Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྗེད་དཀའ་བའི་ལོ་ཟླ་དེ་དག

Posted on 2012-08-042012-08-04 By ཁ་བརྡ་ No Comments on བརྗེད་དཀའ་བའི་ལོ་ཟླ་དེ་དག

འཛུམ་ཆུང་བཀྲ་ཤིས།

གྲོགས་པོའི་ཉིན་མོ་ནི་དང་ཐོག་ཧོལ་མེར་ཀ་ཤིས་ཤོག་ (Hallmark Cards) བཟོ་གྲྭ་གསར་འཛུགས་བྱེད་མཁན་རྗོ་ཡེ་ཧོལ་ (Joy Hall) ལགས་ཀྱིས་ཕྱི་ལོ་ ༡༩༡༩ ལོར་གསར་གཏོད་བྱས་ཤིང་། དེ་ནི་ཕྱི་ཟླ་ ༨ པའི་ཚེས་ ༢ སྟེ་མི་ཚོས་ཕན་ཚུན་ལ་ཤིས་ཤོག་བཏང་ནས་གྲོགས་པོའི་མཛའ་བརྩེ་བརྩི་སྲུང་བྱེད་པའི་ཉིན་མོ་ཞིག་ཡིན། དེ་ཡང་ཟླ་ ༨ པའི་ཚེས་ ༢ འདེམས་དོན་ནི་ཉིན་དེ་བཞིན་གུང་གསེང་ཆེས་མང་བའི་ཞི་འཇམ་དུས་སྐབས་ཀྱི་དཀྱིལ་དུ་ཁེལ་ཡོད་པས་ཡིན། གྲོགས་པོའི་ཉིན་མོ་ནི་ཕྱི་ལོ་ ༡༩༢༠ དུས་སྐབས་སུ་རྒྱལ་ཡོངས་ཤིས་ཤོག་ལྷན་ཚོགས་ (Greeting Cards National Association ) ཀྱིས་དར་སྤེལ་དུ་བཏང་བ་ཞིག་ཡིན་ན་ཡང་རྗེས་སུ་ཤིས་ཤོག་ཉོ་མཁན་ཚོས་དེ་ནི་ཚོང་དོན་ཁེ་ཕན་ཁྱབ་སྤེལ་གྱི་ཆེད་དུ་རེད་ཅེས་ངོ་རྒོལ་ཡང་བྱས་མྱོང། དེ་ཡང་ ༡༩༤༠ དུས་སྐབས་སུ་ཨ་རིའི་ནང་དུ་གྲོགས་པོའི་ཤིས་ཤོག་གི་ཁ་གྲངས་ཇེ་ཉུང་དུ་གྱུར་ནས་གྲོགས་པོའི་ཉིན་མོ་ཡང་མཇུག་རྫོགས་པ་རེད། གྲོགས་པོའི་ཉིན་མོ་དེ་ཡུ་རོབ་ནང་དུ་བརྒྱུད་སྤེལ་བྱེད་པའི་དུས་ཚོད་ཀྱི་བདེན་དཔང་མེད་ན་ཡང། ཨེ་ཤེ་ཡའི་ཡུལ་ལུང་འགའ་ཤས་ནང་ཉིན་གཅིག་གྲོགས་པོའི་ཆེད་དུ་གཏོང་བའི་ལམ་ལུགས་དེ་སླར་གསོ་རྒྱུན་འཛིན་བྱས་ཡོད་པ་རེད། ད་ལྟའི་ཆར་གྲོགས་པོའི་ཉིན་མོ་དེ་བཞིན་རྒྱལ་ཁབ་འདྲ་མིན་གྱིས་མངོན་འདོད་ཆེན་པོས་བརྩི་སྲུང་བྱེད་བཞིན་ཡོད་པའི་དུས་ཆེན་ཞིག་ཡིན། གྲོགས་པོ་ཉིན་མོའི་དུས་ཆེན་འདི་བཞིན་ཡུལ་ལུང་མི་འདྲ་བ་རེ་ལ་གཏོང་སྲོལ་གྱི་ཉིན་མོ་ཡང་མི་འདྲ་བ་རེ་ཡོད་པ་སྟེ། སྟོབས་ཆེན་རྒྱལ་ཁབ་ཁག་གིས་གྲོགས་པོའི་ཉིན་མོ་དེ་བཞིན་ཕྱི་ལོ་ ༡༩༥༨ ལོའི་ཟླ་ ༧ པའི་ཚེས་ ༣༠ ལ་བརྩི་རྒྱུར་གྲོས་བཏོན་པ་དང། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༧ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་ ༣༠ ནི་གཞུང་འབྲེལ་གྱི་རྒྱལ་སྤྱིའི་གྲོགས་པོའི་ཉིན་མོར་བརྩི་སྲུང་བྱ་རྒྱུའི་ཐག་བཅད་པ་རེད། ཡིན་ན་ཡང་རྒྱ་གར་གཏོགས་པའི་ཡུལ་ལུང་མང་ཤོས་ཤིག་གིས་གྲོགས་པོའི་ཉིན་མོ་ནི་ཕྱི་ཟླ་བརྒྱད་པའི་བདུན་ཕྲག་དང་པོའི་རེས་གཟའ་ཉི་མ་ལ་གཏོང་སྲོལ་ཡོད་པའི་དུས་ཆེན་ཞིག་རེད།­­

—གྲོགས་པོ་ཚོར་ཕུལ་བ།
རིང་རྒྱུ་མེད་ལ་ཐུང་རྒྱུ་མེད་པའི་ཉིན་མཚན་དེ་དག
སྐྱིད་རྒྱུ་མེད་ལ་སྡུག་རྒྱུ་ཡང་མེད་པའི་ལོ་ཟླ་དེ་དག
ཉིན་མཚན་དང་ལོ་ཟླ་དེ་དག་ནི།
དགོད་སྒྲ་དང་མིག་ཆུ་འདྲེས་པའི་ཡིད་འོང་གི་ཕྱིན་དྲན་རྐྱང་རྐྱང་ཡིན།
མེ་ཏོག་དང་ཁ་བ་འཐབས་པའི་མཛེས་སྡུག་གི་འདས་དོན་ཏག་ཏག་ཡིན།

བུ་མོ་ཚོའི་ཡག་སྡུག་བརྩད་ཅིང།
མཛེས་མ་ཚོའི་བརླ་ཤ་གླེང་མྱོང་བའི་ལོ་ཟླ་དག་ཏུ།
བརྩེ་བའི་རླུང་ཁ་ནས་འུ་ཚོ་མཉམ་དུ་བགད་མྱོང་ལ།
དགེ་རྒན་ཚོའི་ལེགས་ཉེས་དཔྱད་ཅིང།
སློབ་གྲོགས་ཚོའི་གསང་བ་བཙལ་བའི་དུས་ཚིགས་དག་ཏུ།
དུངས་བའི་ཆང་ཁ་ནས་འུ་ཚོ་ལྷན་དུ་ངུས་མྱོང་བ།
ང་དང་ཁྱོད་ཚོའི་འདས་ཟིན་པའི་མི་ཚེ་ལ།
བསུབ་དཀའ་བའི་མཛའ་བརྩེའི་རྐང་རྗེས་འཇོག་སྟངས་ཡིན།

མཚམས་རེར་བྲལ་ཞིང་ལན་རེར་འཛོམས་པའི་དུས་ཚོད།
ལན་རེར་འདུས་ཤིང་མཚམས་རེར་གྱེས་པའི་དུས་ཚིགས།
དུས་ཚོད་དང་དུས་ཚིགས་དེ་དག་གི་ཀློང་ནས།
ང་ཚོས་གཞོན་པའི་ལོ་ཟླའི་གསེབ་ལ།
རྗོགས་རྒྱུ་མེད་པའི་བརྩེ་བའི་གཏམ་རྒྱུད་མང་པོ་བྲིས་མྱོང་ལ།
ང་ཚོས་སྨྱོན་པའི་མི་ཚེའི་གཞུང་ལ།
བསུབ་ཐབས་བྲལ་བའི་དགའ་བའི་རི་མོ་ཡང་མང་པོ་ཕབས་མྱོང་།

དགའ་སྐྱོའི་ས་བོན་མཉམ་དུ་བཏབས་ཤིང།
བདེ་སྡུག་གི་མེ་ཏོག་ལྷན་དུ་བཏུས་ནས།
གནམ་ས་འདིའི་བར་ན་འུ་ཅག་ལས་སྐྱིད་ཅིག་མེད་སྙམ་སྟངས་དང་།
འཇིག་རྟེན་འདིའི་སྟེང་ན་ང་ཚོ་ལས་ལྷག་ཅིག་མེད་བསམ་ཚུལ་ནི།
མཛའ་བའི་སེམས་ལ་ང་རྒྱལ་གྱིས་ལྷན་པ་རྒྱག་ཚུལ་དང།
བརྩེ་བའི་སྙིང་ལ་ཁེངས་དྲེགས་ཀྱིས་ཁ་དོག་བྱུགས་སྟངས་ཡིན་ངེས།
འདི་ལྟར་བསམ་ན།
དེ་དུས་ང་དང་ཁྱོད་ཀྱི་འཆར་གཞི་མེད་པའི་མདུན་ལམ་གཅིག་ཡིན་ལ།
ཁྱོད་དང་ང་ཡི་ཁ་ཕྱོགས་བྲལ་བའི་རྨི་ལམ་ཡང་གཅིག་ཡིན།
ད་དུང་། ཁྱོད་ལ་དབང་བ་ང་ལ་བདག་ཅིང་།
ང་ལ་བདག་པ་ཁྱོད་ལ་ཡང་དབང་བའི་ལོ་ཟླ་དེ་དག
ལོ་ཟླ་དེ་དག་ནི་དགོད་སླ་ལ་ངུ་སྐྱེན་པའི་འུ་ཅག་ཁོ་ནའི་འཚོ་བ་ཡིན།
ལོ་ཟླ་དེ་དག་ནི་བརྗེད་དཀའ་ཞིང་དྲན་སླ་བའི་ང་ཚོ་གཅིག་པོའི་དྲན་ཤིང་ཡིན།

ཁ་གྱེས་ནས་ཡུན་རིང་ཞིག་འགོར་རྗེས་ཀྱི་དེ་རིང་།
ཁྱེད་ཚོས་སྔོན་ཆད་ལྟ་བུའི་སླར་འཛོམས་ཤིག་ལ་རེ་བ་རྒྱག་པ་དང།
ང་ཡིས་འདས་བ་འདྲ་བའི་ད་ལྟ་ཞིག་ལ་སྨོན་པ་བྱེད་པ་ནི།
མང་ཙམ་རྒས་པའི་ངོ་གདོང་དེ་དག་དང།
ཅུང་ཙམ་འགྱུར་བའི་སེམས་པ་དེ་ཚོའི་ངོགས་ན།
མངོན་པར་སྣང་བའི་དྭངས་གཙང་གི་ཁ་དོག་དེ་ཡིན་པས།
ས་གནས་གང་རུང་ན་ལས་གནས་གང་རུང་ལ་འཐམས་པའི་འུ་ཅག
འདས་ཟིན་པའི་ལོ་ཟླ་ལ་ཕྱིར་ལོག་ཐེངས་གཅིག་བྱས་ན་ཅི་འདྲ་རེད།
ངའི་སྙིང་ཉེ་བའི་གྲོགས་པོ་ཚོ།
༢༠༡༢།༨།༤ རྒྱལ་སྤྱིའི་གྲོགས་པོ་ཉིན་མོར་ཆེད་དུ་བྲིས་པའོ།།

རྩོམ་རིག

Post navigation

Previous Post: གབ་ཚིག་མགོ་རྙོགས་བཅུ།
Next Post: རྗར་མེ་ནི་བོད་ཀྱི་ཁང་པའི་གསལ་བསྒྲགས

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme