Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩམས་སྒྲུང་གཤིབ་བསྡུར།

Posted on 2016-01-032016-01-03 By ཁ་བརྡ 1 Comment on བརྩམས་སྒྲུང་གཤིབ་བསྡུར།

གླིང་གཅེར་བུ།
 

དང་པོ། སྐད་ཆའི་མགོ

མི་རིགས་ཤིག་དང་མི་རིགས་གང་དེའི་རིག་གནས་བསམ་བློའི་མཛེས་འཛིན་དང་མི་རིགས་དེའི་འཚོ་གནས་སྙིང་སྟོབས་ལ་རྒྱུས་ལོན་བྱེད་ཐབས་དང་། ལྷག་ཏུ་མི་རིགས་གང་དེའི་རྩོམ་རིག་གི་འཕེལ་ཚད་དང་སྤུས་ཚད་ལ་རྒྱུས་ལོན་བྱ་དགོས་ན། བརྩམས་སྒྲུང་ནི་མི་རིགས་དེའི་འཚོ་བའི་ཁ་ངོ་གསལ་བྱེད་ཀྱི་མེ་ལོང་ཉག་ཅིག་ཡིན་གྱི་ཡོད་པ་རེད། དེ་བས་བོད་མི་རིགས་ལ་ཡང་འགྲོ་བ་མིའི་བསམ་བློའི་འཕེལ་འགྱུར་དང་དུས་ཀྱི་འགྱུར་བག་ལྟར། བརྩམས་སྒྲུང་གི་རྒྱུན་མི་རིང་མི་ཐུང་པ་ཞིག་འཕེལ་ནས་ཡོང་ཡོད་པ་རེད། སྲོལ་རྒྱུན་བརྩམས་སྒྲུང་དང་དེང་རབས་བརྩམས་སྒྲུང་གཉིས་ཀར་ཚད་གཞི་ཞིག་གི་སྟེང་ནས་མི་རིགས་གཞན་གྱི་རྩོམ་རིགས་དང་མཉམ་དུ་དཔྱད་བསྡུར་བྱ་ཆོག་ཆོག་ཅིག་གི་ངོས་ན་ཡོད་པ་རེད། དེ་ལྟར་དུ་སྐབས་འདིར་ཁོ་བོས་བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་རིང་གྲས་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་དང་ནུབ་ཀྱི་བརྩམས་སྒྲུང་མཁན་ཧེ་མེང་བཱེ་ཡི་གྲགས་ཅན་བརྩམས་སྒྲུང་རྒད་པོ་དང་རྒྱ་མཚོ་གཉིས་ལ་དཔྱད་བསྡུར་ཅིག་བྱ་འདོད་པ་ཡིན།

 

གཉིས། རྩོམ་པ་པོ་གཉིས་བསྡུར་བ།

རྩོམ་པ་པོ་འདི་གཉིས་ལ་འདྲ་བའི་ཆ་ཅུང་ཙམ་ཡོད་ལ། མི་འདྲ་བའི་ཆ་ཡང་ཤིན་ཏུ་ནས་མང་། དེ་ཡང་གཞོན་ཟླའི་རྩོམ་པ་པོ་མདོ་མཁར་བ་ནི་བོད་ཀྱི་སྲིད་འཛིན་སྡེ་ཁག་གི་མི་ཞིག་ཡིན་ལ། ཁོང་གི་ཁྱིམ་རྒྱུད་དེ་ཡང་བོད་ཀྱི་སྐུ་དྲག་གི་ཁྱིམ་རྒྱུད་ཅིག་ཡིན་གྱི་ཡོད་པ་རེད། ཁོང་ཉིད་སྤྱི་ལོ་༡༦༩༧ལོའི་ནང་དུ་སྐྱེས་ཤིང་། ཆུང་དུས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྦྱང་བ་མཐར་ཕྱིན་པ་བྱས་ཡོད་པའི་མི་ཞིག་ཡིན་པ་རེད། སློབ་སྦྱོང་གི་རྒྱུད་རིམ་ཚང་མ་ཚར་རྗེས་ད་གཟོད་སྲིད་འཛིན་སྡེ་ཁག་ལ་ཞུགས་ནས་རྫོང་དཔོན་དང་རྩིས་དཔོན་སོགས་ཀྱི་གོ་གནས་བཟུང་མྱངས་ཡོད་པ་རེད།

ཧེ་མེང་བཱེ་ལ་མཚོན་ན་ཨ་རིའི་སྡོད་དམངས་ཕལ་བ་ཞིག་གི་ཁྱིམ་ནས་སྐྱེས་ཤིང་སློབ་འབྲིང་ཙམ་ལས་འདོན་ཐུབ་མེད་པར། ཨ་རིའི་ནུབ་ཀྱི་ཁན་ས་སི་༼སྐར་ཚོམ༽ཚགས་པར་ཁང་དུ་ཟླ་་དྲུག་ལྷག་གི་རིང་ལ་གསར་འགོད་ཀྱི་དངོས་སྦྱོང་ལས་གཉེར་བྱས། དེ་རྗེས་འཛམ་གླིང་དམག་ཆེན་གཉིས་པ་བྱུང་བ་དང་དམག་ཁུངས་སུ་ཞུགས་ནས་ཨེ་ཊི་ལེ་ཡི་དམག་འཁོར་ཁ་ལོ་བའི་ལས་ཀ་བྱས་ཡོད་པ་རེད། འདི་དག་གི་ངོས་ནས་བལྟས་ན་རྩོམ་པ་པོ་གཉིས་ཀྱི་འཚོ་བའི་རྒྱབ་ལྗོངས་དང་སློབ་སྦྱོང་གི་གོ་རིམ་སོགས་ལ་བར་ཁྱད་ཅུང་ཙམ་ཞིག་ཡོད་ན་ཡང་། རྩོམ་པ་པོ་འདི་གཉིས་ཀྱི་འདྲ་བའི་ཆ་ནི་ཁོ་གཉིས་ཀ་དམག་འཁྲུག་དང་ཁྱོད་ཤི་ང་གསོན་གྱི་གོད་ཆགས་ལ་ཞུགས་མྱོང་ཡོད་པ་དེ་རེད། དེ་ཡང་ཧེ་མེང་བཱེ་ལ་མཚོན་ན་དམག་འཐབ་རང་ལ་དངོས་སུ་ཞུགས་ནས་དམག་འཐབ་ཀྱི་ཁྲོད་ནས་རང་གི་གྲོགས་པོ་ཚོ་སྐྱོབས་ཆེད། ལུས་ལ་རྨས་སྐྱོན་ཚབ་ཆེན་ཕོག་ཡོད་ལ། རྗེས་སུ་ཁོང་གི་ལུས་སྟེང་ན་རྨ་ཤུལ་གྱིས་ཁེངས་ཡོད་པར་བཤད།

དེ་བཞིན་མདོ་མཁར་བར་མཚོན་ན་ཡང་རྫོངས་དཔོན་གྱི་གོ་གནས་བཟུང་བའི་ལོ་རྗེས་མ་དེར་སོག་པོ་ཇུན་ཀར་བའི་དམག་བོད་ལ་སླེབས་ནས་དཔོན་ལྷ་བཟང་ཁང་བསད་། ཁོང་ཉིད་གོ་གནས་ནས་ཕབ་པ་སོགས་བྱུང་ཡོད་ལ། དེ་རྗེས་སྤྱི་ལོ་༡༧༢༧ལོ་དབུས་གཙང་གཉིས་ཀྱི་དཔོན་རིགས་ནང་ཁུལ་མ་འཆམ་པའི་ཟིང་འཁྲུག་ལོ་ཕྱེད་རིང་བསླངས་ནས་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱས་ཡོད་པ་རེད། སྐབས་དེར་ཁོང་གིས་དགའ་ལྡན་ཕོ་བྲང་བའི་རྩིས་དཔོན་གྱི་འགན་ཁུར་ཡོད་པ་རེད། སྤྱིའི་ཆ་ནས་དམག་འཁྲུག་སོགས་ཀྱི་འཇིགས་གཉེན་ཐད་ནས་ཧེ་མེང་བཱེ་ལ་གཉེན་ཚབ་ཆེ་བ་ལྟར་སྣང་ཡང་། དམར་འཛིང་དང་གོད་ཆགས་བྱུང་སྟངས་གཅིག་པ་ཡིན་དུས། རྩོམ་པ་པོ་གཉིས་ཀྱི་བསམ་བློའི་ཤུགས་སུ་གནོན་ཤུགས་ཐེབས་པ་དང་དམག་འཁྲུག་གི་གོད་ཆགས་མྱངས་པའི་ཤུགས་རྐྱེན་སོགས་ཕྱོངས་ཡོངས་ནས་གཅིག་འདྲ་ཡོད་པ་རེད།

 

གསུམ་པ། བརྩམས་སྒྲུང་གཉིས་བསྡུར་བ།

གཞོན་ནུ་ཟླ་མེད་ཀྱི་བརྩམས་སྒྲུང་ནི་སྤྱི་ལོ་༡༧༡༦ ལོའི་ནང་དུ་འགོ་བརྩམས་ནས་བྲིས་པ་ཡིན་འདུག་ལ། གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་ཀྱི་བྱུང་བ་ནི་རྒྱལ་ཁབ་གསུམ་གྱིས་ཡིད་འོང་མར་འབོད་པའི་རྒྱལ་སྲས་མ་མཛེས་མ་ཞིག བཙུན་མོ་ལ་འཕྲོག་རྩོད་ཀྱི་དམག་འཁྲུག་གི་བྱུང་བ་བྲིས་པའི་བཅད་ལྷུག་སྤེལ་མའི་འབྲི་ཐབས་སྤྱད་ནས་བྲིས་ཡོད་ལ། བརྩམས་སྒྲུང་འདིར་ཚིག་གི་མཛེས་པ་དང་སྐད་ཆའི་སྒྱུ་རྩལ་སོགས་ཕྱོགས་ཡོངས་ནས་ཧ་ཅང་ཚད་རིམ་མཐོན་པོ་ཞིག་གི་ངོས་ནས་བྲིས་ཡོད་ཀྱང་། བརྩམས་སྒྲུང་གི་སྐད་ཆའི་ནང་དུ་དངོས་ཡོད་འཚོ་བ་ལས་བརྒལ་བའི་སྐད་ཆ་དང་བྱུང་བ་བྲིས་པ་ཅུང་མང་ཙམ་ཡོད། བརྩམས་སྒྲུང་ལས་སྲིད་པའི་རྒྱན་གྱི་རྒྱལ་ཁབ་དང་སྣང་བ་འབུམ་ལྡན་གྱི་རྒྱལ་ཁབ་བཀོད་ལགས་འོད་སྣང་གི་རྒྱལ་ཁབ་སོགས་ཀྱི་ཕྱི་ནང་གི་བཀོད་པ་དང་། རྒྱལ་པོ་རྣམས་དང་ལྷག་ཏུ་བརྩམས་སྒྲུང་འདིའི་མི་སྣ་གཙོ་བོ་གཞོན་ནུ་ཟླ་མེད་དང་ཡིད་འོང་མ་སོགས་ཀྱི་ཕྱི་ནང་གི་སྣང་བརྙན་དང་། དམག་འཁྲུག་སོགས་ཀྱི་སྐབས་སུ་ཕན་ཚུན་གྱི་དམག་དཔུང་གི་རྔམ་བརྗིད་དང་དམག་དཔོན་ཚོའི་དཔའ་བའི་ཉམས་དང་ཞུམ་པའི་ཉམས་སོགས་བྲིས་པ་ཧ་ཅང་ཞིབ་ཚགས་ཤིང་གོ་རིམ་ལྡན་པའི་བྱ་ཐབས་ཤིག་སྤྱད་ནས་འབྲི་ཐུབ་ཡོད།

དེ་ཡང་རྒད་པོ་དང་རྒྱ་མཚོ་ནི་༡༩༥༠ལོའི་ནང་དུ་བྲིས་པ་ཡིན་ལ། བརྩམས་སྒྲུང་འདི་ནི་ཉ་བ་རྒད་པོ་ཞིག་གིས་ཉ་རྔོན་པའི་འཚོ་བའི་ཁྲོད་ནས་ཉ་ཆེན་ཞིག་དང་འཐབ་རྩོད་བྱས་པའི་སྐོར་ནས་ཡིན་ལ། དེ་ཡང་ཧེ་མེང་བཱེ་གོ་པཱར་འབོད་པའི་ས་ཆ་དེར་གནས་སྤར་རྗེས་ཉ་བ་རྒད་པོ་ཞིག་དང་ཐུག རྗེས་སུ་ཧེང་མེ་བཱེ་ཡི་གྲུ་གཟིངས་དྲག་ཆར་རྒོད་པའི་དཀྱིལ་ནང་དུ་ལུས་པར་རྒད་པོ་དེས་སྐྱབས། དེ་ནས་བཟུང་ཁོ་གཉིས་གྲོགས་པོར་གྱུར་ཅིང་མཉམ་དུ་ཉ་རྔོན་པ་སོགས་བྱས། ཉིན་ཞིག་རྒད་པོ་ཁོས་རྒྱ་མཚོའི་ཀློང་ཞིག་ཏུ་ཉ་ཆེན་ཞིག་འཛིན་ཐུབ་པ་བྱུང་ཡང་། ཡུན་རིང་འཐབ་རྩོད་བྱས་པའི་ཁྲོད་ནས་ཉ་ཆེན་དེ་ཆུ་སྲིན་སོགས་ཀྱིས་འཇབ་རྒོལ་ཐེབས་པས་རྒད་པོར་ལེན་རྒྱུ་ཅི་ཡང་མ་རྙེད།

བརྩམས་སྒྲུང་འདིའི་བྱུང་བ་དེ་ལྟར་ཡོང་བ་ཡིན་ལ། བརྩམས་སྒྲུང་འདིའི་སྒྱུ་རྩལ་གྱི་བླ་གནས་མཐོ་ཤོས་དེ་རྒད་པོའི་ཕྱིའི་ཉམས་སྣང་ཙམ་མ་ཡིན་པར་རྒད་པོའི་ནང་སེམས་ཀྱི་ངར་ཤུགས་དང་དཔའ་སྤོབས་སོགས། རྒད་པོའི་ཁེར་བཤད་ཀྱི་སྐད་ཆའི་ལམ་ནས་མངོན་ཡོང་བ་དེ་ཡིན་ལ། ཁེར་བཤད་ཀྱི་སྐད་ཆ་དེ་དག་གིས་བརྩམས་སྒྲུང་ཧྲིལ་བོར་གསོན་ཤུགས་ཤིག་བསྐྲུན་ཐུབ་ཡོད། དེ་བཞིན་བརྩམས་སྒྲུང་འདིར་ཁྱད་ཆོས་གཞན་ཞིག་ཡོད་པ་དེ་མཚོན་ཐབས་སྤྱད་པ་ཧ་ཅང་ཕན་ཚུན་དཔེ་དང་དཔེ་ཅན་ཁ་འཕྲོད་པ་ཞིག་ཡོད། བརྩམས་སྒྲུང་འདི་གཉིས་འབྲི་བའི་དུས་ཚོད་ལ་བར་ཁྱད་ཅུང་ཙམ་ཡོད་ལ། གཅིག་ནི་བོད་ཀྱི་སྲོལ་རྒྱུན་བརྩམས་སྒྲུང་གི་འབྲི་ཐབས་སྤྱད་ནས་བྲིས་ཤིང་ནང་བསྟན་རིག་གནས་ཀྱི་བསམ་བློའི་སྲོག་ཤིང་བྱས་ནས་བྲིས་པ་ཡིན་ལ། རྒད་པོ་དང་རྒྱ་མཚོ་ནི་ནུབ་ཕྱོགས་སུ་དེང་རབས་རྩོམ་རིག་གི་དར་ཆ་ཆེ་ཆེར་གཡོ་བཞིན་པའི་རྦ་རླབས་ཁྲོད་ནས་བྱུང་བ་ཡིན་ལ། སྐབས་དེ་ན་ཚན་རིག་ཅན་དང་མང་གཙོ་ཅན་གྱི་བསམ་བློའི་ལྟ་ཚུལ་ངོས་ནས་བྲིས་ཡོད་པ་རེད།

བརྩམས་སྒྲུང་འདི་གཉིས་ཀྱི་འདྲ་བའི་ཆ་གཅིག་ནི་མི་སྣའི་ཕྱི་ནང་གི་སྣང་བརྙན་བྲིས་པ་ལ་ཁྱད་འཕགས་ཀྱི་འདྲ་བའི་ཆ་ཡོད་པ་དེ་རེད། གཞོན་ཟླ་ལས་གཞོན་ནུ་ཟླ་མེད་དང་ཡིད་འོང་མ་གཉིས་ཀྱི་མི་ཚེའི་འཚོ་བ་དང་། འཚོ་གནས་སྙིང་བོ་འཕོ་འགྱུར་ཆེད་འཐབ་རྩོད་མདུན་བསྐྱོད་བྱས་པའི་བྱུང་རིམ་དང་མི་གཤིས་ཀྱི་འཕོ་འགྱུར་ཆེན་པོ་དག་དང་། རྒད་པོ་དང་རྒྱ་མཚོ་ལས་རྒད་པོའི་དཔའ་ངར་སྟོབས་ཤུགས་ཀྱིས་འཚོ་བ་ལ་རྒོལ་བའི་ཉམས་སྣང་གི་སྙིང་སྟོབས་སོགས་ཕྱི་ནང་གི་སྣང་བརྙན་བསྐྲུན་སྟངས་དེ་བརྩམས་སྒྲུང་གཉིས་ཀར་ཧ་ཅང་ཡག་པོ་ཡོད་པས། ཆེས་འདྲ་བའི་ཆ་ཞིག་འཚོལ་དགོས་ན་དེ་ལས་མ་འདས་པ་ཞིག་ཡོད།

 

བཞི་བ། བརྩམས་སྒྲུང་གཉིས་ཀྱི་མཇུག་འབྲས།

གཅིག་བྱས་ན་འདི་ནི་ངས་གོང་དུ་བཤད་པ་བཞིན་རིག་གནས་དང་བསམ་བློའི་རྒྱབ་ལྗོངས་མ་འདྲ་བས་ཡིན་སྲིད་མོད། བོད་ཀྱི་བརྩམས་སྒྲུང་མང་ཆེ་བ་ཞིག་ལ་ད་ལྟའི་བཤད་སྲོལ་ལྟར་བཤད་ན་སྐྱོ་གར་སྙིང་སྟོབས་ཟེར་བ་གཞར་ཡང་མེད་པ་རེད། བརྩམས་སྒྲུང་མང་ཆེ་བ་ཞིག་གི་མཇུག་ཏུ་འཁོར་བ་ལ་སྙིང་བོ་མེད་པར་སྒོམ་ནས་རྒྱལ་སྲིད་ཁབ་དང་བཅས་པ་གཡུག་པ་དང་། འཁོར་བའི་ཕུན་ཚོགས་མཐའ་དག་ལ་ངེས་འབྱུང་སྐྱེས་ནས་གཅིག་པུར་ཆོས་སྒྲུབ་པར་འགྲོ་བ་ཁོ་ན་ལས། འཁོར་བའི་སྐྱོ་གར་གྱི་ཁྲོད་ནས་སྐྱོ་གར་གྱི་སྙིང་སྟོབས་བསྐྱེད་དེ་འཚོ་གནས་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་ལ་འཐབ་འདོད་ཀྱི་སྙིང་སྟོབས་ཀྱིས་མཇུག་སྐྱོང་བ་ཆེར་མེད་པ་རེད། གཞོན་ཟླ་ལས་ཀྱང་མཐའ་མཇུག་དེར་གཞོན་ནུ་ཟླ་མེད་ཀྱིས་སྲིད་པའི་ཁམས་ན་འགྲན་ཟླ་བྲལ་བའི་སྲིད་པའི་རྒྱན་གྱི་རྒྱལ་ཁབ་དང་། རང་ལ་སྙིང་ནས་བརྩེ་བའི་ཡུམ་རྣ་ཆ་འཛིན་དང་བཙུན་མོ་ཡིད་འོང་མ་སོགས་ལ་ཕྱིར་བལྟས་ཙམ་ཡང་མེད་པར། འཁོར་བའི་ཕུན་ཚོགས་མཐའ་དག་ལ་སྙིང་བོའི་སྟོང་ནས་ངེས་མེད་དུ་ནགས་ཚལ་ཁྲོད་ལ་ཆོས་བསྒྲུབ་པར་ཆས་སོང་བ་རེད།

རྒད་པོ་དང་རྒྱ་མཚོ་ནི་འཚོ་བ་དངོས་ཀྱི་གཟུགས་རིས་ཡ་མེད་ཅིག་སྟེ། རྒད་པོ་ཉིན་ལྟར་རྒྱ་མཚོ་ལ་ཉ་འཛིན་དུ་འགྲོ་བཞིན་ཡོད་ན་ཡང་། རྒད་པོས་ཉ་ཟིན་དུས་ཀྱི་དུས་སྐབས་ཧ་ཅང་ཉུང་བ་རེད། མཐའ་ན་ཉིན་གྲངས་མང་པོར་ཉ་གཅིག་ཀྱང་མ་ཟིན་པ་ཡང་ཡོད་པ་རེད། ཡིན་ཡང་། རྒད་པོ་སྔར་བཞིན་ཡིད་ཆད་ཀྱི་སྣང་བ་ཅི་ཡང་མེད་པར་ཉ་འཛིན་དུ་འགྲོ་བཞིན་ཡོད་པ་རེད། རྒད་པོའི་ཉ་མ་ཟིན་པའི་ཉེར་ལན་ལས་ནམ་རྒྱུན་ཁོས་རྗེས་ལ་ཁྲིད་པའི་བྱིས་པ་དེ་ཡང་ཁོའི་རྗེས་སུ་གཏོང་རྒྱུར་བཀག་པ་རེད། ཉིན་ཞིག་རྒད་པོ་རྒྱ་མཚོའི་ཀློང་དུ་བསྐྱོད་ནས་ཉ་འཛིན་པར་བྲེལ་བའི་སྐབས། བསམ་ཡུལ་ལས་འདས་པ་ཞིག་ལ་རྒད་པོའི་ཉ་ཆེན་ཞིག་འཛིན་ཐུབ་པ་བྱུང་ན་ཡང་། ཡུན་རིང་འཐབ་རྩོད་བྱས་པའི་མཇུག་མཐར་རྒད་པོར་ཆུ་སྲིན་སོགས་ཀྱིས་འཇབ་རྒོལ་ཐེབས་ནས་ཉ་ཆེན་དེའི་རུས་པ་ལས་ལྷག་མེད་པ་བྱས་སོང་ན་ཡང་། ད་དུང་རྒད་པོར་ཡིད་ཆད་དང་ཐབས་ཟད་ཀྱི་ཉམས་སྣང་ཅི་ཡང་མེད་པར། ཉ་ཆེན་གྱི་རུས་གོག་ཆ་འགྲམ་ལ་གཡུག་ནས་ཟ་མ་མ་རག་པ་དང་གཉིད་མ་ཁུག་པའི་ངལ་དུབ་ཀྱིས་རྒད་པོ་གཉིད་དུ་ཡུར། རྨི་ལམ་དུ་ད་དུང་སེང་གེ་ང་རོ་དང་བཅས་ཡོང་བཞིན་པ་ཡང་ཡང་རྨིས་བཞིན་ཡོད།
དོན་འདིས་རྒད་པོའི་ནང་སེམས་ནི་ད་དུང་དཔའ་ངར་དང་སྟོབས་ཤུགས། འཚོ་བ་ལ་རྒོལ་འདོད་ཀྱི་དཔའ་སྤོབས་ཀྱིས་ཁེངས་ནས་ཡོད་པ་རྟོགས་ཐུབ་ལ། དོན་འདིས་ང་ཚོར་འཚོ་བ་ནི་མ་གཞི་ནས་སྐྱོ་གར་ཞིག་ཡིན་པས་སྐྱོ་གར་གྱི་ཁྲོད་ནས་སྐྱོ་གར་གྱི་སྙིང་སྟོབས་བསྐྱེད་དགོས་པའི་སློབ་གསོ་ཡ་མེད་ཅིག་རག་ཐུབ། དེ་བས་བརྩམས་སྒྲུང་གཉིས་ཀྱི་མཇུག་འབྲས་ནི་རིག་གནས་ཀྱི་བསམ་བློ་ལྟ་བའི་ཁྱད་པར་ཡིན་ན་རེད། གང་ལྟར་ལྡོག་ཕྱོགས་ཀྱི་ངོས་གཉིས་ཀྱིས་གྲུབ་ཡོད་པ་རེད།

 

ལྔ་པ། མཇུག་གཏམ།

བརྩམས་སྒྲུང་གཤིབ་བསྡུར་ནི་དེ་འདྲའི་ལས་སླ་བོ་ཞིག་གཏན་ནས་མིན་ལ། དེ་ནི་ཧ་ཅང་ཞིབ་ཚགས་དང་གཟབ་ནན་བྱ་དགོས་པའི་ལས་ཤིག་ཡིན། སྤྱིར་བརྩམས་སྒྲུང་གཤིབ་བསྡུར་བྱ་བའི་སྐབས་སུ་བརྩམས་སྒྲུང་རེ་རེ་ཡི་རྩོམ་པ་པོའི་འཚོ་བའི་རྒྱབ་ལྗོངས་དང་སྐབས་དེའི་ལོ་རྒྱུས་ཀྱི་སྣང་ཚུལ། བརྩམས་སྒྲུང་དེ་འབྲི་དུས་ཀྱི་དུས་རབས་ཀྱི་ལྟ་ཚུལ་དང་རིག་གནས་བསམ་བློའི་རྒྱབ་ལྗོངས་སོགས་ནི་བརྩམས་སྒྲུང་གཤིབ་བསྡུར་གྱི་ཁྲོད་ནས་མེད་ཐབས་མེད་པ་ཞིག་ཡིན་པ་རེད།

དཔྱད་རྩོམ།

Post navigation

Previous Post: བོད་ཀྱི་བརྡ་སྤྲོད་ཀྱི་གལ་གནད་སྐོར་གླེང་བ།
Next Post: བོད་ཀྱི་སློབ་གསོའི་སྐྱོ་གར་དང་བསམ་ཚུལ་ཐར་ཐོར།

Comments (1) on “བརྩམས་སྒྲུང་གཤིབ་བསྡུར།”

  1. རྣོ། says:
    2016-01-08 at 2:20 pm

    རྩོམ་ཡིག་ལེགས་པོ་ཞིག་བྲིས་ཡོད་ཤོག་གིས་ཞིབ་ཀློག་བྱས་པ་ཡིན་མོད། གཤིབ་བསྡུར་གྱི་ཁྱད་ཆོས་ཆེར་མི་འདུག་པར་མ་ཟད། དགོས་མེད་ཚིག་ཚོགས་ཀྱི་ལོ་མས་ཕྱེད་ཀ་ཟིན་འདུག དེ་ལྟ་ནའང་རྩོམ་གྱི་སྒྲོམ་གཞི་ཡག་པོ་འདུག སྤྱིར་གཤིབ་བསྡུར་བྱ་རྒྱུའི་རྩོམ་མམ་ཆོས་དེ་གཉིས་ཀྱི་འདྲ་ས་དེ་ཨུ་ཚུགས་ཀྱིས་མ་བཙལ་ཡང་རང་བཞིན་གྱིས་མངོན་ཡོང་བའི་ཆོས་གཉིས་གཤིབ་བསྡུར་བྱེད་དུ་ཡོད་པ་ལས། འདྲ་བ་མེད་ཀྱང་བཙན་གྱིས་བཙལ་ནས་ཡོང་བའི་ཆོས་གཉིས་གཤིབ་བསྡུར་བྱས་ན་སྐད་ཆ་མང་པོ་ཞིག་ལབ་ཡ་རྙེད་ཀྱི་མ་རེད། དེས་སྟབས་ཁྱོད་ཀྱི་རྩོམ་ཡིག་ཁྲོད་ཀྱི་སྐད་ཆ་དག་བཙན་གྱིས་བཙུར་བ་ཞིག་ཏུ་རང་བཞིན་གྱིས་གྱུར་འདུག དེ་ནི་མི་སྒེར་གྱི་བསམ་ཚུལ་ཙམ་ཡིན། ཁྱོད་ཀྱི་ཐུགས་དང་འགལ་ན་དགོངས་དག་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme