Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩེ་བ་གོ་ལོག

Posted on 2013-07-182013-07-18 By ཁ་བརྡ་ 2 Comments on བརྩེ་བ་གོ་ལོག

སྲུང་ལེ་དྷུར་གྱིས་བརྩམས། ཟླ་ཟེར་གྱིས་བསྒྱུར།

ལེ་ཚན་གསུམ་པ། དྲི་བ།
ངས་མཱ་ཁུ་རྗོ་སྲན(Mark Johnson) ་དང་སྐད་ཆ་བཤད་ནས་དུས་ཚོད་གཅིག་གི་རྗེས། ང་རང་ཀོ་ལོ་རཱ་སྒྲའི་མཐོ་སློབ་(University of Colorado)སྨོན་ཁང་དུ་སླེབས་པ་དང་། ཅེ་
བས་(Chevy)ལས་བབས་ཏེ་མདུན་སྒོ་རུ་སོང་ནས། ང་ཨེམ་ཆི་རྗང་སྒྲའི་ཀལ་པན(Dr.Judy Kaplan)་དང་ཐུག་དགོས་ཞུས་པ་ཡིན། ངས་སྐར་མ་བཅུ་ཙམ་རིང་སྒུག་རྗེས། དེ་ནས་རྗང་སྒྲས་ (Judy )་སླེབས་བྱུང་། ཁོ་མོས། “ཧེ་་་་་། ཧྥི་ལེ་ཁུ།(Flick) ཁྱོད་ཀྱིས་འདི་ན་ཅི་ཞིག་བྱེད་ཀྱི་ཡོད།” ཅེས་ཟེར།
ངས་མོ་ལ་ལན་མ་འདེབས་ནས། “ཁྱོད་རང་ལ་ཀོ་ཧྥའི་འཐུང་ཡུན་གྱི་དུས་ཚོད་ཅིག་ཡོད་དམ།” ཞེས་དྲིས། མོས། “གནད་དོན་ཞིག་བྱུང་སོང་ངམ།” ཞེས་དྲིས། ཡང་བསྐྱར། ངས་མོ་ལ་ལན་འདེབས་མེད། ངེད་གཉིས་སྨན་ཁང་གི་ཟ་ཁང་ནང་དུ་སོང་ནས། སྒེའུ་ཁུང་གི་འགྲམ་ན་ཡོད་པའི་ཅོག་ཙེ་ཆུང་ཆུང་ཞིག་ལ་བསྡོད་ནས་ཀོ་ཧྥའི་བཏུང་། ངས་རྗང་སྒྲས་(Judy )་ལ་བལྟས་ཏེ་ཅི་ཞིག་བཤད་དགོས་མི་ཤེས་པས། ངས་སྒེའུ་ཁུང་ཕྱི་རོལ་གྱི་སྨན་ཁང་གི་ལྡུམ་རའི་ནང་གི་ལྗོན་ཤིང་དང་མེ་ཏོག་ལ་བལྟས་ནས་བསྡོད།

དེ་ནས་ངས་རྗང་སྒྲས་(Judy )་ལ་རྗེ་སྐུ་སྡ་ལས(Jack Daly)ཀྱི་སྐོར་བཤད་པ་ཡིན། རྗང་སྒྲས་(Judy )་ཀྱིས། “ཤི་སོང་་་་་། ག་རེ་་་་། གང་འདྲ་་།” ཟེར་ཏེ། མོས་མིག་གཉིས་བཙུམ་སོང་།
“ངས་ཤེས་སོང་། ཁོ་གཞུང་ལས་ཁང་དུ་ཤི་འདུག ངས་ད་ནངས་ཞོགས་པར་ཁོང་མཐོང་བྱུང་། སྤྱིར་བཏང་ཁོ་རང་རང་ཤི་བརྒྱག་པར་འདྲ་བོ་འདུག ཡིན་ནའང་། ངས་དེ་འདྲ་རེད་བསམ་གྱི་མི་འདུག” ཞེས་ངས་བཤད་པ་ཡིན། མོས་ཡང་བསྐྱར་མོས་གཉིས་ཡར་གདངས་ནས་ང་ལ་བལྟས་ཏེ། “བྱས་ཙམ་ཁྱོད་ཀྱིས་བསམ་པར་་་་་?” “རེད་་་་་་། ངས་ཤེས་མ་སོང་།” ཞེས་ངས་བཤད།
རྗང་སྒྲས་(Judy )ཀྱི་ངོ་མདོག་སྐྱ་བོ་རེད་འདུག ངེད་གཉིས་ཀྱིས་ཀོ་ཧྥུའི་བཏུང་། སྐར་མ་གཅིག་གཉིས་ཀྱི་རིང་ལ་གང་ཡང་མ་བཤད། “སྔོན་ཆད་སྡ་ལས་(Daly)འདི་ལ་སྐྱིད་པོ་རེད་འདུག་གམ།” ཞེས་ངས་དྲིས་པ་ཡིན།
“ངས་ཤེས་མ་སོང་། ངས་བལྟས་ན་སྐྱིད་པོ་རེད་འདུག” ཞེས་རྗང་སྒྲས་(Judy )ཀྱིས་ལན་འདེབས། ངས་མོ་ལ་། “ཁོས་ག་དུས་ནས་སྨན་ཁང་འདིའི་ནང་ལས་ཀ་བྱེད་འགོ་བརྩམས་པ་རེད།” ཅེས་དྲིས། མོས་ལན་དུ། “ལོ་གཅིག་གི་སྔོན་ཙམ་ནས།” ཞེས་ཟེར། “འདི་ན་ཁོང་ལ་མི་དགའ་མཁན་སུ་གང་ཡོད་དམ།” ཞེས་ངས་དྲིས། མོས”ངས་བལྟས་ན་ཡོད་རྒྱུ་མ་རེད།” ཅེས་ཟེར།
“ཁོང་འདིར་མ་ཡོང་སྔོན་དུ་ཡོད་དམ།” མོས། “དེ་སྔོན་ཁོང་མུས་མུ་ཡི་ཧྥུ་ལོ་རས་སྒྲས(Florida in Miami)་སུ་བསྡོད་པ་རེད།” ཅེས་ཟེར། སྡ་ལས(Daly)་ཀྱི་གཞུང་ལས་ཁང་གི་གྱང་ངོས་སུ་བཀར་བའི་བརྙན་པར་དེའི་སྐོར་ངའི་ཡིད་ལ་འཁོར། རེད། མུས་མུ་ (Miami)ཡི་བརྙན་པར་ཞིག་དེར་འདུག
“དེར་སྨན་ཁང་ཞིག་ནང་རེད་དམ།” ཞེས་ངས་དྲིས། “ངས་ཤེས་མ་སོང་། ལྟོས་དང་། དགོངས་པ་མ་ཚོམས། ཧྥུ་ལེ་ཁུ།(Flick) ང་ཕྱིར་ལས་ཀ་ལ་འགྲོ་དགོས་བྱུང་སོང་།” ཞེས་ཟེར། རྗང་སྒྲས་(Judy )ཡར་ལངས་ནས་ཆས་སོང་། ང་སྤྱི་བདེ་ཅུས་སུ་ལོག་སྟེ། ངས་ལེ་བོ་(Leo)་ལ་སྐད་ཆ་བཤད་པ་ཡིན། ངས་ཁོང་ལ་སྡ་ལས(Daly)་ཀྱིས་རང་གི་སྲོག་གཅད་མེད་པའི་སྐོར་ང་རང་གིས་གང་དྲན་པ་དེ་བཤད་པ་ཡིན།
ངས་ཁོང་ལ་སྡ་ལས(Daly)་ཀྱིས་ལག་པ་གཡས་པ་ནང་བཟུང་བའི་ཐུང་མདའ་དེའི་སྐོར་བཤད། ཁོས། “རེད་་་། དེ་ག་རེད། ཡིན་ནའང་། ཁྱོད་རང་གིས་རྗེ་སྐུ་སྡ་ལས(Jack Daly)་སྐྱེས་པ་ཡག་པོ་ཞིག་རེད་ཟེར་ན་མི་གཞན་གྱིས་ཅིའི་ཕྱིར་ཁོང་བསད་པ་རེད།” ཅེས་ཟེར།
ངས”དྲི་བ་འདི་ཡག་པོ་འདུག” ཞེས་ཟེར་མོད། ཡིན་ནའང་ལན་དེ་ངས་རྙེད་མ་བྱུང་། དེའི་དགོང་མོར་ང་རང་ཉིད་ཀྱི་ཁང་མིག་ནང་བསྡོད ་ནས་། སྒྲ་ནའི་རེ་ནོ(Danny Reno)་པར་རྣམས་ལ་བལྟས།
ངས་རྗེ་སྐུ་སྡ་ལས(Jack Daly)ཀྱི་གཟུགས་པོ་ལ་བལྟས། ངས་བལྟས་ཤིང་བལྟས་ཤིང་། དེ་ནས་ངས་ཁ་པར་གྲགས་པར་གོ་བྱུང་། དེ་རེ་ནོ(Reno)་རེད་འདུག
རེ་ནོ(Reno)་ཡིས། “རྗེ་སྐུ་སྡ་ལས(Jack Daly)ཀྱི་ཕུང་པོའི་སྐོར་གྱི་གསར་འགྱུར་གསར་པ་ཞིག་འདུག རེད་་་་། ཁྱོད་རང་འགྲིག་འདུག”
“མྱུལ་ཞིབ་པ། རྗེ་སྐུ་སྡ་ལས་( Jack Daly)ལག་པ་གཡོན་པ་རེད། ཐུང་མདའ་དེ་རྗེ་སྐུ་སྡ་ལས(Jack Daly)་ཀྱི་ཡིན་ནའང་། དེ་ཁོའི་ལག་པ་གཡས་པ་ནང་འདུག ཁོས་རང་སྲོག་གཅད་པ་མ་རེད། དེ་དམར་གསད་བྱས་པ་རེད།” ཅེས་ཟེར། ངས། “ཨུ་་་། ངས་དེ་འདྲ་བསམ་བྱུང་།” ཞེས་ཟེར། “ང་ཚོས་སྡ་ལས་(Daly)ཀྱི་གཞུང་ལས་ཁང་ནས་ཡི་གེ་ཞིག་ཡང་རྙེད་བྱུང་།”
“ཡི་གེ་ཞིག་་་་་རེ་ནོ(Reno)་ཡིས། ཨོ་རེད་་་། དེའི་ནང་ཁྱོད་ཀྱིས་རྗེ་ཧྥུ་རྦེ་སྐུ(Jeff Baker)་གཏན་ནས་བརྗེད་ཐུབ་ཀྱི་མ་རེད་ཅེས་གཅིག་པུར་ཞེས་ཟེར་འདུག”་ཞེས་ཟེར།
དེའི་ཕྱི་ཉིན་གྱི་ཞོགས་པ་དེར་ངས་ང་ཚོའི་གཞུང་ལས་ཁང་དུ་སྒྲ་ནའི་རེ་ནོ་(Danny Reno)ཐུག་པ་དང་ཁོས་ང་ལ་ཡི་གེ་དེ་སྤྲོད་བྱུང་། དེ་ནི་ཡིག་གཟུགས་ཆེན་པོ་ནག་པོ་ཞིག་རེད་འདུག “ཁྱོད་ཀྱིས་བསམ་པར་འདི་གལ་ཆེན་ཞིག་རེད་འདུག་གམ།” ཞེས་རེ་ནོ(Reno)་ཡིས་དྲིས།
ངས་། “ངས་མི་ཤེས།” ཞེས་ཟེར། ངས་རྗེ་སྐུ་སྡ་ལས(Jack Daly)་ཀྱིས་གཟའ་ཟླ་བའི་ཉིན་ང་ལ་བཏང་བའི་ཁ་པར་དེའི་སྐོར་བསམ་བློ་བཏང་། རྗེ་སྐུ་སྡ་ལས་(Jack Daly)ཀྱིས་ང་ལ་ཡི་གེ་དེའི་སྐོར་བཤད་འདོད་བྱུང་ཡོད་དམ།” ངས་ཡང་བསྐྱར་བཀླགས། “ཁྱོད་ཀྱིས་རྗེ་ཧྥུ་རྦེ་སྐུ་(Jeff Backer)གཏན་ནས་བརྗེད་ཐུབ་རྒྱུ་མ་རེད།” རེ་ནོ(Reno)་ཡིས། “ཡི་གེ་དེ་འདིའི་ནང་འདུག”་ཟེར།

ཁོས་ང་ལ་སྡ་ལས(Daly)་ཀྱི་མིང་མ་གཏོགས་ཁ་བྱང་མེད་པའི་ཡིག་ཤུབ་ཅིག་སྤྲོད་བྱུང་། ང་ཡིས་སྒྲ་ནའི་(Danny)ལ། “ཉོན་དང་སྒྲ་ནའི(Danny)། ངས་ཁྱོད་ལ་ལས་ཀ་ཞིག་སྤྲོད། ཁྱོས་ཀྱིས་ང་ལ་རྗེ་ཧྥུ་རྦེ་སྐུ་(Jeff Backer)འཚོལ་རོགས། རྗེ་སྐུ་སྡ་ལས(Jeff Baker)ཀྱིས་གང་འདྲ་བྱས་ནས་ཁོང་ངོ་ཤེས་པ་རེད། དགོང་པ་མ་ཚོམས་རོགས། འདི་ལས་ཀ་སླ་མོ་ཞིག་མ་རེད།”
“ཀེ་ལོ་ར་རྡོ(Colorado)་ནང་ངེས་པར་དུ་རྗེ་ཧྥུ་རྦེ་སྐུ་(Jeff Baker)བརྒྱ་ཕྲག་མང་པོ་ཡོད་རྒྱུ་རེད། ཁྱོད་ཀྱིས་རྡེན་བུར་(Danver)ནས་འགོ་བརྩམས་ཆོག” ཞེས་ཟེར། རེ་ནོེ(Reno)་ཡིས། “ཡིན་དང་ཡིན། མྱུལ་ཞིབ་པ། ཨོ་་་། ད་དུང་འདི་ན་མེ་མདའ་དང་འབྲེལ་བའི་གནས་ཚུལ་ཁ་ཤས་ཤིག་འདུག”ཞེས་བཤད།
ངས་ཀློག་འགོ་བརྩམས་པ་ཡིན། “དེས་རྗེ་སྐུ་སྡ་ལས་(Jack Daly)གསོད་བྱེད་ཀྱི་ཐུང་མདའ་དེ་Ruger sp 100ཞིག་ཡིན་པ་དང་། དེ་སྡ་ལས་ཀྱི(Daly)་མེ་མདའ་རེད། ལག་དམར་བས་ཨེམ་ཆི་ལ་མེ་མདའ་བརྒྱག་རྗེས། གཙང་མ་ཕྱིས་ཏེ་མེ་མདའ་དེ་རོ་ཡི་ལག་ཏུ་བཅུག་པ་རེད།” ཅེས་ཟེར།
རེད། ཡིན་ནའང་། ལག་དམར་དེ་ལ་སྡ་ལས་(Daly)་ཀྱི་ཐུང་མདའ་གང་ནས་རག་པ་ཡིན་ནམ། མ་ཚོད་ཁོས་གང་འདྲ་བྱས་ནས་སྡ་ལས་(Daly)་ཀྱི་གཞུང་ལས་ཁང་དུ་སླེབས་པ་རེད། རྗེ་ཧྥུ་རྦེ་སྐུ(Jeff Baker)སུ་རེད། ད་དུང་ཅིའི་ཕྱིར་སྡ་ལས(Daly)་ང་དང་སྐད་ཆ་བཤད་འདོད་ཡོད་པ་རེད།
ང་ལ་དྲི་བ་མང་པོ་ཞིག་འདུག ཡིན་ནའང་ལན་མི་འདུག འདི་ནི་ཟླ་བ་བརྒྱད་པའི་ཟླ་མཇུག་ཏུ་ཡིན་པ་དང་། ང་ཚོ་ལ་གནས་ཚུལ་གང་ཡང་མེད། ང་ཚོ་ལ་རྗེ་ཧྥུ་རྦེ་སྐུའི་(Jeff Baker)གནས་ཚུལ་མེད་ལ། ང་ཚོས་རྗེ་སྐུ་སྡ་ལས(Jack Daly)་སུ་ཡིས་གསོད་པའི་སྐོར་གནས་ཚུལ་གང་ཡང་ཤེས་མེད། ཡིན་ནའང་། དེའི་རྗེས་ཟླ་བ་བརྒྱད་པ་དེ་དགུ་པར་འགྱུར་དུས། ལན་རྣམས་འབྱུང་འགོ་བརྩམས།

ལེའུ་ཚན་བཞི་བ། ལྡེའུ་མིག
དམར་གསོད་བྱུང་ནས་གཟའ་འཁོར་གཉིས་རྗེས་ཀྱི་དགོང་མོ་ཞིག་ལ་ལས་ཁུངས་ཀྱི་གཙང་བཟོ་བྱེད་མཁན་མ་ཁུ་རྗོ་སྲན(Mr.Johnson)་གྱིས་ང་ལ་ཁ་པར་བཏང་བྱུང་། ཁོས”མྱུལ་ཞིབ་པ་ལེ་ནུས(Laine)། ང་ཁྱོད་དང་ཐུག་འཕྲད་ཅིག་བྱས་ན་འགྲིག་གམ།” ཞེས་ཟེར། “འགྲིག སྐུ་ཞབས་རྗོ་སྲན(Johnson)། ཡིན་དང་ཡིིན། གང་གི་སྐོར་རེད།”
“ཁྱོད་ཀྱིས་སྡ་ལས་(Daly)་ཀྱི་ལག་དམར་བ་ཤེས་བྱུང་ངམ། རེད། ངས་གནད་དོན་ཞིག་དྲན་བྱུང་། ཁྱོད་ཀྱིས་ང་ལ་ཁ་པར་གཏོང་ཤོག་ཟེར།” ངས”ཡག་བྱུང་། ཝ་ཞིན་ཊའི་སྤྱི་བདེ་ཅུས་ཀྱི་འགྲམ་ལ་ཡོད་པའི་པེའུ་ཀྲེའུ་ཀོ་ཧྥའི་ཚོང་ཁང་ལ་ཤོག” ཞེས་ཟེར། དུས་ཚོད་གཅིག་གི་རྗེས་མྰ་ཁུ་རྗོ་སྲན(Mark Johnson)་དང་ང་པེའུ་ཀྲེའུ་ཡི་ཅོག་ཙེ་ཞིག་ལ་བསྡད། རྗོ་སྲན་གྱིས”འདི་སྡེ་མིག་གི་སྐོར་རེད།” ཅེས་ཟེར།

འགྱུར་རྩོམ།

Post navigation

Previous Post: ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་ཕྲུག་རྣམས་ཀྱི་བོད་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་ཐབས་གྲོས་འཆར།
Next Post: གང་ལྟར་མོག་མོག་ཞིག་གི་ཚུལ་དུ་ང་དང་བརྩེས་པ་བཀའ་དྲིན་ཞུ།།

Comments (2) on “བརྩེ་བ་གོ་ལོག”

  1. ཀླུ་སྨྱོན། says:
    2013-07-18 at 12:53 pm

    འདི་ལ་ཕལ་ཆེར་རིགས་འདེད་ཀྱི་བརྩམས་སྒྲུང་ཟེར་གི ལོ་ཉི་ཤུའི་སྔོན་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཞིག་གི་སྟེང་དུ། ཤར་ཕྱོགས་མགྱོགས་བགྲོད་མེ་འཁོར་སྟེང་གི་ལྐོག་གསོད་གྱོད་གཞི་ཟེར་བའི་རིགས་འདེད་བརྩམས་སྒྲུང་ཧ་ཅང་ཡག་པོ་ཞིག་ཡོད་པ་བཀླགས། དེ་ནས་བརྩིས་པའི་ལོ་ཉི་ཤུའི་རྗེས་ཏེ། ན་ནིང་ཨ་རིའི་བརྙན་འཕྲིན་ཞིག་ལས་སྒྲུང་དེ་གློག་བརྙན་དུ་བཅོས་ཡོད་པ་མཐོང་།

  2. བཀྲ་ཤིས་རྒྱལ says:
    2013-07-18 at 3:41 pm

    “དེ་སྔོན་ཁོང་མུས་མུ་ཡི་ཧྥུ་ལོ་རས་སྒྲས(Florida in Miami)་སུ་བསྡོད་པ་རེད།” ཟེར། མུས་མུ་ཟེར་ན་ག་རེ་ཟེར་གྱི་ཡོད་པ་རེད། མའ་ཡ་མིས་ལ་ཟེར་གྱི་ཡོད་པ་འདྲ། ཁ་བྲོ་་་་་བསྒྱུར་གཞིའི་རྩོམ་ཡིག་ནང་གི་གྲོང་འཁྱེར་གྱི་མིང་དང་། མངའ་སྡེ་དང་གྲོང་འཁྱེར་གྱི་དབྱེ་བ་ཙམ་ཡང་ཤེས་ཀྱི་མེད་ན་ད་དུང་མཁས་རྟགས་སྟོན་རྒྱུ་སྔ་དྲགས་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme