Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཟའ་འཛིངས།

Posted on 2009-08-062009-08-06 By བེ་རི་འཇིགས་མེད 8 Comments on བཟའ་འཛིངས།

—–སྲོད་ལྗོངས་ཀྱི་ཟང་ཟིང༌།

___བེ་རི་འཇིགས་མེད་དབང་རྒྱལ།

“ངོ་ཚ་རྒྱུ་མེད་མཁན། གཞང་འཚོང་མ།”

འབོད་སྒྲ་དེས་ཟླ་འོད་མག་མོག་གིས་འཁྱུད་པའི་མཚན་ལྗོངས་དེའི་ཁོར་ཡུག་གི་ལྷིང་འཇགས་ཡོངས་སུ་དཀྲོགས། ཚེ་རིང་ནི་རྒྱུན་དུ་པྲ་ཚགས་ལ་གོམས་ལོབས་ཤོར་བའི་མི་ཞིག་ཡིན་པས། ཁོས་སྒེའུ་ཁུང་ག་ལེར་ཕྱེས་ཏེ་ཁྱིམ་མཚེས་ཚང་གི་འཁྲབ་གཞུང་ལ་ལྐོག་བལྟས་བྱས། ཁྱིམ་ མཚེས་ཚང་གི་ཁྱིམ་བདག་ཡ་མེད་རྡོ་རྗེས་ལག་པ་ཡ་གཅིག་ལ་གསེར་ཉ་རྟགས་ཅན་གྱི་ཨ་ རག་དམ་བུ་ཞིག་དང་ཡ་གཅིག་ཏུ་ཧཕ་རན་སི་ནས་ཐོན་པའི་འགྱིག་གི་ཕོ་མཚན་ཞིག་འཇུས་ འདུག ཁྱིམ་བདག་དེས་ཨ་རག་ཧུབ་གང་འཐུང་ནས་རང་གི་བཟའ་ཟླ་འདོད་ལྷའི་བུ་མོ་ལ་སྡང་མིག་གི་གློག་ཞགས་ཤིག་འཕེན་ཞོར་མུ་འཐུད་ནས་བཤད་དོན།

“མོ་རེ། གཞང་འཚོང་མ། ཕོ་མཐོང་ཚད་ཁྱོ་གར་བྱས་ནས་ད་དུང་མ་ཚིམ་པར་འགྱིག་གི་ཕོ་མཚན་འདི་གང་ནས་ཉོས་པ་ཡིན། ང་ཤི་ཚར་བ་ཨེ་རེད།”

ཅེས་བཤད་པས། ཁྱིམ་ བདག་དེའི་འཁྲིས་སུ་ནུ་ཁེབས་དང་ཤ་མི་སྒྲིབ་པའི་སྨད་གཡོག་དཀར་པོ་ཞིག་གོན་ནས་ སྡོད་པའི་ཨ་ལྕག་དེའི་ལག་པས་རང་གི་གདོང་ངོས་སུ་སིལ་བའི་སྐྲ་ལོ་རྣམས་རྒྱབ་ཏུ་ གཡུགས་ཞོར།

“ངོ་ཚ་རྒྱུ་ཟེར་བ་དེ་ཁྱོད་ལ་མི་འདུག ཁྱོད་རང་གཟའ་འཁོར་རེ་རེའི་ནང་གཞང་ཁང་ནང་ག་ཚད་འགྲོ་ཀིན་ཡོད་་་་༌།”

དྲི་བ་འདིའི་མཇུག་སྣེ་མ་རྫོགས་གོང༌། ཡ་མེད་རྡོ་རྗེས་རང་གི་ལག་ཏུ་ཡོད་པའི་ཨ་རག་དམ་བུ་དེ་ཐད་ཀར་རང་གི་བཟའ་ཟླ་བུད་མེད་དེའི་ཐོག་འཕེན་བྱུང༌།

དེ་ནི་ཧ་ལམ་རྒྱུན་ལྡན་ལྟ་བུ་ཡིན་པས་བུད་མེད་དེས་རྒྱུས་ཡོད་ཀྱིས་ལུས་པོ་ཅུང་ཟད་གཟུར་བས། ཤེལ་དམ་དེ་ཕ་གི་བེད་སྤྱོད་གཏོང་བཞིན་པའི་གློག་ཐབ་དེའི་སྟེང་དུ་ཕོག སྐད་ཅིག་དེ་ཉིད་ལ་ཁང་པ་འདིའི་སྒེའུ་ཁུང་ནས་མེ་ལྕེ་ལྷབ་ལུྷབ་ཏུ་འཕྱུར་འོང༌། ཅུང་ མ་འགོར་བར་ཕན་ཚུན་སྦྲེལ་ཡོད་པའི་གཡས་གཡོན་གྱི་ཁང་ལན་དེ་དག་གི་ནང་ནས་ཀྱང་ངུ་ སྒྲ་དང་དགོད་སྒྲ་གང་ཡིན་མི་ཤེས་པའི་འབོད་སྒྲས་གྲོང་སྡེ་འདི་ཟང་ཟིང་དུ་གྱུར།

སྟབས་ལེགས་པ་ཞིག་ལ་མེ་སྲེག་རླངས་འཁོར་ཞིག་རྒྱ་མཚོའི་རླབས་ལྟར་དུས་ཐོག་ཏུ་འབྱོར་ནས་དོན་རྐྱེན་འདིའི་མཇུག་འབྲས་དེ་ཙམ་སྡུག་པོ་མ་བྱུང༌།

ཚེ་ རིང་ནི་པྲ་ཚགས་ལ་ཤིན་ཏུ་གོམས་ལོབས་ཤོར་བའི་དུས་རབས་ཀྱི་རྩོམ་པ་པོ་ཞིག་ཡིན་ པས་ཁོས་དང་ཐོག་སྒེའུ་ཁུང་ཐག་སེར་བརྒྱབ་སྟེ་ཤིང་གི་ཉལ་ཁྲི་རྫོབ་ཏོ་དེའི་སྒང་ ལ་སྡོད་ནས་ཅོག་ཙེ་སྟེང་གི་ཉིན་ཐོ་འབྲི་དེབ་བླངས་ཏེ། ཁྱིམ་འཚེས་ཚང་གི་ཁྲབ་གཞུང་དེ་ཉིད་ཉིན་དེབ་ཐོག་ཏུ་བཀོད།

རྗེས་སུ་ཉེན་རྟོག་པས་མེ་སྐྱོན་འདིའི་བྱུང་རིམ་བརྩད་བཅད་བཏང་ཡང་ཞིབ་འཇུག་འཐིལ་ཕྱིན་པ་ཞིག་བྱེད་མ་ཐུབ་མོད། དྲང་པོར་བཤད་ན་གནས་ཚུལ་འདིའི་བྱུང་རིམ་ཡོངས་རྫོགས་ཚེ་རིང་གི་ཉིན་ཐོ་ཀློག་ན་ཤེས་ཐུབ་ངེས་ཡིན།

༡༩༩༧/༩/༢༠/ལ་བྲིས། <<ནོར་ལྡེ་>>འདོན་ཐེངས་བཅུ་གསུམ་པའི་ཐོག་བཀོད།

བརྩམས་སྒྲུང་།

Post navigation

Previous Post: འགྲམ་ངོས།
Next Post: དགེ་རྒན་ཡིན་མིན་གྱི་བར་མཚམས།

Comments (8) on “བཟའ་འཛིངས།”

  1. རིན་ཆེན says:
    2009-08-06 at 6:21 pm

    པྲ་ཚགས་ཟེར་བ་ཞིག་བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུའང་རྙེད་མ་བྱུང་། གཅིག་བྱས་ན་དབྱིན་སྐད་ཀྱི་ (eavesdrop) བྱ་བ་དེའི་ཤེད་མཚུངས་ཀྱི་བོད་ཚིག་དེ་ཡིན་སྲིད། གང་ལྟར་དྭོགས་སེལ་སུས་གནང་ནའང་ཁྱད་མེད།

  2. བི་འཇིགསམེད་ says:
    2009-08-06 at 9:21 pm

    པྲ་ཚགས་ནི་ཨ་མདོའི་ཡུལ་སྐད་དུ་མི་བསྟན་བཤིགས་ཚ་བོའམ་སྤྱོད་པ་མ་རབས། ཡང་ན་དབུས་སྐད་དུ་ཆོབས་ཚ་བོ་ལ་ཟེར།

  3. མགོན་པོ་ཕྱག་གཉིས་པ། says:
    2009-08-06 at 10:44 pm

    པྲ་ཚགས་ནི་ལྷ་སའི་སྐད་ནང་བུ་གུ་བག་ལ་ཟེར་བ་དང་འདྲ། བསྟན་བཤིག་ཚ་བོ་དང་ཆོབ་ཚ་བོའི་དོན་མ་རེད། བྱིས་པ་པྲ་ཚགས་ཟེར་ན་བྱིས་པ་སྡོད་མི་ཚུགས་མཁན་ཨ་བྲ་ལྟ་བུ། ཅིག་བྱས་བྱས་ལ་སྡོད་མཁན་དེ་འདྲར་ཟེར། བྲ་ཚགས་བྲིས་ནའང་མ་འགྲིགས་པ་ཨེ་ཡོད། བག་ལ་ག་འདྲ་བྱས་ནས་འབྲི་དགོས་རེད།།

  4. བསོད་ནམས་ཚེ་རིང༌། says:
    2009-08-08 at 9:28 pm

    མེ་དེ་དང་པོ་ག་འདྲ་ཞིག་འབར་བ་ཡིན་མིན་སྐོར་བྲིས་འདུག་ཀྱང་། མཐའ་མ་ཤུགས་རྐྱེན་ཆེ་ཤོས་”མེ་སྲེག་”རླངས་འཁོར་ཟེར་བ་དེས་བྱས་པ་སེམས་ཐག་རེད། ང་ནི་མཐོང་རྒྱ་ཆུང་དྲགས་ནས་ད་བར་”མེ་སྲེག་”རླངས་འཁོར་ཟེར་བ་ཞིག་མཐོང་ཡང་མ་མྱོང་ལ། ཐོས་ཀྱང་མ་མྱོང་།

  5. ཚངས་དབྱངས། says:
    2009-08-09 at 12:07 am

    ཨ་རོགས་ཚོ། ངས་ནིའུ་ཡོག་གི་དངོས་བྱུང་ལོ་རྒྱུས་ཤིག་བཤད་ཆོག། དེ་སྒྲུང་འདི་དང་འབྲེལ་བ་ཡོད། ལོ་ཤས་སྔོན་ལ། ཨ་རིའི་མངའ་སྡེ་ཁེ་ན་ཊིཀ། (Connectcut) ཟེར་བའི་ནང་གི་ཇིའུ་མི་ཚང་ཕྱུག་པོ་ཞིག་གིས། ཉིན་གཅིག་གློ་བུར་དུ་ན་ཡ་ན་སྟེ། ཨ་རིའི་སྐྱབས་བཅོལ་ལས་ཁུངས་ལ་ཁ་པར་འབྱོར་ནས། བོད་སྐད་སྐད་སྒྱུར་ཞིག་དགོས་བརྗོད་འདུག་པས། ལས་ཁུངས་དེས་ངའི་གྲོགས་པོ་ལ་འབྲེལ་བ་བྱས། ངའི་གྲོགས་པོས་ཁ་པར་ཐོག་སྐད་ཆ་ཆུ་ཚོད་གཅིག་ཙམ་སྐད་སྒྱུར་བྱས་རྗེས་འདི་ལྟར་ཟེར། 

    ཇིའུ་མི་ཚང་དེར་བོད་ཀྱི་བུ་རྫི་བ་ལོ་རྒན་མ་ཞིག་ཡོད་མོད། བུ་རྫི་བ་དེ་གཟའ་མཇུག་གི་གུང་གསེང་ལ་ཕྱིན། མོ་རང་སྡོད་ཤག་གི་ཁང་མིག་ཆུང་ངུ་དེའི་སྒོ་བརྒྱབ་མེད་ཚོད། ཁྱིམ་ཚང་དེའི་ཕྲུ་གུ་གཅིག་གིས་བུ་རྫིའི་སྡོད་ཤག་ལ་ཕྱིན། དེ་ནས་གློག་གི་ཕོ་མཚན་གཅིག་བརྙེད་འདུག ཁོས་དེའི་བཀག་གཏོང་གི་ཚིགས་རྡོགས་དེ་ལ་སྒུལ་སྐྱོད་ཐེབས་ནས། ཕོ་མཚན་དེ་སྒུལ་སྒུལ་བྱས། ཕྲུ་གུ་དེས་དེ་ཁྱེར་ནས། སྒོ་རྭའི་ནང་འཐོན་ཡོང་བས་ན། སྒོ་རྭའི་ནང་གུང་ཚིགས་བཟའ་མཁན་གྱི་ཇིའུ་མི་ཚང་གི་སྤུན་ཉེ་ཚང་མས་དེ་མཐོང་ནས་ཅི་ཤོད་འདི་ཤོད་མེད་པར་འགྱུར།

    ཇིའུ་ཁྱིམ་ཚང་དེའི་མནའ་མ་དེ་ངོ་ཚ་ཁ་སྐྱེངས་སུ་འགྱུར་ནས། བུ་རྫི་དེ་ལ་ཁ་པར་གཏོང་ནས། མོའི་ཁྱོ་ཀ་ལ་དངོས་པོ་འདི་བུ་རྫི་བ་འདིའི་ཡིན་པ་ཁས་ལེན་བྱེད་ཟེར། བུ་རྫི་བ་དེ་དབྱིན་ཇིའི་སྐད་ལ་བྱང་པོ་མེད་སྟབས། མཐར་སྐད་སྒྱུར་བཙལ་འདུག  གང་ལྟར་ངེད་ཚོ་བོད་ཀྱི་བུད་མེད་ཚོས་ཀྱང་ལག་ཆ་འདི་བེད་སྤྱོད་གཏོང་བཞིན་གདའ། དེ་ལེགས་ཉེས་ཇི་ཡིན་ཞུ་མི་ཤེས། 

  6. བེ་རི་འཇིགས་མེད་ says:
    2009-08-09 at 12:47 am

    ལྷ་སའི་སྐད་ནང་བུ་གུ་བག་ལ་ཟེར་བ་དང་བསྟན་བཤིག་ཟེར་བ་གཉིས། དོན་དག་ལ་ཁྱད་པ་འདུག་མི་འདུག་སྐོར། དབུས་སྐད་ལ་ཆ་རྒྱུས་ཡོད་མཁན་སྐྱེས་བུ་གསུམ་པ་ཞིག་གིས་ལན་གནང་རོགས། ངས་བཤད་ན་མགོན་པོ་ཕྱག་གཉིས་ཀྱི་ཕྱག་གཉིས་ཀས་ང་རྡུང་གི་རེད། ཕལ་ཆེར་ཁོ་དང་ལོ་འཁོར་མི་མཐུན་པ་འདྲ་གཞན་རྒྱུ་མཚན་ཅང་མེད།
    ”བག་ལ”། ཟེར་བའི་ཚིག་འདི་ག་འདྲ་ཡིན་ངས་ཤེས་ཀྱི་མེད། དབུས་སྐད་ཐོག ”པ་ལག”་འདྲ་བོ་ཞིག་ལབ་སྲོལ་འདུག་པ་འདིར་དཔྱད་ན། ”པྲ་ལག” ཟེར་བ་འདི་ཟུར་ཆགས་པ་ཡིན་འགྲོ་དྲན་གི་འདུག དཔེར་ན། དབུས་པས་”འཁྱམས་པང”༌ཟེར་བ་འདི་དོན་དངོས་ཐོག ”འཁྱམས་སྤྲང་དང་སྤྲང་འཁྱམས”་ཞེས་པའི་ཡ་གཏགས་བཀོག་པ་ལྟར། པྲ་ལག་གི་ར་གཏགས་བཀོག་ནས་པ་ལག་ཆགས་པ་ཡིན་རྒྱུ་རེད་དྲན་གྱི་འདུག དེ་བཞིན་སྤྲང་འཁྱམས་དང་སྤང་འཁྱམས། སྤང་ཁྱི། བང་ཁོག སོགས་ཤིན་ཏུ་མང་།

  7. སྒྲོལ་མ་འབུམ། says:
    2009-08-09 at 12:56 am

    རྗེས་མ་འགྱིག་གི་ཕོ་མཚན་དེ་ག་རེ་བྱས་པ་རེད། ཡང་སྙིང་འགྱིག་གི་ཕོ་མཚན་དེ་གནའ་མའི་རེད་དམ་གཡོག་མོའི་རེད། ངས་གསལ་པོ་ཞིག་ཤེས་མ་བྱུང༌། ལན་གང་འགྱོག་གནང་རོགས། ང་ལ་ལས་ཀ་ཡོད།

  8. ཚངས་དབྱངས། says:
    2009-08-10 at 1:35 pm

    གློག་གི་ཕོ་མཚན་འདི་སུའི་ཡིན་མིན་ཐག་ཆོད་མིན་འདུག གནའ་མས་ཟེར་ན་བུ་རྫིའི་རེད་ཟེར། བུ་རྫིས་ཟེར་ན་དེ་ཁོང་གི་མིན་ཟེར། མཐར་ཁྱིམ་ཚང་དེས་བུ་རྫི་དེ་ལ་ཟླ་བ་གཅིག་གི་ཕོགས་སྤྲད་ནས་འཐོན་རོགས་ལབ་འདུག 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme