Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་དུ་བཀའ་ཁྲིའི་དུས་དྲན་སྲུང་བརྩི་བཀག་འགོག

Posted on 2012-08-092012-08-09 By ཁ་བརྡ་ 21 Comments on བལ་ཡུལ་དུ་བཀའ་ཁྲིའི་དུས་དྲན་སྲུང་བརྩི་བཀག་འགོག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་རྟ་མགྲིན་རྡོ་རྗེ་ལགས་ཀྱི་གཙོས་ས་གནས་བོད་མི་ཚོས་༧ལྷག་དཀར་སྲུང་རྩིས་དང་། བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་ལས་འགན་ཁུར་ནས་ལོ་འཁོར་གཅིག་འཁོར་པའི་དུས་དྲན་སྲུང་རྩིས་གཉིས་མཉམ་གཅིག་དུ་གོ་སྒྲིག་བྱས་པར་བལ་ཡུལ་ཉེན་རྟོག་པ་དང་དམག་མིའི་བཀག་འགོག་བྱས་ཏེ་འཚོགས་ཐུབ་མི་འདུག

གནས་ཚུལ་རྒྱས་པ་དྲ་སྦྲེལ་འདི་རུ་ཡོད་པ་ནས་གཟིགས་གནང་རོགས།

 

 

གསར་འགྱུར།

Post navigation

Previous Post: སྤེལ་རྗམ་ནང་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་ལས་འགུལ།
Next Post: ཨ་མདོ་རྔ་པ་ནས་མི་སྐྱ་ཞིག་གིས་རང་ལུས་མེར་བསྲེགས་བཏང་འདུག

Comments (21) on “བལ་ཡུལ་དུ་བཀའ་ཁྲིའི་དུས་དྲན་སྲུང་བརྩི་བཀག་འགོག”

  1. ཐུབ་བསྟན། says:
    2012-08-09 at 7:35 am

    ལས་འགུལ་ལ་རྗེས་སུ་ཡིད་རང་ཡོད་མངོན་པར་བསྟོད། དེ་རིང་ངའི་དྲི་བ་དེ་ལ་མཁྱེན་ལྡན་ཚོས་ལན་ཞེས་གནང་རོགས། ཀུ་ཤུ་རྟགས་ཅན་གྱི་ཁ་པར་ནང་དེང་སང་དར་ཁྱབ་ཆེ་བའི་wechat ཟེར་བ་དེ་ཀློག་ཀླད་ནང་བཀོལ་སྤྱོད་གནང་ཐུབ་ཀྱི་ཡོད་མིན་སྐོར་མཁྱེན་ལྡན་ཚོས་ངོ་སྤྲོད་ཅེས་གནང་རོགས།

  2. གནམ says:
    2012-08-09 at 7:42 am

    བོད་མི་ཚོ་གཉིད་སད་ཚད་འགོར་ཡོད་པ་མ་རེད། སྐྱབས་བརྟན་གཞན་ཞིག་ལ་གཏོད། བལ་བོས་ལྷ་རང་མགོ་མི་ཁེལ་ས་ན་འདྲེ་ཤ་འདེགས་བྱེད་ཐུབ་ནི་མ་རེད། ཉམས་མ་ཤོར། རྫོང་བཙན་ས་ཞིག་ནས་དཔའ་དགའ་ཅན་ཞིག་བྱེད་པའི་སྙིང་སྟོབས་ཚོལ།

  3. ལོག་སྨྲ་ཚར་གཅོད། says:
    2012-08-09 at 7:53 am

    བཀའ་ལོ་གཅིག་འཁོར་བའི་མཛད་སྒོ་བྱེད་རྒྱུ་ནི་དེ་ཙམ་གལ་ཆེ་བ་རང་མིན། ལོ་ནི་རང་བཞིན་གྱི་འཁོར་ནས་ཡོང་བ་ཞིག་རེད། དེ་ལས་རྒྱལ་གཅེས་དཔའ་བོ་ཚོར་གདུང་སེམས་མཉམ་བསྐྱེད་ཀྱིས་ལས་འགུལ་ཞིག་སྤེལ་ཐབས་བྱེད་རྒྱུ་གལ་ཆེ་བར་མཐོང་། བཀའ་ཁྲི་ཁོང་གིས་ལོ་གཅིག་ནང་ཕྱིའི་ཡུལ་གྲུ་མང་པོར་ཕེབས་ཡོད་ཀྱང་འཐུས་མི་འགའ་དང་ཐུག་འཕྲད་ཙམ་ལས་སྲིད་འཛིན་སྲིད་བློན་སུ་དང་ཡང་ཐུག་འཕྲད་གནང་མ་ཐུབ་པ་དེ་ཁོང་གིས་བོད་ཀྱི་མགོ་གཙོའི་དོན་གོ་ཆོད་མེད་ལ་བོད་མིའི་ཕམ་ཁ་ཆེན་པོ་ཞིག་ཀྱང་རེད། ད་དུང་ཁོང་གིས་ལོ་གཅིག་ནང་འཐུས་ཤོར་དང་ཉམ་ཆགས་ཕྱིན་མེད་ཚུལ་གྱི་མངོན་པའི་ང་རྒྱལ་བྱེད་བཞིན་ཡོད། ཁོང་ལྟ་བུ་བོད་ཀྱི་མགོ་གཙོར་བསྐོས་ན་བོད་ལ་ཆེ་མཐོང་སླེབས་ཐུབ་ཀྱི་མེད་པ་གསལ་པོར་བསྟན་ཡོད། ཁོང་ལ་སྲིད་སྐྱོང་གི་ངོས་འཛིན་བྱེད་མཁན་སུ་ཡང་མ་རག་པ་དེ་ཁོང་ལ་རྒྱལ་སྤྱིའི་ནང་ཆེ་མཐོང་ཞིག་མེད་ཙམ་རེད་མ་གཏོགས་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབུ་འཁྲིད་གནང་སྐབས་ཕྱིའི་རྒྱལ་ཁབ་ཁག་གི་དཔོན་པོ་མཐོ་གྲས་ཚང་མར་མཇལ་འཕྲད་བྱུང་ཡོད་པ་རེད། བཀའ་ཁྲིས་དེ་ལྟར་མ་འཇོན་པ་དེ་འཐུས་ཤོར་མིན་ན་གང་རེད་དམ། དེ་དག་གིས་སྒང་འདིའི་སྟེང་བོད་མི་རླབས་ཆེན་ཆེ་མཐོང་ལྡན་པ་ཞིག་ཡོང་བར་ནང་དོན་རིག་པའི་ཐོག་ནས་ཐོན་དགོས་པ་གསལ་བསྟན་བྱས་པ་ཞིག་རེད།
    ས་སྒང་འདིའི་ཐོག་རྒྱལ་ཁབ་ཅིག་མང་རུ་གཏོང་རྒྱུ་ང་ཚོའི་དགོས་དམིགས་མ་ཡིན་ལ་སྤྱི་ལ་ཕན་པའི་བོད་ཀྱི་རིག་གནས་འདི་སྲུང་སྐྱོབས་ཀྱི་ཆེ་ཁོ་ན་ཡིན་པས་དེར་ལས་ཀ་བྱེད་མཁན་མགོ་གཙོ་ལ་དེའི་གོ་རྟོགས་མེད་དུས་བྱ་བ་ཐམས་ཅད་མགོ་ནས་འཆུགས་སོང་བ་མ་ཡིན་ནམ། སོམས་ཤིག

    དྲ་གྲོགས་ཚོ། ཁྱེད་རྣམ་པས་མཁྱེན་དགོས་པ་ཞིག་ནི་གུས་པ་ནི་རང་དབང་ཨ་རྡུ་མན་དང་མི་འདྲ་བ་༸གོང་ས་མཆོག་དང་ཟམ་གདོང་རྣམ་གཉིས་མགོ་སྤྱི་གཙུག་ཏུ་བཀུར་མཁན་ཞིག་དང་དོལ་རྒྱལ་བར་དགག་པ་རྒྱག་མཁན་གཙོ་བོ་ཞིག་ཡིན། མ་ཟད་བོད་རང་བཙན་ནི་ངའི་ལྟ་བ་དང་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ནི་ངའི་བློ་གཏོད་བཅོལ་ས་བླ་མེད་ཅིག་ཡིན། འོན་ཀྱང་གཞུང་གི་ལས་ཀྱི་སྣེ་མོ་བ་བསྐོས་སྟངས་མ་འགྲིག་པ་དང་བྱེད་སྟངས་མི་འགྲིག་པ། གཞུང་གི་ཆབ་སྲིད་ལང་ཕྱོགས་ཀྱི་ཆ་ནས་མི་འགྲིག་པ་མཐོང་སོང་ན་ཐད་ཀར་བཤད་ཀྱང་བྱེད་མཁན་བྱེད་མཁན་ཞིག་ཀྱང་ཡིན་པས་ཉ་དང་ཉུང་མ་མཉམ་འཇོག་མ་བྱེད་རོགས་ཞུ་རྒྱུ་ཡིན།

  4. ཇ་མ་ says:
    2012-08-09 at 8:39 am

    རང་བཙན་ཡོད་ཀྱང་རང་མགོ་མ་ཐོན་ཤི་མིན་གསོན་མིན་གྱི་རྒྱལ་ཁབ་སྐྱོ་བོ། ཁ་ཟ་རྒྱུ་དང་རྒྱབ་གོན་རྒྱུ་རང་མགོ་མི་ཐོན་པའི་རྒྱལ་ཁབ་པ་མགོ་དེ་ཚོའི་ས་ནས་བོད་མི་ཚོ་ག་འདྲ་ལྷག་སོང་བ་རེད། པ་མགོའི་རྒྱལ་ཁབ་འདི་མྱུར་དུ་རྒྱ་ནག་གིས་ཟ་བར་ཤོག

  5. ཡ་ཐོག་ཚེ་རིང་། says:
    2012-08-09 at 10:33 am

    ཟླ་འགའ་སྔོན་ལས་ཀ་ཞིག་གི་ཆེད་དུ་མི་འགྲོ་དཀའ་མེད་བྱུང་ནས་བལ་ཡུལ་ལ་ཐེངས་གཅིག་ཕྱིན་ཡིན། བལ་ཡུལ་ཉེན་རྟོག་པ་ཇག་ཕྲུག་དེ་ཚོས་མིག་གིས་བལྟས་བལྟས་ལ་ང་དང་ངའི་གྲོགས་པོ་གཉིས་བོད་པ་ཡིན་པའི་རྒྱུ་མཚན་གྱིས་ཧིན་སྒོར་ལྔ་བརྒྱ་འཕྲོག་སོང་། ནམ་ཞིག་གོ་སྐབས་བྱུང་དུས་ངས་དེའི་རྒོལ་ལན་བྱེད་འཆར་ཡོད།

  6. དགེ་བསྙེན་རྡོ་རྗེ་ says:
    2012-08-09 at 10:53 am

    བློ་ཕུགས་རྒྱ་གར་བཅོལ་ན་ཡང་། །
    བལ་པོས་དཔལ་འབྱོར་རྒྱ་ལ་རེ། །
    བོད་པའི་འགྲོ་ལམ་བལ་ཡུལ་དེ། །
    ནམ་ཞིག་རྒྱ་ལ་ཤོར་ཉེན་ཡོད། །
    དེ་བས་བོད་མིར་གནོན་བཙིར་ཞོག །

  7. ལྕགས་ཐར་འབུམ། says:
    2012-08-09 at 12:11 pm

    ཨ་ཡ་རྟག་པར་སྡུག་སྨྲེ་ཏག་ཏག་་་་་་་་དེ་བོད་པ་རང་གི་མ་མཇོན་པ་རེད་་་་སྡུག་གྱོང་རེད་

  8. ལྕགས་ཐར་འབུམ། says:
    2012-08-09 at 12:19 pm

    ལྷག་ཏུ་གོང་གི་གསར་འགྱུར་དེའི་ནང་ཡིག་སྐྱོན་དྲུག་ཙམ་འདུག་དེ་འོ་སྐོལ་བོད་མིའི་ཁ་དང་ལྷག་ཏུ་བཙན་བྱོལ་བ་ཚོའི་ཁ་ནས་གླེང་བཞིན་པའི་སྐད་ཡིག་སྲུང་སྐྱོབ་ཡིན་ནམ།

  9. ལུང་རྟོགས། says:
    2012-08-09 at 1:22 pm

    ལོགས་སྨྲ་ཚར་གཅོད་ལགས། བསམ་བློ་གཏན་ནས་མ་བཏང་བའི་སྐད་ཆ་དེ་འདྲ་མ་བཤད་ན་བཟང་། བཀའ་ཁྲིས་རྒྱལ་སྤྱིའི་སྲིད་འཛིན་དང་སྲིད་བློན་ལ་འཇལ་འཕྲད་གནང་མ་ཐུབ་པ་ནི། རྒྱལ་སྤྱིས་བོད་དོན་ཐོག་ལ་འཛིན་པའི་སྲིད་ཇུས་ལ་རག་ལས་པ་ལས། མི་གཅིག་གི་འཇོན་ཐང་ལ་རག་ལས་པ་ཞིག་གཏན་ནས་མ་རེད། རྒྱལ་སྤྱིས་བོད་གཞུང་ཞེས་པ་ཞིག་གཏན་ནས་ཁས་ལེན་གྱི་མེད་ན། སྲིད་འཛིན་སྲིད་བློན་གྱིས་བོད་ཀྱི་དབུ་ཁྲིད་དང་འཇལ་འཕྲད་ཇི་ལྟར་བྱེད་ཐུབ། ད་དུང་རྒྱ་ནག་གིས་གནོན་ཤུགས་ཇི་ལྟར་སྤྲད་ཀྱི་ཡོད་པ་ཁྱོས་ཀྱང་ལོས་ཤེས། དེ་སྔ་ཡན་ཆད་ཀྱི་བཀའ་ཁྲི་རིམ་བྱོན་ཁྲོད་ནས་འཇོན་ཤོས་ནི་ཟམ་གདོང་རིན་པོ་ཆེ་ཡིན་ཡང་། རྒྱལ་སྤྱིའི་སྲིད་བློན་སྲིད་འཛིན་བཞག་ནས་གྲོས་ཚོགས་འཐུས་མི་ཞིག་ལ་འཇལ་འཕྲད་གནང་བ་ཡང་ཉུང་ཉུང་ཡིན།  ༧གོང་ས་མཆོག་ནི་རྒྱལ་སྤྱིའི་སྟེང་ཧ་ཅང་སྙན་གྲགས་ཆེ་བའི་གཟེང་རྟགས་མང་པོ་ཐོབ་མྱོང་བའི་ཆེ་མཐོང་ལྡན་པའི་མི་སྣ་ཞིག་ཡིན་པས། རྒྱལ་སྤྱིའི་སྟེང་ཁོང་ལ་ཆེ་མཐོང་སྤྲད་པ་ལྟ་བུ་ཞིག་རྒྱལ་ཁབ་ཕལ་ཆེ་བའི་སྲིད་འཛིན་སྲིད་བློན་ལ་ཡང་ཐོབ་ཀྱི་མེད་ན་༧གོང་ས་མཆོག་དང་བཀའ་ཁྲི་བསྡུར་བ་ནི་རྒྱ་མཚོ་དང་ཆུ་འཁྱིལ་བསྡུར་བ་དང་གཅིག་པ་རེད། དེས་ན་སྐད་ཆ་གང་ཡིན་ཡང་བསམ་བློ་ཡག་པོ་བཏང་ནས་བཤད་རྒྱུ་གལ་ཆེའོ།

  10. ལུང་རྟོགས། says:
    2012-08-09 at 1:25 pm

    ད་དུང་འདྲ་ཆག་ཆག་གི་སྐད་ཆ་དེ་ཚོ་ནི་སྐབས་འཚོལ་བའི་རང་འཚང་ཕྱིར་བསྟན་པ་ལས་མ་འདས་སོ།

  11. གངས་ལྗོངས་རྒྱལ་སྲས says:
    2012-08-09 at 1:29 pm

    བལ་དཔོན་དང་མོའོ་དམག་བལ་དམག་ཀུན་གྱིས་རྒྱ་དམར་གྱི་ཟླ་ཕོགས་ཟ་བ་མངོན་གསལ་རེད། དེ་བཞིན་དུ་ཞི་རྒོལ་གནང་སྐབས་གཟབ་ནན་གནང་དགོས་པ་ནི་ཤིན་ཏུ་གལ་ཆེ་བའོ།

  12. ལྷ་མཁར says:
    2012-08-09 at 2:22 pm

    ལོག་སྨྲ་ཚར་གཅོད་ལགས ཁྱེད་ཀྱི་མིང་དེ་ཁྱེད་ལ་མཚན་པའི་མིང་ཞིག་རེད། གང་ཡིན་ཞེ་ན རང་ཉིད་ཀྱིས་རང་ཉིད་ལ་ཚར་་གཅོད་བྱེད་ཀྱི་ཡོད་པས་དངོས་ནས་བཟང་། ཁྱེད་ཀྱིས་བྲིས་པ་འདི་ལ་བལྟོས་ཡོང་ཚེ་མཐོང་རྒྱ་དང་ཐོས་རྒྱ་ཡོད་མཁན་ཞིག་ཡིན་པ་ཤེས ་ཐུབ་པས། རྗེས་མ་འདི་ལྟ་བའི་མཆན་མ་འབྲི་རོགས་གལ།

  13. བསྟན་འཛིན་དཔལ་བཟང་ says:
    2012-08-10 at 12:14 am

    གནའ་སྔ་མོ་ལུང་པ་ཆུང་ཆུང་སྐྱིད་པོ་ཞིག་ཡོད། དེ་ཡང་བོད་དང་རྒྱ་གར་དབར་ཞིབདེར་གནས། ལོ་རྒྱུས་ངོམས་ཆོག་པ་ཞིག་ལ་ནང་པའི་སྟོན་པ་འཁྲུངས། ནང་པའི་གནས་རྙིང་མང་མང་པོ་མཇལ་དུ་ཡོད། བོད་ཡུལ་རྒྱ་དམར་གྱིས་བཙན་བཟུང་བྱས་པ་ནས་རང་དབང་ལྡན་པའི་རྒྱལ་ཁབ་ཡིན་མོད་མཐའ་མར་རྒྱ་དཀར་ནག་གི་བར་དུ་ཚུད་དེ་གཞན་བསྟུན་སྡེ་གཟར་དུ་ལྷུངས། རྒྱ་དམར་གྱི་ལག་ངན་བརྐྱངས་ནས་འཛམ་གླིང་དང་མི་མཐུན་པའི་ཁ་ཕྱོགས་སུ་བསྐྱོད་བཞིན་པ་ནི་རྗེས་ལུས་དང་ཁ་སྐྱེངས་དགོས་པ་ཞིག་རེད། མ་ཟད་བོད་པའི་ཐོག་ལ་འཛིན་པའི་སྲིད་བྱུས་དེ་དངོས་གནས་ཐབས་སྐྱོ་པོ་ཞིག་རེད། འོན་ཀྱང་ཁག་མེད་མི་ངན་བསླུ་ཁྲིད་ཚུད་ནས་ཐབས་ཟད་པ་ཡིན་ཤས་ཆེ།།

  14. ལོག་སྨྲ་ཚར་གཅོད། says:
    2012-08-10 at 2:02 am

    ངས་བློ་སེང་བཀའ་ཁྲིར་མ་བསྐོས་གོང་ནས་ད་བར་རྒྱུད་ལམ་ཁག་འདྲ་མིན་ནས་དགག་ཡིག་སྤེལ་བ་ཐེངས་ལྔ་བརྒྱ་ལས་བརྒལ་བཞིན་ཡོད། འོན་ཀྱང་དེ་དག་ཚང་མ་སྒེར་གྱི་འཁོན་འཛིན་དང་ཕྲག་དོག གཞུང་ལ་མི་འདོད་པའི་རྣམ་འགྱུར་སོགས་ཚིག་གཅིག་ཀྱང་མེད། ཁོང་བཀའ་ཁྲིར་བསྐོས་པར་དགག་པ་རྒྱབ་དགོས་དོན་ནི། དུས་རབས་ཀྱི་དཀྱོག་མཚམས་དང་ཤེས་ཡོན་གྱི་སྲིད་ཇུས་དཀྱོག་མཚམས་གཉིས་ཀའི་དུས་འདིར་ནོར་ལམ་གྱི་གོལ་ས་ཆེན་པོར་ལྷུང་བའི་བོད་ཀྱི་གཞོན་སྐྱེས་ཀླད་གསར་པ་གནས་སྐབས་ལས་ཕུགས་དོན་མ་རྟོགས་པ་མང་པོས། བློ་སེང་ཁོང་བོད་ཀྱི་མགོ་གཙོར་བསྐོས་ཐུབ་པ་འདིས་བོད་དེ་ཆོས་ལུགས་ཀྱིས་དབང་སྒྱུར་འཆིང་ཐག་ལས་གྲོལ་བ་མཚོན་པ་རེད་ཟེར་བ་དང་། ཀླད་སྙིང་མཁྲེག་བཟུང་ལས་གཞོན་རབས་གསར་གཏོད་ཀྱི་ཕྱོགས་སུ་འགྲོ་མགོ་བཙུགས་པ་རེད་ཟེར་བ་དང། དངོས་ཡོད་དང་མི་མཐུན་པའི་རིག་གནས་ཀྱི་ཤེས་ཡོན་གྱིས་ཁྱད་ལས་པ་ནས་དོན་དངོས་དང་མཐུན་པའི་རིག་གནས་ཆུད་ཚད་ཡོད་པའི་མི་སྣའི་ལག་ཏུ་དབང་ཆ་སླེབས་ཡོད་པ་བློ་སེང་མཚོན་དོན་དུ་བཟུང་ནས་དགའ་ཚོར་བྱེད་མཁན་རྣམས་ཕྱོགས་སྔར་བྱས་ནས་དགག་པ་རྒྱབ་པ་ཤ་སྟག་ཡིན། ང་སྒེར་གྱིས་ཟ་མགོ་མི་འགྲིག་པ་དང་དགྲ་དགའ་གཉེན་སྡུག་གི་རང་གཞུང་ལ་རྒྱབ་ལོག་བྱས་པ་ཞིག་ག་ལ་ཡིན། ངའི་དངོས་མིང་ནི་ལྷ་རམས་པ་འཇམ་དབྱངས་ནོར་བུ་ཡིན་པ་ངས་ཐེངས་མང་གསལ་བཤད་བྱས་ཟིན་པ་ཡིན། ལོ་རྒྱུས་ཞིབ་པར་ཤེས་འདོད་ན་ངའི་སྒེར་གཉེར་དྲ་རྒྱ་ནང་གཟིགས་ན་འགྲིག http://www.jamyangnorbu.yolsite.com ངས་བཤད་པའི་སྐད་ཆ་ཚང་མ་ང་རང་གིས་འགན་ཁྱེར་ནས་སྡོད་ཡོད།

  15. གནམ says:
    2012-08-10 at 2:40 am

    ཨོ་ལྷ་རམས་པ་ལོག་སྨྲ་ཚར་གཅོད་ལགས།
    དེ་འདྲ་མ་གནང་། གལ་དེ་བློ་སེང་ཁོང་གིས་འཇོན་པ་མི་འདུག་ན། རྒན་རང་གིས་ཁོང་ལ་ཕྱག་རོགས་གནང་ན་ག་འདྲ་འདུག རྒྱལ་ཁབ་ཀྱི་སྲིད་འཛིན་ཚང་མར་བློ་ཕུགས་གཏོད་སའི་ལྷ་རམས་པ་རེ་ཡོད་པ་རེད། ཁྱེད་དེ་འདྲ་གནང་གི་ཡིན་ཟེར་ནས་ལྗགས་རྩོམ་འདྲ་མི་སྤེལ་པར་དགག་ཡིག་ལྔ་བརྒྱ་སྤེལ་བ་དེའི་བོད་བསྟན་པ་ཆབ་སྲིད་ལ་མི་ཕན་པའི་ཁེར་ཁྱོད་རང་སངས་ཡང་ལས་སླ་པོ་རྒྱས་འི་འཇུག་གི་མ་རེད་ད། དེ་མིན་སེར་དམགས་ཁྲིད་མ་ཡོང་རོགས། སེར་དམགས་ལ་སྐྲག་སྣང་ཤིན་ཏུ་ཆེ། སེར་དམགས་དགྲ་ལ་མི་ཐུག་བོད་ལ་ཐུག བོད་ཁམས་ཕམ་པའི་ལོ་རྒྱུས་རི་ལྟར་བརྩིགས།

  16. བློ་བཟང་ says:
    2012-08-10 at 3:02 am

    ལོག་སྨྲ་ཚར་བཅད། ཁོ་རེ་བློ་བཟང་སེང་གེ་མཆོག་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་མ་ཡིན་པ་ཤེས་པ་དང་། གོང་གི་བཀའ་བློན་རྣམས་རྒྱལ་ཁག་གང་གི་སྲིད་འཛིན་དང་ཐུག་འཕྲོད་བྱེད་འདུག་ལྟོས། རང་གི་མ་མཇོན་པ་མིར་ཁ་རྐྱང་བཏང་། ་་ནང་ཁུལ་བཀྲུག་བཤིག་རྒྱག རང་སྨྲ་ཚར་བཙད་བཏགས་ན་བཟང།

  17. སྒྲོལ་མ་ཚེ་བརྟན་ says:
    2012-08-10 at 4:41 am

    ལོགས་སྨྲ་ཚར་གཅོད་ལགས། ཁྱོད་གྱི་མཆན་དེ་ལ་བལྟས་དུས་ཁུང་རྒོད་ཅིག་ཤོར་སོང་། རྒྱུ་མཚན་དང་གནས་ལུགས་གང་ཡང་མེད་པར་མཐོང་རྒྱ་ཁབ་མུག་ལས་ཀྱང་དོག་པའི་རང་འཚང་ཕྱི་ལ་བསྟན་པ་ལས་མ་འདས། འོ་ན་ཟམ་གདོང་བླ་མ་ཆོས་ལ་མཁས་ནས་བོད་མིའི་རྩ་དོན་དང་ལྷག་པར་དུ་ཆབ་སྲིད་ཀྱི་ཐོག་གང་འགྱོན་འདུག མི་ལོ་༡༠རིང་གྲུབ་འབྲས་གང་བསྟན་རྒྱུ་འདུག དེ་ལས་ཀྱང་ལྷག་ཟམ་གདོང་ཚང་གི་ཡར་སྔོན་གྱི་བཀའ་ཁྲི་དེ་ཚོ་ནི་དེ་བས་ཀྱང་གོ་མེད་ཚོར་མེད་ཤ་སྟག་རེད། འོ་ན་བོད་མི་རིགས་ཀྱི་ཤེས་ཡོན་པའི་སྡེ་ཚན་ནམ་ནང་བསྟན་ཆོས་ལུགས་པ་ཚོས་ཀྱང་བློ་སེང་ལ་དགག་རྒྱག་གི་རྩོམ་ཡིག་ཅིག་མཐོང་རྒྱུ་མེད་པ་གང་ཡིན་ནམ། ངའི་ལྟ་ཚུལ་ནོར་མེད་ན་མི་སྐྱའི་ནང་ནས་ཤར་ཕོགས་ཁུག་རྟ་དང་གྲྭ་པའི་ནང་ནས་ཁྱེད་ཡིན་པ་འདྲ། མཐའ་དོན་ལྷག་བསམ་དང་ཤེས་འཇོན་ལྡན་པའི་བཀའ་ཁྲི་མཆོག་ལ་དོན་མེད་ཁ་མགཏོང་། ཁོང་གིས་གནང་བའི་ཕྱག་ལས་དེ་ཚོ་བོད་མི་རིགས་ཀྱི་ཁྱེད་དུ་རེད།

  18. རང་དབང་ཨ་རྡུ་མན་ says:
    2012-08-10 at 5:48 am

    ཡ་ཁོ་རེ་་་་་ལོག་སྨྲ་ཚར་བཅད་ལགས། ཁྱེད་ཀྱི་བཤད་སྟངས་དེ་ངན་པ་ལ་ཨ། ར་དབང་ཨ་རྡུ་མན་ནས་་་་ད་བར་ཧམ་བཤད་དང་ཡང་ན་དྲང་བདེན་མ་ཡིན་པའི་སྐད་ཆ་ག་རེ་བཤད་སོང་། ཡིན་ཅིས་གསལ་པོ་གསུང་རོགས་གནང་། ད་དུང་ཁྱོད་ཀྱིས་རང་ཉིད་དཔའ་བོ་ཡིན་ཁུལ་གྱི་་་དོལ་རྒྱལ་བར་་མཐའ་གཅིག་ཏུ་དགག་པ་རྒྱག་མཁན་ཡིན་་་་་ཟེར་ཡག་དེ་ཚོ་་་་ཁྱོད་ཀྱི་རྣམ་དཔྱོད་་
    ཡིན་དྲན་གྱི་འདུག་པས། ཆོས་སྲིད་ལ་བསྒྱུར་མཁན་གྱི་རྒྱུགས་ཁྱི་ཡིན་པའི་རང་ཚང་སྒྲགས་པ་ལས་གཞན་ཕན་ཐོག་གང་ཡང་མེད། མདོར་ན་ཁྱོད་ལྟ་བུའི་མི་ངན་འབུམ་ཕྲག་མང་པོ་ཞིག་ཕྱོགས་གཅིག་ཏུ་སྤུངས་ན་ནའང་ཆོས་དད་རང་དབང་འཕྲོག་མི་ཐུབ་པའི་ཁར་་་་ད་དུང་ཇི་ཆེས་དང་ཇི་རྒྱས་སུ་འགྲོ་བར་ངེས། སོང་ཙང་སྤྱི་ཚོགས་ནང་དུ་དཀྲུགས་བཤིགས་ཀྱི་དུག་སོན་ཆེས་ཤོས་ནི་་་་
    ཆོས་ལུགས་ཀྱི་སྐོར་དེ་རེད་་་་་་སོང་ཙང་སོ་སོ་ཆོས་རྒྱུད་ག་རེ་ཡིན་ནའང་ཆོག་གིས་་་་་་་འོན་སྟངས་མི་གཞན་གྱི་ཆོས་ལུགས་
    བརྒྱུད་པ་དང་བཅས་པར་དགག་པ་རྩ་བ་ནས་བྱེད་མི་རུང་། གང་ལགས་ཞེ་ན་་་་་་དེས་རང་གཞན་གཉིས་ཀ་ཕུང་ལ་སྦྱོར་བ་མ་གཏོགས་ཕན་པའི་བྱ་བ་ཅུང་ཟད་ཙམ་ཡང་མེད་པ་ནི་ཐག་གིས་ཆོད། ཐུགས་ཡིད་མ་ཆེས་ན་་་་་་དངོས་གནས་ཀྱི་དམངས་གཙོ་དང་ཆོས་དད་རང་དབང་ལ་ལོངས་སུ་སྤྱོད་ཤེས་མཁན་ཚོར་བཀའ་འདྲི་གནོང་དང་་་་་རིམ་པར་ཤེས་ཡོང་གི་རེད་་་་་ལོ། དྲིན་ཆེན་་་་་ང་ལ་ཚིག་པ་མ་ཟ་ཨ་་་་་་སྡིག་པ་ཆེན་པོ་ཡོད་རེད་་ད་་་ལོ་་་་མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན་་་་་་ཞེས་སོགས་ཀྱི་དོན་ལ་དགོང་པ་ཏོག་ཙམ་བཞེས་དང་།།

  19. ལྕགས་ཐར་འབུམ། says:
    2012-08-10 at 6:22 am

    ་་་་་་རང་དབང་ཨ་རྡུ་མན་ལགས་ཁྱེད་ཀྱིས་བྲིས་པ་དེ་དག་གི་ནང་ན་ཡུལ་སྐད་དང་བོད་མི་རིགས་ཀྱི་བརྡ་སྤྲོད་ཀྱི་གཞུང་དང་རྩ་ནས་མི་མཐུན་པའི་ཡིག་སྙོག་འདུག་་་ཡོན་ཏན་པ་ཞིག་མིན་པ་གསལ་བོ་རེད་སུམ་རྟགས་དག་གསུམ་གྱི་འགྲོ་ཕྱོགས་ཙམ་ཡང་མ་ཤེས་གོང་ནས་་་གཞན་ལུགས་དགག་པ་དང་རང་ལུགས་སྐྱོབ་ཐབས་མ་བྱེད།

  20. རང་དབང་ཨ་རྡུ་མན་ says:
    2012-08-10 at 6:57 am

    བརྩེ་བའི་དྲ་གྲོགས་་་་་ལྕགས་ཐར་འབུམ་ལགས་་་་་ལམ་སྟོན་གནང་པ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང་། ང་རང་ནི་ཀུན་ལ་རྨོངས་པ་སོང་ཙང་་་་རང་སྐྱོན་རང་གིས་མཐོང་བ་ནི་ཉིན་མའི་སྐར་མ་ལྟར་ལགས་ན་་་་་ཁྱེད་རྣམ་པས་་་་་ང་ཡི་ཡུལ་སྐད་དང་མི་མཐུན་པ་དེ་ག་རེ་ཡིན་མིན་དང་་་་་བརྡ་སྤྲོད་པའི་གཞུང་ལུགས་གང་དང་མི་མཐུན་པའི་རྒྱུ་མཚན་དང་བཅས་པ་བཀའ་སློབ་གསལ་པོ་ཞིག་
    ངེས་པར་དུ་གནང་སྐྱོང་ཡོང་བ་མཁྱེན།།

  21. ལུང་རྟོགས། says:
    2012-08-10 at 8:20 am

    “བློ་སེང་མཚོན་དོན་དུ་བཟུང་ནས་དགའ་ཚོར་བྱེད་མཁན་རྣམས་ཕྱོགས་སྔར་བྱས་ནས་དགག་པ་རྒྱབ་པ་ཤ་སྟག་ཡིན” ཧཧཧཧཧ བློ་སེང་མཚོན་དོན་དུ་བཟུང་ནས་དགའ་ཚོར་བྱེད་མཁན་རྣམས་ཕྱོགས་སྔ་བྱས་ནས་དགག་པ་རྒྱབ་དུས་བློ་སེང་དགག་དགོས་པ་ཨེ་རེད། དེ་འདྲའི་དགག་པ་ཁྱད་མཚར། འདི་ནི་འདྲེ་ཤར་སྒོ་ལ་བཞག་ནས་གླུད་ནུབ་སྒོ་ལ་འཕང་ཞེས་པ་དེ་རེད། གོ་རྒྱུ་ཚོར་རྒྱུ་མེད་པའི་སྐད་ཆ་འདི་འདྲ་ཞིག་བཤད་ནས་ད་དུང་ལྷ་རམ་པ་ཡིན་ན་གཅིག ཧཧཧཧཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme