲེགས་ནས་ཐ་མ་བུད་ཤིང་དུ་གྱུར་རུང་། རྒྱལ་བ་རིན་པོ་ཆེ་བོད་ཕེབས་མི་ཐུབ་ལ་ཕེབས་དགོངས་བཞེས་ཀྱང་གནང་གིན་མི་འདུག སྐྱབས་མགོན་རིན་པོ་ཆེ་སྒེར་ངོ་ནས་རྒྱ་ནག་ལ་ཕེབས་དགོས་པའི་ཞུ་འབོད་གང་མང་བཏང་ཡང་རྡོ་ལ་སྐད་ཆ་བཤད་པ་ནང་བཞིན་ཆགས་སོང་། ཕུགས་སུ་སྒྲུབ་པར་མི་རུང་བའམ་མི་ནུས་པའི་དོན་ལ་ཨུ་ཚུགས་བརྒྱབ་ནས་རྒྱབ་སྐྱོར་བྱས་མདོག་བསྟན་ན་སྟོན་པའི་བཅས་པ་དང་འགལ་ལ་འཇིག་རྟེན་མི་ཡིས་ཀྱང་སུན་འབྱིན་པས། རང་སྲེག་ལ་སྐྱབས་མགོན་རིན་པོ་ཆེས་མངོན་གསལ་དོད་པོས་དགག་པ་གནང་དགོས་པའི་དུས་ལ་བབ། དེ་མིན་ན་ཡེ་ཤེའི་བླ་རྒན་ལྟར་ད་རེས་ཟླ་འདིའི་ཚེས་༢༨ཉིན་རྩ་དགོངས་ཞུ་བ་ནང་བཞིན་སྐྱབས་མགོན་རིན་པོ་ཆེའི་གོ་གནས་ནས་རྩ་དགོངས་ཞུ་རོགས།

  42. ཚེ་རྡོར། says:
    2013-02-17 at 11:24 pm

    ཅོག་རོང་གི་མྱི་ངན་ཁྱི་ཁ་ཚུམས་ཤིག ༧སྐྱབས་མགོན་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་ནས་དགོངས་པ་ཞུས་སོང་། ད་དུང་དགོངས་པ་ཞུ་ཡ་ག་རེ་ལྷག་འདུག ད་དུང་ཅིག་ལྷག་ཡོད་ན་ཁྱོད་ཀྱིས་དངོས་སུ་ཁོང་ལ་ཞུས་དང་ཁོང་གིས་དགའ་བཞིན་སྤྲོ་བཞིན་གནང་ངེས་རེད། ལྐུགས་པ་ཁྱོད་རྒྱ་དམར་གྱི་རྒྱུགས་ཁྱི་ཞིག་ཡིན་པ་ང་ཚོས་ཤེས་སོང་། ཁྱི་ཁ་ཚུམས། ཁྱི་ཁ་ཚུམས། ཁྱི་ཁ་ཚུམས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme