Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩེ་དུང་གི་གློག་བརྙན་གསར་པ་”དམ་བཅའ་”ཞེས་པའི་སྟོད་ཆ་ལ་བགྲོ་གླེང་།

Posted on 2010-01-182010-01-19 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 28 Comments on བརྩེ་དུང་གི་གློག་བརྙན་གསར་པ་”དམ་བཅའ་”ཞེས་པའི་སྟོད་ཆ་ལ་བགྲོ་གླེང་།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་ཨ་མདོའི་སྐད་ཀྱི་”བུད་མེད”་ཅེས་པའི་ལེ་ཚན་དེའི་ནང་དུ། བོད་ནང་དུ་འཁྲབས་པའི་”དམ་བཅའ”་ཟེར་བའི་ཕོ་མོའི་བརྩེ་དུང་སྐོར་གྱི་གློག་བརྙན་དེ་དང་འབྲེལ་ནས་བོད་མིའི་སྤྱི་ཚོགས་ཁྲོད་ཕོ་མཆོག་མོ་དམན་གྱི་སྲོལ་རྒྱུན་བསམ་བློའི་འཛིན་སྟངས་སྐོར་ལ། ཁེ་ན་ཌར་གཏན་སྡོད་རང་དབང་རྩོམ་འབྲི་བ་མདའ་ཚན་པ་མགོན་པོ་ཚེ་རིང་ལགས་དང་ལྷན་དུ། གསར་འགོད་པ་རྡོ་རྗེ་མཚོས་བགྲོ་གླེང་ཞུས་བ་ཞིག་འདི་རུ་གསན་ཐུབ་པ་འདུག

འདི་ལ་བསྣུན་ནས་གསན་རོགས།

གསར་འགྱུར།

Post navigation

Previous Post: སེམས།
Next Post: མཚར་གཏམ་གོ་རྒྱུ་ཅན་ཞིག

Comments (28) on “བརྩེ་དུང་གི་གློག་བརྙན་གསར་པ་”དམ་བཅའ་”ཞེས་པའི་སྟོད་ཆ་ལ་བགྲོ་གླེང་།”

  1. རི་སྤྱང་ཁེར་འགྲོ says:
    2010-01-18 at 7:41 pm

    རླུང་འཕྲིན་གསར་འགོད་པས་དྲི་བ་གནད་འགག་ཅན་ཞིག་དྲིས་སོང་།
    ཡིན་ནའང་། ལན་རྒྱག་མཁན་ལ་བསམ་ཚུལ་བརྗོད་པའི་དུས་ཚོད་ཆེར་མི་སྤྲོད་པར། ལམ་སེང་ཁ་འགོག་པ་དང་གསར་འགོད་པས་བསམ་ཚུལ་ཕར་འགེབས་བྱེད། ཆུ་ཚོད་མི་འདུག་ཟེར་ན། གསར་འགོད་པས་སྐད་ཆ་དེ་་ད་དུང་རྒྱུན་ལྡན་མ་ཡིན་པའི་དབྱངས་འདྲ་ཞིག་ལ་བཀུགས་ཏེ་བཤད་ཀི། མཚོ་སྔོན་རླུང་འཕྲིན་ཁང་གི་མདོ་འཛིན་པ་ཡིན་ཟེར་མཁན་དེ་ཚོའི་བཤད་སྟངས་དང་འདྲ་སེ་འདུག དེ་ཡང་ཀྲུང་དབྱངས་བརྙན་འཕྲིན་ཁང་གི་རྒྱ་མི་དེ་ཚོའི་བཤད་སྟངས་ལ་ལེབ་མོ་རང་རེད་འདུག མཚམས་མཚམས་ལ་མ་གཏོགས་ཁྱེད་ཚང་གི་རླུང་འཕྲིན་ལ་ཉན་ཐུབ་ཀི་མེད་མོད། དེ་རིང་ཁ་བརྡ་སྟེང་བཀོད་ཡོད་ཐོག མདའ་ཚན་པ་མགོན་པོ་ཚེ་རིང་ལགས་དང་ལྷན་དུ་ཞེས་བཀོད་ཡོད་པས་ལམ་སེང་ཁ་ཕྱེ་བ་ཡིན།།
    འདི་གསར་འགོད་པ་ལྕགས་མོ་ཚོ་ལ་སྐྱོན་འཛུགས་བྱེད་འདོད་ཀྱི་ཀུན་སློང་མིན་པར་རང་གི་བསམ་ཚུལ་ཙམ་བརྗོད་པ་ཡིན།

    ཨ་རི་རླུང་འཕྲིན་ཁང་གི་རྡོ་རྗེ་ཚེ་བརྟན་གྱི་བཤད་སྟངས་དེ་བློར་འབབས་པ་ཞིག་འདུག

  2. ཀླུ་སྨྱོན། says:
    2010-01-18 at 7:54 pm

    གཙོ་བོ་བཅར་འདྲིའི་དུས་ཚོད་ཐུང་དྲགས་པས་རེད་བསམས།

  3. ཀླུ་སྨྱོན། says:
    2010-01-18 at 7:55 pm

    ད་དུང་མུ་མཐུད་དེ་གློག་བརྙན་འདིའི་སྐོར་ལ་བགྲོ་གླེང་བྱེད་ཀི་ཡིན་ཟེར་བས། ང་ཚོས་དལ་མོ་བྱས་ནས་ཉན་ཆོག་གི

  4. རིག་འཛིན། says:
    2010-01-18 at 8:04 pm

    འདི་ཨ་རིའི་རླུང་འཕྲིན་ཁང་གི་བགྲོ་གླེང་ནང་བཞིན་ཆུ་ཚོད་སྐར་མ་༤༥ཅན་གྱི་བགྲོ་གླེང་དེ་འདྲ་རེད་མི་འདུག
    དེ་རིང་གསར་འགོད་པས་དྲི་བ་དེ་ཚོ་གནད་འགག་ལ་བཟུང་འདུག ད་དུང་གློག་བརྙན་ནང་གི་ཚིག་རྩ་ནས་བཟུང་ཏེ་དྲི་བ་བཏང་འདུག གསར་འགོད་པས་དྲི་བ་གཏིང་ལ་ཚུགས་ནས་དྲིས་སོང་དེ། མགོན་པོ་ཚེ་རིང་གིས་སྐད་ཆ་ཁ་ཤས་ཤིག་ཡིན་ལ་མིན་ལ་འདྲ་ཞིག་བཤད་སོང་། གསར་འགོད་པས་བོད་ནང་གི་གནས་ཚུལ་སྤྱི་དང་ལྷག་པར་དུ་ཉིན་རེའི་འཚོ་བ་དང་ཐག་ཉེ་བའི་གློག་བརྙན་འདིའི་སྐོར་ལ་བཅར་འདྲི་བྱས་བར་ཐུགས་རྗེ་ཆེ།

  5. རིག་འཛིན། says:
    2010-01-18 at 8:10 pm

    བཤད་རྒྱུ་གཅིག་བརྗེད་འདུག ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་( RFA)གི་གསར་འགོད་པ་ཚོས་བོད་ནང་གི་ཉིན་རེ་ཉིན་རེའི་གནས་ཚུལ་ལ་རྣ་བ་གཏད་དེ་གསར་འགྱུར་དུས་ཐོག་ལ་གཏོང་བཞིན་པར་དགའ་བསུ་ཡོད། ཨ་རིའི་རླུང་འཕྲིན་ཁང་(VOA)གི་གསར་འགོད་པ་ཚོས་བོད་ནང་དུ་མི་གསོད་ཁྲག་སྦྱར་གྱི་གནས་ཚུལ་བྱུང་ན་་ཡང་གདོང་ལ་འཛུམ་རེ་སྟོན་བཞིན་གསར་འགྱུར་བཤད་བཞིན་པར་དགག་བྱ་ཡོད།

  6. རྩམ་དགའ་ says:
    2010-01-18 at 9:41 pm

    མ་གཞི་དྲི་བའི་ལན་འདེབས་མཁན་ལས་དྲི་བ་གཏོང་མཁན་གྱིས་དུས་ཚོད་མང་བེད་སྤྱོད་གཏོང་གིན་འདུག

  7. གཞོན་ནུ་ཟླ་མེད says:
    2010-01-18 at 9:47 pm

    འ་རོགས། voa ཚང་གིས་གདོང་ལ་འཛུམ་མ་བསྟན་ན་འགྲིག་གི་མེད་ལ། གཟུགས་མཐོང་གློག་འཕྲིན་ཡིན་པའི་སྟེང་དུ་ཆོལ་ཁ་གསུམ་ནས་འདེམས་སྒྲིག་བྱས་པའི་ཕོ་གཙོག་མོ་གཙོག་ཚོ་དེར་འཛོམས་བསྡད་ཡོད་ནི་རེད་མོ། ཧཧཧ ཀུ་རེ་ཡིན་ཀོ

  8. གཞོན་ནུ་ཟླ་མེད says:
    2010-01-18 at 9:54 pm

    དྲི་བ་གཏོང་མཁན་གྱིས་གསར་འགྱུར་གྱི་ཁ་ལོ་བསྒྱུར་དགོས་པ་རེད། དུས་ཚོད་མང་ཆེ་ཤོས་གཏོང་ད་གཏོང་། དེ་མིན་ཁ་བརྡ་དྲ་རྒྱ་ནང་གི་མཆན་བཏབ་པ་ལྟར་ལན་རྒྱག་མཁན་ནས་ལན་རྒྱ་ཡན་དུ་བཏང་བསྡད་ན་དུས་ཚོད་ཉུང་ནི་རེད། དེའི་སྟེང་ནས་གསར་འགོད་པར་རྒྱབ་སྐྱོར་ཡོད།
    དེ་མིན་དྲི་བ་གཏོང་སྐབས་མཚོ་སྔོན་བོད་སྐད་གློག་འཕྲིན་ཁང་གིས་ལད་མོ་ལྟར་གདངས་འདྲ་བོ་ཅིག་ཡོད་པ་དེ་གཞན་གྱི་གསར་འགྱུར་ལས་ཁུངས་ན་མི་འདུག་པས་དང་། མཚོ་སྔོན་གྱི་དེ་ཡང་གནའ་སྔ་མོ་གསར་འགྱུར་བཤད་མཁན་ཕུར་བ་ཅན་པོས་ཀྲུང་དབྱང་གི་གསར་འགྱུར་བཤད་མཁན་དག་ལ་ལད་མོ་བྱས་པ་ཅིག་རེད་མོད། དེང་སང་གི་མདོ་འཛིན་པ་ཚེ་མགོན་ཅན་པོས་གང་ཐུབ་ཉུང་རུ་གཏོང་བཞིན་པར་མ་ཟད། ཉུང་རུ་གཏོང་དགོས་པའི་བསམ་འཆར་ཡང་འདོན་གྱི་འདུག་ཀ

  9. རི་སྤྱང་ཁེར་འགྲོ says:
    2010-01-18 at 10:16 pm

    ཁ་གཅུས་ནའང་གཅུས་སྟངས་ཤིག་ཡོད་རེད། ལན་འདེབས་མཁན་གྱིས་བསམ་ཚུལ་བཤད་མ་ཚར་གོང་དྲི་བ་འདོན་མཁན་གྱི་བསམ་ཚུལ་ཕར་ཁ་ནང་དུ་འཇོག་པ་དེ་མ་འགྲིག་པ་རེད།
    འོ། མོ་ལྕགས་མོ་འཚོ་ཟེར་བ་དེ་མ་ཡིན་པར་རྡོ་རྗེ་མཚོ་ཟེར་བ་ཞིག་ཡིན་འདུག དགོངས་དག།

  10. མདའ་ཚན་པ། says:
    2010-01-18 at 11:11 pm

    ན་ནིང་ཞིག་ནས་བཟུང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགྱུར་ལ་རྩ་ནས་ཉན་མི་ཐུབ་གི ད་ཆི་བྱས་ཉན་གོ་རེད།

  11. བསྟན་འཛིན་ནོར་བུ། says:
    2010-01-18 at 11:15 pm

    དྲི་བ་གཏོང་མཁན་གྱི་འགྲིག་མིན་དང་ལན་རྒྱག་མཁན་གྱི་འགྲིག་མིན་བཤད་ན། དེ་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་དགོས་ཀྱི་འདུག
    མཚམས་རེར་ཆུ་ཚོད་༤༥དེ་དོན་མེད་ལ་འཕྲོ་བརླག་གཏོང་གི་འདུག བརྗོད་བྱ་ཆེན་པོ་རེ་འཁྱེར་ཡོང་ནས་དོན་མེད་ལ་རྩེད་མོ་རྩེ་གི་འདུག
    དམ་བཅའི་སྐོར་གྱི་བགྲོ་གླེང་འདི་ལྟ་བུ་ཡིན་ན་སྐར་མ་བཅུ་ཙམ་གྱི་བགྲོ་གླེང་རེད། བགྲོ་གླེང་ནི་ཧ་ཅང་ཡག་པོ་བྱས་འདུག
    དྲི་བ་གཏོང་མཁན་གྱིས་གློག་བརྙན་ནང་གི་ཕོ་མོའི་སྐད་ཆ་ཡན་ཆད་བཟུང་ནས་དྲིས་སོང་། མགོན་པོ་ཚེ་རིང་གིས་གད་མོ་དགོད་ཞོར་ལ་ལན་བརྒྱབ་སོང་།
    ད་དུང་ལེ་ཚན་རྗེས་མའི་ནང་དུ་མུ་འགོད་བྱེད་ཀྱི་ཡིན་གསུངས་སོང་། རྡོ་རྗེ་འཚོ་དང་ལྕགས་མོ་འཚོ་སུ་ཡིན་ན་ཡང་ཡག་པོ་འདུག རྗེས་སུ་ཡི་རངས་ཡོད།

  12. བསྟན་འཛིན་ནོར་བུ། says:
    2010-01-18 at 11:25 pm

    ལྕགས་མོ་འཚོ་དང་རྡོ་རྗེ་འཚོ་གཉིས་ཀྱི་གང་རུང་ཞིག་ཀུན་གླེང་ཚང་ལ་ཡོད་ན། ཀུན་གླེང་ཚང་གི་ཞི་མོ་ལོ་ཆུང་དེ་ཚོར་མིག་དཔེ་ཡག་པོ་ཞིག་སྟོན་ཐུབ་ཀྱི་རེད།
    ཀུན་གླེང་ཚང་གི་ཞི་མོ་ཚོས་ཁོང་གཉིས་ཀྱི་ས་ནས་སྦྱངས་དགོས་ཡ་མང་པོ་འདུག སྐད་འདི་གོ་ནི་ཡོད་ན་ཀུན་གླེང་ཚང་ལ་བཤད་རོགས།

  13. མིའུ་ཕྲུག says:
    2010-01-18 at 11:27 pm

    གསར་འགྱུར་བཤད་སྟངས་ཐོག་ནས་ལྕགས་མོ་མཚོ་དང་སྒྲོལ་དཀར་ལགས་ལྟ་བུར་དཀོན་ཚོད་རེད། དེ་དག་ལ་བསྟོད་བསྔགས་ཇི་ཙམ་བྱས་ཀྱང་བབ་འོས་སུ་མཐོང་། ཚེ་དབང་ནོར་བུ་ཟེར་བ་དེ་དང་ཨ་ཏི་ཟླ་བ་སྒྲོལ་མ་ཟེར་བ་དེ་ཚོ་ནི་ངོ་མ་བོད་ཀྱི་སྐད་ཡིག་གཏོར་གཤིག་བྱེད་མཁན་རང་རེད་ཁོ་ཚོས་སྒྲོག་པའི་གསར་འགྱུར་གྱི་ནང་དོན་བཟང་ངན་ཇི་ལྟར་ཡིན་ཡང་ཆ་ཚང་བ་ཉན་མཁན་ཧ་ཅང་དཀོན་རྒྱུ་རེད།

  14. བསྟན་འཛིན་ནོར་བུ། says:
    2010-01-18 at 11:34 pm

    བཙན་བྱོལ་དུ་ཨ་མདོའི་གསར་འགྱུར་བཤད་མཁན་གྱི་ཞི་མོ་གཉིས་བཙལ་དགོས་ན་ལྕགས་མོ་འཚོ་དང་རྡོ་རྗེ་འཚོ་གཉིས་ཡིན།
    བགྲོ་གླེང་གི་གཙོ་སྐྱོང་བ་ཞིག་བཙལ་དགོས་ན་རྡོ་རྗེ་ཚེ་བརྟན་ཡིན། གསར་འགྱུར་ལ་དཔྱད་གཏམ་སྤེལ་མཁན་ཞིག་བཙལ་དགོས་ན་དཔལ་ལྡན་རྒྱལ་ཡིན།
    གཞན་པ་ཚོ་གྲངས་ཀ་མང་པོ་དང་སྤུས་ཀ་ཞན་པོ་རེད།

  15. གཞོན་ནུ་ཟླ་མེད says:
    2010-01-18 at 11:41 pm

    འ་འ་འ། ད་མིའུ་ཕྲུག་ཁྱོད་ད། ཤི་རེ་ཀོ

  16. བསྟན་འཛིན་ནོར་བུ། says:
    2010-01-18 at 11:52 pm

    ནུབ་ཚ་འཐུང་ཚར་བའི་རྗེས་སུ་གློག་བརྙན་དེའི་སྐོར་ལ་ཡང་བསྐྱར་ཉན་པ་ཡིན།
    གསར་འགོད་པའི་དྲི་བ་ཐུང་ཐུང་རེ་རེ་ལ་མགོན་པོ་ཚེ་རིང་གིས་གད་མོ་དགོད་བཞིན་ལན་རིང་པོ་ཡག་པོ་འདྲ་བརྒྱབ་སོང་།
    གཅར་རྡུང་གི་སྐོར་གྱི་སྐད་ཆ་དེ་ལ་རྣམ་དཔྱོད་བཏོན་ནས་བསམ་ཚུལ་བཤད་འདུག ལེ་ཚན་རྗེས་མ་དེ་ལ་སྒུག་སྡོད་ཀྱི་ཡིན།

  17. ཁམས་ཕྲུག says:
    2010-01-19 at 12:38 am

    ཨ་རིའི་རླུང་འཕྲིན་ཁང་གི་ཚེ་བརྟན་དབང་ཕྱུག་གྱིས་གསར་འགྱུར་དཔྱད་བརྗོད་སྤེལ་བ་ལེགས། རྡོ་རྗེ་ཚེ་བརྟན་གྱི་སྨྲ་བརྗོད་དག་ཅིང་དྲི་བ་གནད་དུ་ཁེལ། འཕྲིན་ལས་ཆོས་སྒྲོན་གྱི་གསར་འགྱུར་སྒྲོག་སྐབས་སུ་མགྱོགས་དལ་ལ་ཐང་ལྷོད་མི་འགྲོ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲོལ་དཀར་གྱིས་མདོ་འཛིན་བྱས་པ་རྣམས་ལ་བོད་དོན་གྱི་གནས་ཚུལ་གནད་དུ་ཁེལ་བ་ཡོད། ལྕགས་མོ་འཚོ་དང་རྡོ་རྗེ་མཚོ་གཉིས་ཀྱི་སྨྲ་བརྗོད་དག་ཅིང་བོད་ཞེན་ཡོད་པའི་རྣམ་པ་ཐོན་ཐུབ། ཡིན་ནའང་ལས་ཁུངས་དེ་གཉིས་ལ་ད་དུང་ཡར་རྒྱས་སུ་གཏོང་དགོས་པ་མང་པོ་འདུག་སྟེ་འདིར་དེ་ཙམ་མོ། །

  18. ཁམས་ཕྲུག says:
    2010-01-19 at 12:40 am

    མདའ་ཚན་པ་ལགས། དྲ་ཐོག་ནས་ཉན་ན་ཆོག་གི

  19. ཀླུ་སྨྱོན། says:
    2010-01-19 at 1:17 am

    ཨེ་རླུང་ཚང་གི་དྲ་ངོས་སུ་ཡིག་ནོར་ཅུང་མང་བ་མ་གཏོགས་གསར་འགྱུར་བཤད་མཁན་ཚོས་རང་རང་གི་འགན་འཁྲིའི་ལས་དོན་ཧུར་ཐག་གིས་སྒྲུབ་བཞིན་འདུག སྐད་གདངས་ནི་རང་རང་གི་ངག་སྒོར་རག་ལས་པ་ཞིག་དང་ཚིག་གི་གཅོད་མཚམས་སོགས་ནི་རང་རང་གི་རྣམ་དཔྱོད་ལ་རག་ལས་པ་ཞིག་རེད།

  20. ཀླུ་སྨྱོན། says:
    2010-01-19 at 1:20 am

    ངའི་རེ་བ་ཆེན་པོ་གཅིག་ནི་ཨ་རིའི་སྒྲ་སྐད་ཚང་གིས་ཀྱང་ཨེ་རླུང་ཚང་བཞིན་གསར་འགྱུར་བོད་ཡིག་ཏུ་སྤེལ་རྒྱུ་དེ་ཡིན།

  21. བསྟན་འཛིན་ནོར་བུ། says:
    2010-01-19 at 1:39 am

    ྐླུ་སྨྱོན་གྱི་རེ་བ་དེ་འགྲུབ་རྒྱུར་ལོ་བཅུ་ཕྲག་ཁ་ཤས་འགོར་རྒྱུ་རེད།
    ཨ་རིའི་རླུང་འཕྲིན་ཁང་(VOA)ལ་བོད་ཡིག་ཤེས་ཚད་འདང་ངེས་ཀྱི་ལས་བྱེད་མེད།
    ཨ་རིའི་རླུང་འཕྲིན་ཁང་གིས་ཆོལ་ཁ་གསུམ་གྱི་སྐད་ཐོག་ལ་བཤད་པའི་སྲོལ་མེད།
    ཨ་རིའི་རླུང་འཕྲིན་ཁང་དེ་བོད་ནང་གི་རྒྱ་ཆེའི་མི་མང་གི་ཆེད་དུ་བཙུགས་པ་ཞིག་ཡིན་ས་མ་རེད།

  22. གཞིས་ལུས་བོད་པ། says:
    2010-01-19 at 8:37 am

    ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གི་འགོར་གསར་འགྱུར་བརྙན་འཕྲིན་ཕྱོགས་བསྡུས་ཤིག་ཡོད་པ་དེ་ནི་ཧ་ཅང་ལེགས་པོ་འདུག

  23. ཤར་རལ་གྲི says:
    2010-01-19 at 11:11 am

    ད་དུང་བྱུ་རུའི་སྐེ་རྒྱན་ཞེས་པའི་གློག་བརྙན་ཐུང་ཐུང་ཞིག་འདུག དེར་གྲོགས་པོ་ཚོས་བལྟ་ཐུབ་ན་དངོས་གནས་ཡག་པོ་འཁྲབ་འདུག བལྟ་མཁན་ཚོའི་མིག་ཆུ་ནི་དབང་མེད་དུ་ལྷུང་ངེས་རེད། ཡིན་ནའང་ངས་དྲ་ལམ་ནས་རེག་ཐུབ་མ་སོང་། གྲོགས་པོ་ཞིག་གི་ཁྱིམ་ནས་ vcd ཞིག་མཐོང་བ་ཡིན། བརྗོད་བྱ་ནི་ཕོ་མོའི་བརྩེ་དུང་སྐོར་མ་ཡིན་པར་ཁྱིམ་ཚང་སྐྱོ་བོའི་བུ་མོ་ཞིག་གིས་བྱུ་རུའི་སྐེ་རྒྱན་ཅིག་རེག་ན་འདོད་པའི་སྐོར་རེད། གང་ལྟར་གློག་བརྙན་དེར་རྒྱུས་ཡོད་མཁན་རེ་ཡོད་ན་དེའང་དྲ་ལམ་དུ་འཇོག་ཐུབ་ན་དངོས་གནས་བལྟ་རྒྱུ་འདུག

  24. ཧོར་བུ་ཡེ་ཤེས says:
    2010-01-19 at 12:25 pm

    ངོ་མ་ཡག་པོ་འདུག།
    ང་རང་ལ་ཆགས་བཞག་ན་ལྕགས་མོ་མཚོ་དང་སྒྲོལ་དཀར།རྡོ་རྗེ་མཚོ་ཁོང་གསུམ་གྱི་གསུངས་སྐད་དེ་གོ་ཡོང་དུས་སེམས་པ་ལྷོད་ལྷོད་དང་དགའ་བའི་ཚོར་བ་ཞིག་འཔེལ་ཡོང་གིན་མ་ཟད།སྐུ་ཚེ་རིང་བ་ཤོག་ཅེས་སྨོན་ལམ་བརྒྱབ་ཤོར་གྱིན་འདུག།ད་ལྟའང་ཁོང་གསུམ་ལ་ཚེ་རིང་ནད་མེད་ཡོང་བའི་སྨོན་ལམ་ཞུ།།

  25. མདའ་ཚན་པ། says:
    2010-01-19 at 1:27 pm

    ཁམས་ཕྲུག་ལགས།
    ཐུགས་རྗེ་ཆེ། སྔོན་མ་ངས་དྲ་ཐོག་ནས་ཉན་གི་ཡོད། ན་ནིང་ཞིག་ནས་ཉན་མི་ཐུབ་གི ཕབ་བཤུ་ཕབ་ལེན་གང་མནན་ནའང་འབྲས་བུ་སྟོང་སངས་སེ།

  26. མདའ་ཚན་ཚེ་རིང says:
    2010-01-19 at 2:51 pm

    ཨེ་རླུང་ཚང་གི་གསར་འགྱུར་རྣམས་ངའི་གློག་ཀླད་ནང་ནས་ཡང་ཉན་མི་ཐུབ་གི ཐབས་ཤེས་ག་རེ་བྱས་ཀྱང་སྟོང་བ་རེད། ལམ་སྟོན་གནང་མཁན་འདྲ་ཡོད་དམ།

  27. བོད། ལྷ་ཀླུ་གཉན་གསུམ། says:
    2010-01-19 at 7:37 pm

    ད་ནི་སྤུན་ཟླ་ཁྱེད་ཅག་གི་གློག་ཀླད་ཀྱི་སྐྱོན་ཡིན་རྒྱུ་རེད། ངས་འདི་ནས་ཉན་ཐུབ་ཀྱི་འདུག

  28. གཞིས་ལུས་བོད་པ། says:
    2010-01-20 at 12:52 am

    དེ་ནི་སྒེར་གྱི་རྩིས་འཕྲུལ་གྱི་སྐྱོན་རེད། མ་ལག་བསྐྱར་འཇོག་བྱས་ན་ཉན་ཐུབ་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme