Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྟག་དཔྱད་བྱས་ན་འབྲས་བུ་འདུག

Posted on 2008-08-262008-08-27 By tenzin 3 Comments on བརྟག་དཔྱད་བྱས་ན་འབྲས་བུ་འདུག

 

གུས་པར་ལོ་འགའ་ཤས་རིང་བོད་ཀྱི་སྤྱི་ཚོགས་ནང་མི་འདང་བའི་ཆ་གང་ཡིན་པ་དེར་བརྟག་དཔྱད་བྱ་རྒྱུར་གོམས་གཤིས་ཤིག་སླེབས། སྤྱི་ཚོགས་ཕུལ་དུ་བྱུང་བ་གཞན་རྣམས་དང་བསྡུར་ན། མི་གཅིག་པ་དང་མི་འདང་བ་མང་པོ་ཡོད་མོད། ཡིན་ནའི་གཙོ་བོ་གཅིག་ནི་ངེད་ཚོའི་སྤྱི་ཚོགས་ནང་བརྟག་དཔྱད་བྱེད་པའི་གོམས་གཤིས་དེ་ཤིན་དུ་ཞན་པ་རེད། དེའི་རྒྱུ་མཚན་གཙོ་བོ་གཅིག་ནི་ལེ་ལོ་ཁོ་ན་རེད།

 

བརྟག་དཔྱད་བྱ་བའི་གོམས་གཤིས་དེ་ཕ་མ་ལ་ཡང་མིན་འདུག ཕྲུ་གུ་ལ་ཡང་མིན་འདུག དེ་བཞིན་སྤྱི་ཚོགས་ཁྱོན་ལ་ཡང་ཤིན་དུ་ཉུང་།

 

དེར་བརྟེན་གཞན་གྱི་རྗེས་བྲངས་འགྲོ་རྒྱུར་དགའ་ལ། རྣམ་རྟོག་དང་དངོས་ཡོད་གཉིས་མཉམ་དུ་སྦྲེལ་ནས་དགོས་མེད་ཀྱི་སྡུག་བསྔལ་སྣོན་མ་མང་པོ་ཞིག་བཟོ་བཞིན་འདུག དཔེར་ན་ཕྲུ་གུ་ཞིག་ནང་ལ་ལོག་ནས། ཕ་མར་རྒན་ཕུན་ཚོགས་ལགས་ཨ་རིར་འགྲོ་མཁན་རེད་ལབ་སོང་ཟེར་། ཨ་མས་ལམ་གསེང་ཁ་པར་བཏང་ནས་ཁྱིམ་མཚེས་ལ། ཤེས་རབ། ཁྱེད་ཤེས་སོང་ངས། སློབ་གྲྭའི་རྒན་ཕུན་ཚོགས་ལགས་ཨ་རིར་འགྲོ་མཁན་རེད་འདུག་ཟེར། སང་ཉིན་ཤེས་རབ་ཀྱི་ཨ་མ་རྒན་མོ་དེས་རོགས་པ་ཚོར། རྒན་ཕུན་ཚོགས་ལགས་ཨ་རིར་མགྱོགས་པོ་འགྲོ་མཁན་རེདའདུག་ཟེར། གང་ལྟར་སྐད་ཆ་འདི་ལྟར་ཁྱབ་ནས་བརྟག་དཔྱད་བྱེད་མཁན་མེད།

དཔེར་ན། ཨ་རིའི་ནང་བོད་མི་སྐྱབས་བཅོལ་ཞུ་མཁན་དང་། སྐྱབས་བཅོལ་ཐོབ་ནས་དེབ་ལྗང་བུ་ལག་ཏུ་མ་སླེབས་མཁན། དེབ་ལྗང་གུ་ལག་ཏུ་རགས་ནས་ཨ་རིའི་མི་སེར་གྱི་ཐོབ་ཐང་སྒུག་མཁན་གྱི་བོད་པ་སྟོང་ཕྲག་འགའ་ཤས་ཡོད། དེ་ཚོའི་ནང་བཤད་སྲོལ་གཅིག་འདུག་སྟེ། ཁྱེད་ལ་ཨ་རིའི་མི་སེར་གྱི་ཐོབ་ཐང་མ་རགས་གོང་དང་། དེབ་ལྗང་ཁུ་ལག་ཏུ་མ་སླེབས་གོང་། ཨ་རིའི་གཞུང་ནས་འཕྲོད་བསྟེན་དང་། སྐྱོབ་གསོའི་དངུལ། དེ་བཞིན་དབུལ་སྐྱོར་གྱི་ཁང་གླ་སོགས་ལེན་ན། དེས་རྗེས་མ་ཁྱེད་ལ་ཨ་རིའི་མི་སེར་གྱི་ཐོབ་ཐང་ཐོབ་རྒྱུར་གནོད་པ་སྐྱེལ་གྱི་རེད་ཟེར། མདོར་ན་མི་སེར་ཐོབ་ཐང་མ་ཐོབ་གོང་གཞུང་གི་སྐྱོབ་གསོ་རྣམས་ལེན་ན་མི་སེར་གྱི་ཐོབ་ཐང་རགས་རྒྱུར་འགོག་རྐྱེན་སྤྲོད་ཟེར་སྐད། ངེད་ལ་མི་མང་པོས་འདི་ལྟར་བཤད་མྱོང་ལ། དེའི་སྐོར་ལ་བརྩོད་པ་ཀྱང་ཤོར་ནས་ཐེངས་གཅིག་མི་ཚོགས་ཀྱི་དཀྱིལ་ལ་ངོ་ཚ་ཡང་ཤུགས་ཆེ་ཞིག་བསྟེར་མྱོང་།

 

ཐེངས་གཅིག་རོགས་པའི་ཁྱིམ་ལ་འདུ་འཛོམས་སར་འགྲོ་སྐབས། མི་ཁ་བདེ་པོ་ཞིག་གིས་སྐྱབས་བཅོལ་སྤ་སེ་ཞུ་སྟངས་སྐོར་ལ་ཁོ་པའི་ཉམས་མྱོང་མང་པོ་ཞིག་བཤད་ནས། གང་ལྟར་མི་ཚང་མ་ཁོ་པར་མཐའ་སྐོར་ནས་འདུག ངས་ཀྱང་གང་བཤད་ཀྱི་ཡོད་དམ་སྙམ་ནས་ཉན་པར་ཕྱིན། ཁོ་པས་བཤད་རྒྱུར། ཁོ་པར་སྐྱབས་བཅོལ་སྤ་སེ་སྤྲོད་མཁན་གྱི་ཨ་རིའི་གཞུང་གི་མི་དེ་ཁོ་ལ་དགའ་པོ་བྱུང་ནས། “ཁྱེད་ལ་དཀའ་ངལ་བྱུང་ན་ང་འཚོལ་བར་ཤོག ཨ་རིའི་གཞུང་ནས་དངུལ་རྩ་བ་ནས་མ་ལེན། དེ་ལེན་ན་ཁྱེད་ལ་གྱོང་རགས་ཀྱི་རེད་ཟེར་བྱུང་།” ཟེར་སོང་། ཁོས་ཀྱང་འོ་དེ་བདེན་པ་རེད། དེ་སྔོན་བོད་པ་བསྟན་འཛིན་ཟེར་མཁན་དེ་ཨ་རིའི་མི་སེར་སྤ་སེ་མ་རགས་པར་ཟླ་བ་མང་པོ་ལུས་ཟེར། ཁོ་པས་གཞུང་གི་སྐྱོབ་གསོ་མང་པོ་ལེན་འདུག་ག་”ཟེར།

 

སྐབས་དེ་དུས་ངས་ཁོ་པར། དེ་བདེན་པ་མ་རེད། ཁོར་སྤ་སེ་མི་རགས་པའི་རྒྱུ་མཚན་ནི་ཁོ་པའི་སྤ་སེའི་ཐོག་མི་ཁོངས་ལ་རྒྱ་མི་ཞེས་བྲིས་ཡོད་སྟབས་ཁོ་པས་དེ་རྒྱབ་ཀྱི་མིན་ཟེར་ནས། ཁྲིམས་ཁང་ལ་ཞུ་གཏུགས་བྱས། དེར་ཟླ་བ་མང་པོ་འགོར་ནས་སྤ་སེ་རགས་མེད། ཡིན་ནའི་ཁྲིམས་ཁང་ནས་དེར་བསྒྱུར་བ་བཏང་ནས་ད་ཆ་རྒྱ་མི་ཟེར་བ་དེ་མེད་པ་བཟོ་ཐུབ་ཡོད་ཟེར།

 

ངས་དེ་ལྟར་དག་སེལ་བྱེད་སྐབས། མི་དེས་ཁྱོད་བརྫུན་མ་ཤོད་ཟེར། ཁྱོད་བསྟན་འཛིན་ཟེར་མཁན་གྱི་མི་དེའི་ཨ་ཕ་ཡིན་ནམ་ཡང་ན། ཁོའི་ཨ་ཕྲུག་ཡིན་ཟེར། མི་ཚང་མ་དགོད་ཤོར། ཁོས་ཡང་། འོ་་་་་་ཡང་ན་ཁོའི་བཟའ་ཟླའི་དགའ་རོགས་ཡིན་ནམ་ཟེར། དེར་མི་གཞན་ཚང་མ་དགོད་ཤོར། ཁོ་པས་ད་དུང་དྲངས་རྒྱུར།

 

དེང་སང་ཨན་ཌེ་(Unties )དེ་ཚོར་དགའ་པོ་མང་པོ་ཡོད་སྟབས། ཁྱོ་ཀའི་རྒྱབ་ལ་དགའ་པོ་དེ་ཚོས་ལངས་ཡོང་གི་འདུག་ག་ལབ་མ་ཐག ཁང་པ་ཆུང་ཆུང་དེ་དགོད་སྒྲའི་སྒྲས་འཁེངས། ང་རང་ཡང་ཁ་བསྐྱེངས་ནས་ཁུ་བསིམ་མེར་གནས། ཨན་ཌེ་ཟེར་ན་སྲུ་མོ་ཟེར་བཞིན། བུད་མེད་ལོ་༣༠བརྒལ་བ་དང་། འཁྲུག་ཆ་འདོད་པོ་རྣམས་ལ་ཨན་ཌེ་ཞེས་ཟུར་ཟ་བྱེད་སྲོལ་འདུག

 

རྗེས་སུ་གུས་པས་མི་དེའི་ཤོད་ལུགས་ལ་ཡིད་མ་འཚིམ་པར་ཨ་རིའི་གཞིས་སྤོས་དང་མི་སེར་ལས་ཁུངས། ༼Immigration and Naturalization Service INS༽ལ་འབྲེལ་བ་བྱས་པ་ཡིན་ལ། ཨ་རིའི་སྤྱི་ཚོགས་བདེ་འཇགས་ཞབས་ཞུ་ལས་ཁུངས། ༼Social Security Service༽ལ་ཡང་འབྲེལ་གཏུགས་བྱས་ནས། སྐྱོབ་གསོ་ལེན་པ་དང་མི་སེར་ཐོབ་ཐང་རགས་པ་གཉིས་ལ་རྩད་གཅོད་བྱས།

 

གོང་གི་ལས་ཁུངས་གཉིས་ཀྱིས་མགྲིན་ཚབ་པས་བཤད་རྒྱུར། ཨ་རིའི་གཞུང་གི་རོགས་སྐྱོར་ལེན་པ་འདི་དང་། དེབ་ལྗང་བུ་དང་མི་སེར་ཐོབ་ཐང་ལེན་རྒྱུ་གཉིས་ལ་འབྲེལ་བ་མེད་པ་གསལ་པོར་གསུངས། དེབ་ལྗང་ཁུ་དང་། མི་སེར་གྱི་ཐོབ་ཐང་གཉིས་ནི་བཅའ་ཁྲལ་དུས་ཐོག་ལ་རྒྱབ་ཡོད་མེད་ཀྱི་ཆ་རྐྱེན་ཞིག་ཡོད། དེའི་རྒྱུ་མཚན་ཡང་། ཨ་རིའི་ཁྲིམས་ནང་། བཅའ་ཁྲལ་དུས་ཐོག་ལ་མ་བརྒྱབ་ན་ཁྲིམས་འགལ་ལ་བརྩིས། དེབ་ལྗང་ཁུ་དང་མི་སེར་གྱི་ཐོབ་ཐང་གཉིས་ཁྲིམས་འགལ་མི་སྣར་སྤྲོད་མི་ཆོག་སྟབས། ཁོང་ཚོས་བཅའ་ཁྲལ་དུས་ཐོག་ལ་བརྒྱབ་ཡོད་མེད་ཞིབ་བཤེར་བྱེད། གལ་ཏེ་བཅའ་ཁྲལ་དུས་ཐོག་ལ་བརྒྱབ་མེད་ན་ཁྲིམས་འགལ་ཡིན་སྟབས། མི་དེ་ཚོར་གོང་གི་ཐོབ་ཐང་དེ་ཚོ་སྤྲོད་རྒྱུར་ཕྱིར་འགྱངས་བྱས་ནས་བཅའ་ཁྲལ་རྣམས་གཙང་མ་བཟོ་བར་བྱེད།

 

དེར་བརྟེན་གལ་ཏེ་ཁྱེད་ལ་ནང་མི་མང་པོ་ཡོད་པ་དང་། མི་གཅིག་གི་གླ་ཕོགས་ཀྱིས་ནང་མི་གསོ་མ་ཐུབ་ན། ཨ་རིའི་གཞུང་ལ་སྐྱོབ་གསོའི་རིགས་མང་པོ་ཡོད་ཅིང་། དེ་དག་ལེན་ཐུབ་ན་ནང་མི་དང་བུ་ཕྲུག་ཚང་མར་ཕན་པ་ཆེ། ཨ་རིའི་ནང་གཞིས་ཆགས་པའི་རྒྱ་རིགས་མང་པོ་ཞིག་གིས། དངུལ་སྨར་སྤྲོད་མཁན་གྱི་བཟོ་གྲྭ་དང་ཚོང་ཁང་ལ་ལས་ཀ་བྱས་ནས་གཞུང་ལ་གླ་ཆ་མེད་ཅེས་རོགས་སྐྱོར་ལེན་མཁན་མང་པོ་ཡོད་ཚོད། དངུལ་སྨར་ཐོབ་ན་གཞུང་ནས་གླ་ཆ་ཡོད་མེད་ཤེས་ཐུབ་ཀྱི་མེད། ཁོང་ཚོ་ལྟ་བུའི་བརྫུན་ཤོད་དགོས་དོན་མེད་ཀྱང་། དངོས་ཡོད་དཀའ་ངལ་འཕྲད་མཁན་གྱི་བོད་མི་རྣམས་ནས་གཞུང་གི་རོགས་སྐྱོར་ལེན་ན་དེས་སྤ་སེ་ཞུ་བར་གནོད་པ་མིན་འདུག་གོ

 

དཔེར་ན། བཟའ་མི་བུ་ཕྲུག་ཡོད་པའི་ཁྱིམ་ཚང་ཞིག་ལ་ཁྱོན་ཡོངས་ཀྱི་བདུན་རེའི་ཕོགས་དེ་སྒོར་800ལས་ཉུང་བ་ཡིན་ན། Section 8ཟེར་བའི་ཁང་པའི་རོགས་དངུལ་ཞིག་ལེན་རྒྱུ་འདུག (http://www.nyc.gov/html/nycha/html/section8/section8.shtml)

 

དེ་ཐོབ་ན། ཟླ་རེའི་ཁང་གླའི་འགྲོ་སོང་བརྒྱ་ཆ་མང་ཆེ་བ་གཞུང་ནས་སྤྲོད་པ་དང། ཁྱིམ་བདག་རང་ཉིད་ནས་ཉུང་ངུ་ཞིག་ལས་སྤྲོད་དགོས་ཀྱི་མིན་འདུག སྐྱབས་བཅོལ་རགས་པ་དང་། ཡང་ན་དེབ་ལྗང་ཁུ་ཡོད་པ། དེ་མིན་མི་སེར་བཅས་ཀྱིས་ཐོབ་ཐང་ཡོད་པའི་བོད་མི་ཚོས་དེ་ཞུ་ཆོག་གི་འདུག ད་དུང་དེའི་སྟེང་ཁ་ལག་ཉོ་ཆེད་སྐྱོབ་གསོའི་པ་སེ་Food Stamp ((http://www.fns.usda.gov/fsp/) ལེན་ཡས་འདུག་ལ། པ་སེ་དེ་བཟའ་ཆས་ཚོང་ཁང་མང་ཆེ་བའི་ནང་ལེན་གྱི་འདུག དེ་ཚོའི་ནང་སྐྱབས་བཅོལ་དང་དེ་མིན་གྱི་ཆ་རྐྱེན་སོགས་བཏོན་མིན་འདུག

 

མདོར་ན་བརྟག་དཔྱད་བྱ་རྒྱུའི་གོམས་གཤིས་ཤིག་རང་ལ་འཇགས་ཐུབ་པ་བྱེད་པ་དེ་སྤྱི་སྒེར་ཚང་མར་གལ་ཆེ་རེད་སྙམ།

 

 

 

 

 

རྩོམ་རིག

Post navigation

Previous Post: དེབ་ཐེར་ནག་པོ།-གྷོལ་ཌི་སི་ཐེན་དང་བོད་ཀྱི་རྒྱལ་རབས་མེད་པར་བཟོ་བ། ཆ་དང་པོ།
Next Post: ཁ་བརྡའི་གསལ་བཤད།

Comments (3) on “བརྟག་དཔྱད་བྱས་ན་འབྲས་བུ་འདུག”

  1. ÇtôzÅ-q- says:
    2008-08-27 at 5:40 pm

    བསྟན་འཛིན་ལགས། ཐུགས་རྗེ་ཆེ། ཁྱེད་ཀྱིས་དྲང་གཏམ་གླེང་བ་ཤིན་ཏུ་ལེགས། བོད་མི་གཞན་གྱིས་ཕན་ཐོགས་ཡོད་པའི་གནས་ཚུལ་ཞིག་གསལ་རྟོགས་བྱུང་ཡང་རང་ཉིད་དང་རབ་ན་རང་ཉིད་ཀྱི་སྤུན་གྲོགས་རེ་ཟུང་བོད་མི་རིས་མེད་ལ་ཕན་པའི་གཏམ་དེ་གླེང་བ་ཕལ་ཆེར་མེད། ཕལ་མོ་ཆེ་རང་མགོ་གང་ཐོན་བྱེད་པ་འདི་ནི་རང་རེའི་སྤྱི་ཚོགས་ཀྱི་མ་འདངས་བའི་ཆ་ཆེ་ཤོས་རེད། ཤེས་མཁན་ཚོས་ཤེས་མདོག་གིས་རང་མགོ་གང་ཐོན་དང་བྱེད་ཅིང་ཕལ་མོ་ཆེ་མི་ཤེས་མཁན་ཡིན་སྟབས་རི་བོང་ཅལ་འགྲོག་ཙམ་ལས་མེད་སྐབས་ཕན་ཐོགས་ཡོད་པའི་སྐད་ཆ་རྣམས་གང་ཐུབ་ཐུབ་ཀྱིས་སྒྲོགས་རྒྱུ་གལ་ཆེན་དུ་མཐོང་།

  2. ÇtôzÅ-q- says:
    2008-08-27 at 5:45 pm

    སྤྱིར་བོད་མི་མང་པོ་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་འགྲོ་བཞིན་ཡོད་ཐོག་ལྷག་པར་ད་ནི་རྒྱ་གར་ནས་བོད་མི་སྟོང་ཕྲག་ཁ་ཤས་ཤིག་ཨ་མེ་རི་ཁའི་མངའ་སྡེ་གཅིག་སྒྲིལ་དུ་གཏོང་རྒྱུ་གཏན་འཁེལ་ཟིན་སྟབས་ཁྱེད་ཀྱི་ལམ་སྟོན་ལྟ་བུ་ནི་མིག་སྨན་མིག་ཐོག་ཡིན་རྒྱུ་རེད།

  3. Rabjor says:
    2008-08-27 at 11:42 pm

    མཁས་པ་རང་གིས་དཔྱོད་ཤེས་ཀྱི༎ བླུན་པོ་གྲགས་པའི་རྗེས་སུ་རྒྱུགས༎ཟེར་བ་ཅིས་མ་བདེན། མི་རེ་རེའི་སྐེ་ན་མགོ་རེ་དང་། མགོ་ན་ཀླད་པ་རེ་ཡོད་པ་དེ་རང་རང་ལ་དབང་བར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (64)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme