Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྡ་འཕྲིན་གཅིག་སྡུད་རིང་ལུགས།

Posted on 2018-05-15 By ཁ་བརྡ 1 Comment on བརྡ་འཕྲིན་གཅིག་སྡུད་རིང་ལུགས།

བློ་བཟང་ལུང་རྟོགས་ཀྱིས་བསྒྱུར།
 
པེ་ཅིང་ལ་ཡོད་པའི་ཁེ་ཨེ་ཧྥི་སེ་KFC (བྱ་ཤ་སྣུམ་བསྲེག་མགྱོགས་ཟས་ཁང་ཞིག)་ནས་མིའི་གདོང་རིས་ངོས་འཛིན་ཐུབ་པའི་འཕྲུལ་ཆས་ཞིག་བེད་སྤྱོད་གཏོང་གི་ཡོད་པ་དེས་ཁྱེད་ཀྱིས་བཟའ་བཏུང་ག་རེ་མངགས་འཆར་ཡོད་མེད་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་འདུག མགྱོགས་ཟས་ཁང་དེའི་མགྲིན་ཚབ་པས་བཤད་པ་ལྟར་ན། མིས་བཟོས་རིག་སྟོབས་སམ་ཤེས་རབ་ཀྱི་མ་ལག་དེས་འཛད་སྤྱོད་པའི་(ཉོ་མཁན)་ལོ་ཚད་དང་སེམས་ཁམས་གཞིར་བཞག་བཟའ་བཏུང་གི་ཐོ་གཞུང་མཚམས་སྦྱོར་བྱེད་ཐུབ་ཀྱི་ཡོད་པ་རེད། འཛམ་གླིང་ཕྱོགས་གང་སར་ཁེ་ལས་སྡེ་ཁག་རྣམས་ཀྱིས་ང་ཚོས་ཅ་ལག་ག་རེ་ཉོས་པའི་ཟིན་ཐོ་ཀམ་པུ་ཊར་ནང་ཉར་ཚགས་བྱེད་ཀྱི་ཡོད་པའི་སྐབས་འདིར་ཁེ་ཨེ་ཧྥི་སེ་KFC མགྱོགས་ཟས་ཁང་གིས་ང་ཚོའི་གདོང་རིས་ཀྱི་ཟིན་ཐོ་ཉར་ཚགས་བྱེད་ཐུབ་ཀྱི་ཡོད་པ་རེད་འདུག

ང་ཚོར་ཁེ་ཨེ་ཧྥི་སེ་KFC མགྱོགས་ཟས་ཁང་བརྗོད་དུས་དཔེ་གསར་ལྟ་བུ་ཞིག་ཡིད་ལ་འཁོར་ཡང་། རྒྱ་ནག་གཞུང་དང་སྒེར་གྱི་ཁེ་ལས་སྡེ་ཁག་གིས་འགྲོ་སོང་ཧ་ཅང་ཕོན་ཆེན་པོ་ཞིག་བཏང་ནས། རྒྱལ་ཡོངས་རང་བཞིན་གྱི་གསང་ཞིབ་མྱུལ་ལྟའི་མ་ལག་དང་ཚོགས་སྡེ་ཁག་ལ་སྟངས་འཛིན་ཆེད་གདོང་རིས་ངོས་འཛིན་ཐུབ་པའི་འཕྲུལ་རིག་དང་། བརྡ་མཛོད་ཆེན་པོ། མིས་བཟོས་རིག་སྟོབས་སམ་ཤེས་རབ་ཀྱི་འཕྲུལ་རྩལ་གསར་སྐྲུན་བྱེད་བཞིན་པ་སོགས་ནི་བློ་ཡུལ་ལས་འདས་པ་ཞིག་རེད།

འབྱུང་འགྱུར་གང་འདྲ་ཡིན་མིན་གོ་བརྡ་ཙམ་སྤྲད་ན། ཧྲིན་ཀྲིན་SHENZHEN་གྲོང་ཁྱེར་ནང་བུད་མེད་ཞིག་ལམ་ཁའི་གློག་དམར་པོར་སྣང་མེད་བཏང་ནས་གོམ་པ་རྒྱབ་ནས་ལམ་ཁའི་ཕར་ཕྱོགས་སུ་སླེབས་མ་ཐག་རྩིག་ངོས་ཀྱི་བརྙན་འཕྲིན་ཆེན་པོ་དེའི་ནང་ཁོ་མོའི་ངོ་གདོང་བསྟན་ནས་ངོ་ཚར་གཏོད་པ་མཉམ་དུ་སྤྱི་བདེ་མི་སྣས་ཉེན་བརྡ་འབྱོར་གྱི་ཡོད། ཁོ་མོའི་སྒྲིག་འགལ་གྱི་གནས་ཚུལ་དེ་ཁོ་མོའི་སྔོན་ཆད་བསག་པའི་སྒྲིག་འགལ་རྣམས་ས་གནས་གང་ཞིག་ཏུ་ཀམ་པུ་ཊར་ནང་ཉར་གྱི་ཡོད། རྒྱལ་ཁབ་ཞིག་ལ་སེ་སེ་ཊི་བེས་CCTV སྦས་ལམ་བརྙན་འཕྲིན་པར་ཆས་ས་ཡ་༡༠༠ (མི་བཅུ་གསུམ་ལ་པར་ཆས་རེ་རེ་འདང་གི་ཡོད) ལྷག་ཡོད་པ་ད་དུང་མང་རུ་གཏོང་བཞིན་པ་ནི། གདོང་རིས་ངོས་འཛིན་ཐུབ་པའི་གསང་ཞིབ་མྱུལ་བལྟའི་ལས་འཆར་གཞི་རྒྱ་ཆེན་པོ་ཞིག་སྤེལ་རྒྱུའི་སྔ་ལྟས་ཡིན།

འགྲོ་ལམ་གྱི་སྒྲིག་ཁྲིམས་མི་བརྩི་མཁན་ནི་རྒྱ་ནག་ཁྱོན་ཡོངས་ལ་སྤེལ་བཞིན་པའི་(སྤྱི་ཚོགས་གནས་རིམ་ལམ་ལུགས) ནང་ཐོ་འགོད་བྱེད་པའི་ནག་ཉེས་ཁྲོད་ཀྱི་གནས་ཚུལ་ཆུང་ཆུང་ཞིག་ཡིན།
ཞིབ་འཇུག་པ་ཞིག་བརྗོད་དོན་འདི་ནི་ཉེ་རབས་ལོ་རྒྱུས་ཁྲོད་སྲིད་གཞུང་གང་རུང་ཞིག་གིས་དམིགས་ཡུལ་ངེས་ཅན་ཡོད་པའི་སྒོ་ནས་འབད་རྩོལ་གྱིས་སྒྲུབ་བཞིན་པའི་བརྡ་འཕྲུལ་གྱིས་མིའི་རྣམ་འགྱུར་ལ་སྟངས་འཛིན་བྱེད་པའི་ལས་གཞི་རྒྱ་ཆེན་པོ་ཞིག་རེད་ཟེར།

གཞུང་འབྲེལ་ལས་ཁུངས་ཁག་ནས་སྤྱོད་ལམ་བཟང་བའི་མི་མང་ལ་སྐར་གྲངས་སྤྲོད་པ་དང་། སྤྱི་ཚོགས་ལ་གནོད་པ་གཏོང་མཁན་དཔེར་ན། ཁང་གླ་དུས་ཐོག་ཏུ་མ་སྤྲད་པ་དང་། སྤྱི་ཚོགས་དྲ་རྒྱའི་ཐོག་སྲིད་གཞུང་དང་བསམ་ཚུལ་མི་མཐུན་པའི་གནས་ཚུལ་སྤེལ་བ་ཡིན་ན་སྐར་གྲངས་གཅོག་འཕྲི་བྱེད་པ་རེད།

སྤྱོད་པ་བཟང་ན་སྐར་གྲངས་ཐོབ་པའི་ལམ་ལུགས་འོག་ཏུ་གལ་སྲིད་ཁྱེད་ཀྱིས་འཁྲབ་སྟོན་ཡག་པོ་བྱས་ན་གཟེངས་རྟགས་གསོལ་རས་གང་མགྱོགས་ཐོབ་ཀྱི་རེད། THE ECONOMIST དཔལ་འབྱོར་མཁན་ཞེས་པའི་གསར་ཤོག་ནང་རྒྱ་ནག་གཞུང་འབྲེལ་མི་སྣའི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། ཕྱི་ལོ་༢༠༢༠་ནང་ཚུད་ང་ཚོས་སྒྲུབ་བཞིན་པའི་སྤྱི་ཚོགས་གནས་རིམ་ལམ་ལུགས་ནང་ཡིད་ཆེས་བློ་གཏོད་ཆོག་པའི་མི་རྣམས་གནམ་འོག་ཏུ་གང་སར་འགྲོ་བསྐྱོད་བྱས་ཆོག་པ་དང་། ཡིད་ཆེས་བློ་གཏོད་མི་ཐུབ་མཁན་(མིང་ཆད་ཡོད་མཁན་)རྣམས་གོམ་པ་གང་སྤོ་རྒྱུ་ཡང་ཁག་པོ་ཡིན་ཟེར། ལམ་ལུགས་འདིས་ལྐོག་ཟ་རུལ་སུངས་ལ་སྟངས་འཛིན་དང་ནག་ཉེས་ཅན་གྱི་བྱ་སྤྱོད་ལ་རྗེས་འདེད་གཏོང་རྒྱུའི་ཐད་གྲུབ་འབྲས་ལེགས་པོ་ཐོན་རྒྱུའི་རེ་བ་རྒྱག་གི་ཡོད་འདུག

བརྡ་འཕྲིན་གཅིག་སྡུད་རིང་ལུགས་པས་སྙིང་སྟོབས་ཆེན་པོའི་ངང་འཇིག་རྟེན་གསར་བ་འདིའི་ནང་སྲིད་གཞུང་གི་བཀའ་གསུང་དང་ལེན་བྱེད་མཁན་ཚོར་གཟེངས་རྟགས་དང་བསམ་ཚུལ་མི་མཐུན་མཁན་ཚོར་ཉེས་པ་གཏོང་གི་ཡོད། རྒྱ་ནག་གི་ཚོགས་པ་གཅིག་གིས་གྲུབ་པའི་དོགས་ཟོན་ཅན་གྱི་སྲིད་གཞུང་འདིས་སྔོན་ཚུད་ནས་ཆེས་སྤྱང་གྲུང་ལྡན་ཞིང་ཆེས་ནུས་པ་ལྡན་པའི་ཆབ་སྲིད་སྟངས་འཛིན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་དང་། སྲིད་གཞུང་འདིས་རང་ཉིད་ཀྱི་ཆབ་འབངས་རྣམས་ཀྱི་བསམ་སྤྱོད་ལ་ལྟ་རྟོག་གི་ཆེད་དུ་བཀོད་སྒྲིག་(མཐུན་རྐྱེན། དཔེར་ན་དངུལ་གྱི་མ་རྩ་དང༌། མིའི་ནུས་ཤུགས། ཅ་དངོས་འཕྲུལ་ཆས་རྒྱུ་ཆ་སོགས)་བསམ་ཡུལ་ལས་འདས་པ་ཞིག་འཛུགས་སྐྲུན་བྱས་ཡོད།

གསར་འགོད་པ་དང་ཟིན་བྲིས་པ་LIU HU་ལེའི་ཧོ་ནི་སྲིད་གཞུང་མི་སྣའི་ལྐོག་ཟ་རུལ་སུངས་ཐེར་འདོན་བྱེད་མཁན་སྐད་གྲགས་ཅན་ཞིག་རེད། ཁོང་ལ་ཁྲིམས་ཁང་ཞིག་ནས་དཀྲོག་གཏམ་རྫུན་བཟོ་དང་ཁྱབ་བརྡལ་གཏོང་མཁན་གྱི་ཉེས་མིང་འོག་ཉེས་ཆད་བཏང་པ་མ་ཟད། ཁོང་གི་མིང་ནི་ཐོ་གཞུང་ནག་པོའི་ནང་བཅུག་སྟེ་གནམ་གྲུའི་འཛིན་བྱང་དང་། ས་ཁང་ཉོ་བ། དམིགས་བསལ་མེ་འཁོར་རིགས་ཁ་ཤས་ནང་འགྲོ་བསྐྱོད་མི་ཆོག་པ་བཅས་བཟོས་ཡོད་པ་རེད། འདི་དག་ལ་ཁྲིམས་གཏུགས་བྱེད་སའི་ལམ་ལུགས་ཀྱང་མེད། ཐོ་གཞུང་ནག་པོའི་ནང་དུ་མིང་ས་ཡ་བདུན་ལྷག་ཡོད་པ་དང་། ཐོ་གཞུང་དེའི་ནང་བུ་མོ་ཞིག་གི་མིང་ཡང་བཅུག་པ་ནི་ཁོ་མོ་ལོ་གཉིས་ལ་སོན་པའི་སྐབས་སུ་ཕ་ཤུལ་རྒྱུན་འཛིན་དང་འབྲེལ་ཡོད་ཀྱི་བུ་ལོན་ཞིག་ཡོད་པས་རེད། ཁྲིམས་ཁག་ཞིག་ནས་ཨ་ཕ་ཡིས་ཨ་མ་བསད་པར་བརྟེན་དངུལ་ཀྱི་ཉེས་ཆད་འབོར་ཆེན་བཏང་ཡོད་པ་དང་། རྗེས་སུ་ཨ་ཕ་ཡང་སྲོག་ཐོག་ཏུ་བཏང་ཡོད་ཀྱང་དངུལ་གྱི་ཉེས་ཆད་དེ་ཤུལ་འཛིན་བུ་མོས་སྤྲོད་དགོས་ཀྱི་ཡོད་པས་རེད།

གྲོང་ཁྱེར་ཁ་ཤས་ནང་ཐོ་གཞུང་ནག་པོའི་ནང་ཚུད་པའི་མི་རྣམས་ཀྱི་ཁ་པར་སྐད་བརྡ་བརྗེ་སྒྱུར་བྱས་ནས། སྲིད་གཞུང་གིས་ཁོང་ཚོར་མིང་ཆད་ཡོད་པའི་མི་སྣར་ཁ་པར་གྱི་འབྲེལ་བ་བྱུང་ན་ཉེན་བརྡ་གཏོང་གི་ཡོད། (ཕྱི་རྒྱལ་ནས་ཁ་པར་སླེབས་པ་སོགས་ཀྱང་ཚུད་ཀྱི་ཡོད་པ་འདྲ) སྤྱི་ཚོགས་གནས་རིམ་ལམ་ལུགས་ཞིག་བཟོ་བར་(གློད་ཀླད་ཀྱི་ལམ་ནས་གནས་ཚུལ་ལམ)་བརྡ་འཕྲིན་གྲངས་ཐོ་ཕྱོགས་བསྡུས་དང་། གསོག་འཇོག་བྱེད་པ། དབྱེ་ཞིབ་བརྟག་དཔྱད། འགལ་རྐྱེན་ཟློག་ཐབས་བཅས་གཞི་རྒྱ་ཆེ་བའི་བརྡ་འཕྲིན་མ་ལག་ཞིག་དགོས་པ་དང་། དེ་ནི་བརྡ་འཕྲིན་བང་མཛོད་ཆེན་པོ་ལ་ཞིབ་འཇུག་བྱེད་པའི་དམིགས་ཡུལ་ངོ་མ་དེ་ཡིན།

བརྡ་འཕྲིན་བང་མཛོད་ཆེན་མོ་ལ་ཀམ་པུ་ཊར་བརྒྱུད་དབྱེ་ཞིབ་བྱས་པ་བརྒྱུད། (དཔེ་རིས་)སྤུས་ཚད། འཕེལ་ཕྱོགས། འབྲེལ་ལམ། ལྷག་པར་དུ་འགྲོ་བ་མིའི་སྤྱོད་ལམ་(རྣམ་འགྱུར། གཤིས་ཀ)་དང་གཅིག་ལན་གཅིག་འཇལ་གྱི་འབྲེལ་བ་སོགས་གསལ་སྟོན་བྱེད་(གསང་བ་གཏོལ་)་ཐུབ་ཀྱི་ཡོད། རྒྱལ་ཁབ་ཁྱོན་ཡོངས་སུ་སྤྱི་ཚོགས་གནས་རིམ་ལམ་ལུགས་དེ་འདྲ་ཞིག་ལག་བསྟར་མ་བྱས་སྔོན་དུ་མ་ལག་དེའི་ཆེད་ལས་དོན་མང་པོ་ཞིག་སྒྲུབ་དགོས་ཀྱི་ཡོད་པ་དང་། སྲིད་འཛིན་ཞི་ཅིན་ཕིང་གི་རྒྱབ་སྐྱོར་དང་སྲིད་གཞུང་ནས་ཀྱང་མ་ལག་དེ་ལེགས་འགྲུབ་ཡོང་བར་འབད་རྩོལ་ཆེན་པོ་བྱེད་བཞིན་ཡོད།

མི་སྒེར་ཞིག་ནས་འཇིགས་སྐུལ་ཀྱི་བྱ་སྤྱོད་སྤེལ་སྲིད་པར་སྔོན་དཔག་བྱེད་པའི་ཆེད། རྒྱ་ནག་གིས་དེང་སྐབས་མ་ལག་ཅིག་ཚོད་ལྟ་བྱེད་པ་བཞིན་པ་དེས་བརྡ་འཕྲིན་བང་མཛོད་བེད་སྤྱོད་བཏང་ནས་ལས་བྱེད་མི་སྣའི་ལོ་རྒྱུས་དང་། དངུལ་ཁང་གི་ཡིག་ཆ། འཛད་སྤྱོད་(ལོངས་སྤྱོད)་ཀྱི་གོམས་གཤིས། གཉེན་གྲོགས། འགུལ་སྐྱོད་བཅས་མྱུལ་ཞིབ་ཀྱི་བརྙན་པར་བརྒྱུད་ཐོ་འགོད་བྱེད་བཞིན་ཡོད། ཁྲིམས་འགལ་གྱིས་བྱེད་སྒོ་མ་སྤེལ་སྔོན་ཚུད་ནས་ངོས་འཛིན་བྱེད་ཐུབ་པའི་མཉེན་ཆས་འདི་དམར་ཕྱོགས་སྲིད་གཞུང་ལས་བསམ་ཚུལ་མི་མཐུན་པ་རྣམས་ཀྱི་ཐོག་བེད་སྤྱོད་གཏོང་རྒྱུར་ཐེ་ཚོམ་མེད།

རྒྱ་ནག་གི་གློག་རྡུལ་འཕྲུལ་རིག་སྡེ་ཁག་སེ་ཨེས་ཊེ་སེ་(CETC)་འགན་འཁུར་བླངས་པའི་དེང་རབས་ཅན་གྱི་(སྤྱོད་བདེའི)་གྲོང་ཁྱེར་ལས་གཞི་དེ་ནི་སྤྱི་ཚོགས་གནས་རིམ་ལམ་ལུགས་འཆར་གཞིའི་སྣེ་ཁྲིད་ལྟ་བུར་གྱུར་ཡོད། གློག་རྡུལ་འཕྲུལ་རིག་སྡེ་ཁག་ནི་རྒྱ་ནག་གི་དམག་དཔུང་ཉམས་ཞིབ་དཔུང་སྡེའི་ཁྲོད་ཀྱི་གཅིག་ཡིན་པ་དང་། ཆེད་ལས་གཙོ་བོ་གནས་ཚུལ་ཕྱོགས་བསྡུས་དང་འབྲེལ་ལམ་སྐོར་ཡིན་པ་རེད། ཁོང་ཚོས་ཆ་ཚང་རང་བཞིན་ཅན་གྱི་བརྡ་འཕྲིན་བང་མཛོད་འདི་ལ་བརྟེན་ནས་གྲོང་ཁྱེར་རྣམས་དེང་རབས་ཅན་ཏུ་བསྒྱུར་པ་དང་། བདེ་སྲུང་གི་ནུས་པ་འཕེལ་རྒྱས་སུ་གཏོང་པར་མཐུན་རྐྱེན་སྐྲུན་གྱི་ཡོད་སྐོར་གདེངས་སྤོབས་ཆེན་པོས་བརྗོད་ཀྱི་ཡོད། གྲོང་ཁྱེར་གྱི་བྱེད་སྒོ་བཀོད་འདོམས་ལྟེ་གནས་སམ་ཀླད་པ་གསར་སྐྲུན་ཀྱི་ལས་དོན་ཁྲོད་དེང་རབས་ཅན་(སྤྱོད་བདེ) གྲོང་ཁྱེར་ལས་འཆར་འདིས་ཞི་དྲག་(ཞི་བ་མི་སེར་དང་དྲག་པོ་དམག་དཔུང་) ཟུང་འབྲེལ་གྱི་འཕྲུལ་ཆས་བེད་སྤྱོད་གཏོང་རྒྱུ་ཡིན་པ་རེད། ད་དུང་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་བརྒྱུད་རྒྱལ་ཁབ་གཞན་རྣམས་ལ་ལག་རྩལ་དེ་ཕྱིར་གཏོང་བྱེད་འཆར་ཀྱང་ཡོད་པ་རེད།

ང་ཚོས་མཐོང་གསལ་ལྟར་རྒྱ་ནག་གི་གློག་རྡུལ་འཕྲུལ་རིག་སྡེ་ཁག་སེ་ཨེས་ཊེ་སེ་(CETC)་སི་ཊི་ནེའི་འཕྲུལ་རིག་གཙུག་ལག་སློབ་ཆེན་(UTS)་གཉིས་བར་གྱི་གྲོས་ཆོད་དགོངས་དོན་བཞིན། ཨོ་སི་ཊོ་ལི་མི་མང་གིས་གྲོང་ཁྱེར་དེང་རབས་ཅན་ནམ་(སྤྱོད་བདེ་ཅན)་དུ་བསྒྱུར་བའི་ཀམ་པུ་ཊར་ལས་འཆར་འདིའི་ཐོག་མ་དངུལ་གཏོང་གི་ཡོད།
བརྡ་འཕྲིན་བང་མཛོད་ཆེན་པོའི་ལས་འཆར་རྒྱ་ནག་གློག་རྡུལ་འཕྲུལ་རིག་སྡེ་ཁག་དང་མཉམ་འབྲེལ་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་སྟེང་མཐོང་དཀོན་པའི་མྱུལ་ཞིབ་དང་སྟངས་འཛིན་གྱི་མ་ལག་ཧ་ཅང་གྲ་རྒྱས་པོ་དང་བཙན་གནོན་རང་བཞིན་ཅན་འདི་ལ་སི་ཊི་ནེའི་འཕྲུལ་རིག་གཙུག་ལག་སློབ་ཆེན་(UTS)་ནས་མཐུན་སྦྱོར་བྱེད་ཀྱི་ཡོད་པ་རེད། འདི་ནི་སྦས་པའི་བརྙན་འཕྲིན་དང་མིས་བཟོས་རིག་སྟོབས་སམ་ཤེས་རབ་ཀྱི་མ་ལག་གིས་གྲོང་པ་ཁྱིམ་མཚེས་དང་ནང་མི་ཕན་ཚུན་སོ་མྱུལ་བྱས་པའི་ཚབ་བྱེད་ཐུབ་ཀྱི་ཡོད།

རྒྱ་ནག་ནི་གདོས་རིས་ངོས་འཛིན་ཐུབ་པའི་འཕྲུལ་ཆས་བེད་སྤྱད་ནས་སྤྱི་ཚོགས་ལ་སྟངས་འཛིན་བྱེད་པའི་རྒྱལ་ཁབ་གཅིག་པོ་དེ་མ་རེད། ཚོད་དཔག་ལྟར་ན་ཨ་མེ་རི་ཀའི་སྤྱི་བདེ་ལས་ཁུངས་ཁག་གི་ནང་ཨ་རིའི་མི་འབོར་ཕྱེད་ཀ་ཙམ་གྱི་གདོང་རིས་ཀམ་པུ་ཊར་ནང་ཉར་ཚགས་བྱས་ཡོད་པ་དང་། ཁོང་ཚོས་ཉེས་ཅན་པ་རྣམས་བརྡ་འཕྲིན་བརྒྱུད་རྗེས་འདེད་གཏོང་ཐུབ་ཀྱི་ཡོད། Snowden་སི་ནོ་ཌིན་གྱིས་(ཨ་རིའི་གསང་པའི་ལས་ཁུངས་གི་མི་སྣ་ཞིག་ར་ཞི་ཡར་སྐྱབས་བཅོལ་ཞུ་མཁན་) གསང་བ་ཁྲོམ་བསྒྲགས་བྱས་པའི་ཡིག་ཆ་ལྟར་ན་ཨ་རི་གཞུང་གིས་མྱུལ་ཞིབ་ཀྱི་གཞི་རྒྱ་དང་བརྡ་འཕྲིན་བང་མཛོད་བེད་སྤྱོད་ལོག་པར་གཏོང་གི་ཡོད་པའི་སྐོར་དེ་ནི་བློ་འཚབ་སྐྱེ་གཞིའི་གནས་ལས་མ་འདས་ཀྱང་། ཨ་མེ་རི་ཀར་ཉེན་རྟོག་མི་སྣའི་དབང་ཆར་ཞིབ་བཤེར་བྱེད་པའི་ལམ་སྲོལ་ཡོད་ལ། ཁྲིམས་ཀྱི་སྲུང་སྐྱོབ་དང་། བརྡ་འཕྲིན་བེད་སྤྱོད་ལོག་པར་གཏོང་པའི་ཉེན་རྟོག་པར་ཁྲིམས་ཆད་གཏོང་བ། གསར་འགོད་བརྒྱུད་ལམ་ཁག་ནས་ཚུལ་མིན་གྱི་སྤྱོད་པར་ཞིབ་འཇུག་དང་ཐེར་འདོན་བྱེད་པ། འབངས་མི་སེར་རྣམས་ལ་གནས་ཚུལ་ཤེས་རྟོགས་ཀྱི་ཐོབ་ཐང་ཡོད་པ། མདོར་བསྡུས་ན། དབང་ཚད་ཀྱི་དབྱེ་མཚམས་གསལ་བོ་ཡོད། འདི་དག་ཚང་མ་རྒྱ་ནག་སྲིད་གཞུང་ལ་ཞུ་འབུལ་བྱེད་ས་མེད། དོན་དངོས་ཐོག་ཕྱི་ལོ་༢༠༡༧་ལོར་གཏན་འབེབས་བྱས་པའི་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་དེས་དབང་འཛིན་པར་དགོས་གལ་བྱུང་ན་མི་སྒེར་གྱི་བརྡ་འཕྲིན་བང་མཛོད་གང་རུང་ལ་ཞིབ་འཇུག་བྱེད་ཆོག་པའི་དབང་ཆ་སྤྲད་ཡོད། ནུབ་ཕྱོགས་སུ་སྤྱི་མང་རང་དབང་རྩོད་ལེན་པ་ཚོས་རང་ཉིད་ཀྱི་སྲིད་གཞུང་དྲང་ཚུགས་ཅན་ཡོང་བར་འབད་རྩོལ་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་ནང་ཁོང་ཚོ་བཙོན་འཇུག་བྱེད་ཀྱི་ཡོད་པ་རེད།

གསལ་བཤད། དང་པོ།
མིང་ཚིག་གསར་པ་འདི་དག་ད་དུང་འདོད་བློ་ཁེངས་པ་ཞིག་བསྒྱུར་ཐུབ་མ་སོང་།

CCTV – (སྦས་ལམ་བརྙན་འཕྲིན། འཁོར་ལམ་བརྙན་འཕྲིན། བརྡ་འཕྲིན་གང་ཞིག་མང་ཚོགས་ལ་རྒྱ་ཁྱབ་ཏུ་མ་སྲིང་བར་གཙོ་བོ་བདེ་འཇགས་དང་རྟོག་ཞིབ་དོ་དམ་བྱེད་པའི་བརྙན་འཕྲིན་མ་ལག་ཅིག)
DATA – གུས་པ་ནས་(བརྡ་འཕྲིན་ནམ་བརྡ་འཕྲིན་བང་མཛོད)་དུ་བསྒྱུར།
(ཚིག་མཛོད་ཁག་གི་ནང་གནས་བསྡུས་རེའུ་མིག་ཏུ་བསྒྱུར་ཡོད་ཀྱང་། DATE་ནི་ཨང་གྲངས་དང་གནས་ཚུལ་སོགས་ཀམ་པུ་ཊར་འཇུག་པའི་ཡིག་ཆའི་རྨང་གཞི་ལྟ་བུ་ཡིན་པས་བརྡ་འཕྲིན་དུ་བསྒྱུར་བ་ཡིན། བརྡ་ནི་ངག་ཐོག་དང་ཡིག་ཐོག ཐ་སྙད་དང་ཚིག་གི་དོན་སོགས་ལ་གོ་བ་དང་། ཡིག་སྒྱུར་སྐབས་མཚམས་རེར་ཨང་གྲངས་དང་གནས་ཚུལ་འབོར་ཆེན་པོ་སོགས་གོ་བ་ལེན་དུས་ཀྱང་ཡོད་པས་བརྡ་འཕྲིན་བང་མཛོད་དུ་བསྒྱུར་དགོས་པའི་སྐབས་ཀྱང་འདུག།
ཚིག་མཛོད་གཞན་གྱི་ནང་གཞི་ཐོ་དང་དན་གྲངས་སོགས་སུ་བསྒྱུར་འདུག
KFC – བྱ་ཤ་སྣུམ་བསྲེག་མགྱོགས་ཟས་ཁང་ཞིག
ARTIFICIAL INTELLIGENCE – མིས་བཟོས་རིག་སྟོབས་སམ་ཤེས་རབ།
SOCIAL CREDIT SYSTEM – སྤྱི་ཚོགས་གནས་རིམ་ལམ་ལུགས།

གསལ་བཤད། གཉིས་པ།
སྒྱུར་རྩོམ་འདི་ནི་གུས་པས་ཉེ་ཆར་ངོ་སྤྲོད་བྱས་པའི་(སིམ་འཛུལ)་ཞེས་དཔེ་དེབ་ནང་གི་ལེ་ཚན་ཞིག་ཡིན་པ་དང་། འདི་ནི་གཙོ་བོ་རྒྱ་ནག་གཞུང་གིས་སྤྱི་ཚོགས་ལ་སྟངས་འཛིན་ཆེད་མིའི་གདོང་རིས་ངོས་འཛིན་ཐུབ་པའི་ཀམ་པུ་ཊར་མ་ལག་ཐོག་འགྲོ་སོང་ཕོན་ཆེན་པོ་ཞིག་གཏོང་གི་ཡོད་པ་དང། ནུབ་ཕྱོགས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་དང་མཉམ་ལས་བྱེད་བཞིན་སྐོར་རེད།

འགྱུར་རྩོམ།

Post navigation

Previous Post: ཐུ་བྷོད་ཨ་མའི་དྲིན་གཟོ་དང་བྱམས་བརྩེ།

Next Post: ཁྱི་དང་མྱི།

Comments (1) on “བརྡ་འཕྲིན་གཅིག་སྡུད་རིང་ལུགས།”

  1. གཡུ་ཐོག་བུ། says:
    2018-05-15 at 10:38 am

    ལུང་རྟོགས་ཁྱེད་ཉིད་ཟ་ཁང་དེར་སོང་ཤིག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme