Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩེ་བའི་སྲིད་འཛིན་ཀྱིས་ཨ་རིར་བཞག་པའི་བྱས་རྗེས།

Posted on 2020-10-17 By ཁ་བརྡ 5 Comments on བརྩེ་བའི་སྲིད་འཛིན་ཀྱིས་ཨ་རིར་བཞག་པའི་བྱས་རྗེས།

བཞག་ལྡོམ་ལྗང་ལོ།
 
ཨ་རིའི་ཕོ་བྲང་དཀར་པོས་དོན་དངོས་སུ་འགོས་ནད་COVID-19 ཐད་ནས་ཨ་རི་བའི་བདེ་འཇགས་ཆེད་དུ་འཆར་གཞི་ཁ་གསལ་བོ་ཞིག་ད་དུང་ཡིན་ཡང་ཡོད་པ་མ་རེད་མོད། འོན་ཀྱང་ཨ་རིའི་སྤྱི་ཚོགས་ནང་འགོས་ནད་དར་ཁྱབ་སོང་བ་ནས་དེ་རིང་བར་སྲིད་འཛིན་ཀྱི་ཉིན་རེ་ཀུན་སྤྱོད་ཁུར་སྟངས་དང་བཤད་ཚུལ། ཁོའི་དཀྱིལ་འཁོར་ནང་གི་གལ་ཆེན་མི་སྣ་ཚོས་བཤད་སྟངས་ལ་བལྟས་ན་དེའི་སྐོར་གཞི་ནས་ཧ་གོ་ཡོང་བ་ཞིག་རེད། 

༡༽ སྲིད་འཛིན་གྱིས་བཤད་ན་འགོས་ནད་དེ་ནི་མང་གཙོ་ཚོགས་པས་རྟོག་བཟོ་ཡིན་པ་དང་། ཁ་རས་གྱོན་པ་ནི་གཡས་ཕྱོགས་ཚོགས་པས་ཁྱེད་ཀྱི་རང་དབང་འཕྲོག་ཐབས་ཀྱི་ངན་བྱས་ཡིན་པ་བརྟེན་གདོང་ལ་མ་གྱོན་ཅེས་དང་། གལ་སྲིད་འགོས་ནད་དེ་བདེན་པ་ཡིན་ཡང་སྤྱིར་སྟངས་གློ་ནད་ལྟ་བུ་ལས་ངན་པ་མིན་པས། དབྱར་ཁའི་དྲོད་ཁོལ་སླེབས་སྐབས་དེ་ནི་སྒྱུ་འཕྲིལ་ཅི་བཞིན་ཡལ་འགྲོ་བ་རེད་སོགས། ཁོ་བོ་གང་དུ་སོང་བ་དང་གང་ནས་བསྡད་པ་ཡིན་ཡང་དམངས་ཚོགས་སུ་རྒྱུན་དུ་བསྒྲོགས། སྲིད་འཛིན་ཀྱིས་བཤད་སྟངས་དེ་དང་ཀུན་སྤྱོད་དེའི་དབང་གིས་ཨ་རི་བ་ས་ཡ་མང་པོར་ནད་ངན་འགོས་བ་དང་། འབུམ་གཉིས་ལས་རྒལ་བའི་ཚེ་སྲོག་ཤོར་བ་རེད་ལ། ད་དུང་མུ་མཐུད་ནས་འགོས་ནད་དེ་ཨ་རིའི་སྤྱི་ཚོགས་སུ་མེ་རི་བཞིན་དར་ཁྱབ་ཆེ་རུ་སོང་ནས། ཨ་རི་བ་འཇིག་རྟེན་འདི་སྟེང་གི་འགོས་ནད་དར་ཁྱབ་ཆེ་བའི་རྒྱལ་ཁབ་ནང་ནས་ཨང་དང་པོ་ལ་སླེབས་ཤིང་། དེ་ནི་(dear president) བརྩེ་བའི་སྲིད་བཆོག་གིས་ལོ་ངོ་བཞི་མ་ཟིན་ཙམ་ཀྱི་ནང་ནས་འཛད་རྗེས་ཡོད་ཚད་ནང་གི་གྲུབ་འབྲས་བླ་ན་མཐོ་བ་དང་འཕུལ་དུ་བྱུང་བའི་བྱས་རྗེས་ཡིན་འདུག

༢༽ཁོ་ལ་རྣམ་དག་ཀུན་སློང་གཙང་བའི་ལས་བྱེད་ཚོ་དང་། ཁོའི་འགོས་ནད་སློབ་སྟོན་པDr. Scott Atlas ལ་དེའི་སྐོར་ནས་ཤེས་ཡོན་དང་ཉམས་མྱོང་དབེན་ཡང་། ཁོས་ཤེས་ཁུལ་ཀྱིས་དམངས་ཚོགས་ལ་སྤྱི་ཚོགས་རྒྱང་སྐྱེད་བྱེད་པ་དང་ཁ་རས་གྱོན་པར་དགེ་མཚན་གང་ཡང་ཡོད་པ་མ་རེད། དེའི་ཕྱིར་མི་མང་རྣམས་སྔུན་མ་ནང་བཞིན་ཟ་ཁང་དང། ཚོང་ཁང་། རྩེད་ར་ཁང་། སློབ་གྲྭ། ལས་དཀའ་སོགས་སུ་དགའ་སྤྲོ་ངང་འགྲོ་དགོས་བ་རེད། དེ་བྱེད་པ་ཡིན་ན་ཁྱེད་ཅག་གི་ལུས་ཁམས་བདེ་ཞིང་། བཟའ་ཟླའི་བར་མཐུན་པ་དང་དཔལ་འབྱོར་སོགས་ཡར་རྒྱས་འགྲོ་བ་རེད། གལ་སྲིད་ནད་ངན་འགོས་བ་ཡིན་ན་སེམས་སྐྱོ་དགོས་བ་མ་རེད། རྒྱུ་མཚན་ནི་དཀོན་མཆོག་གིས་ཁྱེད་ཚོ་སྐྱབས་འོག་ནས་ནམ་ཡང་འདོར་གྱི་ཡོད་པ་མ་རེད་དང། ད་དུང་༢༠༢༠/༨/༡༦ /ཉིན་འགོས་ནད་སློབ་སྟོན་པས་”ལོ་གཞོན་ཚོར་འཕྲོད་སྟེན་ཡག་པོ་ཡོད་པས་ནད་ངན་འགོས་བ་ནི་དོན་བཟང་ཞིག་རེད་ཟེར་”སོགས་ཁོང་ཚོར་ལྟ་བ་མཐུན་པའི་གསར་ཁང་fox དང་སྤྱི་ཚོགས་དྲྭ་བ་སྣ་ཚོགས་སུ་བསྒྲོགས་དང་སྒྲོགས་ཀྱིན་ཡོན་པ་རེད།

༣༽གོང་གི་བཤད་ཚུལ་དེ་དག་དང་བྱེད་སྟངས་ཀྱི་དཔང་པོ་དེ་དག་ལ་དཔྱད་ན། བརྩེ་བའི་སྲིད་འཛིན་དང་ཁོའི་ཞབས་རྡུལ་སྤྱི་བོར་བཀུར་བའི་ཕོ་བྲང་དཀར་པོའི་ལས་བྱེད་དང་ཆབ་སྲིད་པ། སྨན་པའི་མིང་ཅན་པ་ཚོར་ནད་ངན་སྐོར་ལ་དམིགས་ཡུལ་གཅིག་ཁོ་ན་ལས་ཡོད་པ་མ་རེད། དེ་ནི་དམངས་ཚོགས་ཀྱི་བདེ་འཇགས་མ་ཡིན་པར་ནད་ངན་སྤྱི་ཚོགས་སུ་ཁྱབ་གདལ་བྱེད་ཀྱི་ “herd immunity” དེ་རེད།  ནད་ངན་སྤྱི་ཚོགས་སུ་ཁྱབ་གདལ་ག་ཚོད་སོང་བ་ཡིན་ན། དེ་ཚོད་ཀྱིས་མི་མང་སྐྱོ་བོ་ཚོ་ན་བ་ལས་ཁོ་དང་ཁོའི་གྲོགས་པོ་ཚོ་ལ་མཐུན་རྐྱེན་ལེགས་པོ་ཡོད་པས་ནད་ངན་མི་འགོ་པ་དང། གལ་སྲིད་འགོས་བའི་དབང་དུ་བཏང་ཡང་གཞི་རིམ་དམངས་ཚོགས་ཀྱི་བཅའ་ཁྲལ་ལས་ཁོང་ཚོ་ལ་སྨན་ཁང་ཚད་ལྡན་དང་། སྨན་བཟང་ཤོས་དང་། སྨན་པ་རྩེ་ཕུད་ཀྱིས་རིན་མེད་ངང་བཅོས་ཐུབ་ཀྱི་ཡོད་པ་རེད། ཡིན་ཡང་དམངས་ཚོགས་ལ་དེ་ལྟ་བུའི་གོ་སྐབས་ཐོབ་པ་ནི་ཉིན་མོའི་སྐར་མ་ལྟ་བུ་རེད། གང་ལྟར་ནད་ངན་འགོས་མཁན་གྱི་མི་མང་སྐྱོ་བོ་ཚོའི་ནང་ནས་མང་ཆེ་བ་ནི་མི་ནག་དང་མེགསེཀོ་ཡི་རྒྱུད་པ། ཨེཤེཡའི་མི་རྒྱུད། གསར་དུ་ཡོང་བའི་མི་རྣམས་ཡིན་པ་དང་།  ལྷག་པར་དེ་རྣམས་ལས་ལོ་ན་མཐོ་བའི་རིགས་དང་། ནད་རིགས་འདྲ་མིན་ཀྱིས་བཟུང་བའི་མི་རྣམས་ནད་ངན་གྱིས་འཆི་ལམ་དུ་བཏང་དང་གཏོང་གི་ཡོད་པ་རེད།  

དེའི་ཕྱིར། གོང་དུ་བཤད་པའི་མི་རིགས་དེ་རྣམས་དང་སྐྱོ་བོ་དེ་རྣམས་ནི། བརྩེ་བའི་སྲིད་འཛིན་དང་ཁོའི་རྗེས་འཇུག་བ་ཚོས་ལྟ་གྲུབ་ནང་ན་མི་རྒྱུད་དཀར་པོའི་རིགས་ལ་ལྷད་བསྲེ་མཁན་དང་སྤྱི་ཚོགས་ཀྱི་གད་སྙིགས་ཡིན་པ་འདོད་དེ། དེ་རྣམས་འཇིག་རྟེན་འདིར་ཡོད་པ་ལས་མེད་ན་བཟང་བོར་འདོད་ཀྱི་ཡོད་པའི་ཀུན་སློང་སྐྱོན་ཅན་དེ་ལ་བརྟེན་ནས་ཨ་རི་བ་གོ་ལ་འདིའི་སྟེང་དུ་ནད་ཡམས་ཀྱི་ཞིང་ཁམས་ཤིག་ཏུ་བསྒྱུར་བ་རེད། 

https://www.reuters.com/article/health-coronavirus-trump-idUSKBN26Q0CU


https://youtu.be/vW9G0LwDcAQ

བསམ་ཚུལ།

Post navigation

Previous Post: བྱས་རྗེས་ཅན་དང་འཆར་སྣང་ཅན་ནི་ང་དང་ཁྱོད་ཀྱི་སྲིད་སྐྱོང་ཡིན།
Next Post: ལྷ་དང་ལྷ་མོའི་ལྷན་འཛོམས།

Comments (5) on “བརྩེ་བའི་སྲིད་འཛིན་ཀྱིས་ཨ་རིར་བཞག་པའི་བྱས་རྗེས།”

  1. ཀརྡོ་རབ་འབྱམས་པ་ says:
    2020-10-18 at 2:42 am

    བཞག་ལྡོམ་ལྗང་ལོ་ལགས་ཀྱིས་བོད་འགྱུར་གནང་བའི། བརྩེ་བའི་སྲིད་འཛིན་ཀྱིས་ཨ་རིར་བཞག་པའི་བྱས་རྗེས། ཞེས་པའི་སྒྲུར་རྩོམ་འདིཞ ཀློག་བགྱིན་ཀློག་བགྱིན་བྱས་རྗེས་དེཞ ངན་རྗེས་ལ་དམིགས་ནས་གསུངས་འདུག ཧ་ཧ།།

  2. གནམ says:
    2020-10-18 at 9:00 am

    ཀླད་ལྗང་གི་ཀླད་པ་ལ་སྦྲུད་སྨན་མང་དུ་སྟེར།

    ཁ་གཡོལ་བརྒྱབས་པས་ཡམ་འགགས་ན།
    སྤྱི་ཚོགས་རྒྱང་གྱེད་ཀྱིས་ཅི་བྱེད། ???
    སྤྱི་ཚོགས་རྒྱང་གྱེད་ཀྱིས་ཡམ་ཁོགས་ན།
    ཁ་གཡོལ་གོན་པས་ཅི་བྱེད། ???
    སྐད་ཆ་འདི་ཅན་གྱི་རིགས་ལ། མི་རྣམ་དཔྱོད་ཡོད་ནི་ཞིག་གིས་ཉན་ན་དེ་ལ་ནང་འགལ་ཟེར། ཁྱོད་ཅན་པོས་བལྟས་ན། འདི་ནི་ཐབས་མཆོག་ཁ་ན་ཡིན་ཟེར། ཧ་ཧ་ཧ།

    རེད་དེ། དེང་ཐོགས་ཁ་གཡོལ་གོན་པས་མི་ཕན་པར་འདོད་མཁན་དེ་ཚོ་ཡང་གཡོན་ཕྱོགས་པའི་ཡམ་སྨན་ཚོ་ཡིན། ད་དུང་། ཡམ་ནན་གྱིས་བཟུང་བའི་མི་གྲངས་བརྒྱ་ཆ་བརྒྱད་ཅུ་ཁ་གཡོལ་གོན་པ་ལ་དད་འདོད་ཅན་རྐྱང་ཡིན།

    ཡམ་འདི་ནི་རླུངས་སྐྱེས་ཡིན་པས། འགགས་དགོས་ན་ཁ་སྣ་མིག་སྟུ་གཞང་སོགས་ཚང་མ་འགགས་དགོས་བ་ཡིན་ཆབ་མཉམ་ཡིན་པས། ཉི་མ་དང་ཟླ་བ་སྟུད་ནས་ཨི་ཁུང་འདི་ཚོ་འགགས་དགོས་ན་རི་བོ་ཧི་མཱ་ལའི་སྒོམ་ཆེན་པ་ཞིན་ཡིན་ན་ཡང་ཡོང་མི་སྲིད།

    ཨ་རིའི་སྲིད་འཛིན་ཁོང་གིས། ཨ་རིའི་མི་མང་གི་རང་དབང་། མི་སུམ་ཅུར་བསམ་པ་སུམ་བཅུ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུའི་ཁེ་དབང་ལ་གུས་རྩི་ཡིས། དམར་ཤོག་པ་དང་གཡོན་ཤོག་གི་དྲག་སྤྱོད་སྤེལ་ནས་མི་འདོད་པའི་མིའི་རང་དབང་འཕྲོག་མེད། ཆུ་མི་འཐུང་བའི་གཡག་ལ་མགོ་ལྕག་བྱས་མེད། ཁ་གཡོལ་རང་འདོད་ཀྱིས་ཡམ་ནད་ལ་དོགས་གཟབ་བྱེད་པར་རེ་སྐུལ་བཅོལ་ཡོད། བྱ་སྤྱོད་འདི་འདྲ་ལ་རང་དབང་ཐོབ་པ་ཟེར།

    ཡམ་ནད་གྱིས་རྒྱལ་མཚམས་དང་མི་རིགས་དབྱེ་འབྱེད་མི་བྱེད། གོ་ས་མཐོ་དམའ་ཡང་མེད། དེ་འདྲ་ཤེས་བཞིན་དུ། ཡམ་འདི་མི་ནག་གི་ཡམ་ནག་ཞིག་རེད་ཟེར་ན། མི་ནག་ལ་མཐོང་ཆུང་མིན་ན། ཁྱོས་སྨྱོ་ཆང་འོ་ཙམ་འཐུང་ཡོད་པ་གསལ་རྗེན་རེད།

    མི་མང་པོ་ཤི་ཡོད། དེ་དག་གསོད་མཁན་མང་ཆེ་བ་གཡོན་ཕྱོགས་པའི་གྲོང་དཔོན་རྐྱང་ཡིན། ནག་ཉེས་ཁོང་ཚོ་ལ་ཡོད། སྲིད་འཛིན་གྱིས་ལས་དཀར་པོ་ཅི་བྱས་ལམ་དུ་འགྲོ་བར་མི་འཇུག་པར། གཞན་གྱི་ཚེ་སྲོག་གི་གོ་ཆགས་ལས་སྲིད་འཛིན་ལ་ངན་ཁ་གཡོག་ནས་ཕམ་འདོད་ཤར་བའི་གཡོན་ཕྱོགས་པའི་ཆབ་སྲིད་འཁྲབ་པས་ཡིན། དེ་ནི། གཡོན་ཕྱོགས་གྲོས་ཚོགས་གོང་འོག་གི་གཏེ་བོ་གཏེ་མོ་དང་གྲོང་དཔོན་ཚོ་ཁོ་ན་ཡིན།

    མི་ཚང་མ་ལྐུག་པ་མ་རེད། ལྷག་ཏུ་བོད་མི་ང་ཅན་པོ་ལྐུག་པ་མ་རེད། བོད་མི་གྲངས་ཚད་མང་པོ་ཨ་རིའི་སྲིད་འཛིན་ལ་དགའ་ཤོག་འཕེན་པ་ལ་སྤྲོ་ནས་ཡོད།

    ཀླད་ལྗང་ཁྱོད་ཅན་པོ་ལ་རིན་པོ་ཆེ་ཚ་བོ་ཚ་བོ་ཞིག་སྤྲད་ནི་སྤྲད་ནི་ཡིན། ཁྱོད་མ་ཚབ།

  3. བཞག་ལྡོམ་ལྗང་ལོ་། says:
    2020-10-18 at 3:23 pm

    བླུན་རྒམ་གནམ་། མ་གཞི་ཞིབ་འཇིག་མེད་ན་སྐད་ཆ་བཤད་པའི་ཐོབ་ཐང་མེད་ཟེར་བ་རེད་མོད་ཀྱང་། ཁྱེད་ལྟ་བུ་སེམས་ཁམས་རྨས་མའི་སྨྱོན་པ་ཚོ་ལ་ལེགས་ཉེས་དབྱེ་བ་འབྱེད་པའི་རིག་པ་མེད་པས་བདེན་པ་ལས་རྫུན་ལ་དུངས་དང་། རང་དབང་སྲུང་བ་ལས་སྟོར་ལ་དགའ་པ་དང་། མང་གཙོ་ལས་སྒེར་སྤྱོད་ལ་དགའ་བ་རེད་། དེའི་ཕྱིར་། ཁྱེད་ལྟ་བུ་བླུན་རྒན་ཚོ་ལོ་རྒྱུས་ཀྱི་ངན་ཕྱོགས་ནས་མིག་ལམ་ན་ཡོད་ཚད་དགུན་ཁའི་རྩྭ་སྐྱ་ལྟ་བུ་ལས་དབྱར་ཁའི་ལྗང་མདོག་ཞིག་ནམ་ཡང་མཐོང་མྱོང་ཡོད་པ་མ་རེད་། ངས་ཁྱོད་འདྲི་། གལ་སྲིད་ཁྱེད་ཀྱི་སྐྱབས་མགོན་”ཨ་རིའི་མི་མང་གི་རང་དབང་།”ལ་གུས་ཞབས་ཡོད་མཁན་ཡིན་ན་ཨ་རིའི་སྲིད་འཛིན་ཡོད་ཚད་ལས་ཁོ་ནི་ཁྲིམས་ཁང་ལས་གྱོད་སྣ་མང་ཞོས་ཡིན་དགོས་བ་ཅི་རེད་།? བདེན་ཀི་ཨ་རིའི”མི་ཚང་མ་ལྐུག་པ་མ་རེད།” དེར་རྟེན་། ཁྱེད་དང་ཁྱེད་སྐྱབས་མགོན་ཀྱིས་གཡོ་སྒྱུ་དང་། འཇིགས་སྐུལ་ག་ཚོད་བྱས་ཀྱང་མི་རིང་བར་ཕོ་བྲང་དཀར་པོ་ལས་རྒྱང་ཕུད་བྱེད་ཀྱི་རེད་། སྐབས་དེར་ཁྱེད་རང་ཁོ་མདུན་ལ་མཇལ་ཁ་ལོན་དུ་སོང་དང་ཐོབ་ནི་རེད་།

  4. བསམ་ཤེས། says:
    2020-10-19 at 12:24 am

    ཨ་རིའི་དགྲ་གནོན་འབྲོམ་ན་སོང་རུང་དྲག་སོང་། ཁོང་གི་ཤིན་དུ་མྱུར་བའི་དྲག་བསྐྱེད་དེས་རྒྱ་ནག་པ་རྣམས་ལ་འཇིགས་སྣང་འཕར་མ་ཞིག་སྤྲད་སོང་། “ང་ལ་ཐོབ་ན། ཁྱེད་ཚོ་ཡན་པོར་འཇོག་གི་མིན།”

    ད་ལྟད་མོ་ད་དུང་མུ་མཐུད་བལྟ་རྒྱུ་ཡིན།

  5. གནམ says:
    2020-10-22 at 7:43 pm

    https://youtu.be/RE2AzO5sGlQ
    རྫུན། ཕྲ་མ། ཚིག་རྩུབ། ངག་འཆལ། གཡོ་སྒྱུ། ཧམ་པ། མགོ་སྐོར་སོགས། ལས་མི་དགེ་བ་ལས་ཟློག་དགོས་བ་ནི། བོད་རྩམ་པར་དགའ་བ། ལག་འཕྲེང་བར་དགའ་ཅན་ཞིག་ཡིན་་ན་རྩ་བ་འཛིན་ས་དེ་ཡིན་པས།
    འདི་ནི་དེ་དགུང་གི་ཝ་མོ་ཀླད་ལྗང་དང་ཁྱོའི་སྣེ་ཁྲིད་ཚོགས་ལ། ཁྱེད་ཅག་གི་རྨྱི་ལམ་མཚན་ལྟས་ལ། བསམ་བཞིན་དུ་བཀྲལ་བ་འདི་ལ། རྨྱི་ལམ་མཚན་ལྟས་ངན་པ་ལ་ཟློག་ལན་ཨ་ཡོད་དོ། ཧཧཧ་། གཡོ་ཅན། རྫུན་ཅན། སྒྱུ་ཅན།
    ཁྱེད་ཅག་གི་ངོ་ལྤགས་གང་ན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme