Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྟག་པ་མཐའ་བཟུང་གི་དྲི་བ།

Posted on 2018-04-292018-04-29 By སྙན་བཟང་གཡུང་དྲུང་ཚེ་རིང 2 Comments on བརྟག་པ་མཐའ་བཟུང་གི་དྲི་བ།

སྙན་བཟང་གཡུང་དྲུང་ཚེ་རིང་།
དེ་རིང་ཁོ་བོས་ཡང་སྐྱར་ཏིང་ཤི་རྗེས་རྒྱ་ནག་གི་འགྱུར་བ་དང་བོད་ཀྱི་རང་བཙན་ཞེས་པའི་དེབ་དེ་བཀླགས་པར། རྩོམ་པ་པོ་གྲགས་ཅན་སྐུ་ཞབས་འཇམ་དབྱངས་ནོར་བུ་ལགས་ཀྱིས་དེབ་དེའི་གླེང་བརྗོད་དུ་རྒྱ་ནག་གི་རྟོག་སྒྲུང་གྲགས་ཅན་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ཀྱི་ཚིག་དུམ་ཞིག་སྟེ། “རྒྱལ་ཁབ་དང་རྒྱལ་བརྒྱུད་དེ་ཆིག་སྒྲིལ་ནས་ཁ་ཕྲལ་དང་། ཁ་ཕྲལ་ནས་ཆིག་སྒྲིལ་ལ་བརྩོན”ཞེས་པ་ལུང་དྲངས་འདུག་པས། ཚིག་དུམ་འདི་ལ་བསམ་བློ་གང་འཚམ་ཞིག་གཏོང་དགོས་བྱུང་།

ཉེ་ཆར་ཁོ་བོས་ཀྱང་ཚིག་དུམ་ཞིག་བྲིས་པ་འདི་ལྟར། ཁ་སང་དེ་རིང་གི་དྲ་ལམ་ལ་བལྟས་ན། རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གཉིས་ཀྱི་ལྟ་བ་དེ་མུ་མཐུད་དུ་འགལ་བའི་ཕྱོགས་སུ་འགྲོ་བཞིན་པའི་སྣང་ཚུལ་མཆིས། ལྟ་བ་འདི་གཉིས་ཀ་བོད་དོན་ལས་བྱུང་བ་བདེན་མོད། མུ་མཐུད་དུ་འདི་ལྟར་ཕྱིན་ཚེ། བོད་པའི་ཕོ་གསར་ཞིག་གིས”ང་མོ་དང་མཉམ་དུ་གཉེན་སྒྲིག་བྱེད་རྒྱུ་མིན། མོ་དབུ་མ་པ་རེད”ཅེས་དང་། ཡང་བོད་པའི་མོ་གསར་ཞིག་གིས”ང་ཁོ་དང་མཉམ་དུ་གཉེན་སྒྲིག་བྱེད་འདོད་མེད། མོ་རང་བཙན་པ་རེད”ཅེས་བཤད་པའི་དུས་ལ་མི་སླེབས་པའི་ངེས་པ་མེད། ཞིབ་ཏུ་བརྟགས་ན། འགལ་བ་འདི་སློང་མཁན་ནི་བོད་མི་ཉུང་ཤས་ཤིག་ལས་མིན་མོད། གྱོང་གུད་དེ་བོད་མི་ས་ལ་དྲུག་ལ་ཕོག་གི་ཡོད་པ་རེད།

དེ་ནས་ཚིག་དུམ་གཞན་ཞིག་ཀྱང་བྲིས་ཡོད། དེ་ནི་འདི་ལྟར། ཁ་སང་དེ་རིང་ཁོ་བོས་དྲ་ཐོག་གི་བོད་མི་ཚོའི་རྣམ་འགྱུར་དང་སྐད་ཆར་ལྟ་ཉན་བྱས་ནས་བསྡད་པ་ཡིན། གནས་སྐབས་རིང་བསམ་ཚུལ་ཞུ་འདོད་མེད་མོད། འོན་ཀྱང་ང་ཚོའི་སྤྱི་ཚོགས་འདི་ཚ་ཚ་འུར་འུར་རེད། ཚ་ཚ་འུར་འུར་སློང་མཁན་དེ་དག་ནི་མདོ་སྟོད་སྨད་ཀྱི་བོད་མི་ཉུང་ཤས་སྐོར་ཞིག་རེད། བློ་ཕམ་པ་ཞིག་ལ། དེ་དག་ལས་བོད་མི་སྐོར་ཞིག་ནི་ཁྱི་རྒན་གྱིས་ཤེས་ནས་ཟུག ཁྱི་ཕྲུག་ཚོས་མ་ཤེས་ནས་ཟུག་པ་ཇི་བཞིན་ཡིན་བཟོ་འདུག་པས། འདི་ནི་གནས་ཚུལ་ཚབས་ཆེན་དེའང་ཡིན་པ་རེད།

ཚིག་དུམ་སྔ་མ་དེ་བྲིས་ནས་ལོ་གཅིག་འགོར། ཕྱི་མ་དེ་ཟླ་གཅིག་ལྷག་གི་སྔོན་ལ་བྲིས་ཡོད་སྙམ། ད་དུང་ཚིག་དུམ་འདི་དང་འདི་ལྟ་བུ་བྲིས་ན་བྲི་རྒྱུ་མང་པོ་ཡོད་པ་གང་ལྟར་ཡང་། གོང་གསལ་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ཀྱི་ཚིག་དུམ་དེས་སྔར་ཁོ་བོས་ཛ་དྲག་ཏུ་ཚོར་མྱོང་བའི་རང་བཙན་པ་དང་དབུ་མ་པ་གཉིས་ཀྱི་འགལ་བ་དང་། ཆོལ་ཁའི་འཐེན་འཁྱེར་གྱི་འགལ་བ་སོགས་དེ་ཙམ་ཚབས་ཆེན་ཞིག་ཏུ་མ་ཚོར། རྒྱུ་མཚན་ནི་རྒྱལ་ཁབ་དང་རྒྱལ་བརྒྱུད་དེ་ཆིག་སྒྲིལ་ནས་ཁ་ཕྲལ་དང་། ཁ་ཕྲལ་ནས་ཆིག་སྒྲིལ་ལ་བརྩོན་དགོས་པས་རེད། བོད་ཀྱི་གནས་སྟངས་དེ་དུས་ཚོད་གཉན་འཕྲང་ཅན་ཞིག་ཏུ་ཚུད་བསྡད་ཡོད་པ་དང་། རྒྱལ་བ་རིན་པོ་ཆེའི་དགུང་ལོ་བགྲེས་ནའང་། གནས་སྐབས་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཐོར་ཞིག་ཏུ་འགྲོ་མི་སྲིད་ལ། ཆོས་ལུགས་ཀྱི་བཤད་སྟངས་ལྟར་བྱས་ན་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀྱང་འགྲོ་དྲུག་ཀུན་མཁྱེན་ས་ལམ་མ་བཀོད་དེ་སྲིད་སྲིད་པ་གཏོང་གི་མ་རེད་སྙམ།

དེ་ལྟར་དྲན་བཞིན་དྲན་བཞིན་ཁོ་བོས་གོང་གསལ་རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ཀྱི་ཚིག་དུམ་ལས་འཕྲོས་ཏེ་རྩོམ་ཡིག་ཅིག་འབྲི་འདོད་སྐྱེས་བྱུང་ལ། ཐོག་མར་ཚིག་དུམ་དེ་དངོས་སུ་ཡོད་མེད་རྩད་གཅོད་བཏང་བར། གཏམ་རྒྱུད་འདི་ལ་བོད་འགྱུར་གཉིས་ཡོད་པ་མཐོང་ཞིང་། འགྱུར་དེ་གཉིས་ཀྱི་ནང་ན་ཚིག་དུམ་འདི་མི་གསལ་བས་ཅུང་ཙམ་ཡ་མཚན་པར་གྱུར་པས། ཁོ་བོས་ཅི་ཞིག་འབྲི་འདོད་ཀྱི་ཚོར་བ་དེ་ཡང་རླབས་རིས་བཞིན་འཇགས་པར་གྱུར།

འོན་ཀྱང་། རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་བཀླགས་ཀྱིན་བཀླགས་ཀྱིན་ཀློག་མཚམས་འཇོག་འདོད་མེད་པར་གྱུར་ཅིང་། སྒྲུང་འདིའི་ནང་གི་དཔལ་རྟུལ་ཚོའི་སྣང་བརྙན་གྱིས་བོད་ཀྱི་འཕྲུལ་གྱི་ལྷ་བཙན་པོ་རྣམས་དང་ཀྭི་བསོ་ལྷ་རྒྱལ་འཐེན་མྱོང་བའི་དཔའ་རྟུལ་རྣམས་དྲན་དུ་བཅུག་སོང་། གཏམ་རྒྱུད་འདིའི་ནང་དོན་གཙོ་བོ་ནི་ཏུན་ཧན་དུས་མཇུག་ཏུ་རྒྱལ་པོ་རྣམས་ཀྱིས་ས་ཁུལ་བཅད་བཟུང་བྱས་ཤིང་། རྒྱལ་ཁབ་གསུམ་ཕན་ཚུན་ཁ་གཏད་དང་འགལ་བ་ལྟག་སྤྲོད་དུ་ལངས་ནས་མཐར་ཅིན་རྒྱལ་རབས་ཀྱིས་རྒྱལ་ཡོངས་གཅིག་གྱུར་བྱས་པའི་དམག་འཁྲུག་གི་གོ་རིམ་ཆ་ཚང་བ་ཞིག་ཡིན་པ་རེད། གནའ་རབས་དང་དེང་རབས་ཀྱི་ལོ་རྒྱུས་ལ་བལྟས་ནས་སྡོམ་ཚིག་འགོད་རྒྱུ་ལས་སླ་པོ་ཞིག་ག་ལ་ཡིན་མོད། གཏམ་རྒྱུད་འདི་ལ་བལྟས་ན་རྒྱལ་ཁབ་གང་ཞིག་ཡིན་རུང་མི་དཔའ་བོ་དགོས་ཚུལ་བསྟན་འདུག རང་རེ་བོད་ལའང་ཁང་ཆེན་དམར་པོའི་རྨི་ལམ་དང་། ཆུ་ངོགས་གཏམ་རྒྱུད། རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ནང་དུ་འབྱུང་བའི་དཔལ་རྟུལ་ཇི་བཞིན་གྱི་དཔའ་བོ་དང་དཔའ་མོ་ཡོད་མོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཆུ་ངོགས་གཏམ་རྒྱུད་ནང་གི་དཔའ་རྟུལ་རྣམ་པ་ལྟར་རྒྱ་ནག་སྲིད་གཞུང་ལ་མགོ་སྒུར་ཟིན་པས། འབྱུང་འགྱུར་མཇུག་འབྲས་ཅི་ཡོང་ཞུ་དཀའ་བ་ཞིག་རེད།

ཁོ་བོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ལ་མགོ་སྒུར་ཟིན་པར་ལེ་བདའ་བྱས་པ་མིན། ལེ་བདའ་བྱས་ཀྱང་མིག་སྐྲངས་ཐོག་ལ་ཁུ་ཚུར་རེད། འོན་ཀྱང་། མཇུག་མཐར་སྒྲུང་ཞིག་ཞུ་འདོད་བྱུང་། མའོ་ཙེ་ཏུང་ཆུ་ངོགས་གཏམ་རྒྱུད་ལ་དགའ་བོ་ཡོད་པ་རེད་ཟེར། ཁོང་གིས་གནམ་འོག་གི་དཔའ་རྟུལ་རྣམས་ལིང་ཧྲན་མཚོ་གླིང་དུ་འཛོམས་སྐབས་དང་། དཔའ་རྟུལ་རྣམས་ཀྱིས་གོང་མར་གྱེན་ལོག་བྱེད་པར་སྟ་གོན་བཏིངས་སྐབས་ཀྱི་ལོ་རྒྱུས་རྣམས་ཀློག་གིན་ཀློག་གིན་ངར་ལངས་ཏེ་སྤོབས་པ་ཆེན་པོས་ཁུ་ཚུར་འཕྱར་བའི་ལོ་རྒྱུས་ཡོད་པ་དང་། མཐར་སུང་ཅང་གཙོས་པའི་དཔལ་རྟུལ་བརྒྱ་དང་བརྒྱད་ཀྱིས་གོང་མར་མགོ་སྒུར་བའི་ལོ་རྒྱུས་ཀྱི་མཚམས་ལ་ཐོན་འཕྲལ། ཁོང་མལ་ཁྲི་ལས་ཡར་ལངས་ཏེ་ཁོང་ཁྲོ་དྲག་པོས་ལག་གི་དཔེ་ཆའང་ཐང་ལ་གཡུགས་པའི་ལོ་རྒྱུས་བྱུང་མྱོང་བ་དེ་ལ་བསམས་ན། གལ་སྲིད་ཉིན་ཞིག་བོད་མི་ཞིག་གིས་ཀྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རྒྱུས་ལ་བལྟས་རྗེས། ཁོང་ལའང་མའོ་ཙེ་ཏུང་ལྟར་ཁོང་ཁྲོ་ལངས་སྲིད་དམ། འདི་ནི་བརྟག་པ་མཐའ་བཟུང་གི་དྲི་བ་ཞིག་མ་ཡིན་ནམ།

བསམ་ཚུལ།

Post navigation

Previous Post: ༧ པཎ་ཆེན་ཁྲིར་བཞུགས་དང་། ཡང་སྲིད་སྤྲུལ་པའི་ཟློས་གར།
Next Post: བདག་མོ་བསོད་ནམས་དཔལ་སྐྱིད་ལ་བསྟོད་པ་སྟག་ཤར་གཞོན་པའི་སྣང་བ།

Comments (2) on “བརྟག་པ་མཐའ་བཟུང་གི་དྲི་བ།”

  1. བྱང་ཆུབ་ལོ་མ། says:
    2018-04-30 at 1:28 pm

    རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ནས་ཚིག་ལུང་འདྲེན་ཞུས་པ་འདུག་པ་དེ་བོད་འགྱུར་ནང་ན་མེད་པ་དེ་ཁྱེད་བདེན་ངེས། སྒྱུར་མཁན་ཚོས་མ་ཡིག་ནས་འགྱུར་ཆད་བྱུང་བ་ཡིན་ངེས། ཡང་ན། བོད་ཀྱི་མཁས་པ་ཚོས་མེད་པ་ཞིག་ཡོད་པར་བཤད་པ་ཡིན་ངེས། གང་ལྟར། འགྱུར་ཡིག་དང་མ་ཡིག་ལ་འགལ་བ་བྱུང་ན་རྙོག་དྲ་ཆེན་པོ་རེད།

  2. པདྨ་རྣམ་རྒྱལ says:
    2018-05-01 at 1:07 am

    རྩོམ་ཡག རྩོམ་པ་པོ་སྙན་བཟང་ལགས་ལ་རེ་བ་ཆུང་ཆུང་ཞིག་ཞུ་འདོད་བྱུང་། གུས་པ་ང་རང་ནི་ཁྱེད་ཀྱི་རིན་ཐང་ཅན་གྱི་རྩོམ་དག་ལ་གཅིག་མ་ཆད་གཉིས་མ་ལུས་པར་བཀླགས་མཁན་ཞིག་ཡིན་ལ། བློ་སྐྱེད་ཀྱང་མང་པོ་ཞིག་རེག་སོང་། འོན་ཏེ་བོད་ཕྱི་ནང་གཉིས་ཀྱི་ཤེས་ལྡན་པ་མང་ཤོས་ཀྱིས་ཁྱེད་ནི་རིག་གཞུང་ཞིབ་འཇུག་པ་དང་སྐད་གསུམ་ལོ་ཙཱ་བ་ཚད་ལྡན་ཞིག་ལ་ངོས་འཛིན་བཞིན་ཡོད་པས་རིག་གཞུང་ཞིབ་འཇུག་ཐད་ལ་མུ་མཐུད་དུ་འབད་པ་བྱ་རྒྱུ་གལ་ཆེ་བར་མཐོང་། དེ་མིན་རྩོམ་ཡིག་འདི་ལྟ་བུ་སྤེལ་ན་རྙོག་འཛིང་ཆེ་ལ་གཡས་འཐེན་གཡོན་འཁྱེར་གྱིས་ཤུགས་ཆེ་བའི་མིག་སྔར་སྤྱི་ཚོགས་ཀྱི་ཡིག་རྨོངས་ཀྱི་སྡེ་ཡིས་ཁྱེད་ལ་ཁ་རུབ་དང་འཆལ་གཏམ་མི་རྡུང་བ་དང་མི་བཟོ་བ་མི་སྲིད། དེ་ལས་རྣམ་རིག་གསལ་ཞིང་ཀླད་པ་དྭངས་ལ་ཤེས་རབ་ཀྱིས་དོན་སྒྲུབ་པའི་རང་ཚུགས་བཟུང་སྟེ་རིག་གཞུང་ཞིབ་འཇུག་གི་སྒོ་མོ་ཆེ་ཆེར་ཕྱེ་ནས་དཔྱད་སྟོབས་ཀྱིས་འཇུག་པར་བྱས་ཏེ་མ་འོངས་བར་བོད་བྱིངས་ལ་ཕན་པའི་རིག་གཞུང་ཞིབ་འཇུག་པ་ཚད་ལྡན་ཞིག་ཏུ་འགྱུར་བར་རེ་བ་བླ་ལྷག་ཏུ་ཆེའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme