Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཟོད་ཐབས་ཡེ་ནས་མེད།

Posted on 2020-06-012020-06-01 By ཁ་བརྡ 3 Comments on བཟོད་ཐབས་ཡེ་ནས་མེད།

སྒྲོལ་མ་ཉེར་གཅིག
 
ཉིན་ཤས་སྔོན་ཙམ་ལ་ཡང་བསྐྱར་ཆོས་རིག་བཀའ་བློན་གྱིས་བཟོད་གསོལ་དང་གསལ་བཤད་ཅེས་པའི་ཡི་གེ་ཞིག་བཀྲམ་འདུག ཉིན་འདི་འགའི་རིང་ཚ་ཚ་འུར་འུར་གྱིས་གླེང་བཞིན་པ་ནི། གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ཆོས་རིག་བཀའ་བློན་ནས་རྩ་དགོངས་ཞུ་དགོས་ཞེས་བཤད་ཀྱི་ཡོད་པ་ལས་བཟོད་གསོལ་ཞུ་དགོས་པའི་འབོད་སྐུལ་བྱེད་མཁན་མཐོང་མ་སོང་། གྲྭ་རྒན་ཁ་ནག་དེས། ཕལ་ཆེར་ཁ་མཆུ་ཨང་ཉི་ཤུ་བའི་བཅད་ཁྲའི་ནང་གི་བཟོད་གསོལ་ཞུ་དགོས་ཞེས་པའི་དོན་དག་དེ་ད་དུང་རྨི་ལམ་གཏོང་གི་ཡོད་པ་འདྲ། ཁ་ནས་བཤད་པ་ཙམ་གྱིས་བཟོད་ཐབས་ཡེ་ནས་མེད། དངོས་སུ་ཆོས་རིག་བཀའ་བློན་ནས་རྩ་དགོངས་ཞུ་དགོས་པའི་མི་མང་གི་རེ་བ་ལག་ལེན་བསྟར་དགོས།

སྤྱིར་བཏང་གྲྭ་རྒན་འདི་ཁ་ལག་གཉིས་ཀ་སྡོད་མི་ཚུགས་པའི་ཙི་ཙི་ལྟ་བུ་ཞིག་རེད། ན་ནིང་ཡང་ཡར་དང་མར་ཞེས་བཤད་མི་དགོས་པ་མང་པོ་ཞིག་གི་མགོ་བཟུང་ནས་རྙོག་དྲ་བསླངས་པ་རེད། ད་ལོ་ཡང་གནད་འགག་ལ་ཐུག་ཡོང་དུས་དོན་ལ་ཚིག་གིས་ལྷན་པ་བརྒྱབ་ནས་སྤྱི་ཚོགས་དཀྲུགས་སོང་། གྲྭ་རྒན་འདིའི་སྔ་ཕྱི་བར་གསུམ་གྱི་བྱེད་བབ་ལ་བརྟག་ཡོང་ན། འདི་ཡང་དམིགས་ཡུལ་ངན་པ་ཡོད་པའི་མི་ཞིག་ཡིན་པ་ཤེས་ཐུབ་སྟེ། ཏཱ་ལའི་བླ་མས་བསྟན་པ་བཤིག་པའི་སྟ་རེ་བཟོས་སོང་ཞེས་བཤད་མཁན་དེ་ཉིད་སྲུང་སྐྱོབ་ཀྱི་ཆེད་དུ་བཀའ་བློན་གྱི་མིང་དང་གཞུང་འབྲེལ་གྱི་ལས་ཤོག་བེད་སྤྱད་ནས་དོན་དངོས་ལ་འགྲེལ་བཤད་ལོག་པ་བརྒྱབ་སོང་།

གཡུ་ཐོག་ཟེར་བའི་གྲྭ་རྒན་འདི་ཆོས་རིག་བཀའ་བློན་གྱི་ལས་སྣེ་ལ་བསླེབས་ནས་བཟུང་། གོང་ས་མཆོག་ལ་མཚན་སྨད་དང་ཐུགས་དགོངས་དཀྲུག་མཁན་སྔར་ལས་མང་དུ་ཕྱིན་སོང་། ཡིན་ནའང་། ད་བར་དུ་གོ་མེད་ཚོར་མེད་ངང་བཞག་ནས་བདག་པོ་མ་བརྒྱབ་པས། ད་ལན་དཀོན་མཆོག་གིས་གཡུ་ཐོག་ལ་ཉེས་ཆད་གང་ལས་ལྕི་བ་ཞིག་གཅོད་རྩིས་ཡོད་པ་འདྲ།

སྨྲ་བརྗོད་རང་དབང་ནི། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སྐྱེ་བོ་རྒན་གཞོན་བར་གསུམ་ཡོངས་ལ་གཅིག་མཚུངས་སུ་ཡོད་པའི་རྒྱུ་མཚན་གྱིས་གཞན་ལ་གཞི་མེད་སྐྱོན་བརྗོད་དང་མཐོང་ཆུང་ཁྱད་གསོད་སོགས་བྱེད་མི་རུང་སྟབས། ཨོ་རྒྱན་སྟོབས་རྒྱལ་ནི་ “རང་ལ་གཟིགས་ཚོར་ཇི་བྱུང་འཛེམ་ཟོན་མེད་པར་གསུང་མཁན་ཞིག་ཡིན་པས” གོང་

ས་མཆོག་ལ་ཡང་བསམ་ཡུལ་ལས་འདས་པའི་སྐུར་འདེབས་བྱེད་ཆོག་པའི་རང་དབང་ཡེ་ནས་མེད་པ་འདི། གཡུ་ཐོགས་ཀརྨ་དགེ་ལེགས་ཀྱིས་ངེས་པར་དུ་ཤེས་དགོས་པའི་དོན་དག་གལ་ཆེ་ཤོས་དེ་ཡིན།

སྤྱི་ལོ་ ༢༠༢༠/༥/༢༧ ཉིན་བཀའ་ཤག་ནས་བློ་ཕམ་ཡོད་ཚུལ་དང་ནོར་འཁྲུལ་ཡིན་ལུགས་སོགས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་དེ་ལ་རྟིང་གནོན་གྱི་རྣམ་པའི་ཐོག་ནས་གཙོ་བོ་རང་གི་ལངས་ཕྱོགས་མཚོན་ཆེད། སྲིད་སྐྱོང་བློ་སེང་གིས་སྤྱི་ནོར་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨད་ཞུ་མཁན་ཨོ་རྒྱན་སྟོབས་རྒྱལ་ལ་མཐའ་ཅིག་ཏུ་ངོ་རྒོལ་ཡོད། ཅེས་ཟླ་འདིའི་ཚེས་ ༢༨ ཉིན་གསར་འགོད་གསལ་བསྒྲགས་ཐོག་གསུངས་ཡོད་པ་འདི་དང་། གཡུ་ཐོག་གིས་ཆོས་རིག་བཀའ་བློན་གྱི་མིང་ཐོག་ནས་སྔ་ཕྱི་བར་གསུམ་དུ་སྤེལ་པའི་གསལ་བཤད་ཡི་གེའི་ནང་དོན་སོགས་ལ་གནམ་ས་ལྟ་བུའི་ཧེ་བག་ཤོར་ཡོད་པ་ནི། དགའ་འོས་པའི་གཏམ་བཟང་ཞིག་ཀྱང་རེད། འདིས་ང་ཚོ་ལ་ཅི་ཞིག་གསལ་པོ་ཆགས་སོང་བ་རེད་ཟེར་ན། བླ་མ་རྡ་རྗེ་འཆང་འཁོར་དང་བཅས་པར་ཞེན་འཁོན་སྡང་ཟུག་བཟོད་མི་ཐུབ་པ་ལྟ་བུ་ཡོད་པའི་བླ་ལོག་ཨོ་རྒྱན་སྟོབས་རྒྱལ་གྱི་དཔུང་རོགས་གཡུ་ཐོག་ཀརྨ་དགེ་ལེགས་ཀྱིས་ཆོས་རིག་བཀའ་བློན་ནས་རྩ་དགོངས་ཞུ་དགོས་པའི་དུས་ལ་བབ་ཡོད་པ་དེ་རེད། ད་དུང་དཀའ་རྙོག་འདིའི་ཐད་བོད་མི་མང་གི་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས། “བཀའ་ཤག་ལ་དགོངས་སྐོར་ཙམ་ཡང་མེད་པར། ཆོས་རིག་བཀའ་བློན་མཚན་ཐོག་ཡིག་ཆ་བཀྲམ་པ་ནི་བབ་བརླིང་བརྟན་གསུམ་ཁྱོན་ནས་བྱུང་མི་འདུག་ན། བཟང་སྤྱོད་དང་ལྡན་པའི་ངང་བཀའ་བློན་གྱི་ལས་གནས་ནས་དགོངས་པ་ཞུ་གནང་ཡོང་བའི་འབོད་སྐུལ་དུ”། ཞེས་དོན་ལ་གཟས་པའི་ཚིག་གིས་གནད་ཀྱི་སྣག་ས་ལ་ཁེལ་ཡོད་པའི་གསུང་འདི་ཡང་། གཡུ་ཐོག་གིས་ཆོས་རིག་བཀའ་བློན་ནས་རྩ་དགོངས་མ་ཞུས་ཐབས་མེད་ཀྱི་རྒྱུ་མཚན་ཡང་དག་པ་ཡིན།

སྤྱིར་བཏང་“རླུང་ཁྲག་འཐབ་པའི་ནད་ཀྱིས་མནར”ཡོད་པའི་མི་ནད་པ་ཞིག་གམ། ཡང་ན། ཆོས་འབྲེལ་དངོས་ཐོབ་ཀྱི་རང་གི་རྩ་བའི་བླ་མའི་དགོངས་གཞི་དང་མི་མཐུན་པའི་ལས་འབའ་ཞིག་ལོག་སྒྲུབ་བྱེད་པར་ངོ་ཚ་མི་ཤེས་པའི་མི་སྟེ། དཔེར་ན། གཡུ་ཐོག་ཀརྨ་དགེ་ལེགས་ལྟ་བུ་ལ་ཆོས་རིག་བཀའ་བློན་གྱི་གདན་ས་འཛིན་པའི་ནུས་པ་ག་ལ་ཡོད། རྒྱུ་མཚན། ཆོས་རིག་བཀའ་བློན་ཟེར་བ་ནི་བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་ཉམས་གསོ་དང་། ཆོས་བརྒྱུད་གྲུབ་མཐའ་ཁག་གི་ནང་ཁུལ་མཐུན་ལམ་ཡར་རྒྱས་གཏོང་ཕྱོགས་ལ་སོགས་པའི་ལས་ཁུར་རླབས་པོ་ཆེ་ཐེག་པའི་མི་གཞན་དང་མ་འདྲ་བ་ཞིག་དགོས་པས་སོ།།

བསམ་ཚུལ།

Post navigation

Previous Post: རྙོག་དྲ་གསར་པ་འདི་ལ་སེམས་པ་སྐྱོ་སོང་ཡ།
Next Post: ཨོ་རྒྱན་སྟོབས་རྒྱལ་གྱི་གནད་དོན་དང་འབྲེལ་བའི་ངེས་པར་ཤེས་དགོས་པའི་གནད་དོན་འགའ། 

Comments (3) on “བཟོད་ཐབས་ཡེ་ནས་མེད།”

  1. མྱི། says:
    2020-06-01 at 8:44 am

    དམ་ཉམས་འདིས་སྤྱི་ཚོགས་དཀྲུག་པ་ལྟ་བུ་ཕལ་ཆེར་སུས་དཀྲུག་གི་མི་འདུག ལ་དྭགས་མི་ཞིག་གིས་རྒྱ་གར་མི་མང་དུང་ཕྱུར་མང་པོའི་སྔོན་ནས་གོང་ས་མཆོག་ལ་ཚད་ལས་བརྒལ་བའི་མཚན་སྨད་ཞུས་པ་མ་ཟད། རྡ་རམ་ས་ལ་བཞུགས་བཅུག་ས་མ་རེད་བསམ་བསམ་ལབ་སོང་ཡང་། མི་ངན་འདིས་ཚིག་གཅིག་ལབ་ཕོད་མ་སོང་། བོད་པའི་གཏམ་དཔེར། ཕྱི་འཇམ་ནང་གཙུབ་གྲོད་པུ་མགོ །འཐུན་གསུམ་ཕྱེ་བའི་སོག་ལེ་ཁ། གསང་གཏམ་མི་ཚོག་ཇ་ཚག་མགོ། ཟེར་བ་དེ་མི་ངན་ཁྱོད་འདྲ་བོ་ལ་ལབ་ཀི་ཡོད་རེད། དཀྲུག་འདྲེ་དང་དད་པ་ལོག་སྤྱོད་པ་ཁྱེད་ཚོས་བྱས་འབྲས་ལ་་ཁ་སང་རྙིང་མ་བ་སུ་གཅིག་གིས་་འགྲིག་ཡོད་མ་རེད་་ལབ་མ་སོང་བ། དེ་ཚོ་ཧ་དགོས་རེད། རྙིང་མ་རྡོག་རྩ་གཅིག་སྒྲིལ་ཡིན། དད་པ་ལོག་སྤྱོད་པ་ཁྱེད་ཚོས་གང་བྱེད་ཡ་འདུག་ན་གྱིས་ཤོག གལ་སྲིད་ཆོས་རིག་བཀའ་བློན་གྱིས་གུ་ཡངས་བཟོད་སྒོམ་གྱིས་ཚིག་ལབ་མེད་ན། རྙིང་མ་ཡང་གོང་ས་མཆོག་དང་བོད་གཞུང་ལ་དགྲ་ཁ་གཏད་ཆགས་ཁ་ཐེག་རེད། དམ་ཉམས་ཁྱོས་ཧ་གོ་སོང་བེ། རང་གིས་རྩོམ་ཡིག་ཀློག་ཉན་བྲོ་མ་སོང་། རྩོག་ཡིག་འབྲི་ཤེས་མཁན་རེད་མི་འདུག ཁ་བྱང་ལ་བལྟས་ནས་མཆན་བཏབ།

  2. ཅོ་རི་ཉི་མ། says:
    2020-06-01 at 9:51 am

    སྲིད་སྐྱོང་དང་བཀའ་ཤག་ནི་ཁྲིམས་ཀྱི་མདུན་སར་མྱི་གཞན་ལ་མ་ཉེས་ཁ་གཡོག་བྱས་མཁན་གྱི་ནག་ཉེས་ཅན་ཞིག་ཡིན་པར་རྡ་ས་ནས་ཁྲིམས་ཆད་ཕོག་ཟིན་པར་རེད། སྲིད་སྐྱོང་བློ་སངས་ལ་མདོ་སྟོད་པ་མང་པོ་དགའ་གི་མ་རེད།་་ཕ་ཡུལ་གཅིག་པ་ལི་ཐང་ཨ་ཐར་ནོར་བུའི་ནང་ལ་སྐྱག་བཏང་བར་རེད་ཟེར་ནས་བཤད་མཁན་མང་པོ་རེད།

    དེང་སང་སྤེན་ཚེའི་ཕྱོགས་གཏོགས་ཚོས་དད་པ་ལོག་གྱི་སྟོབས་ཤུགས་བརྟེན་ནས་བློ་སངས་ཤུགས་ཆེ་ཙམ་བཙིར་ཐུབ་པར་ཡིན་ན་སྤྲུལ་སྐུ་ཨོ་རྒྱུན་སྟོབས་རྒྱལ་གྱི་ནང་དུ་བློ་སངས་སྐྱག་པ་གཏོང་མཁན་རྒྱུགས་འགྲོ་ངེས་རེད།་་་སྔོན་མར་ཨ་ཐར་ནོར་བུའི་ནང་དུ་སྐྱག་པ་བཏང་མཁན་ཕྱིན་པར་ལྟར་ཆགས་འགྲོ་ངེས་རེད།་་་དེ་འདྲ་བྱུང་ན་་སྤེན་ཚེའི་རྒྱལ་ཁ་རེད་བ།་་མ་ཟད་ཁམས་པས་ཁམས་པར་རྡུང་བའི་འཐབ་ཇུས་ཀྱང་བེད་སྤྱད་ཐུབ་སོང་བ་རེད།

    ཨ་རོགས་རྩ་མེད་གཏོང་པར་ལ་ལྕགས་ཀྱིས་ལྕགས་རྡུང་བའི་འཐབ་ཇུས་བེད་སྤྱད་དགོས་པར་རེད་་་དེ་ལྟར་བྱེད་མ་ཐུབ་ན་ཨ་རོགས་ལ་ཕམ་ཁ་སྤྲད་ཀྱི་དཀའ་ལས་ཁག་པོ་ཡིན་པར་རེད་་ད་་་་་ཧཧཧཧ

  3. རྒྱ་མ་ཚང says:
    2020-06-01 at 11:45 am

    ཆོས་ལོགས་དམ་ལོག་རྙིང་མའི་དམ་ཟི་ཨོ་རྒྱན་སྟོབས་རྒྱལ་་དང་གཅིག་་
    དམར་ཆས་རྟོག་གེའི་འཚོ་རོལ་བསྟན་པ་མར་ཤིགས་སྤྱི་འཐུས་དང་གཉིས་
    ཁྲམ་པའི་ལས་ལ་དབྱེམ་སྦྱོར་མཁས་པའི་ཨ་ཕྲུགས་མྱུ་མ་མགོ་དང་གསུམ་
    རུལ་གཟུང་རྒྱུག་ཁྱི་ཁྲི་ལ་ཁོད་པའི་བྱ་སྤུ་གནོན་་མ་དགེ་ལེགས་དང་བཞི་
    ངན་དགུས་ཚང་བའི་མི་བཞི་རིང་ལུགས་ཆོས་ཀྱི་མགོ་པོ་གྱུར་བ་ཡིད་རེ་སྐྱོ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme