Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཏིའི་ཡུལ་དང་སྐད་ངོ་སྤྲོད།

Posted on 2009-02-202009-02-20 By དགེ་རབ་ 50 Comments on བལ་ཏིའི་ཡུལ་དང་སྐད་ངོ་སྤྲོད།

དགེ་འདུན་རབ་གསལ་གྱིས།

གཤམ་གྱི་གནས་ཚུལ་རྣམས་ནི་དྲ་རྒྱ་ http://www.koshur.org/Linguistic/7.html ནས་བླངས་པ་ཡིན།
baltistan
དེ་ཡང་བལ་ཏི་ཡུལ་ཟེར་བ་དེ་ལ་དྭགས་དང་གིལ་གིད་གཉིས་ཀྱི་བར་དུ་ཨིན་དུ་གཙང་པོའི་རྒྱུད་དུ་ཆགས་ཡོད་ཟེར་ཞིང་། རི་གྲགས་ཅན་དཔེར་ན། ཆོ་གོ་རི་ཟེར་བ་སོགས་དང་། གངས་རི་གྲགས་སེ་ཆེན་དང་བལ་ཏོ་རོ། ཆོ་གོ་ལུང་མ་ཟེར་བ་སོགས་ཡོད་སྐད། ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ ༡༧༠༠ ཙམ་ཡོད་པ་དང་མི་འབོར་འབུམ་བཞི་ཙམ་ཡོད་ཟེར། སྐར་མདོ་ རོང་མདོ་ ཁབ་ལོ་ ཁར་མང་། གུལ་ཏ་རི་སོགས་ཀྱི་ཡུལ་ལུང་ཆགས་ཡོད་ཟེར། ང་དགའ་ས་ཞིག་ནི་ང་ཚོས་ཡང་ཡང་བཤད་གླེང་མྱོང་བའི་སྐད་ཡིག་གི་སྐོར་དེ་རེད། དཔེ་མཚོན་འདིར་དྲངས་ན་འདི་ལྟར།

མིང་ཚིག་འགའ།
བུ་སྟྲིང་bustring (woman);
ལྫོད་ldzod/lzod (moon, month),
གཡོན་པ་gion-pa (the left side);
སྟྲིང་མོ་strin mo(sister);
བེ་ཉོ་be ngo (daughter, girl);
ཡིན་o-nga/in (yes);
མེད་met/men/mendule (no);
བཞི་ibzhi (four);
ལྔབ་ཅུ་ghafcu (fifty);
ལྔ་gha (five).

ཚིག་གྲུབ་འགའ།
ང་ཡོད་nga yot (I am);
ང་ཡོད་པ་nga yot pa (I was);
ང་ས་ བོང་བུ་ ཐང་ག་ རུཀ nga se bong bu thank ruk (I beat an ass);
བག་ཞི་ཇུ་bakshis ju (Thank you, Sir);
ཡ་ཏི་ ནང་ནུ་ བ་ལང་ ཅམ་ཡོད།Yati nangnu (nar) ba lang cham yod (Have you cattle at home?);
ངའི་ ནང་ནུ་ གཉིས་ བ་ལོང་ ཡེད་ བ་གསུམ་ ཉི་སུ་ ཕོ་ལག སུམ་ཐུ་ ར་ ཡེད་ ngai nangnu nyis balong yet ba sum nyisu pholakh, sumthu ra yet (I have a pair of oxen, three cows, twenty pigs, thirty goats).

གོང་གསལ་བོད་ཡིག་ནི་དབྱིན་ཡིག་སྒྲ་ལ་དཔྱད་ནས་ཕྲན་གྱིས་བྲིས་པ་ཡིན།

སྣ་ཚོགས།

Post navigation

Previous Post: ༄༅།།ཕ་སྐད་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས།
Next Post: ༢༠༠༨ ལོའི་བོད་མིའི་ཞི་རྒོལ་ཆེན་མོའི་རྗེས་དྲན་གླུ་དབྱངས་ཀྱི་འོད་སྡེར།

Comments (50) on “བལ་ཏིའི་ཡུལ་དང་སྐད་ངོ་སྤྲོད།”

  1. ±ï¼-¤ü says:
    2009-02-21 at 12:33 am

    ས྄ྭསྦལ་ཏེ་ཟེར་བ་ལས་བལ་ཏེ་ཟེར་བ་ཞིག་ཡིག་ཆ་གང་དུ་ཥམཐོང་ར྄ྭརྒརྒྱུ་ཡོད་དམ།

  2. ±ï¼-¤ü says:
    2009-02-21 at 12:34 am

    ཁཁྱོད་རང་གཉིད་ཁུག་པ་མིན་ནམ།

  3. ±ï¼-¤ü says:
    2009-02-21 at 2:07 am

    ར྄ྩོམ་ཡིག་དངབསམ་ཚུལ་འགོད་ས྄ྐབས་ཐེངས་ེར་བཞིན་ཐོ་འགོད་བྱ་དགོས་སམ།

  4. ±ï¼-¤ü says:
    2009-02-21 at 2:09 am

    ས྄ྦལ་ཏེ་ལ་བལ་ཏེ་ཟེཝར་བའི་འབྲི་ཚུལ་ཞིག་ཀྱང་ཡོད་དམ།

  5. གཅན་ ར྄ྨུག་འབུ། says:
    2009-02-21 at 2:17 am

    ངའི་མཐོང་བའི་བོད་ཀྱི་ཡིག་ཆ་འགར་ས྄ྦལ་ཏེ་དང་། ས྄ྐར་ར྄ྡོ། གིལ་གིད་ཅེས་འཁོད་འདུག་མོད། ཉིད་ཀྱིས་བལ་ཏེ། ས྄ྐར་མདོ། གིལ་ཏ་རི་སོགས་བྲིས་འདུག་ན། འདི་དག་བོད་ཡིག་གི་ཡིག་ཆར་ཁོངས་གཏུགས་པ་ཡིན་ནམ། ཡང་ན་དབྱིན་ཡིག་ལས་བས྄ྒྱུར་གནང་བ་ཡིན།

  6. ཀླུ་སྨྱོན། says:
    2009-02-21 at 2:25 am

    ངས་མཐོང་བའི་ཡིག་རིགས་སུ་སྦལ་ཏི་ཞེས་བྲིས་འདུག་ལ། ལ་དྭགས་པ་ཐུབ་བསྟན་དཔལ་ལྡན་ལགས་ཀྱིས་འདིའི་སྐོར་ནས་ཆེད་རྩོམ་འགའ་སྤེལ་ཡོད་བསམས། སྦལ་ཏི་བ་ཚོ་དང་ཡང་ན་ལ་དྭགས་པ་ཚོ་དང་རྒྱན་ཆ་ལུགས་ཕལ་ཆེར་གཅིག་པའི་མི་རིགས་ཀེ་ལ་ཤ་ཞེས་པ་ཞིག་ད་དུང་ཕ་ཁི་སི་ཐན་དང་རྒྱ་གར་གྱི་ས་མཚམས་ལ་དྭགས་དང་ཉེ་བའི་ས་རུ་འདུག ཡིན་ན་ཡང་ཁ་ཆེའི་རྒྱལ་ཁབ་དེའི་ནང་དུ་མི་རིགས་འདིས་ད་དུང་ནང་ཆོས་ཉམས་ལེན་བྱེད་བཞིན་ཡོད་མེད་མ་ངེས།

  7. གཅན་ ར྄ྨུག་འབུ། says:
    2009-02-21 at 2:39 am

    ཀ྄ླུ་ས྄ྨྱོན་ལགས། ལ་དྭགས་པ་ཐུབ་བས྄ྟན་སངས་ར྄ྒྱས་ཀྱིས་ས྄ྤེལ་བའི་ཆེད་ར྄ྩོམ་དེ་དག་དུས་དེབ་དང་ཡང་གང་དུ་ཡོད་བཤད་ར྄ྒྱུ་ཡོན་ང་ཚོར་ཧ་ཅང་ཕན་ཐོག་ཆེ།

  8. ལུང་རིགས་རྒྱལ། says:
    2009-02-21 at 11:34 am

    རབ་གསལ་ལགས། Baltistan ནི་ སྦལ་ཏི་ཡིན་པར་བསམ།

  9. ལུང་རིགས་རྒྱལ། says:
    2009-02-21 at 11:48 am

    ཏ་ཟིག་དང་སྟག་གཟིག་གི་ཡུལ་དེ་ཡོངས་གྲགས་ཀྱིས་ཅི་ཟེར་གི་རེད། ངའི་དོགས་གཞི་གཅིག་ནི། ཧྥི་ལི་ཕིན་གྱི་སྐད་ལ། ཏ་ཟུག་གི་སྐད་ལྟ་བུ་ཞིག་ཁོ་རང་ཚོས་བཤད་གི་འདུག དེ་ནས་དོགས་གཞི་གཞན་ཞིག་ནི། ང་ཚོ་རྒྱ་གར་དང་རྒྱ་ནག དེ་བཞིན་ཡུལ་ལུང་གཞན་མང་པོ་ཞིག་ལ་ངོ་འཕྲོད་པ་ནང་བཞིན་ཞི་ཏ་ཟིག་ལ་ངོ་འཕྲོད་ཡོད་པ་མ་རེད། དེ་བས་ཏ་ཟིག་གི་ཡུལ་ངོ་མ་གང་ཡིན་ན། ངའི་དོགས་པ་ནི་ Darkistan ཞེས་པའི་ལུང་པ་འདི་རེད། འདི་ཧི་མ་ལ་ཡའི་རི་སུལ་གྱི་རུ་སྡེ་བཙན་པོ་ཞིག་ཡིན་པའི་ཡིག་ཆ་ནི་སྐད་ཡིག་མང་པོ་ཞིག་གི་ནང་དུ་འདུག ལྷག་པར་དུ་མི་རིགས་འདི་དཔའ་བོ་དང་གཏུམ་དྲག་ཚ་བོ་ཞིག་ཡིན་སྐད་འདུག

  10. ཀླུ་སྨྱོན། says:
    2009-02-21 at 1:02 pm

    ཐུབ་བསྟན་དཔལ་ལྡན་ནི་ལ་དྭགས་པའི་ཁྲོད་དུ་མཁས་པའི་མཚན་སྙན་ཡོད་པའི་བླ་རྒན་ཞིག་དང་། ཁོས་དེབ་ཆེ་ཆུང་ཉི་ཉུ་ཙམ་བྲིས་འདུག ངས་ལོ་བཅོ་ལྔའི་སྔོན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གླིང་དཔེ་མཛོད་ནས་ཁོང་གིས་སྦལ་ཏིའི་སྐོར་དང་ལ་དྭགས་ཀྱི་སྐོར་བྲིས་པའི་དེབ་ཆུང་མཐོང་མྱོང་ལ། ཁོའི་དེབ་དེ་ཚོའི་འགའ་ཤས་རྡ་ས་བོད་ཀྱི་དཔེ་མཛོད་དུ་ཡང་འདུག

  11. མགོན་པོ་ཕྱག་གཉིས་པ། says:
    2009-02-21 at 4:46 pm

    གངས་བྲག་རི་བོའི་མཚོན་རྩེ་གནམ་ལ་གཟེངས།།
    བར་དང་བར་ན་གཡུ་མཚོ་ལྗང་ཁུ་འཁྱིལ།།
    ཟབ་མོའི་གཤོངས་ན་ཆུ་བོ་བྲེལ་བས་རྒྱུགས།།
    སྒང་པ་བོད་གི་ཡུལ་ལ་སླེབས་སྙམ་ཤར།།
    མི་འབོར་བརྒྱ་ཆ་དྲུག་ཅུ་བོད་མིའི་གདུང་།།
    མི་རྒྱུད་ཁམས་དང་སྐད་ཆ་ཁམས་དང་ཉེ།།
    ཟེར་ནས་མཁས་པ་འཇམ་དཔལ་རྒྱ་མཚོ་སྨྲ།།
    གླུ་དང་གར་རྩེད་རྒྱ་གར་སྲོལ་དང་མཐུན།།
    ཆོས་ལུགས་ཆོ་ག་ཁ་ཆེའི་ལུགས་བཞིན་བྱེད།།
    ཁ་རི་ངོ་མདོག་ཤར་དཀྱིལ་འདྲ་བ་མང་།།
    གངས་སེང་དཀར་མོ་ཤི་བའི་ཐེད་པགས་དེ།།
    ཚལ་བར་དབྲལ་ནས་གང་ས་གང་ལ་འཐོར།།

  12. ÇtôzÅ-q- says:
    2009-02-21 at 8:13 pm

    ལོ་ཤས་གོང་རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་གྱི་གཡུལ་ས་ལྟེ་བར་ཁེལ་བའི་སྐར་རྒེལ་ཕྱོགས་ཀྱི་མིའི་སྦལ་ཏིའི་སྐད་རྒྱག་གིན་འདུག སྐད་འདི་བོད་སྐད་ཡིན་པ་ཐོས་མ་ཐག་ཏུ་ངོས་ཟིན་གྱིན་འདུག་མོད་རང་རེའི་ཐོག་མར་དབུས་སྐད་ལ་ཉན་པ་བཞིན་ཕྱོགས་ཙམ་ལས་ག་རེ་ཤོད་ཀྱིན་ཡོད་མེད་གསལ་པོར་ཤེས་ཀྱིན་མི་འདུག མི་རིགས་འདིའི་ཁྱོན་འབོར་ཆེ་ཤོས་པ་ཀི་སི་ཐན་གྱི་ཁོངས་སུ་ཡོད་སྐད། ལ་དྭགས་ཀྱི་རླུང་འཕྲིན་ནང་དུ་ཡང་སྐད་འདིའི་ལེ་ཚན་གཅིག་འདུག་སྙམ། ཆོས་ལུགས་ཁ་ཆེ་ཡིན་པ་མ་ཚད་ལོ་ཤས་གོང་ལ་ལ་དྭགས་གཤམ་དུ་ཆོས་ལུགས་ཀྱི་རྩོད་རྙོགས་བྱུང་ས་དེ་ཚོ་ཡང་སྐད་འདི་རྒྱག་མཁན་གྱི་མིའི་གྲས་རེད། འདི་ཚོ་ཁ་ཆེར་མགོ་ག་དུས་ཚུགས་མིན་མི་ཤེས་མོད་སྐལ་རྒེར་རྒྱུད་འདི་སྔོན་མ་ཆོས་ལུགས་ནང་པ་ཡིན་སྟབས་ཟངས་དཀར་འདི་སྐལ་རྒེར་རྫོང་གི་ཁོངས་སུ་ཆད་ཀྱང་རྗེས་སུ་རྐར་རྒེལ་ཕྱོགས་ཁ་ཆེར་འགྱུར་སྟབས་དེང་དུས་སུ་ཟངས་དཀར་པ་ཚོས་ཁོང་ཚོ་ལ་དྭགས་སླས་རྫོང་གི་ཁོངས་སུ་འགྲོ་རྒྱུ་ཡིན་ཞེས་སྐད་རྒྱག་གིན་ཡོད་ཟེར། རྐར་རྒེལ་ཡས་མས་སུ་ད་དུང་ཡང་ནང་པའི་ལུགས་ཀྱི་མཆོད་རྟེན་དང་མ་ཎི་རྡོ་ལ་བརྐོས་པ་མང་པོ་མཐོང་རྒྱུ་འདུག་ཟེར།

  13. ཀླུ་སྨྱོན། says:
    2009-02-21 at 8:24 pm

    སྐར་སྒེལ་གྱི་བྲག་ངོས་ཤིག་ཏུ་སྟོན་པའི་སྐུ་ཆེ་ཐག་ཆོད་ཅིག་བརྐོས་ཡོད་པ་ཞིག་ཁོ་བོས་ཟླ་གཅིག་སྔོན་དུ་དབྱིན་ཇིའི་ལྗོངས་རྒྱུ་བ་ཞིག་གིས་བརྒྱབ་པའི་བརྙན་འཕྲིན་ལྟད་མོ་ལས་མཐོང་། ཀེ་ལ་ཤ་བའམ་སྦལ་ཏི་བ་ཆོས་ལུགས་ཁ་ཆེར་འགྱུར་བ་འདི་ཚོའི་སྐྱེས་མ་དག་གིས་ཁ་ཆེའི་སྤྱི་ལུགས་བཞིན་མགོ་བོ་རས་ཀྱིས་བཏུམས་མི་འདུག་ལ། ལ་དྭགས་པ་སྐྱེས་མ་ཚོ་དང་འདྲ་བར་སྐྲ་ལྟག་རྒྱབ་ཏུ་དཔྱངས་པའི་སྟེང་དུ་གཡུ་བྱུར་གྱིས་ཨམ་སྐད་དུ་ཚེགས་རྒྱན་ཟེར་བ་འདི་བསྒྲིགས་འདུག

  14. དཀོན་མཆོག says:
    2009-02-21 at 8:25 pm

    རྒྱ་གར་དང་པ་ཀི་སི་ཐན་གཉིས་བར་གྱི་གཡུལ་ས་ལྟེ་བར་ཁེལ་ས་དེའི་མིང་སྐར་རྒེལ་ཨེ་ཡིན་ནམ། ཁ་ཤས་ཀྱིས་ས་དེའི་མིང་ལ་དཀར་བརྗིད་ཟེར་གི་འདུག་ག

  15. ཀླུ་སྨྱོན། says:
    2009-02-21 at 8:28 pm

    གསལ་བོ་ཞིག་མི་ཤེས།

  16. ཀླུ་སྨྱོན། says:
    2009-02-21 at 8:30 pm

    མི་རིགས་འདི་གནས་སའི་ལུང་གཤོང་དག་གི་ཕུགས་སུ་ཧི་མ་ལ་ཡའི་གངས་རིའི་མུ་ཁྱུད་དཀར་ལ་བརྗིད་པ་དག་གཅིག་ལས་གཅིག་མཛེས་སུ་མཐོང་གི་འདུག་པས། དཀར་བརྗིད་ཅེས་ན་ཡང་ཆོག་པ་ཙམ་དུ་འདུག

  17. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-02-21 at 9:24 pm

    དབྱིན་ཡིག་གི་ནང་གི་ལོ་རྒྱུས་འདི་སྙན་མོ་ཞིག་འདུག་ ཐ་སྙད་ཁ་ཤས་ཀྱི་སྒྲའི་གདངས་འདི་ཨ་མདོའི་སྐད་ལ་ཉེ་བར་གནས་བ་ཁ་ཤས་ཀྱང་འདུག་
    མི་རིགས་འདིའི་སྐད་ཡིག་དང་རིག་གཞུང་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཤན་ཐེབས་ཡོད་པ་མ་ཟད་དཀྱིལ་ཤར་ཨེ་ཤ་ཡའི་ལུང་པ་རེ་གཉིས་ཀྱི་རིག་གཞུང་གི་ཤན་ཡང་ཐེབས་འདུག
    གང་ལྟར། མི་རིགས་འདིའི་མཆེད་ཁུངས་ཀྱི་སྐོར་ལ་དྲ་གྲོགས་ཚོའི་ནང་ན་གསལ་བོ་མཁྱེན་མཁན་འདྲ་ཡོད་དམ།
    ཨོ། ཨ་ལགས་ཚང་ལ་ཞུ་རྒྱུ་ཞིག་ལ། དཀར་བརྗིད་འདོགས་པ་ལས་དཀར་མཛེས་བཏགས་ན་མི་དགའ་འམ། ཨ་ལ་ཀུ་རེ་ཡིན།

  18. ཀླུ་སྨྱོན། says:
    2009-02-21 at 10:12 pm

    http://news.bbc.co.uk/2/hi/south_asia/6991058.stm
    ཕ་ཀི་སི་ཐན་ནང་གི་སངས་རྒྱས་ཀྱི་སྐུ་འདྲའི་ཆག་སྒོར་གཟིགས།

  19. ཀླུ་སྨྱོན། says:
    2009-02-21 at 10:20 pm

    http://en.wikipedia.org/wiki/Swat_Valley#Buddhist_heritage_of_Swat
    འདི་རུ་ཡང་ཕ་ཀི་སི་ཐན་གྱི་ཁོངས་གཏོགས་སི་ཝེ་ཁྲི་ལུང་གཤོང་ཁྲོད་ཀྱི་ནང་པའི་ལོ་རྒྱུས་ངོ་སྤྲོད་ཡིད་སྐྱོ་བ་འགའ་ཞིག་འདུག

  20. པད་མ་ཡང་སངས་ says:
    2009-02-21 at 10:48 pm

    མགོན་པོ་ཕྱག་གཉིས་དགྱེས་པའི་གླུ་དབྱངས་དེ།།
    ཡུད་ཙམ་གྱེར་བས་སྙིང་ཁམས་སིམ་པར་གྱུར།།
    དགེ་ཆོས་འཁྱམས་པོའི་འཁྱམས་གླུ་འདྲ་སེ་བ།།
    གནད་ཀྱི་དོན་པོའི་མར་ཁུ་འཁྱིལ་ནས་གདའ།།
    དབྱིན་ཡིག་དྲ་བའི་ནང་དུ་འཁྱུག་ཙམ་ཕྱིན།།
    སྤྱི་སྡོམ་རགས་སེ་བ་ཞིག་འདི་འདྲ་གདའ།།
    ཡུལ་འདིར་ལོ་རྒྱུས་དུས་ཡུན་རིང་མོའི་ནང་།།
    འབོད་སྲོལ་མིང་གི་རྣམ་གྲངས་མང་ནས་གདའ།།
    རྒྱ་མིའི་སྐད་དུ་པཱ་ལོ་ལོ་ཞེས་བརྗོད།།
    ཨ་རབ་སྐད་དུ་བ་ལོར་ཞེས་ཀྱང་ཟེར།།
    ཆགས་ཡུལ་ཧི་མ་ལ་ཡའི་རི་བརྒྱུད་ཡིན།།
    ལོ་མང་བཙན་པོའི་དབང་བསྒྱུར་འོག་ཏུ་གནས།།
    ལོ་རྒྱུས་ཡིག་ཆར་འཁོད་པའི་ཐོག་མ་ནི།།
    གེ་སར་རྒྱལ་པོའི་སྒྲུང་ཡིག་ཡིན་ཞེས་ཟེར།།
    བཙན་པོ་ཁྲི་ལྡེ་གཙུག་བརྩན་ཡར་སྔོན་དུ།།
    ཡུལ་དེར་རྒྱལ་པོས་དབང་བསྒྱུར་བྱས་པར་གྲགས།།
    བཙན་པོས་དབང་འོག་བཅུག་པའི་ཚུན་ནས་བཟུང་།།
    གླང་དར་བར་དུ་བཙན་པོའི་འོག་ན་མཆིས།།
    དེ་ནས་སྐར་མདོའི་རྒྱུད་ཀྱི་དཔོན་རིགས་ཚོས།།
    རྒྱལ་ཕྲན་ཚུལ་དུ་དབང་བསྒྱུར་བྱས་པར་གྲགས།།
    དུས་རབས་བཅུ་གཉིས་བཅུ་གསུམ་ཙམ་ཞིག་ལ།།
    ཨ་བི་རིམ་ཤཱ་ཞེས་ཟེར་བའི་ཁ་ཆེ་ཞིག།
    ཨེ་རན་ཡུལ་ནས་ཡུལ་འདིར་སླེབས་གྱུར་ཏེ།།
    དམག་དཔོན་ཞེས་པའི་རྒྱལ་རྒྱུད་བཙུགས་གྱུར་ནས།།
    མི་རབས་བཅུ་བཞིའི་བར་དུ་རྒྱལ་སྲིད་བསྐྱངས།།
    དཔོན་འདིའི་མི་ཐོག་ལྔ་པའི་རྒྱལ་པོ་(1590-1625 AD)དེས།།
    བོད་ཀྱི་ཡུལ་དུའང་དམག་ཤུགས་བསྐྱེད་པར་གྲགས།།
    སྐད་ནི་བཙན་པོའི་དུས་སུ་བོད་ཡིག་བྱས།།
    རིམ་གྱིས་ཁ་ཆེའི་ཡི་གེའི་དབང་སླེབས་ནས།།
    ཡུན་རིང་འགོར་ཡང་སྐད་དང་མི་མཐུན་སྟབས།།
    ད་ལྟ་སླར་ཡང་བོད་ཡིག་གསོ་བཞིན་སྐད།།

  21. ཀླུ་སྨྱོན། says:
    2009-02-21 at 11:14 pm

    ལོ་ཤས་སྔོན་དེའི་ཕྱོགས་ཀྱི་སྐད་ཡིག་ཉམས་གསོ་བྱེད་ཆེད་ཅིག་ཅིག་བྱེད་ཀྱིན་ཡོད་སྐད་ཡེ་ཤི་ཡའི་རླུང་འཕྲིན་ཡིན་ནམ་དུས་བབ་ཡིན་ཅིག་ནས་བཅར་འདྲི་ཞིག་ཀྱང་ཐོས།

  22. གཞིས་ལུས་བོད་པ། says:
    2009-02-22 at 5:37 am

    འདི་འདྲའི་བོད་དང་འབྲེལ་བའི་ནུབ་ལ་ཉེ་བའི་ལོ་རྒྱུས་དག་ལ་ཞིབ་འཇུག་བྱེད་གལ་ཆེ་སྙམ།

  23. འོས་ལངས། says:
    2009-02-22 at 1:47 pm

    རྒྱལ་དབང་ལྔ་པས་བརྩམས་པའི་<>ནང་དུ། “བོད་ཡུལ་གྱི་སྟོད་སྤུ་རངས། མར་ཡུལ། ཟངས་དཀར་ཏེ་གསུམ་པོ་སྐོར་གཅིག ལི། གྲུ་ཤ། སྦལ་སྡེ་སྟེ་གསུམ་པོ་སྐོར་གཅིག ཞང་ཞུང་། ཁྲི་ཏེ་སྟོད་སྨད་དེ་གསུམ་པོ་སྐོར་གཅིག་རྣམས་མངའ་རིས་སྐོར་གསུམ།”ཞེས་འབྱུང་བའི་སྦལ་སྡེ་ནི་ད་ལྟ་ང་ཚོས་བརྗོད་ཀྱིན་ཡོད་པའི་སྦལ་ཏི་ཞེས་པ་འདི་ཡིན་པར་དུང་དཀར་བློ་འཕྲིན་གྱིས་འགྲེལ་འདུག་ལ། དེ་འབྲེལ་སྦལ་ཏི་ནི་པ་ཀི་སི་ཐན་གྱི་ཁོངས་སུ་ཡོད་ལུགས་ཀྱང་ལ་དྭགས་ཀྱི་རྒན་རབས་པ་མང་པོ་ཞིག་གིས་གཅིག་མཐུན་དུ་བརྗོད། སྤྱིར་མར་ཡུལ་ལ་དྭགས་དང་། ཟངས་དཀར། ལྡུམ་རའམ་ནུབ་ར། སྦལ་ཏི་བཅས་ཀྱི་སྐད་རིགས་རྣམས་ཕལ་ཆེར་གཅིག་མཚུངས་ལྟར་ཡོད་ན་ཡང་། ཁ་ཆེའི་ཆོས་ལུགས་རྐྱང་བ་སྤྱོད་ཁྱབ་ཆེ་བའི་པ་ཀི་སི་ཐན་གྱི་དབང་ཤུགས་ལ་བརྟེན་ནས་སྦལ་ཏིའི་ཡུལ་གྱི་སྔ་མོའི་སྐད་རིགས་གོམས་སྲོལ་དང་བཅས་པ་ཧ་ཅང་ཉམས་རྒུད་ཕྱིན་སྐད། གང་ལྟར་སྦལ་ཏི་ནི་སྔོན་ཆད་བོད་ཀྱི་ས་ཁོངས་བསྙོན་མེད་ཅིག་ཡིན་ཚུལ་འབྲེལ་ཡོད་ལོ་རྒྱུས་ཀྱི་ཡིག་ཆ་ཁག་ཏུ་གསལ་བོ་འདུག

  24. འོས་ལངས། says:
    2009-02-22 at 2:03 pm

    དྲ་གྲོགས་ལགས།
    གོང་དུ་ང་ཡིས་ལུང་ཁུངས་འདྲེན་གཞིའི་རྒྱལ་དབང་ལྔ་བའི་དེབ་མིང་དེ་ཅི་ཞིག་གི་སྟབས་ཀྱིས་མཆན་ནང་ཤར་ཐུབ་མི་འདུག་པས། དེབ་མིང་ནི་༼བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར་ངོ་མཚར་དད་པའི་རླབས་ཕྲེང་༽ཞེས་པ་འདི་ཡིན།

  25. དགེ་འདུན་རབ་གསལ་ says:
    2009-02-22 at 2:37 pm

    བརྩེ་བའི་ལུང་རིགས་ལགས།
    བལ་ཏི་ཞེས་བྲིས་པ་དེ་ངས་དབྱིན་ཡིག་གི་སྒྲ་ཇི་བཞིན་བྲིས་པ་ཡིན། སྦལ་ཏི་ཞེས་ལོ་རྒྱུས་དང་མཐུན་པར་འབྲི་རྒྱུ་འོས་ཆེ་སྙམ། ངས་འདི་ནི་དྲ་ཤོག་ནས་གང་རྙེད་དེ་ངོ་སྤྲོད་ཙམ་བྱས་པ་ཡིན།

  26. མདའ་སྨྱུག says:
    2009-02-22 at 3:34 pm

    རབ་གསལ་ལགས
    can you explaine to me how to typing tibetan language ?
    i know how to typing some word . but most of them really difficult . and i cant find it . so can you tell me how ? please .
    here in my computer i got Tibetan language . and everything . but i dont know how to typing .
    please .

  27. གཅན་ ར྄ྨུག་འབུ། says:
    2009-02-22 at 11:42 pm

    ས྄ྐར་ར྄ྒལ་ལམ་ར྄ྐར་གལ་དང་ཆེས་ཉེ་ས་ན་ས྄ློབ་དཔོན་རིན་པོ་ཆེའི་ས྄ྒྲུབ་ཕུག་ཡིན་ཟེར་བའི་གནས་ར྄ྩ་ཆེན་ཞིག་ཀྱང་ཡོད་ལ་དྭགས་གནས་ས྄ྡོད་བོད་མི་དང་ལ་དྭགས་པ་ཚོ་གནས་འཇལ་དུ་འགྲོ་གིན་འདུག་ ང་ཡང་གནས་དེར་སོང་མྱོང༌།

  28. གཅན་ ར྄ྨུག་འབུ། says:
    2009-02-22 at 11:47 pm

    གར་གལ་དངཉེ་ས་ན་ས྄ློབ་དཔོན་རིན་པོ་ཆེའི་ས྄ྒུབ་ཕུག་ཡིན་ཟེར་བའི་གནས་ར྄ྩ་ཆེན་ཞིག་ཀྱང་ཡོད་ལ། ལ་དྭགས་གནས་ས྄ྡོད་བོད་མི་དང་ལདྭགས་པ་ཚོའང་ས་དེར་གནས་ས྄ྐོར་ལ་འགྲོ་གིན་འདུག་ ང་ཡང་གནས་དེར་སོང་མྱོང༌། དངོས་གནས་བྱིན་ར྄ླབས་ཆེ་སེ་བ་ཞིག་འདུག

  29. གཅན་ ར྄ྨུག་འབུ། says:
    2009-02-22 at 11:48 pm

    ལ་དྭགས་པའི་བོད་ར྄ྩོམ་དག་ན་གར་གྱིལ་དང་དཀར་གྱིལ། གར་ར྄ྒལ་སོགས་བྲིས་ཡོད་པ་མཐོང་མྱོང༌།

  30. ÇtôzÅ-q- says:
    2009-02-23 at 12:13 am

    འབར་མ་བོད་རིགས་ཡིན་ཚུལ་ལམ་འབར་མ་ན་བོད་ལས་ཆད་པའི་མི་སྡེ་ཡོད་ཚུལ་དང་འབར་མའི་སྐད་ལ་བོད་སྐད་དང་ཉེ་བ་མང་པོ་ཡོད་ཚུལ་ཞིག་དགེ་འདུན་ཆོས་འཕེལ་དང་ནམ་མཁའི་ནོར་བུས་བཤད་འདུག དེའི་སྐོར་ལ་དྲྭ་གྲོགས་ཚོར་ཅིག་གསུང་རྒྱུ་འདྲ་ཡོད་དམ།

  31. གཅན་ ར྄ྨུག་འབུ། says:
    2009-02-23 at 11:59 pm

    ཡུན་ནན་བདེ་ཆེན་དངའབྲེལ་བའི་འབར་མའི་ས྄ྟོད་ཀྱི་ཕྱོགས་དེར་ཡོད་པའི་མི་རིགས་དེ་བོད་རིགས་ཡིན་པར་བཤད་ལ། ཡུལ་སྲོལ་གོམས་གཤིས་གྱོན་གོས་སོགས་དང༌། ས྄ྐད་གདངས་ཀྱང་ཅུང་ཟད་ཅིག་འདྲ་བར་བཤད། ཕལ་ཆེར་ཁྲི་གཙུག་ལ྄ྡེ་བཙན་ར྄ླུང་གནམ་ཁྲི་གྱི་ར྄ྒྱལ་པོའི་ས྄ྐབས་བོད་ཀྱི་དམག་ས་དེར་ས྄ླེབས་མྱོང་བ་མ་ཟད། ར྄ྒྱལ་པོ་ཁོང་ཡང་ས་གནས་དེར་དམག་ལ་ཤོར་ས྄ྐོར་བོད་ཀྱི་ར྄ྒྱ་རབས་ཡིག་ཆ་ར྄ྙིང་པ་དག་ལ་གསལ།

  32. གཅན་ ར྄ྨུག་འབུ། says:
    2009-02-24 at 12:12 am

    ངས་མཆན་བཀོད་པ་ནང་དུ་མི་འགྲོ་ཅི་ཡིན་ནམ།

  33. གཅན་ ར྄ྨུག་འབུ། says:
    2009-02-24 at 12:12 am

    འོ་ད་འགྲིག་སོང༌།

  34. གཅན་ ར྄ྨུག་འབུ། says:
    2009-02-24 at 12:13 am

    ཡུན་ནན་བདེ་ཆེན་དངའབྲེལ་བའི་འབར་མའི་ས྄ྟོད་ཀྱི་ཕྱོགས་དེར་ཡོད་པའི་མི་རིགས་དེ་བོད་རིགས་ཡིན་པར་བཤད་ལ། ཡུལ་སྲོལ་གོམས་གཤིས་གྱོན་གོས་སོགས་དང༌། ས྄ྐད་གདངས་ཀྱང་ཅུང་ཟད་ཅིག་འདྲ་བར་བཤད།

  35. མགོན་པོ་ཕྱག་གཉིས་པ། says:
    2009-02-26 at 6:49 pm

    སྐད་རིགས་ཞིབ་འཇུག་པ་དུ་མ་ཞིག་ནས་འབར་མའི་སྐད་དང་བོད་སྐད་གཉིས་སྐད་ཁྱིམ་གཅིག་ཏུ་སྨྲ། བོད་ཤར་མཐའི་རྒྱ་བོད་འདྲེས་མཚམས་འཇང་དང་ས་མཚམས་ཉེ། བོད་དམག་དེར་ཁྲི་གཙུག་ལྡེ་བཙན་གྱི་སྔོན་བཙན་པོ་ཁྲི་འདུས་སྲོང་གི་ (༦༧༦-༧༠༤)སྐབས་ནས་སླེབས་འདུག་སྟེ། དེ་ཡང་ཏུན་ཧོང་ཡིག་རྙིང་ནང་། ་་འུང་གི་འོག་དུ་འཇང་ལ་ཆབ་སྲིད་མཛད་དེ་མྱྭ་དཀར་པོ་དཔྱ་ཕབ། མྱྭ་ནག་པོ་འབངས་སུ་བཀུག་པ་ལ་སོགསྟེ། རྒྱལ་པོ་འདི་ལས་དབུ་རྨོག་བརྩན་ཞིང་། ཆབ་སྲྀད་མཐའ་སྐྱེས་པ་ནྀ་སྔན་ཆད་གདུང་རབས་ཀྱིས་མ་མཛད་དོ་་ ཞེས་གསལ།
    འདིར་ཞོར་དུ་ཁྲི་འདུས་སྲོང་གི་ལོ་རྒྱུས་ཐུང་ངུ་ཞིག་ཀྱང་བརྗོད་པར་བྱ་སྟེ། ཁོང་གི་ཡུམ་ནི་འབྲོ་བཟའ་ཁྲ་མོ་ཁྲི་མ་ལོད་དང་ཡུན་རིང་བོད་ཀྱི་ཆབ་སྲིད་མཛད་མཁན་རྒྱལ་མོ་ཞིག་ཡིན། ཡབ་ནི་ཁྲི་མང་སློན་མང་བཙན་ཡིན། ཕ་འདས་པའི་རྗེས་ཙམ་ལ་སྒྲགས་ཀྱི་ལྷ་ལུང་དུ་འཁྲུངས། ཁོང་ནི་སྐུ་ཆུང་ངུའི་དུས་ནས ་་ཕག་རྒོད་ལ་བཤན་གྱྀས་མཛད། གཡག་རྒོད་སྒྲོག་དུ་བཅུག། སྟག་གི་རྣ་བ་ལ་བཟུང་བ་ལ་སོགས་་ སྐུ་རྩལ་ཆེན་པོ་དང་ལྡན་པ་ཞིག་ཡིན་པ་གསལ། ཕལ་བའི་མི་དང་མི་འདྲ་བར་ཡོངས་སུ་འཕགས་པ་ཞིག་ཡིན་པར་བརྟེན་ཉི་འོག་གི་རྒྱལ་བོ་ཐམས་ཅད་དང་འབངས་མགོ་ནག་ཡོངས་ཀྱིས་ ་་རླུང་ནམ་འཕྲུལ་གྱི་རྒྱལ་པོ་་ ཞེས་པའི་མིང་གི་ཆོ་ལོ་ཡང་གནང་འདུག མགར་ལ་སོགས་པའི་བློན་པོ་ཁ་ཅིག་གློ་བ་རིངས་བ་ཡང་ཡོངས་སུ་ཕམ་པར་བྱས། མཁར་སྲ་བ་ཕབ། ཡུལ་ཕྱུག་པོ་བཅོམ་སྟེ་དྲུ་གུ་ལ་སོགས་དབང་དུ་བསྡུས་ནས་ཕྱག་ན་ཆབ་སྲིད་སྔོན་ལས་ཀྱང་མཐོ་བ་གསལ། མཐར་འཇང་ཡུལ་དུ་གཤེགས་པ་དེ་ཡང་ལོ་རྒྱུས་མང་པོ་གུང་མཐུན། བོད་ཀྱི་ལོ་རྒྱུས་ནང་བྱུང་བའི་རྩལ་བོ་ཆེ་མི་བདུན་ཡང་ཁོང་གི་སྐབས་བྱུང་།
    དེ་དག་ནི། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ནང་། ་་རྔོག་རིང་ལ་ནག་པོས་གླང་བོ་ཆེའི་ཕྲུ་གུ་ཐེག རྔོག་གླིང་གམ་གྱིས་གཡག་གྲུས་པོེ་ཆེ་ཐེག གནོན་རྒྱལ་མཚན་གྱིས་མདའ་སྟེའུ་ཁ་མས་བྱ་ཁྲའི་སྐེད་པ་བཅད། དབས་རྒོད་ལྡོངས་བཙན་གྱིས་མིག་རྒྱང་གསུམ་ལ་མདའ་རྒྱང་གིས་སླེབ། འགོས་གཡག་ཆུང་གིས་ཤ་བའི་རླིད་བུ་བྱེ་མས་བཀང་སྟེ་གླད་ལ་བསྐོར། ཅོག་རོ་འབྲོང་ཤོར་གྱིས། འབྲོང་འཐུར་དུ་བརྒྱུགས་པ་གྱེན་ལ་འཐེན། གནོན་ཁྲི་བདུན་གཡུ་སྦྱིན་གྱིས་རྟ་གཡང་ལ་མཆོངས་པ་གྱེན་ལ་འཐེན་ཐུབ་པ་་ཞེས་སོགས་གསལ།

  36. མགོན་པོ་ཕྱག་གཉིས་པ། says:
    2009-02-26 at 7:13 pm

    བོད་ཀྱི་བཙན་པོ་རིམ་བྱོན་ནང་འཁོར་གསུམ་སྐེད་ལ་བཅིངས་ཤིང་དམག་གི་རུ་སྣེ་འདྲེན་མཁན་གྱི་རྒྱལ་པོ་ཞིག་ཁོང་མ་གཏོགས་ཕལ་ཆེར་བྱུང་མེད་པ་འདྲ། གྲོངས་ས་ཡང་དམག་ཐོག་རང་ཡིན་མིན་བརྗོད་མི་ཐུབ་ཀྱང་དམག་ས་ཡིན་པ་གསལ་པོ་རེད། རྒྱལ་པོ་རྩལ་བོ་ཆེ་ཞིག་ལ་དམག་དཔོན་ཡང་རྩལ་བོ་ཆེ་རྐྱང་རྐྱང་ཡོང་བ་ཆོས་ཉིད་དུ་འདུག

  37. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-02-26 at 7:22 pm

    ཨ་ཁུ་མགོན་པོ།
    ང་ལ་དོགས་འདྲི་ཞིག་ཡོད། ཁྱེད་ཀྱི་མཆན་བུའིཁྲོད་དུ་འདི་འདྲ་ཞིག་བཀོད་འདུག
    ཉི་འོག་གི་རྒྱལ་བོ་ཐམས་ཅད་དང་འབངས་མགོ་ནག་ཡོངས་ཀྱིས་རླུང་ནམ་འཕྲུལ་གྱི་རྒྱལ་བོ་ཞེས་བའི་ཆོ་ལོ་ཡང་གནང་འདུག་ཟེར།
    ཉི་འོག་ཞེས་བའི་ཐ་སྙད་འདི་བོད་སྔ་རབས་ཀྱི་ལོ་རྒྱུས་དེབ་ཐེར་མང་པོའི་ནང་དུ་འདུག་ལ་དེ་རིང་སང་ཉིན་གྱི་བོད་ཀྱི་ལོ་རྒྱུས་འབྲི་མཁན་ཚོའི་ཁྲོད་ན་ཡང་ཐ་སྙད་འདི་སྔ་རབས་པར་ལད་བཟློས་འདྲ་བོ་བྱས་ནས་འབྲི་མཁན་རེ་ཟུང་འདུག ངེད་ལ་ཚོར་བ་འདི་འདྲ་ཞིག་སླེབས་ཀྱི་འདུག། བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་དེ་ཚོ་ྐློག་གིན་ྐློག་གིན། སེམས་ལ་དགའ་སྐྱོ་གཉིས་ལྡན་གྱི་ཚོར་བ་ཞིག་སླེབས་ཀྱི་འདུག བཙད་པོ་རྣམས་ཀྱི་བྱུང་བ་ས་ལ་མ་འཐིམས་པར་ལོ་རྒྱུས་ཀྱི་ཡིག་ཆའི་ཁྲོད་དུ་ད་དུང་ཡང་ྐློག་རྒྱུ་ཡོད་པ་མཐོང་ན་དགའ་བ་སྐྱེས།
    བཙད་པོ་རྣམས་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གི་བུ་ག་ཆེ་ཆུང་ནས་ཆེ་ཆུང་ཡིན་པ་རྟོགས་ན་སེམས་ལ་སྐྱོ་བ་སྐྱེས། ཉི་འོག་གི་ཟེར་བ་དང་མགོ་ནང་ཡོངས་ཟེར་བའི་ཚིག་དུམ་འདི་དག་ནི་རང་གི་བཙད་པོ་ལ་ཆེ་བསྟོད་བྱས་ཙམ་རེད་སྙམ། མ་རེད་དམ།

  38. མགོན་པོ་ཕྱག་གཉིས་པ། says:
    2009-02-26 at 7:35 pm

    མགོ་ནག་ཡོངས་མ་རེད་འབངས་མགོ་ནག་ཡོངས་རེད།

  39. མགོན་པོ་ཕྱག་གཉིས་པ། says:
    2009-02-26 at 8:06 pm

    རླུང་ནམ་འཕྲུལ་གྱི་རྒྱལ་པོ་དེ་ཆེ་བསྟོད་རེད། ཉི་འོག་གི་རྒྱལ་པོ་ཐམས་ཅད་དང་འབངས་མགོ་ནག་ཡོངས་ཟེར་བ་དེ་ཆེ་བསྟོད་བྱེད་མཁན་གྱི་ཁྱབ་ཁོངས་བརྗོད་པ་ཞིག་རེད། འགའ་རེའི་སྣང་ངོར་ཆེ་དྲགས་པ་དང་འགའ་རེའི་སྣང་ངོར་ཆུང་དྲགས་པ་དེ་འདྲ་ཡོད་སྲིད་གི་རེད། ཚིག་འདི་ཚོ་ངས་གསར་བཟོ་བྱས་པ་མིན་པར་ཏུན་ཧོང་ཡིག་རྙིང་ནང་གི་ཚིག་རང་བེད་སྤྱོད་བཏང་བ་ཡིན། མིང་གི་ཆོ་ལོ་ཡང་གནང་འདུག་ཟེར་བ་དེ་ངའི་སྐད་ཆ་ཡིན། མིང་གི་ཆེ་བསྟོད་གནང་བའི་དོན་ལ་གོ་གི་འདུག་གམ། འདིར་ཆོ་ལོ་རང་གི་གོ་དོན་ལ་སྦྱར་མི་ཐུབ།

  40. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-02-26 at 8:45 pm

    ཨ་ཁུ་མགོན་པོ་ཁྱེད་ཀྱིས་གསུངས་བ་རང་རེད། འོ་ན། ཨ་ཁུ་མགོན་པོ་ཁྱེད་རང་ཆེ་བསྟོད་གནང་མཁན་གྱི་རིགས་ཡིན་ནམ་ཆེ་བསྟོད་མི་གནང་མཁན་གྱི་རིགས་ཡིན།
    ཁྱེད་ཀྱིས་ལོ་རྒྱུས་ཡིག་ཆའི་ཁྲོད་དུ་ཆེ་བསྟོད་གནང་བ་འདི་དག་ལ་རྒྱུ་མཚན་ཡང་དག་ཞིག་མཐོང་གི་འདུག་གམ།
    ལྷག་པར་དུ་ལོ་རྒྱུས་ཀྱི་སྐད་ཆ་བཤད་སྐབས། ཆེ་བསྟོད་འདི་དགོས་ངེས་ཅན་ཞིག་ལ་མཐོང་གི་འདུག་གམ།

  41. པད་མ་ཡང་སངས་ says:
    2009-02-26 at 11:55 pm

    སྒྲ་སྦྱོར་བམ་པོ་གཉིས་པའི་ནང་། “བམ་པོ་དང་པོ། རྟའི་ལོ་ལ་བཙད་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་གིའི་འོན་ཅང་རྔོ་ན་བཞུགས།སྟོད་སྨད་ཀྱི་དམག་རྙིང་རྗེད་དང་རྐུན་ཆེན་བཏུལ།གར་ལོག་གི་ཕོ་ཉས་ཕྱག་བཙལ། བློན་ཆེན་པོ་ཞང་ཁྲི་ཟུར་རམ་ཤག་དང༌། མང་རྗེ་ལྷ་འོད་ལ་སོགས་པས་རྒྱལ་ས་གནང་མང་པོ་བཅད་དེ། རྔ་རྟ་དང་བ་ལང་མང་པོ་ཕྱག་ཏུ་ཕུལ། ཞང་བློན་མན་ཆད་སོ་སོར་བྱ་དགའ་སྩལ་བའི་ལན་ལ། ཉི་འོག་གི་མཁན་པོ་ཨཱརྱཛིནམིཏྲ་དང༌། སུརེནྡབོདྷི་དང༌། ཤཱིལཻནྡབོདྷི་དང༌། དཱནཤཱིལ་དང༌། བོདྷིམིཏྲ་དང༌། བོད་ཀྱི་མཁན་པོ་རཏྣརཀྵིཏ་དང༌། དྷརྨྨཏཱཤཱིལ་དང༌། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱནསེན་དང༌། ཛཡརཀྵིཏ་དང༌། མཉྫུཤྲཱིྭཝརྨྨ་དང༌། རཏེྣནྡཤཱིལ་ལ་སོགས་པས་ཐེག་པ་ཆེ་ཆུང་གི་ལས་འབྱུང་བའི་རྒྱ་གར་གྱི་སྐད་ལས་བོད་སྐད་དུ་བསྒྱུུར་ཅིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་བསྩལ་ནས།” ཞེས་གསུངས་པའི་ཉི་འོག་དེ་གང་ཡིན་ནམ། བོད་ཀྱི་ནུབ་ཕྱོགས་ལ་གོ་ཟེར་མཁན་ཡང་འདུག་གོ།

  42. གཅན་ ར྄ྨུག་འབུ། says:
    2009-03-05 at 2:22 am

    ཉི་འོག་ཟེར་བ་ཀཤིར྄ྨིར་ལ་ཟེར་བར་ས྄ྙམ།

  43. ར྄ྨུག་འབུ། says:
    2009-03-05 at 2:41 am

    ལུང་རིགས་ར྄ྒྱལ་ལགས། དབྱིན་ཇིའི་ནང་ ཟེར་བ་དེ་གང་ཡིན་ནམ། དེང་ས྄ྐབས་ཡོངས་གྲགས་ལ་ཏ་ཟིག་གམ་ས྄ྟག་གཟིག་ཞེས་པ་ནི་་ Persia དང་ཡང་ན་ Iran ཟེར་བ་རེད་ཟེར་མོད། ང་ལའང་དོགས་པ་ཞིག་ཡོད་པ་ནི་བོད་ཀྱི་ནུབ་ས྄ྨད་དང་བྱང་ས྄ྟོད་ Tajikistan ཟེར་བ་དེ་ཡིན་མིན་གྱི་དོགས་པ་འདུག་ ར྄ྒྱལ་ཁབ་དེའི་མི་རིགས་དང་ཡུལ་སྲོལ་གོམས་གཤིས་སོགས་གནའ་བོའི་Persia དང་གཅིག་པ་ལ྄ྟ་བུ་ཡིན་པ་ལོ་ར྄ྒྱུས་ཡིག་ཆ་འགར་གསལ།

  44. ར྄ྨུག་འབུ། says:
    2009-03-05 at 2:45 am

    ལུང་རིགས་ར྄ྒྱལ་ལགས། དབྱིན་ཇིའི་ནང་Drakistanཟེར་དེ་ངས་བྲིས་པའི་Tajikistanདངགཅིག་པ་ཡིན་ནམ་ཡང་ན་གཞན་ཞིག་རེད།

  45. ར྄ྨུག་འབུ། says:
    2009-03-05 at 5:09 am

    ད་དུང་ས྄ྔར་བོད་ཀྱི་མངའ་རིས་སུ་གཏིགས་པའི་བྲི་ཤའམ་བྲི་ཤན་ཟེར་བ་ཞིག་ཀྱང་ཡོད་པ་དྲ་གྲོགས་ཚོར་འདིའི་ས྄ྐོར་གསུངས་ར྄ྒྱུ་ཡོད་དམ།

  46. སྟག་སྨྱོན། says:
    2009-03-05 at 9:53 am

    Drakistan དང་ Tajikistan འདི་གཉིས་ཁ་ཆེའི་ཡི་གེ་ནས་དབྱིན་ཡིག་ནང་སྒྲ་བསྒྱུར་བྱས་པ་རེད་དམ། ཡིན་ན་ཁ་ཆེའི་སྒྲ་གདངས་སམ་ཡུལ་དེ་རང་གི་ཡི་གེ་དང་སྒྲ་ངོ་མ་དེ་གང་འདྲ་ཡིན་མིན་རྩད་གཅོད་ཅིག་གནང་རོགས།

  47. སྒྲོ་ཁོ། says:
    2009-03-05 at 10:12 am

    ཨ་རོ་ཚོ། ན་ནིང་སྤྱི་ཟླ་བདུན་པ་ནས་བཅུ་གཅིག་གི་བར་ཙམ་ལ་ངས་སྙན་རྩོམ་ཚིག་རྐང་ལྔ་རེ་ཡོད་པ་རིང་སེ་ཞིག་ཁ་བརྡའི་མཆན་བུ་ཞིག་ཏུ་བཀོད་ཡིན། ད་ལམ་ང་སླར་ཡང་རྩོམ་ཡིག་དེ་དགོས་མཁོ་བྱུང་ནས་ཅི་ཙམ་བཙལ་གྱང་རྙེད་མ་སོང་ན་ཁྱེད་ཚོས་བཙལ་ནས་སྤྲོད་ཐུབ་མཁན་ཡོད་དམ། ཁ་བྱང་༢༠༠༨ལོའི་སུམ་བཅུའི་དུས་དྲན་བྱས་བཀོད་ཡོད་དྲན། ཚིག་བཅད་དང་པོར་ “དཔལ་ལུས་རྩལ་དར་བའི་གཞོན་ནུ་ཚོ།། དགྲ་ནག་པོའི་གདོང་ལ་མཉམ་དུ་རྒྱུགས།།” ཟེར་དེ་འདྲ་ཞིག་ཡིན་བསམ་སོང་།

  48. མགོན་པོ་ཕྱག་གཉིས་པ། says:
    2009-03-05 at 7:10 pm

    ཉི་འོག་དེ་ཀ་ཤི་སྨིར་གཅིག་པོར་གོ་ན་ཨེ་འགྲིགས། དཔེར་ན། ཏུན་ཧོང་གཏེར་ཡིག་ནང་། ཉྀ་ངོག་རྒྱལ་པོ་ཐམས་ཆད་དང་། ཟེར་བ་ལྟ་བུ། དྲུ་གུ་ལ་སྩོགས་སྟེ་ཉྀ་ངོག་གཞན་འབངས་སུ་བཀུག་ཅིང་ཟེར་བ་ལྟ་བུ་མང་ངོ།

  49. ར྄ྨུག་འབུ། says:
    2009-03-05 at 11:17 pm

    Drakistanཟེར་བ་ད་ས྄ྔ་མཐོང་མ་མྱོང། Tajikistanཟེར་བའི་Tajikནི་མི་རིགས་དེའི་མིང་དུ་བཤད་པར་ས྄ྙམ་ལ། stanཟེར་བ་ནི་ཡུལ་ལམ་གནས། ས་ཆ་ཟེར་བའི་དོན་ཡིན། སི་ཐན་ཞེས་པ་འདི་ཁ་ཆེའི་ཡུལ་གྲུ་ཚང་མའི་མིང་གི་ར྄ྗེས་སུ་ས྄ྦྱར་སྲོལ་འདུག་པ་དཔེར་ན། Turkistan, Afghanistan, Hindustan, Pakistan, Uzbekistan Tajikistanཟེར་བ་སོགས་Urduཨོར་ར྄ྡོའི་ས྄ྐད་མིན་ནམ་ས྄ྙམ་ཞིང༌། མཁས་པའི་དབང་པོ་ག་ཞ་པ་དངོས་གྲུབ་ལགས་ཀྱིས་ཀྱང་སི་ཐན་ཞེས་པ་ཡུལ་ལ་གོ་དགོས་པར་གསུངས།

  50. ར྄ྨུག་འབུ། says:
    2009-03-05 at 11:24 pm

    ལ་དྭགས་པས་བྲིས་པའི་ར྄ྒྱལ་རབས་ལོ་ར྄ྒྱུས་ླག་ན་ཉི་འོག་ཅེས་ཀ་ཤིས྄ྨིར་ལ་གོ་འདུག་ལ། དགྲ་བཅོམ་ཉི་མ་གུང་བའི་ས྄ྐོར་བཤད་ས྄ྐབས་ཉི་འོག་ཅེས་པ་མང་དུ་ཐོན་ཅིང༌། ཀ་ཤི་ས྄ྨིར་ལ་གོ་འདུག འོན་ཀྱང་ཐ་གཅིག་ཏུ་འདི་ཡིན་པའི་ས྄ྒྲུབ་བཤད་ང་ལ་མེད། ཉིད་ཀྱིས་བྲིས་པ་ཉི་ངོག་ཡིན་པས་ན་ཉི་འོག་དངཉི་ངོག་གཉིས་ཀྱི་དོན་གཅིག་མིན་ངས་མ་ཤེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme