Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩེ་དུང་གི་སྐོར་གླེང་བ།

Posted on 2011-02-132011-02-13 By dhatsenpa 12 Comments on བརྩེ་དུང་གི་སྐོར་གླེང་བ།

བརྩེ་དུང་ཟེར་བ་འདི་ག་རེ་རེད། མཚན་ཉིད་སྨྲ་མཁན་ཞིག་ཡིན་ན། མཚན་ཉིད་འཇོག་དཀའ་བའི་དངོས་པོ་ཞིག་དགོས་ན་བརྩེ་དུང་ཟེར་བའི་ཡིག་འབྲུ་གཉིས་ཁྱེར་ཞོག
བརྩེ་དུང་ཟེར་བ་འདི་ཨེ་ཤེས་ལགས། མི་ཤེས་ན། དྲང་བདེན་སྨྲ་མཁན་ཞིག་གི་མིག་ངོར་ཆེས་ཕྱོགས་མཐར་ལྷུང་བའི་དངོས་པོ་ཞིག་རེད།
བརྩེ་དུང་ནི། འདི་འདྲ་ཞིག་རེད། གནས་ལུགས་དང་རྒྱུ་མཚན་བཤད་ནས་ཁམས་གསུམ་དབང་དུ་སྡུད་མཁན་ཞིག་ཡིན་ནའང་། བརྩེ་དུང་གི་མདུན་ཁོ་ནར་ཁོས་སྨྲ་བ་མེད་པའི་བརྟུལ་ཞུགས་མ་བཟུང་རང་བཟུང་ཆགས་ཀྱི་ཡོད།
བརྩེ་དུང་ལ་མུ་མཐུད་དུ་དཔྱོད་དང་། བརྩེ་དུང་དང་དད་པ་རྩེ་གཅིག་པ་གཉིས་ལ་མཚུངས་ཆོས་གཅིག་པ་ཤིན་ཏུ་མང་། བརྩེ་དུང་ནི་ཞ་ར་ཞིག་རེད་ཟེར་བ་དེ་བདེན་ན། དད་པ་ལ་རྨོངས་དད་ཟེར་བ་དེའང་བདེན་པ་རེད། ཡིན་ནའང་། དེ་གཉིས་ཀ་ཕྱིའི་མཐོང་སྣང་ལས་དད་པ་དང་བརྩེ་དུང་རང་ངོས་ནས་ལྟ་སྟངས་ཤིག་ཅི་ལ་ཡིན།
བརྩེ་དུང་ནི། མིའི་རང་གཤིས་སུ་གྲུབ་པའི་དགའ་ཕྱོགས་ཤིག་ཡིན་ནམ།

བརྩེ་དུང་ནི། མིའི་རང་གཤིས་སུ་གྲུབ་པའི་ན་ཚ་ཞིག་མིན་ནམ།
བརྩེ་དུང་ཟེར་བ་འདི། ཨུ་ཚུགས་ཚ་ཤོས། ཕྱོགས་ཞེན་ཆེ་ཤོས། བསམ་བློ་གུ་དོག་ཤོས། གནས་ལུགས་འགྲོ་ས་མེད་པ། བསམ་ཤེས་དང་གུ་ཡངས་རྩ་ནས་བྱེད་ས་མེད་པ་དེ་ཅིའི་ཕྱིར་ཡིན།
ངོ་མ་རེད། བརྩེ་དུང་ཟེར་བ་འདིར་རྒྱལ་ཕམ་ཞིག་བརྗོད་རྒྱུ་ཅི་ལ་ཡོད། བརྩེ་དུང་ལ་ཅིག་ཡོད་དགོས་བྱུང་ན་རྒྱལ་ཁ་མ་གཏོགས་ཕམ་ཁ་ཡོད་པ་མ་རེད། ཐ་ན་བརྩེ་དུང་གི་ཆེད་དུ་རང་སྲོག་འདོར་དགོས་བྱུང་ནའང་། བརྩེ་དུང་གི་ངོས་ནས་བལྟས་ན་དེ་ནི་རྒྱལ་ཁ་ཞིག་རེད།
བརྩེ་དུང་ལ། གདམ་ཀ་ཞིག་ཡོད་པ་ཡིན་ན། དེ་ལ་གདམ་ཀ་གཉིས་མ་གཏོགས་ཡོད་པ་མ་རེད། ཡང་མིན་ན་བརྩེ་དུང་དེ་འཐོབ་དགོས་པ་དང་ཡང་མིན་ན་བརྩེ་དུང་གི་ཆེད་དུ་གཅེས་པའི་ཚེ་སྲོག་ཀྱང་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་དེ་རེད། གདམ་ཀ་འདི་གཉིས་ལས་གང་གི་ཁོངས་སུའང་ཚུད་མེད་པ་ཡིན་ན། ཁྱེད་རང་གི་བརྩེ་དུང་དེ་བརྩེ་དུང་མ་རེད། ཁྱེད་རང་གི་བརྩེ་དུང་དེ། བརྩེ་དུང་ལྟར་སྣང་པ་རེད།
བརྩེ་དུང་ཟེར་བའི་ཡིག་འབྲུ་འདི་གཉིས་ཀྱི་མདུན་དུ། དད་པ་རྩེ་གཅིག་ཟེར་བའི་ཡིག་འབྲུ་འདི་གཉིས་ཀྱི་མདུན་དང་འདྲ་བར། ང་དཔའ་ཞུམ་ཞིང་ངོ་གནོང་སྐྱེ་གི་འདུག རང་ཉིད་ནི་ངོ་མ་མི་བཅོས་མ་ཞིག་གི་ལས་བླངས་འདུག་སྙམ།
རང་གི་སྐྱེས་བའི་ཉིན་གྱི་སྐྱོན་ཞིག་ཡིན་ནམ། སེམས་ཀྱི་རང་གཤིས་སུ་གྲུབ་པའི་ཞན་སྐྱོན་ཞིག་ཡིན། བརྩེ་དུང་ངོ་མའི་ལོ་རྒྱུས་ཤིག་ང་ལ་བཤད་དུ་མེད་ལ། འགྱུར་བ་མེད་པའི་དད་པ་རྩེ་གཅིག་པ་ཞིག་ཀྱང་ང་ལ་བསྟན་དུ་མི་འདུག་པ་འདི་སྐྱོ་ཨང་།
བརྩེ་དུང་དང་དད་པ་གཉིས། ང་ལ་མཚོན་ན། ད་རུང་གསང་བ་ཞིག་རེད། ཚན་རིག་ལ་མཚོན་ནའང་། ད་རུང་གསང་བ་ཞིག་ཡིན་པ་དེ་ངས་ཚིག་ཐག་ཆོད་པོས་བཤད་ཐུབ་ཀྱི་འདུག ང་ག་ཚོད་ཀྱིས་མི་གུ་དོག་ཅིག་ཡིན་ནའང་། བརྩེ་དུང་དང་དད་པ་གཉིས་ལ། ངས་བློ་གུ་ཡངས་པོས་ལྟ་ཐུབ་ཀྱི་འདུག་ལ། ངས་བློ་ཐེ་ཚོམ་ཙམ་ཡང་མེད་པར་བསམ་ཤེས་དང་བདེན་ཁ་སྟེར་ཐུབ།
བརྩེ་དུང་རྒྱལ་གྱུར་ཅིག དད་པ་རྒྱལ་གྱུར་ཅིག

རྩོམ་རིག

Post navigation

Previous Post: སྙིང་གི་ཚིལ་ལུ། ཆུང་འདྲིས་བྱམས་པར་ཕུལ་བའི་མཐའ་མའི་བརྩེ་འཕྲིན་ཞིག
Next Post: བཀྲས་མཐོང་ལ་རྒྱབ་སྐྱོར་ཡོད་།

Comments (12) on “བརྩེ་དུང་གི་སྐོར་གླེང་བ།”

  1. ཟླ་བ་ཆོས་འཛོམས། says:
    2011-02-14 at 12:04 am

    ངས་ཁ་བརྡ་དྲ་བ་ལ་བལྟས་ནས་ད་བར་དུ་ལྷུག་རྩོམ་ཅུང་མཚན་ཉིད་ལྡན་པ་ཞིག་མཐོང་བ་འདི་གཅིག་པུ་ཡིན།ལྷུག་རྩོམ་གྱི་རྣམ་པ་བཟང་ཙམ་ཐོན་འདུག་གོ།

  2. ཟླ་བ་ཆོས་འཛོམས། says:
    2011-02-14 at 12:10 am

    ལྷུག་རྩོམ་བཟང་པོ་དེའི་ཁ་བྱང་འགྲིག་མི་འདུག་ཅིང་ངས་བལྟས་ནས་༼བརྩེ་དུང་དང་དད་པ༽ཞེས་བཏགས་ན་རན་པར་མཐོང་སོང་།འདི་གོང་གི་མཆན་འགོད་སྐབས་བཤད་དགོས་བསམ་ཡོད་ཀྱང་བརྗེད་འདུག་པས་འདི་སྨྲས་པའོ།།

  3. ཆོས་འཕེལ། says:
    2011-02-14 at 12:17 am

    མདའ་ཚན་པས་བརྩེ་དུང་སྐོར་ཡག་པོ་ཞིག་གླེང་འདུག བརྩེ་དུང་དང་དད་པ། མི་གཤིས་དང་དད་པ། སེམས་ཁམས་དང་དད་པ། འདི་ཚོ་ལ་དབྱེ་བ་ཞིབ་ཚགས་བྱས་ན་ཁྱད་པར་ཏན་ཏན་ཡོད་པ་རེད་འདོད། ད་རེས་མདའ་ཚན་པས་གླེང་སློང་གནད་ཅན་ཞིག་གནང་འདུག དད་པ། ཚོར་བ། ཡིད་ཆེས། དད་པ། ཐ་སྙད་འདི་ཚོ་ལ་དཔྱད་རྒྱུ་འདུག ཁ བརྡ་དྲ་ངོས་ཀྱི་རྒན་རབས་པ་ཚོས་འདིའི་སྐོར་ནས་དབྱེ་ཞིབ་རེ་གནང་བ་ཡིན་ན། ང་ཚོ་ཀློག་མཁན་ཚོར་ཕན་གྱི་འདུག

  4. ཀླུ་སྨྱོན། says:
    2011-02-14 at 12:17 am

    ཕོ་མོའི་བར་གྱི་བརྩེ་དུང་འདི་ནི་འདོད་ཆགས་ཀྱི་དགོས་མཁོ་སྐོང་འདོད་ཀྱི་ཚོར་བ་ཞིག་རེད། དེ་ནི་མེ་ལྕེ་ཞིག་དང་འདྲ་བར་དེས་ཡོད་ཚད་བསྲེག་ཐུབ། དེས་རང་གི་ལུས་པོ་དང་རྒྱུ་ནོར། མཚན་སྙན་དང་ཐ་ན་ཚེ་སྲོག་ཀྱང་བསྲེག་ཐུབ། དེའི་ཕྱིར་ངས་བརྩེ་དུང་གི་མིང་གཞན་སྟེ་དགོས་མཁོ་ཞེས་བཏགས་པ་ཡིན། ངས་ཁྱེད་ལ་དགའ་གི་འདུག་ཅེས་པ་དེའི་གོ་དོན་ནི་ཁྱེད་ང་ལ་དགོས་ཀྱི་འདུག ཁྱེད་ང་ལ་མཁོ་གི་འདུག་ཅེས་པ་འདི་རེད་བསམ། ཕ་རོལ་གྱི་དངོས་པོ་དེའི་སྒང་ནས་གང་གི་སྣང་བར་འགྲོ་བའི་བཏགས་དོན་ཞིག་བློ་ཡིས་ཇུས་འགོད་བྱས་ཏེ་དེ་མ་འཐོབ་བར་དུ་འཐོབ་འདོད་རྒྱུན་སྐྱོང་བ་དང་། ཐོབ་རྗེས་འཆོར་དུ་མི་འཇུག་བསམ་པའི་བསམ་བློ་ཞིག་རྒྱུན་སྐྱོང་བ་དེ་ལ་བརྩེ་དུང་ཞེས་མིང་སྙན་པོ་ཞིག་བཏགས་པ་རེད། གང་ལྟར་ཕ་རོལ་པོ་དེའི་ལུས་སེམས་གང་རུང་ཞིག་ནས་རང་གི་འདོད་བློ་སྐོང་སྤྱད་ཅིག་མཐོང་རྗེས་དེ་འཐོབ་འདོད་ཀྱི་བསམ་བློའམ་ཧམ་སེམས་ཤུགས་དྲག་ཅིག་སྐྱེས་པ་ལ་བརྩེ་དུང་ཞེས་པའི་ཕྱི་ཤུན་འདི་གཡོགས་པ་རེད། དེའི་ཕྱིར་བརྩེ་དུང་དང་ཧམ་སེམས་ཀྱང་དོན་གཅིག་མིང་གི་རྣམ་གྲངས་རེད་བསམས།

  5. ཤར་ཕྱོགས་ཀྱི་འོད་སྣང་། says:
    2011-02-14 at 1:53 am

    ཀླུ་སྨྱོན་ལགས། ཕོ་མོའི་བར་གྱི་བརྩེ་དུང་འདི་ནི་འདོད་ཆགས་ཀྱི་དགོས་མཁོ་སྐོང་འདོད་ཀྱི་ཚོར་བ་ཞིག་རེད། ཅེས་བློ་ཐག་བཅད་དེ་བཤད་ཀྱང་གནང་བ་དེ་རང་འདོད་དབང་བཙན་གྱི་གླེང་ཕྱོགས་ཤིག་ཡིན་པ་ལས་གནས་ལུགས་ཀྱི་རྗེས་སུ་བསྙེགས་པའི་ལྟ་ཚུལ་ཞིག་གམ་མཐོང་སྣང་ཞིག་གཏན་ནས་མིན་ལ། ད་དུང་བརྩེ་དུང་དང་ཧམ་སེམས་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་འཇོག་དགོས་ན། དེ་ཡང་ཧམ་སེམས་ཁོ་ནའི་རྗེས་སུ་ཕྱོགས་ཏེ་གཏན་འབེབས་བྱ་རྒྱུ་ལས་རྒྱུ་མཚན་ཡང་དག་གི་རྒྱབ་རྟེན་བྱེད་ས་ཞིག་གཏན་ནས་མེད་དོ།།

  6. ཀརྡོ་རབ་འབྱམས་པ་ says:
    2011-02-14 at 3:57 am

    མི་གཤིས་ནི། སྤྱིར་མིའི་གཤིས་ཀའམ་མི་བྱེ་བྲག་པ་གཅིག་གི་གཤིས་ཀ
    དད་པ་ནི། ཆོས་ལ་ཡིད་ཆེས་ཀྱི། མངོན་འདོད་ཀྱི། དང་བའི་དད་པའོ།
    སེམས་ཁམས་ནི། སེམས་ཀྱི་གཤིས་སམ་བྱེ་བྲག་པ་ལ་གོ
    ཚོར་བ་ནི། ལུས་སེམས་གང་རུང་གི་བདེ་སྡུག་བཏང་སྙོམས་གང་རུང་གི་ཚོར་བ་ལ་ཟེར།
    ཡིད་ཆེས་ནི། གོ་ལོ་ཐོས་ལོ་ཙམ་གྱིས་རྨོངས་དད་ཀྱི་ཡིད་ཆེས་དང་། ཤེས་ནས་ཡིད་ཆེས་པ་གཉིས་སུ་ངེས་སོ། །

  7. ཀརྡོ་རབ་འབྱམས་པ་ says:
    2011-02-14 at 4:06 am

    སྤྱི་སྐད་དཔྱད་གཞིའི་ཚིག་གྲུབ་གསུམ།
    སྐྱེས་བུ་གསུམ་གྱི་དུས་ད་ལྟ་བ་ལ།

    ང་ཁྱེད་རང་དགའ་བགྱིད་ཡོད།
    ཁྱོད་རང་མོ་ལ་དགའ་བགྱིད་འདུག
    མོ་ཁོ་ལ་དགའ་བགྱིད་འདུག

  8. ཀརྡོ་རབ་འབྱམས་པ་ says:
    2011-02-14 at 4:08 am

    གསུམ་པོ་མ་འོངས་པ་ལ།

    ང་ གྲོ་བགྱི་ ཡིན།
    ཁྱོད་ འགྲོ་བགྱི་ རེད།
    ཁོ་ འགྲོ་བགྱི་ རེད།

  9. ཀརྡོ་རབ་འབྱམས་པ་ says:
    2011-02-14 at 4:12 am

    འདས་པ་ལ།

    ང་ ཕྱིན་པ་ ཡིན།
    ཁྱོད་ ཕྱིན་པ་ རེད། ཡང་ན་ ཕྱིན་སོང་ང་།
    མོ་ འགྲོ་ ཕྱིན་པ་ རེད། ཡང་ན། ཕྱིན་སོང་།

  10. ལྕགས་རྒྱ་འགྲམ་ནག says:
    2011-02-14 at 7:02 am

    བརྩེ་དུང་ལ་གནས་ལུགས་ཟེར་བ་ཞིག་འགྲོ་ས་མེད་པའི་བཤད་ཚུལ་འདི་ཅི་མ་བདེན་སྙམ་པ་ཞིག་འདུག བརྩེ་དུང་ཟེར་བ་དེ་ཅི་ཞིག་ཡིན་པར་བློ་ཐག་ཆོད་པོའི་ངོས་འཛིན་ཅི་ཡང་མེད་ལ། རང་ཉིད་ལ་དེ་འདྲ་ཞིག་ཡོད་དགོས་པར་ཡང་འདོད་ཀྱི་མེད། དེ་སྐྱིད་རེད་ལ་སྡུག་ཀྱང་རེད། བརྩེ་དུང་ནི་ལྷན་སྐྱེས་དང་དྲི་མ་མེད་པ་ཞིག་གི་ངོ་བོར་གནས་ཐུབ་བམ་ཟེར་ན། དེ་ཡང་མི་ཤེས། ཕོ་རེའི་ས་ན་མོ་རེ་ཞེས་སྤྱི་ཚོགས་ཕལ་ཆེ་བ་ཞིག་ཏུ་བརྩེ་དུང་ལ་ཐོག་མ་ནས་ལུགས་སྲོལ་ཞིག་ཆགས་འདུག་པ་ལྟར། བརྩེ་དུང་ནི་ཕོ་མོ་གཉིས་ཀྱི་བར་དུ་མ་གཏོགས། རྟགས་གཅིག་པའི་བར་དུ་འབྱུང་མི་རུང་ཞིང་། དེ་ཡང་མ་བུའི་བར་དང་སྤུན་སྲིང་གི་བར་དུ་ཡང་འབྱུང་མི་རུང་ཞིང་མི་འབྱུང་བའི་འགྲིག་ལམ་ཞིག་ཡོད་པ་མ་ཟད། ད་དུང་འདི་དང་འདི་ལྟ་བུའི་རིགས་ལམ་གྱི་ཐོག་ནས་མི་ཟེར་བའི་སེམས་ཅན་རིགས་འདི་ནི་བྱ་བྱེའུ་འབའ་འབུ་དང་རི་དྭགས་གཅན་གཟན་སོགས་ལས་ཁྱད་དུ་འཕགས་པ་ཡིན་ཞེས་རང་གཞན་གང་གི་ཆོས་དང་རིག་གཞུང་དུ་བརྩེ་དུང་ལ་བླང་བྱ་བཏོན་ཞིང་བརྩེ་དུང་ལ་ས་མཚམས་ཕྱེས་ཡོད་པ་ལྟར། ལམ་སྲོལ་འདི་དག་གི་འཆིང་རྒྱ་ལས་རང་བཞིན་གྱིས་གྲོལ་བའི་བརྩེ་དུང་ཞིག་དང་། བཀག་རྒྱ་མེད་པའི་བརྩེ་དུང་ཞིག། བར་ཆད་མེད་པའི་བརྩེ་དུང་ཞིག སྡུག་བསྔལ་མེད་པའི་བརྩེ་དུང་ཞིག་ནི་རེ་བ་ཙམ་མ་གཏོགས་གཞན་ཅི་ཡིན་མི་ཤེས།

  11. མདོ་ལྷ་ཁམས་པ། says:
    2011-02-14 at 7:05 am

    བརྩེ་དུང་། དད་པ། ཡིད་ཆེས། ཨཨཨ ད་དུང་དང་བ།
    ཚིག་འདི་ཚོ་ངོ་གནད་འགག་ཅན་ཏག་ཏག་དང་། གླེང་ན་གླེང་རིན་ཡོད་པ་ཞིག་རེད།
    བརྩེ་དུང་།འདི་ནི་དགའ་བའི་སེམས་ཀྱིསགཞན་དེར་སྙིང་ཉེ་ཞིང་ཕན་འདོད་པའི་སེམས་ཀྱི་ཚོར་བ་ཞིག་མིན་ནམ།
    དཔེར་ན། མ་བུའི་བརྩེ་དུང་། དགེ་སློབ་དབར་ཀྱི་བརྩེ་དུང་། སློབ་གྲོགས་དང་ཆུང་གྲོགས། དགའ་རོགས་སོགས་ལྟ་བུ་རེད། ཡིན་ན་ཡང་བརྩེ་དུང་གི་ཚད་འདི་ཙམ་ཞེས་མཐའ་གཅིག་ཏུ་ཁ་མཚོན་གཅོད་དཀའ་བས་ལ་ལ་ནི་རྒྱ་མཚོ་ལྟར་གཏིང་ཟབ་ཅིང་རྒྱ་བ་ནི་དཔེར་ན་མཐས་ཡས་པའི་འགྲོ་བ་སེམས་ཅན་ཡོངས་ལ་བརྩེ་ཞིང་དུང་བའི་སེམས་དེ་ཡོད་པ་རེད། ལ་ལ་ནི་མི་གཅིག་ཁོ་ནའི་ཆེད་བརྩེ་ཞིང་དུང་བའི་སེམས་ཤིག་ཡོད་པར་འདོད།

  12. རྔ་བ་རྒྱལ་ཁམས་པ། says:
    2011-02-15 at 4:00 pm

    ཕོ་མོའི་བར་གྱི་བརྩེ་དུང་ཞེས་པ་ཕར་དེད་ན། ཕན་ཚུན་གཅིག་གིས་གཅིག་བེད་སྤྱོད་གཏོང་འདོད་ཀྱི་ཧམ་སེམས་ཤིག་རེད། ཧམ་སེམས་དེ་དྲག་ཏུ་ལྡིང་སྐབས། དོམ་ནག་ཁྲག་གིས་མྱོས་པ་ལྟར། ཅིའང་བྱེད་སྲིད། འདི་ནི་འདོད་ཁམས་འདིའི་གཤིས་ཀ་ཞིག་ཡིན་ལས་ཆེ། སྤྱིའི་ཆ་ནས་བརྩེ་དུང་འདི་ནད་ངན་པ་ཞིག་རེད། ནད་འདི་དྲག་སྐྱེད་འབྱུང་བ་ལ་སྨན་གཅིག་ཁོ་ན་མ་གཏོགས་མེད། དེ་ནི་ཧམ་སེམས་ཀྱི་ངོ་བོ་དེ་རང་ཞིག་ཏུ་འགྲོ་དགོས་པ་དེ་ཡིན། འོན་ཏེ། ཧམ་སེམས་དེ་རང་ཞིག་ཏུ་སོང་ན། འཇིག་རྟེན་ཁམས་ཀྱི་གྲུབ་ཆ་གཙོ་བོ་གཉིས་ཏེ། ཆོས་ཉིད་ཀྱིས་གྲུབ་པའི་ཕོ་དང་མོ་གཉིས་བེད་མེད་དུ་འགྱུར་ཞིང་། དེས་འཇིག་རྟེན་ཀྱང་སྟོང་བར་ཆགས་འགྲོ་བ་ཞིག་མ་ཡིན་ནམ། ཡང་ཕོ་མོའི་བར་གྱི་བརྩེ་དུང་ཞེས་པ། དང་བོ་ལྕགས་ཐག་ཅིག་དང་འདྲ། བར་དུ་ཚེར་ཐག་ཅིག་དང་འདྲ། ཐ་མར་སྐ་ཐག་ཅིག་དང་འདྲའོ།། ཡང་། ཕོ་མོའི་བར་གྱི་བརྩེ་དུང་ཞེས་པ། ཐིག་ལེ་ཟླུམ་པོ་ཞིག་དང་འདྲ་ལ། ཐིག་ཟླུམ་དེ་ཡུལ་དུས་གནས་སྐབས་ཀྱི་དབང་གིས་གས་མ་གཉིས་དུ་འགྲོ་སྲིད། འོན་ཀྱང་། སླར་ཡང་ཐིག་གྲོགས་གཞན་དང་འབྱར་ནས་ཟླུམ་ཐིག་ཆ་ཚང་རེ་བཟོ་ཡོང་གི་རེད། ཕྱི་མ་འདི་གནའ་བོའི་མཚན་ཉིད་པ་ཞིག་གི་ལྟ་ཚུལ་ལ་ལད་ཟློས་བྱས་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme