Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་གནོད་སེལ་དགེ་འདུན་དང་སྐད་ཆ་གཞན།

Posted on 2015-04-282015-04-28 By ཁ་བརྡ་ 1 Comment on བལ་ཡུལ་གནོད་སེལ་དགེ་འདུན་དང་སྐད་ཆ་གཞན།

རྫ་ཚེ་རིང་བཀྲ་ཤིས།

 
འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །

ཐོག་མར་ང་ཚོས་ཉིས་སྟོང་བཅུའི་ལོར་ཕྱི་མིག་ཅིག་བལྟ། ཡུལ་ཤུལ་ས་ཡོམ་ཆེན་མོའི་སྐབས་ཆེས་ཉེན་ཁ་ཆེ་བའི་དམིགས་བསལ་ཉེན་སྐྱོབ་ཀྱི་ལས་དོན་ཁྲོད་བོད་ཀྱི་དགོན་པ་༢༦༦ གིས་དངོས་རྫས་ཟོང་『貨車』འཁོར་ཆེ་ཆུང་༢༢༣ དང་མི་མང་ཤོག་སྒོར་དུང་ཕྱུར་༣ དང་ས་ཡ་ལྔ་བཅུ་ལྷག་གི་རོགས་སྐྱོར་དང་། དགེ་འདུན་པ་༩༠༠༠ བརྒལ་བ་དངོས་སུ་ཡོམ་འགོག་གནོད་སེལ་གྱི་ལས་དོན་ནང་ཞུགས་ནས་སྲོག་སྡོས་ཀྱིས་ལས་དོན་སྒྲུབ་པར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱས།

སྐབས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་གྱི་བུད་མེད་རྩོམ་པ་པོ་གྲགས་ཅན་ཨ་ཆུང་『阿秋』ཟེར་བས། ས་ཆ་གང་ལ་ཉེན་ཚབས་ཆེ་བ་དང་། ས་ཆ་གང་ལ་རོགས་རམ་དགོས་དེར་ངས་མཐོང་བ་ནི་ནབ་གཟན་དམར་པོ་གྱོན་མཁན་དག་རེད་ཅེས་པའི་སྡོམ་ཚིག་བཀོད།

དེ་བཞིན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་དུས་ཐོག་ཆར་པ་རུ་ཡང་། ཡུལ་ཤུལ་ས་ཡོམ་ལྟ་བུར་མཚོན་གསར་འགོད་པ་དེ་ཚོས། གལ་ཏེ་ད་ལོའི་ས་ཡོམ་སྐབས་ཀྱི་རོགས་སྐྱོར་མཚོན་པའི་རི་མོ་ཞིག་འབྲི་དགོས་པ་ཡིན་ན། ཚོན་མདོག་དམར་པོ་ཞིག་དང་། སེར་པོ་ཞིག་དང་། ལྗང་གུ་ཞིག་སྟེ་གསུམ་གྱིས་འབྲི་དགོས་པ་འདུག་ཟེར་གྱི་ཡོད་པ་རེད། དེ་ཡང་དམར་པོ་ཟེར་བ་ནི་དགེ་འདུན་པ་རེད། ལྗང་གུ་ནི་རྒྱལ་ཁབ་ཀྱི་དམག་དང་། སེར་པོ་ནི་མེ་གསོད་རུ་ཁག་ལ་ཟེར་གྱི་ཡོད་པ་རེད། ཅེས་སྐབས་དེའི་རྒྱལ་ཕྱི་ནང་གི་གསར་འགོད་པ་དག་གི་གནོད་སེལ་ལས་དོན་ཁྲོད་ཀྱི་བོད་ཀྱི་དགེ་འདུན་པར་འཛིན་པའི་འདུ་ཤེས་ཞིབ་འགྲེལ་གནང་ཡོད། དངོས་ཡོད་ནི་དེ་ག་རང་རེད།

སྤྱི་ཟླ་བཞི་བའི་ཚེས་ཉེར་ལྔའི་ཉིན་གྱི་ས་ཡོམ་འདིས་རི་བོ་ཧི་མ་ལ་ཡ་ཡོམ་ཡོམ་དུ་བསྒུལ་ཞིང་། མི་མང་ཁྲི་སྟོང་མང་པོའི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་ཆེན་པོ་ཕོག མི་ཤིན་ཏུ་མང་པོ་ཞིག་རྟེན་མེད་གནས་མེད་དུ་བྱས། རང་བྱུང་དང་འགྲུམ་འགྲུལ་གྱི་བཀག་རྒྱའི་འོག་མང་པོ་ཞིག་གི་གནོད་ཐེབས་ཀྱི་གནས་ཚུལ་ཙམ་ཡང་རྟོགས་དཀའ་བར་གྱུར་ཡོད།

unnamed-5

མདོར་ན་ངས་བཤད་འདོད་པ་ནི། ས་ཡོམ་གྱི་ཤུགས་ཚད་འདྲ་འདྲ་ཡིན་ཞིང་། གཞུང་ངོས་ཀྱི་ཉེན་སྐྱོབས་སོགས་ཀྱི་སྟོབས་ཤུགས་མཐུན་སྦྱོར་ཧ་ཅང་ཞན་པོ་ཡིན་པའི་བལ་ཡུལ་གྱི་ས་ཁུལ་འདིར་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་བླ་ཆེན་མང་པོ་ཞིག་བཞུགས་ཡོད་ཅིང་། ཁོང་ཚོའི་བྱམས་བརྩེ་དང་སེམས་ཤུགས་ཀྱི་ནུས་སྟོབས་བོད་ནང་ལས་ཞན་དགོས་པའི་རྒྱུ་མཚན་མེད་ལ་ཞན་ཡང་མི་འོས།

གསར་འགྱུར་བརྒྱུད་ལམ་གྱི་རང་དབང་དང་། འགྲོ་སྐྱོད་ཀྱི་རང་དབང་སོགས་ལྟོས་བཅས་ཀྱི་ཆ་ནས་ཉིས་སྟོང་བརྒྱད་ཀྱི་ལོ་ལས་ཁོར་ཡུག་ཡག་པ་ཡོད། མ་མཐའ་ཡང་ཉེ་འཁོར་གྱི་དགོན་པ་དག་ཐོག་དང་པོར་ཐོན་ན་ཧ་ཅང་འོས།
དེའི་ཕྱིར་ང་ཚོས་མཐོང་ན་འདོད་པའི་སེམས་ཤུགས་ཅན་གྱི་དགེ་འདུན་པ་དག་གི་བྱམས་བརྩེའི་དམར་འོད་དེ་ས་འདིར་ངེས་པར་ཕོག་རྒུ་ཡིན་པའི་ཡིད་ཆེས་ཀྱིས་ངང་བསྒུགས་བྱས། རྩོམ་པ་པོ་ཨ་ཆུང་གིས་བཀོད་པའི་སྡོམ་ཚིག་དེ་ནོར་འཁྲུལ་མེད་པ་ཡིན་པའི་ཡིད་ཆེས་བྱས། དེ་རིང་ཕྱི་དྲོ་ནས་དྲ་ངོས་དག་ལ་དགེ་འདུན་པས་གནོད་ཐེབས་ས་ཁུལ་གྱི་ཡུལ་ངོས་རང་ན་ལུས་ཤུགས་བཀོལ་ནས་ས་བརྐོ་རྡོ་སློག་སོགས་ཀྱི་ལས་ཀར་དངོས་སུ་ཞུགས་པའི་ཡིད་འགུལ་ཐེབས་པའི་དཔར་རིས་དག་མཇལ་བྱུང་། དེ་དག་གི་ནང་དུ་ངའི་ཆོས་དང་དང་འཛིན་གྲོགས་ཡིན་པའི་འཕགས་ཡུལ་རྫོང་སར་བཤད་གྲྭའི་གྲྭ་པའང་ཚུད་འདུག སེམས་པ་ཧ་ཅང་དགའ་བྱུང་། འོན་ཀྱང་། ཁང་པ་སྡིབས་འོག་ཏུ་ཡོད་པ་ཞིག་ལ་མཚོན་ན་ད་ཆ་གསེར་གྱི་དུས་ཚོད་དེ་ཧ་ལམ་རྫོགས་གྲབ་ཡོད་དེ། ས་ཡོམ་བྱུང་ནས་བརྒྱད་ཅུ་ལྷག་འགྲོ་བཞིན་འདུག ད་དུང་དེ་ལས་མང་བའི་དགེ་འདུན་པ་ཡུལ་དངོས་རང་དུ་ཕེབས་ནས་ཕྱག་ལས་གནང་དང་གནང་བཞིན་པར་ཡིད་ཆེས་བྱེད་བཞིན་ཡོད།

དུས་མཚུངས་དམིགས་བསལ་ཞུ་རྒྱུ་ཞིག་ལ། དེང་སང་དྲ་ལམ་མགྱོགས་དྲགས་པ་དང་། རྒྱལ་སྤྱིའི་གསར་འགོད་པའི་དོ་སྣང་ཚང་མ་དྲངས་ཡོད་པའི་ས་ཁུལ་ཞིག་ལ་སྟོན་པའི་རྗེས་འཇུག་དགེ་འདུན་པ་ཞིག་གི་ངོ་ཚབ་ཀྱི་ཐོག་ནས་གནོད་སེལ་རོགས་སྐྱོར་ལ་ཞུགས་སྐབས་ཀུན་སྤྱོད་དང་། ན་བཟའ་མནབས་སྟངས་སོགས་དུས་རྒྱུན་གནད་འགག་ཆེན་པོ་རང་མིན་པ་ལྟ་བུའི་ཕྱོགས་གཞན་དག་ལ་ཡང་གང་ཅིར་ཧ་ཅང་དོ་སྣང་དགོས་པ་ཞིག་ཀྱང་ཆགས་ཀྱི་འདུག ང་ཚོ་ཐག་རིང་ན་ཡོད་ཀྱང་། ཁྱེད་ཚོ་ང་ཚོའི་གཟི་བརྗིད་དུ་བསྒོམས་བཞིན་ཡོད། ཁྱེད་རྣམ་པའི་ཕྱག་ལས་ལ་ཧ་ཅང་དོ་དན་གྱིས་དོ་སྣང་བྱེད་བཞིན་ཡོད། གཡས་གཡོན་དག་ལ་ཡང་ཆེན་རྣམ་པའི་རླབས་ཆེན་བརྗོད་བཞིན་ཡོད། འོན་ཀྱང་། དེ་རིང་གི་པར་རིས་དག་གི་ནང་དུ་ཡང་ཤིན་ཏུ་དང་བ་འདྲེན་པའི་ངོས་དེ་ལས་གཞན་ཅུང་ཟད་མཐོང་མ་བདེ་བ་ལྟ་བུའི་ཆ་ཤས་ཆུང་ཆུང་རེ་མི་འདུག་གམ་སྙམ་པ་བྱུང་། དེས་ན་ཆུ་མ་ཡོང་གོང་གི་ཆུ་རགས་གྱི་དཔེ་ལྟར། གནོད་སེལ་དགེ་འདུན་པ་དག་གིས་ཀྱང་གུས་ཞབས་ཡོད་པ་དང་། སྒྲིག་འཛུགས་ལྡན་པ་ཞིག་གི་ཐོག་ནས་ལས་དོན་ལ་ཞུགས་རྒྱུ་ནི་ལས་དོན་གྱི་དོན་སྙིང་གལ་ཆེན་ཞིག་ཡིན། འདིའི་ཐད་ལ་ཡང་དུས་ཐོག་ཆར་པར་། གནོད་སེལ་ལས་དོན་སྒྲུབ་སྟངས་ཐད་འདི་འདྲ་ཞིག་གསུངས་ཡོད་དེ། ….འདིའི་རིགས་ཀྱི་སྐབས་སུ་འཛམ་བུ་གླིང་གཅིག་གི་མིག་དུང་ཕྱུར་མང་པོ་ཞིག་གིས་དེ་ལ་ལྟས་བསྡད་ཡོད་པའི་སྐབས་ཡིན་སྟབས། ད་ཕན་ཆོད་འདི་འདྲའི་རིགས་ལ་བྱ་བ་སྤྱོད་པ་དང་། རྣམ་འགྱུར་གང་གི་ཐད་ནས་ཀྱང་སྔར་ལས་ལྷག་པའི་བཟབ་བཟབ་དགོས་པ་རེད། ཅེས་གསུངས་ཡོད། འདི་ནི་དེ་རིང་གི་སྐབས་འདིར་ཡང་དངོས་གནས་དྲང་གནས་ཀྱི་དུས་ཐོག་གི་ཆར་པ་རང་ཞིག་ཡིན་པ་དེ་ཐུགས་ལ་འཛིན་རོགས། དེ་དང་ཆབས་གཅིག་ཁྱེད་རྣམ་པའི་ཐུགས་སྟོབས་དང་བྱམས་བརྩེ་ལ་སྙིང་ཐག་པ་ནས་གུས་འདུད་ཞུ།

རང་ཉིད་བདེ་སར་བསྡད་ནས་མི་ལ་སྐད་ཆ་བཤད་པ་ནི་འཚམས་པོ་ཞིག་མིན་ན་ཡང་། བསམ་པ་ལ་ལྷད་མེད་པའི་རྒན་མོ་བསམ་བཟང་གི་སྐད་ཆ་རང་ཡིན་སྟབས། བསམ་ཚུལ་འདིས་ཀྱང་འགའ་རེ་ལ་ཅུང་ཟད་དྲན་བསྐུལ་ཐེབས་པའི་རེ་བ་དང་ཡིད་ཆེས་ཡོད།

བལ་ཡུལ་གྱི་དགོན་སྡེ་སོགས་ཀྱི་འཛུགས་སྐྲུན་ལ་ཅུང་ཟད་ཉམས་ཆག་སོང་ཡོད་ངེས་ན་ཡང་། དེ་དག་བཤིག་གསོའི་ཞལ་འདེབས་སོགས་ཀྱི་འབད་པ་རེ་ཞིག་བཞག་ནའང་མི་སྐྱོན། གོང་བཞུགས་བླ་མ་རྣམ་པས་ཀྱང་རེ་ཞིག་དེའི་ཕྱོགས་ལ་ཐུགས་བསམ་གཙོ་བོར་མ་བཞེས་པར། གནོད་ཐེབས་མི་མང་གི་ཆུ་ཚོད་ཉེར་བཞིའི་རིང་གི་འཚོ་གནས་དང་འབྲེལ་བ་ཡོད་པའི་གཞི་རྩའི་དཀའ་ངལ་གྱི་ཕྱོགས་ལ་གཙོ་བོར་གཟས་ནས་དགོངས་པ་བཞེས་འོས།

འགྲོ་བ་མིའི་ཀུན་སྤྱོད་ཀྱི་ངོས་ནས་དང་། མི་རིགས་ཤིག་གི་བཟང་སྤྱོད་ཀྱི་རིན་ཐང་གི་ངོས། ཆོས་ལུགས་ཤིག་གི་ཉམས་ལེན་གྱི་ངོས་གསུམ་ཆར་ནས་གནས་བབ་འདི་འདི་འདྲ་ཞིག་གི་སྐབས་སུ་དགོས་ངེས་པ་ནི་བསམ་སྦྱོར་གཉིས་ཆར་ནས་མ་ཎི་རྡོག་མ་གཅིག་ལས་འདོན་མ་ཐུབ་ན་ཡང་། ཨ་ན་ཞ་རྒོག་གཅིག་ལས་མ་འབྱོར་ན་ཡང་བསམ་པ་རྣམ་དག་གི་ཀུན་སློང་དང་གདུང་སེམས་མཉམ་བསྐྱེད་ཀྱི་ཚོར་བ་བཅོས་མིན་ཞིག་ཡོད་རྒྱུ་ལས་གལ་ཆེ་བ་གང་ཡང་མེད་དོ། །

སྤྱི་ལོ་2015/4/28དགུང་མོ་ཐའེ་ཝན་ཡེ་ཤེས་འཁོར་ལོ་རུ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཤིན་ཏུ་བྲེལ་བའི་སྟབས་སུ་བྲིས་ཏེ་སྤྲིངས།།

བསམ་ཚུལ།

Post navigation

Previous Post: ཐའེ་ཝན་དུ་བལ་ཡུལ་གྱི་ས་ཡོམ་ཆེད་བསྔོ་སྨོན་ཟབ་རྒྱས་འཚོགས་པ།
Next Post: རྒྱ་གཞུང་གིས་བོད་དུ་ས་ཡོམ་བྱུང་ཐད་ནས་འདི་འདྲ་བཀོད་འདུག

Comment (1) on “བལ་ཡུལ་གནོད་སེལ་དགེ་འདུན་དང་སྐད་ཆ་གཞན།”

  1. རྫ་ཚེ་རིང་བཀྲ་ཤིས། says:
    2015-04-28 at 8:27 pm

    གོང་གི་དེར་ཡིག་ནོར་འགའ་ཤོར་འདུག་པས་འདི་ལ་གཟིགས་རོགས།
    བལ་ཡུལ་གནོད་སེལ་དགེ་འདུན་དང་སྐད་ཆ་གཞན།
    རྫ་ཚེ་རིང་བཀྲ་ཤིས།

    འཕགས་པ་སྤྱན་རིས་གཟིགས་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །
    ང་ཚོས་ཉིས་སྟོང་བཅུའི་ལོ་ལ་ཕྱི་མིག་ཅིག་བལྟ། ཡུལ་ཤུལ་ས་ཡོམ་ཆེན་མོའི་སྐབས་ཆེས་ཉེན་ཁ་ཆེ་བའི་དམིགས་བསལ་ཉེན་སྐྱོབ་ཀྱི་ལས་དོན་ཁྲོད་བོད་ཀྱི་དགོན་པ་༢༦༦གིས་དངོས་རྫས་ཟོང་『貨車』འཁོར་ཆེ་ཆུང་༢༢༣དང་མི་མང་ཤོག་སྒོར་དུང་ཕྱུར་༣དང་ས་ཡ་ལྔ་བཅུ་ལྷག་གི་རོགས་སྐྱོར་དང་། དགེ་འདུན་པ་༩༠༠༠་བརྒལ་བ་དངོས་སུ་ཡོམ་འགོག་གནོད་སེལ་གྱི་ལས་དོན་ནང་ཞུགས་པར་བཤད། དེ་ལྟ་བུའི་སྲོག་ལྡོས་ཀྱིས་གནོད་སེལ་ལས་དོན་ལ་ཞུགས་སྟངས་དེར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱས། སྐབས་དེའི་གནས་ཚུལ་དངོས་སུ་མཐོང་མཁན་གྱི་བུད་མེད་རྩོམ་པ་པོ་གྲགས་ཅན་ཨ་ཆུང་『阿秋』ཟེར་བས། ས་ཆ་གང་ལ་ཉེན་ཚབ་ཆེ་བ་དང་། ས་ཆ་གང་ལ་རོགས་རམ་དགོས་དེར་ངས་མཐོང་བ་ནི་ནབ་གཟན་དམར་པོ་གྱོན་མཁན་དག་རེད་ཅེས་སྡོམ་ཚིག་བཀོད།
    དེ་བཞིན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་དུས་ཐོག་ཆར་པ་རུ་ཡང་། ཡུལ་ཤུལ་ས་ཡོམ་ལྟ་བུར་མཚོན་གསར་འགོད་པ་དེ་ཚོས། གལ་ཏེ་ད་ལོའི་ས་ཡོམ་སྐབས་ཀྱི་རོགས་སྐྱོར་མཚོན་པའི་རི་མོ་ཞིག་འབྲི་དགོས་པ་ཡིན་ན། ཚོན་མདོག་དམར་པོ་ཞིག་དང་། སེར་པོ་ཞིག་དང་། ལྗང་གུ་ཞིག་སྟེ་གསུམ་གྱིས་འབྲི་དགོས་པ་འདུག་ཟེར་གྱི་ཡོད་པ་རེད། དེ་ཡང་དམར་པོ་ཟེར་བ་ནི་དགེ་འདུན་པ་རེད། ལྗང་གུ་ནི་རྒྱལ་ཁབ་ཀྱི་དམག་དང་། སེར་པོ་ནི་མེ་གསོད་རུ་ཁག་ལ་ཟེར་གྱི་ཡོད་པ་རེད། ཅེས་སྐབས་དེའི་རྒྱལ་ཕྱི་ནང་གི་གསར་འགོད་པ་དག་གི་གནོད་སེལ་ལས་དོན་ཁྲོད་ཀྱི་བོད་ཀྱི་དགེ་འདུན་པར་འཛིན་པའི་འདུ་ཤེས་ཞིབ་འགྲེལ་གནང་། དངོས་ཡོད་ནི་དེ་ག་རང་རེད།
    སྤྱི་ཟླ་༤་པའི་ཚེས་༢༥འི་ཉིན་གྱི་ས་ཡོམ་འདིས་རི་བོ་ཧི་མ་ལ་ཡ་ཡོམ་ཡོམ་དུ་བསྒུལ་ཞིང་། མི་མང་ཁྲི་སྟོང་མང་པོའི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུད་ཆེན་པོ་ཕོག མི་ཤིན་ཏུ་མང་པོ་ཞིག་རྟེན་མེད་གནས་མེད་དུ་བྱས། རང་བྱུང་དང་འགྲུམ་འགྲུལ་གྱི་བཀག་རྒྱའི་འོག་མང་པོ་ཞིག་གི་གནོད་ཐེབས་ཀྱི་གནས་ཚུལ་ཙམ་ཡང་རྟོགས་དཀའ་བར་གྱུར།
    མདོར་ན་ངས་བཤད་འདོད་པ་ནི། ས་ཡོམ་གྱི་ཤུགས་ཚད་འདྲ་འདྲ་ཡིན་ཞིང་། གཞུང་ངོས་ཀྱི་ཉེན་སྐྱོབས་སོགས་ཀྱི་སྟོབས་ཤུགས་མཐུན་སྦྱོར་ཧ་ཅང་ཞན་པོ་ཡིན་པའི་བལ་ཡུལ་གྱི་ས་ཁུལ་འདིར་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་བླ་ཆེན་མང་པོ་ཞིག་བཞུགས་ཡོད་ཅིང་། ཁོང་ཚོའི་བྱམས་བརྩེ་དང་སེམས་ཤུགས་ཀྱི་ནུས་སྟོབས་བོད་ནང་ལས་ཞན་དགོས་པའི་རྒྱུ་མཚན་གང་ཡང་མེད་ལ་ཞན་ཡང་མི་འོས།
    གསར་འགྱུར་བརྒྱུད་ལམ་གྱི་རང་དབང་དང་། འགྲོ་སྐྱོད་ཀྱི་རང་དབང་སོགས་ལྟོས་བཅས་ཀྱི་ཆ་ནས་ཉིས་སྟོང་བཅུའི་ལོ་ལས་ཁོར་ཡུག་ཡག་པ་ཡོད། མ་མཐའ་ཡང་ཉེ་འཁོར་གྱི་དགོན་པ་དག་ཐོག་དང་པོར་ཐོན་ན་ཧ་ཅང་འོས།

    དེའི་ཕྱིར་ང་ཚོས་མཐོང་ན་འདོད་པའི་སེམས་ཤུགས་ཅན་གྱི་དགེ་འདུན་པ་དག་གི་བྱམས་བརྩེའི་དམར་འོད་དེ་ས་འདིར་ངེས་པར་ཕོག་རྒུ་ཡིན་པའི་ཡིད་ཆེས་ཀྱིས་ངང་བསྒུགས་བྱས། རྩོམ་པ་པོ་ཨ་ཆུང་གིས་བཀོད་པའི་སྡོམ་ཚིག་དེ་ནོར་འཁྲུལ་མེད་པ་ཡིན་པའི་ཡིད་ཆེས་བྱས། དེ་རིང་ཕྱི་དྲོ་ནས་དྲ་ངོས་དག་ལ་དགེ་འདུན་པས་གནོད་ཐེབས་ས་ཁུལ་གྱི་ཡུལ་ངོས་རང་ན་ལུས་ཤུགས་བཀོལ་ནས་ས་བརྐོ་རྡོ་སློག་སོགས་ཀྱི་ལས་ཀར་དངོས་སུ་ཞུགས་པའི་ཡིད་འགུལ་ཐེབས་པའི་དཔར་རིས་དག་མཇལ་བྱུང་། དེ་དག་གི་ནང་དུ་ངའི་ཆོས་དང་དང་འཛིན་གྲོགས་ཡིན་པའི་འཕགས་ཡུལ་རྫོང་སར་བཤད་གྲྭའི་གྲྭ་པའང་ཚུད་འདུག སེམས་པ་ཧ་ཅང་དགའ་བྱུང་། འོན་ཀྱང་། ཁང་པ་སྡིབས་འོག་ཏུ་ཡོད་པ་ཞིག་ལ་མཚོན་ན་ད་ཆ་གསེར་གྱི་དུས་ཚོད་དེ་ཧ་ལམ་རྫོགས་གྲབ་ཡོད་དེ། ས་ཡོམ་བྱུང་ནས་ཆུ་ཚོད་བརྒྱད་ཅུ་ལྷག་འགྲོ་བཞིན་འདུག
    ད་དུང་དེ་ལས་མང་བའི་དགེ་འདུན་པ་ཡུལ་དངོས་རང་དུ་ཕེབས་ནས་ཕྱག་ལས་གནང་དང་གནང་བཞིན་པར་ཡིད་ཆེས་བྱེད་བཞིན་ཡོད།
    དུས་མཚུངས་དམིགས་བསལ་ཞུ་རྒྱུ་ཞིག་ལ། དེང་སང་དྲ་ལམ་མགྱོགས་དྲགས་པ་དང་། རྒྱལ་སྤྱིའི་གསར་འགོད་པའི་དོ་སྣང་ཚང་མ་དྲངས་ཡོད་པའི་ས་ཁུལ་ཞིག་ལ་སྟོན་པའི་རྗེས་འཇུག་དགེ་འདུན་པ་ཞིག་གི་ངོ་ཚབ་ཀྱི་ཐོག་ནས་གནོད་སེལ་རོགས་སྐྱོར་ལ་ཞུགས་སྐབས་ཀུན་སྤྱོད་དང་། ན་བཟའ་མནབས་སྟངས་སོགས་དུས་རྒྱུན་གནད་འགག་ཆེན་པོ་རང་མིན་པ་ལྟ་བུའི་ཕྱོགས་གཞན་དག་ལ་ཡང་གང་ཅིར་ཧ་ཅང་དོ་སྣང་དགོས་པ་ཞིག་ཀྱང་ཆགས་ཀྱི་འདུག ང་ཚོ་ས་ཁ་ཐག་རིང་པོ་ན་ཡོད་ཀྱང་། ཁྱེད་ཚོ་ང་ཚོའི་གཟི་བརྗིད་དུ་བསྒོམས་ཞིང་ལ་རྒྱ་རུ་རྩི་བཞིན། ཁྱེད་རྣམ་པའི་ཕྱག་ལས་ལ་ཧ་ཅང་དོ་དན་གྱིས་དོ་སྣང་བྱེད་བཞིན་ཡོད། གཡས་གཡོན་དག་ལ་ཡང་ཁྱེད་རྣམ་པའི་རླབས་ཆེན་བརྗོད་བཞིན་ཡོད། འོན་ཀྱང་། དེ་རིང་གི་པར་རིས་དག་གི་ནང་དུ་ཡང་ཤིན་ཏུ་དང་བ་འདྲེན་པའི་ངོས་དེ་ལས་གཞན་ཅུང་ཟད་མཐོང་མ་བདེ་བ་ལྟ་བུའི་ཆ་ཤས་ཆུང་ཆུང་རེ་མི་འདུག་གམ་སྙམ་པ་བྱུང་། དེས་ན་གནོད་སེལ་དགེ་འདུན་པ་དག་ཀྱང་གུས་ཞབས་ཡོད་པ་དང་། སྒྲིག་འཛུགས་ཡོད་པ་ཞིག་གི་ཐོག་ནས་ལས་དོན་ལ་ཞུགས་རྒྱུ་ནི་ལས་དོན་གྱི་དོན་སྙིང་གལ་ཆེན་ཞིག་ཡིན། འདིའི་ཐད་ལ་ཡང་དུས་ཐོག་ཆར་པར་། གནོད་སེལ་ལས་དོན་སྒྲུབ་སྟངས་ཐད་འདི་འདྲ་ཞིག་གསུངས་ཡོད་དེ། ….འདིའི་རིགས་ཀྱི་སྐབས་སུ་འཛམ་བུ་གླིང་གཅིག་གི་མིག་དུང་ཕྱུར་མང་པོ་ཞིག་གིས་དེ་ལ་ལྟས་བསྡད་ཡོད་པའི་སྐབས་ཡིན་སྟབས། ད་ཕན་ཆོད་འདི་འདྲའི་རིགས་ལ་བྱ་བ་སྤྱོད་པ་དང་། རྣམ་འགྱུར་གང་གི་ཐད་ནས་ཀྱང་སྔར་ལས་ལྷག་པའི་བཟབ་བཟབ་དགོས་པ་རེད། ཅེས་གསུངས་ཡོད། འདི་ནི་དེ་རིང་གི་སྐབས་འདིར་ཡང་དངོས་གནས་དྲང་གནས་ཀྱི་དུས་ཐོག་གི་ཆར་པ་རང་ཞིག་ཡིན་པ་དེ་ཐུགས་ལ་འཛིན་རོགས།
    རང་ཉིད་བདེ་སར་བསྡད་ནས་མི་ལ་སྐད་ཆ་བཤད་པ་ནི་འཚམས་པོ་མིན་ན་ཡང་། བསམ་པ་ལ་ལྷད་མེད་པའི་རྒན་མོ་བསམ་བཟང་གི་སྐད་ཆ་རང་ཡིན་སྟབས། བསམ་ཚུལ་འདིས་ཀྱང་འགའ་རེ་ལ་ཅུང་ཟད་དྲན་བསྐུལ་ཐེབས་པའི་རེ་བ་དང་ཡིད་ཆེས་ཡོད།
    བལ་ཡུལ་གྱི་དགོན་སྡེ་སོགས་ཀྱི་འཛུགས་སྐྲུན་ལ་ཅུང་ཟད་ཉམས་ཆག་སོང་ཡོད་ངེས་ན་ཡང་། དེ་དག་བཤིག་གསོའི་ཞལ་འདེབས་སོགས་ཀྱི་འབད་པ་རེ་ཞིག་བཞག་ནའང་མི་སྐྱོན། གོང་བཞུགས་བླ་མ་རྣམ་པས་ཀྱང་རེ་ཞིག་དེའི་ཕྱོགས་ལ་ཐུགས་བསམ་གཙོ་བོར་མ་བཞེས་པར། གནོད་ཐེབས་མི་མང་གི་ཆུ་ཚོད་ཉེར་བཞིའི་རིང་གི་འཚོ་གནས་དང་འབྲེལ་བ་ཡོད་པའི་གཞི་རྩའི་དཀའ་ངལ་གྱི་ཕྱོགས་ལ་གཙོ་བོར་གཟས་ནས་དགོངས་པ་བཞེས་འོས།
    འགྲོ་བ་མིའི་ཀུན་སྤྱོད་ཀྱི་ངོས་ནས་དང་། མི་རིགས་ཤིག་གི་བཟང་སྤྱོད་ཀྱི་རིན་ཐང་གི་ངོས། ཆོས་ལུགས་ཤིག་གི་ཉམས་ལེན་གྱི་ངོས་གསུམ་ཆར་ནས་གནས་བབ་འདི་འདི་འདྲ་ཞིག་གི་སྐབས་སུ་དགོས་ངེས་པ་ནི་བསམ་སྦྱོར་གཉིས་ཆར་ནས་མ་ཎི་རྡོག་མ་གཅིག་ལས་འདོན་མ་ཐུབ་ན་ཡང་། ཨ་ན་ཞ་སྒོག་གཅིག་ལས་མ་འབྱོར་ན་ཡང་བསམ་པ་རྣམ་དག་གི་ཀུན་སློང་དང་། གདུང་སེམས་མཉམ་བསྐྱེད་ཀྱི་ཚོར་བ་བཅོས་མིན་ཞིག་ཡོད་རྒྱུ་ལས་གལ་ཆེ་བ་གང་ཡང་མེད་དོ། །
    སྤྱི་ལོ་2015/4/28དགུང་མོ་ཐའེ་ཝན་ཡེ་ཤེས་འཁོར་ལོ་རུ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཤིན་ཏུ་བྲེལ་བའི་སྟབས་སུ་བྲིས་ཏེ་སྤྲིངས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme