Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཟོད་སྒོམ་བྱེད་དགོས་དོན་ཅི་ཡིན་ནམ། ནག་ཐར་སྐྱིད།

Posted on 2012-12-25 By ཁ་བརྡ་ 7 Comments on བཟོད་སྒོམ་བྱེད་དགོས་དོན་ཅི་ཡིན་ནམ། ནག་ཐར་སྐྱིད།

དང་པོ།

མི་ལོ་འདི་དག་གི་ཡར་སྔོན་ལ་ང་ཚོས་འཛམ་གླིང་གི་རྩེ་མོ་དེ་ནས་ཁེར་རྐྱང་དུ་ལུས་སེམས་གཉིས་ཐད་ལ་སྐྱབས་གནས་རེ་དང་འཚོ་དཔོན་རེ་མཆོད་བཀུར་བྱས། པོ་ཏྰ་ལའི་བརྗིད་ཉམས་འོག་གཉའ་སྒུར་སྒུར་དང་རྒྱུད་པ་ལྷེམ་ལྷེམ་གྱིས་ཁོ་བོ་ཚོ་གླིང་
སྐོར་དུ་བསུ་མ་བྱས་ཤིང་སྐྱེལ་མ་བྱས། ཏག་ཏག་དུས་རབས་འདི་དང་གནས་སྟངས་འདི་ལྟ་བུའི་ནང་། ད་ལྟ་ང་ཚོས་སྐྱབས་བཅོལ་ཞིང་རེ་བཅའ་སའི་སྟོབས་ལྡན་རྒྱལ་ཁབ་འདི་ཚོ་ཡང་བུ་རབས་ཚ་རྒྱུད་ལ་སྐྱིད་སྣང་མི་ཚོར་ཞིང་སྡུག་སྣང་མི་ཤེས་བའི་
གཞུང་འབངས་དུ་མས་གྲུབ། ག་ལེར་གཉའ་མནོན་དང་བརྙས་མོད་ཆོས་སྲིད་ཀྱི་དབང་ཤུགས་བཟོད་ཐབས་བྲལ་ནས་ན་ཟུག་གིས་མ་བཟོད་པར་འཕགས་འཚགས་བྱས་ལངས་ཕྱོགས་བཟོས། གཞི་ནས་དེ་རིང་གི་འུ་ཅག་ཡིད་སྨོན་སྐྱེས་སའི་རྒྱབ་ཁབ་འདི་ཚོ་
རང་དབང་གི་སྐལ་བ་ལྡན་པར་གྱུར།
གངས་རི་ར་བའི་བསྐོར་བས་ཞིང་ཁམས་འདིར་འགྲུལ་བསྐྱོད་མི་བདེ་བའམ་མི་འདོད་པའི་ཆ་ནས། ང་ཚོས་ཅི་ཡང་མ་ཐོས་ལ་གང་ཡང་མ་མཐོང་བ་ཡིན་ལས་ཆེ། མེས་བོ་ཚོའི་ཤུལ་བཞག་མཐའ་དག་གཞུང་འབངས་འདིའི་གྲུབ་ལུགས་ཡོད་ཚད་རྡོ་རྗེ་
བཀའ་ལུང་བཞིན་བསྒྱུར་དུ་མི་རུང་ལ་འགྱུར་མེད་ཉིད་དུ་སྒོམས། མི་ལོ་ལྔ་བཅུའི་ཡར་སྔོན་འདི་ནས་བཟུང་དེ་སྔོན་གཡས་ལྟར་གཡོན་ལྟར་གྱི་བོད་འབངས་ཚོའི་གུས་ཞབས་ཆེ་བའི་ཉམས་འགྱུར་ཡང་། པོ་ཏྰ་ལའི་མཐའ་འཁོར་ནས་དམག་ཆས་མེད་པའི་
གཡུལ་འགྱེལ་མཁན་དུ་གྱུར། མེ་སྒྱོགས་དུ་མའི་ཁ་གཏད་དུ་ཐལ་མོ་སྦྱར། མིག་ཆུ་བཏོན་ཐ་ན་རང་ཉིད་ཀྱི་ལུས་ཟུང་ཡོངས་རྫོགས་བློས་བཏང་ནས་འགེབས་སྲུང་གི་ལས་བརྩམས་འགོག་རྒོལ་བྱས། གང་ལྟར་ཆེས་མུན་ནག་གི་ཉིན་མོ་འདིར་ཡོད་ཚད་
བསྒྱུར་དགོས་བ་བྱུང་ལ་འགྱུར་འགྲོ་བ་ཉིད་དུ་སྣང་།

གཉིས་བ།

ཕ་ས་ཕ་ཡུལ་ན་ཡོད་དུས་མི་སྐྱིད་པ་དང་མི་འདོད་པའི་སྣང་བ་ཅི་ཡང་སྐྱེས། རང་ས་རང་ཡུལ་དང་བྲལ་ཉིན་དེ་ཉིད་བསམ་ཞིང་དེ་ཉིད་དྲན་ནས་སྐྱིད་སྡུག་གང་ཡང་ཚོར། མི་ཡུལ་ནས་གནས་ཚང་མི་འཁྱོལ་ལ་རང་ཡུལ་ནས་འདོད་བློ་མི་ཁེངས་བའི་
བསམ་ཕྱོགས་འདི། སྐུད་ཐག་ཆད་པའི་ཤོག་བྱ་བཞིན་ཕྱོགས་ངོས་མེད་དུ་འཁོར་འགྲོ་བས་ན། ཅི་ཞིག་གིས་ལན་པ་ཡིན་ནམ་སུ་ཞིག་ལ་བློ་ཐག་ཉེ་སམ།
ན་ཚོད་འདིའི་དབང་གིས་རང་ས་རང་ཡུལ་གྱི་རི་ཆུ་དང་མཁར་ཤུལ་དེ་དག་གི་བྱུང་རིམ་ལ་ཡང་ཡང་ཉན་འདོད་པས་རྒན་ཁོག་ག་ཚོད་ཅིག་མཆིས་སམ། འདས་བོ་དེ་ཚོ་དུག་ཞག་གང་འདྲ་ཞིག་དང་རྨུ་ཐག་ཅི་འདྲ་ཞིག་ལ་བརྟེན་ནས་ཕྱིར་འཇིག་རྟེན་ན་
ག་ཚོད་ཞིག་སྐྱེས་འདུག་གམ། འདས་བ་ཁོ་ཚོ་འཇིག་རྟེན་ཡོད་དུས་ཕ་མ་བྱམས་བརྩེ་ཅན་ཞིག་དང་མི་ལུས་གཙང་མ་ཞིག་ཐོབ་པར་སྨོན་ལམ་སྙིང་ནས་འདེབས་མཁན་དག་ཡིན་ལ། ཐ་ན་དུད་འགྲོ་ཞིག་གི་སྐྱེས་ཚུན་ཡང་རྩ་ཆུ་འཛོམས་ས་ཞིག་དང་རྒྱུ་
བདག་སྙིང་རྗེ་ཞིག་ལ་རེ་བ་བྱེད་ཅིང་། ཁ་ཟས་རྩམ་རྡོག་གཅིག་ཟས་རུང་རྒྱུ་འབྲས་ལ་ཆེ་ཆུང་བཏོན་མ་མྱོང་།

གསུམ་པ།

གང་ཞིག་ན་བག་ཡངས་ཀྱིས་འཚོ་བ་དེ་ལ་འཇབ་རྒོད་ཀྱིས་འཇིགས་སྐུལ་བྱེད་པ། ཅི་ཞིག་མྱོང་རོལ་དུ་མཉེས་ན་དེ་ལ་དུག་བཏབས་ནས་ཚེ་སྲོག་གཅོད་པ། ཅི་ལྟར་ཁུ་སུམ་ཚེ་དེ་ལྟར་རྙི་ཐབས་ལ་བརྟེན་ནས་མགོ་རྐང་འབྲེགས་བ་སོགས་རྔོན་པའི་བྱེད་
ལས་འདི་རིགས། མིག་རིག་རིག་དང་ཨམ་ཅོག་གྲུང་གྲུང་བྱེད་ཀྱིན་རྩི་ཏོག་སྒུམ་མཁན་རི་དགས་ཉམས་ཆུང་དག་ལ་མཚོན་ན། མི་འདོད་བཞིན་དུ་འཁུར་ཀྱིན་པའི་བཙན་དབང་དང་ཕྱིར་ཟློག་མི་ནུས་བའི་གདུག་རྩུབ་རེད་དེ། ལྷན་སྐྱེས་ཀྱི་བདག་འཛིན་
གྲུབ་པའི་འཚོ་ཐབས་ཞིག་ཀྱང་རེད། འདི་ལྟར་ཡ་ང་བའི་འཚོ་བ་མཐོང་བ་དང་ཐོས་བའི་ཁྲོད་དུ་བསམ་གཞིགས་ཀྱང་དེ་ལྟར་མི་བྱེད་ག་མེད་བྱུང་། རང་ཉིད་ཀྱི་གཉའ་ནས་མནོན་མཁན་དང་ལུས་ལ་མནར་གཅོད་གཏོང་མཁན་ཚོ། ཕྱིར་ཟློག་གི་ཆེད་དུ་
མཆེ་བ་གཙིགས་མ་ཐུབ་ནས་སྡེར་བཀྲད་བྱེད་མི་ནུས་བའི་ཉམས་ཆུང་ཚོ་ནི། ནམ་ཡང་ནུས་མེད་དེ། རང་ཉིད་ཀྱི་ཚེ་སྲོག་དང་རང་དབང་། ཁེ་དབང་དང་བདེ་སྐྱིད་ཀྱི་འཚོ་བ་སོགས་འགེབས་སྲུང་མི་ཐུབ་ལ་བདག་དབང་ནམ་ཡང་ཐོབ་མི་སྲིད་པའོ།
ནག་ཐར་སྐྱིད་ནས།

སྣ་ཚོགས།

Post navigation

Previous Post: འབྲས་སྤུངས་ཞོ་སྟོན་དམག་གིས་བསྐོར་བ། ༼པར་རིས༽
Next Post: མི་ལོ་ཉེར་ལྔའི་དུས་དྲན་གྱི་རྒུ་ཚ་བཙོན་ཁང་གི་ལོ་རྒྱུས།

Comments (7) on “བཟོད་སྒོམ་བྱེད་དགོས་དོན་ཅི་ཡིན་ནམ། ནག་ཐར་སྐྱིད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-12-26 at 3:06 am

    གསུམ་པ་ལ་གསུམ་པ་ཞེས་བྲིས་ཐུབ་པ་ལ། གཉིས་པ་ལ་གཉིས་བ་ཞེས་འབྲི་དགོས་དོན་ཅི་ཡིན་ནམ།

  2. ལེགས་བཤད། says:
    2012-12-26 at 3:16 am

    ནགས་ཐར་སྐྱིད་ཀྱིས་རང་ཉིད་ཀྱི་ཚེ་སྲོག་དང་རང་དབང་། ཁེ་དབང་དང་བདེ་སྐྱིད་ཀྱི་འཚོ་བ་སོགས་འགེབས་སྲུང་མི་ཐུབ་ལ་བདག་དབང་ནམ་ཡང་ཐོབ་མི་སྲིད་པའོ། །ཞེས་པ་འདི་ལ་གོ་རྒྱུ་འདུག །

  3. ལེགས་བཤད། says:
    2012-12-26 at 3:21 am

    མཚན་བརྗོད་ལས། སྙིང་རྗེ་ཡི་ནི་ཡ་ལད་དགོས།།ཤེས་རབ་རལ་གྲི་མདའ་གཞུ་ཐོགས།།ཞེས་དང་། ས་ལེགས་ལས། བླུན་པོ་དཔའ་རྩལ་ཆེ་ན་ཡང་།།མཁས་པ་མིན་པས་དཔའ་མི་ཐོབ། །

  4. ནག་ཐར་སྐྱིད། says:
    2012-12-26 at 4:22 am

    ཁ་བརྡ་རྩོམ་སྒྲིག་པ་མཆོག་ལ་ཞུ་རྒྱུ། མ་གཞི་ནས་སྐབས་ཀྱི་བརྗོད་གཞི་འདི་ཐོལ་དྲན་ཞིག་ཡིན་པར་བརྟེན་ཁ་བྱང་ལ་འགྲེལ་ཞིག་བཞག་ཡོད་དེ། འདིར་བཀོད་མི་འདུག་ལ། ལྷག་ཏུ་ཡི་གེ་ཐིག་ཕྲེང་གཅོད་མཚམས་མདོག་ཉེ་བོ་ཞིག་ཆགས་འདུག་ན། རྗེས་ཕྱོགས་རམ་འདེགས་རེ་ཡོང་བ་ཞུ་ཞུ། ཐུགས་རྗེ་ཆེ།

  5. རིག་པའི་བུ says:
    2012-12-26 at 9:18 am

    ཀློག་ཡོད།

  6. འཆི་མེད་གཡང་དྲུང་། says:
    2012-12-26 at 5:00 pm

    ཆོས་བའི་ཀློག་ན་གོ་བ་ཞིག་དང་སྲིད་དོན་པའི་ཀློག་རུང་སེམས་ལ་འབབ་རྒྱུ་རེ་ཡོད་ཚེ། དུམ་མཚམས་གསུམ་ག་རྐང་གསུམ་ལྟར་གཅིག་ལ་་ཅིག་རྟེན་གྱི་ཚུལ་དུ་འཇོག་དགོས་བ་མིན་འགྲོ།

  7. རིན་ཆེན says:
    2012-12-27 at 9:46 am

    ནག་ཐར་སྐྱིད་ཀྱི་འདི་ལ་མི་གཞན་ཞིག་གིས་དཔྱད་བརྗོད་འབྲི་རྒྱུ་ན་བཤད་རྒྱུ་མང་པོ་ཞིག་དང་བསམ་རྒྱུ་མང་པོ་ཞིག་ཡོད་པ་ཐག་གིས་ཆོད།ཡིན་ཡང་ཁ་སང་དེ་རིང་དཔྱད་བརྗོད་ཀྱི་ལམ་ནས་ལེ་གདའ་བྱེད་དགོས་ཚེ།ཡང་མི་དེའི་མགོ་ལ་ཞྭ་མོ་ནག་པོ་ཞིག་གཡོགས་སྲིད་པས་རེ་ཞིག་ཕྲན་གྱིས་བཏང་སྙོམས་སུ་བཞག་གོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme