Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཟང་བོ་བཅུ་འཛོམས་རེད་དམ།

Posted on 2015-09-262015-09-26 By ཁ་བརྡ 14 Comments on བཟང་བོ་བཅུ་འཛོམས་རེད་དམ།

ཅོག་མྱི།

ཚང་མས་མཉམ་བཞག་ཡོད་མེད་ཅི་ཤེས་མོད། ད་རེབ་ཀྱི་་གཟའ་འཁོར་འདི་ནི་ཤིན་ཏུ་ཡ་མཚར་བའི་གཟའ་འཁོར་ཞིག་རེད། ཐོག་མར་རོམ་གྱི་བླ་ཆེན་ཕཱ་ཕཱ་ཨ་མེ་རི་ཀར་ཞབས་སོར་བཀོད་པ་དང་མཉམ་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅུན་ཕུན་ཡང་ཨ་མེ་རི་ཀར་ཐོན། དེ་ནས་འོ་སྐོལ་གྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ཡང་གོ་རྒྱུ་ཚོར་རྒྱུ་མེད་པར་ཨ་མེ་རི་ཀ་ཞབས་ཀྱི་པད་མོ་བཀོད་འདུག རོམ་གྱི་བླ་ཆེན་ལ་ཨ་རིའི་གཞུང་དམངས་ནས་གཟབ་རྒྱས་ངང་དགའ་བསུ་ཞུ་བའི་ཁྲོད་ནས་དེ་རིང་དོན་གཅོད་ཁང་ནས་༧གོང་ས་མཆོག་གི་ཟླ་བཅུ་བའི་ཨ་རིའི་མཛད་རིམ་ཡོངས་རྫོགས་ཕྱིར་འཐེན་གནང་འདུག

གནའ་དུས་བརྡ་འཕྲིན་རྗེས་ལུས་ཀྱི་སྐབས་སུ་དོན་དག་འདི་འདྲ་བ་ཞིག་བྱུང་ན་སྟེས་དབང་ཡིན་སྲིད་མོད། འོན་ཀྱང་དེང་གི་དུས་འདིར་སྐྱེས་བུ་འདི་གསུམ་རྒྱལ་ཁབ་གཅིག་གི་ས་ཐོག་ནས་དུས་མཉམ་དུ་ཐོན་པ་དེ་སྟེས་དབང་ཡིན་སྲིད་ཀྱི་མ་རེད་སྙམ།

རྒྱ་ནག་དང་རོམ་གྱི་བླ་དཔོན་ཚོའི་བར་ན་འགལ་ཟླ་ཤུགས་ཆེ་བ་ཡོད་པ་དང་། རྒྱ་ནག་དང་འོ་སྐོལ་ཚོའི་བར་ནའང་འདུམ་ཐབས་བྲལ་བའི་འགལ་ཟླ་ཡོད་པ་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱིས་ཤེས་གསལ་རེད། དེས་ན་འདི་གསུམ་འདི་རུ་དུས་མཉམ་དུ་ཐོན་པ་དེ་བཟང་རྟགས་ཤིག་རེད་དམ་ཞེ་ན། ངས་བལྟས་ན་བཟང་རྟགས་ཤིག་གི་མངོན་རྟགས་ཙམ་ཡིན་སྲིད། དེ་ནི་རྒྱ་ནག་གི་སྲིད་འཛིན་དང་༧གོང་ས་མཆོག་གི་བར་ན་ཕལ་ཆེར་གྲོས་མོལ་གྱི་འགོ་ཚུགས་པ་འདྲ། དེའི་གྲོས་ཡོན་ནི་༧གོང་ས་མཆོག་གི་ཨ་མེ་རི་ཀའི་རྩ་ཁྲིམས་ཀྱི་དགའ་རྟགས་བཞེས་པ་དེ་ཕྱིར་འཐེན་བྱས་པ་དེ་རེད།

ཕྱི་གསལ་ནང་གསལ་ཞེས་ཁས་འཆའ་བའི་དགའ་ལྡན་ཕོ་བྲང་གིས་འདི་འདྲའི་བྱབ་ཆུང་གི་ལས་ཤིག་འཛམ་གླིང་མི་མང་གིས་བལྟས་བལྟས་རིག་རིག་ལ་ཨེ་ལས་དེ་ལ་སོམ་ཉི་མཆིས་པས་ཁོ་བོ་ཚིག་པ་ཞེ་དྲག་ཟ་གིན་འདུག

ལྷན་རྒྱས་རྣམ་པའི་བསམ་ཚུལ་ནི་ཅི་ཡིན།

བསམ་ཚུལ།

Post navigation

Previous Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༡༠ བའི་ཉིན་བཅུ་བ།
Next Post: “ངའི་སྙིང་དབུས་ཀྱི་དྲིན་ཅན་སྐྱེད་མ་་ལགས།”

Comments (14) on “བཟང་བོ་བཅུ་འཛོམས་རེད་དམ།”

  1. ཅོ་རི་ཉི་མ། says:
    2015-09-26 at 3:01 am

    ཅོག་མྱི་ལགས། དེའི་གྲོས་ཡོན་ནི་༧གོང་ས་མཆོག་གི་ཨ་མེ་རི་ཀའི་རྩ་ཁྲིམས་ཀྱི་དགའ་རྟགས་བཞེས་པ་དེ་ཕྱིར་འཐེན་བྱས་པ་དེ་རེད།་་་ཅེས་བཤད་འདུག རྩ་ཁྲིམས་ཀྱི་དགའ་རྟགས་བཞེས་པ་དེ་ཕྱིར་འཐེན་བྱས་འདུག་ཟེར་བའི་དོན་དག་གསལ་བཤད་ཤིག་གནང་རོགས་བྱོས། གོ་དོན་རྟོགས་ཐུབ་མ་སོང་།

  2. ཅོ་རི་ཉི་མ། says:
    2015-09-26 at 3:55 am

    http://edition.cnn.com/2015/09/25/us/dalai-lama-us-trip-canceled/index.html

  3. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-09-26 at 4:42 am

    ཨ་མིའི་རི་ཀས་བོད་དོན་ལ་སེམས་གཏིང་ནས་ཤ་ཚ་ཡོད་མ་རེད་གདའ།༼རྩ་ཁྲིམས་ཀྱིས་དགའ་རྟགས་བཞེས་པ་དེ་ཕྱིར་འཐེན་བྱས༽ཟེར་བ་འདིར་མདོར་ན་གྱོང་ཤ་རྟག་ཁུར་ཡིན་ཟེར་མིན་འགྲོ་སྙམ། ད་ལན་ཨོ་བྷ་མས་ཞིའུ་ཅིང་ཕིང་ལ་སྐུའི་སྐུ་ཚབ་དང་གྲོས་མོལ་གྱིས་ཟེར་རེ་བསྐུལ་བྱས་ཡོད་ཀྱང་༼ བོད་དེ་སྔོན་མ་ནས་རྒྱ་ནག་གི་ཁོངས༽ རེད་ཟེར་བ་འདིས་བོད་འཚོང་ཀི་ཡོད་རེད་གདའ། དོན་དངོས་ཨོ་བྷ་མ་ལ་དབང་ཚད་དེ་ཡོད་མ་རེད་དོ། འདི་མགོ་ནག་མི་ཚོས་ཤེས་དགོས་རྒྱུ་གལ་ཆེན་རེད་དོ།།

  4. རྫ་ཆུ་སྔོན་མོ says:
    2015-09-26 at 4:48 am

    རེད་རེད། བསམ་བློ་ཡག་པོ་བཏང་འདུག ཉེ་ལམ་གསར་འགྱུར་བརྒྱུད་ཁག་ཏུ། «ཕོ་བྲང་དཀར་པོའི་རེ་འདུན་ལྟར། ༸གོང་ས་མཆོག་ཨ་རིའི་མེ་ཡོར་སྨན་ཁང་དུ་སྐུ་གཟུགས་ལ་བརྟག་དཔྱད་གནང་རྒྱུའི་དུས་ཚོད་སྔ་བསྣུར་བྱས་ཏེ། གཟའ་ཟླ་བའི་ཉིན་ཨ་རིར་ཕེབས་འཆར་ཡོད། » ཅེས་ཐོན་པ་སོགས་གཞིག་ན། ཕོ་བྲང་དཀར་པོའི་རེ་འདུན་དང་། སྐུ་གཟུགས་བརྟག་སྔ་བསྣུར། ཞེ་ཅིན་ཕེན་ཨི་རིར་ཡོང་བའི་སྐབས་དང་ཁེལ་བ་སོགས་ལ་དོན་སྙིང་འོ་ཙམ་མེད་འགྲོ་སྙམ།

  5. བསྟན་འཛིན། says:
    2015-09-26 at 5:41 am

    ཡང་མི་མངོན་པའི་རེ་བ་ཞིག་གིས་ཨོ་ཞི་ཏྭ་གསུམ་གྱིས་གྲོས་མོལ་གྱི་གཏམ་ཞིག་སླེབས་སོང་།

  6. ཀརྨ་བློ་གསལ་ says:
    2015-09-26 at 6:22 am

    ཨ་རིས་གོང་ས་མཆོག་གི་སྐུ་གཟུགས་གནས་སྟངས་གཞིར་བཟུང་ནས་རྒྱ་ནག་ལ་ལྐོག་ཚོང་རྒྱག་མི་སྲིད་པ་མ་རེད། CNNགསར་འགྱུར་ནང་བཀོད་གསལ་ལྟར་ན། རྒྱ་ནག་གཞུང་གིས་གོང་ས་མཆོག་ཁ་བྲལ་བ་ཡིན་པའི་སྡིགས་དམོད་ཆེ་རུ་བཏང་འདུག

  7. ལྷ།བྱ་འཕུར་མ། says:
    2015-09-26 at 7:47 am

    ཟླ་འདིའི་ཚེས་ ༢༥ ཉིན་གྱི་ཉིན་གུང་ཙམ་ལ་ཨ་རིའི་ཕོ་བྲང་དཀར་པོའི་མདུན་ཐང་དུ་ཨ་རིའི་སྲིད་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཀྱིས་ཐེངས་འདིར་རྒྱལ་ཁབ་གཉིས་བར་གྱི་ཚོང་ལས་དང་དྲ་ཚིགས་གསང་མྱུལ། རྒྱ་ནག་གི་དངུལ་གྱི་གོང་ཚད་གཙོས་བྱང་ཀོ་རི་ཡའི་རྡུལ་ཕྲན་ཚོན་བཟོ་སྐྲུན་ཚོད་འཛིན་དང་དཀྱིལ་ཤར་ཨེ་ཤ་ཡའི་སེ་རེ་ཡའི་དཀའ་ངལ།ལྷོ་རྒྱ་ནག་གི་རྒྱ་མཚོ་ནང་མཚོ་གླིང་རྩོད་རྙོག འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྐོར་ལ་གྲོས་ཆོད་བཞག་པའི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག

    སྲིད་འཛིན་ཨོ་བྷ་མས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་བོད་དོན་སྐོར་ལ་བརྗོད་དོན། ང་ཚོ་ཨ་རིའི་གཞུང་གིས་བོད་ནི་རྒྱ་ནག་གི་ཆ་ཤས་ཞིག་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཨ་རིའི་གཞུང་གིས་མུ་མཐུད་དུ་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་དང་། ལྷག་པར་དུ་ཏཱ་ལའི་བླ་མ་མཆོག་དང་ཡང་ན་ཁོང་གི་སྐུ་ཚབ་མཉམ་དུ་གྲོས་མོལ་བྱེད་པར་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག
    President Obama said: even as we recognize Tibet as part of the People’s Republic of China, we continue to encourage Chinese authorities to preserve the religious and cultural identity of the Tibetan people, and to engage the Dalai Lama or his representatives. 
    དེ་རིང་བོད་རིགས་ཚོས་སྐད་འབོད་ཡག་ཐག་གཅོད་གནང་འདུག་བཀའ་དྲིན་ཆེ།གང་ཡིན་ཟེར་ན། གུས་པས་སྲིད་འཛིན་གཉིས་ཀྱིས་ཐད་ཀར་གསར་འགོད་གསལ་བསྒྲགས་བྱེད་པར་ལྟ་ཉན་བྱེད་སྐབས། ཕོ་བྲང་དཀར་པོའི་ཕྱི་ལོགས་སུ་བོད་རིགས་ཚོས་ཞི་ཕིན་ཅིན་དང་རྒྱ་ནག་ཟེར་བའི་འབོད་ཚིག་གི་གོ་དུས་ངོ་མ་སྐྱིད་པོ་འདུག
    སྲས་སྐུ་ངོས།
     

  8. ལྷ།བྱ་འཕུར་མ། says:
    2015-09-26 at 7:49 am

    ཟླ་འདིའི་ཚེས་ ༢༥ ཉིན་གྱི་ཉིན་གུང་ཙམ་ལ་ཨ་རིའི་ཕོ་བྲང་དཀར་པོའི་མདུན་ཐང་དུ་ཨ་རིའི་སྲིད་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གཉིས་ཀྱིས་ཐེངས་འདིར་རྒྱལ་ཁབ་གཉིས་བར་གྱི་ཚོང་ལས་དང་དྲ་ཚིགས་གསང་མྱུལ། རྒྱ་ནག་གི་དངུལ་གྱི་གོང་ཚད་གཙོས་བྱང་ཀོ་རི་ཡའི་རྡུལ་ཕྲན་ཚོན་བཟོ་སྐྲུན་ཚོད་འཛིན་དང་དཀྱིལ་ཤར་ཨེ་ཤ་ཡའི་སེ་རེ་ཡའི་དཀའ་ངལ།ལྷོ་རྒྱ་ནག་གི་རྒྱ་མཚོ་ནང་མཚོ་གླིང་རྩོད་རྙོག འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་སྐོར་ལ་གྲོས་ཆོད་བཞག་པའི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག
    སྲིད་འཛིན་ཨོ་བྷ་མས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་ནས་བོད་དོན་སྐོར་ལ། ང་ཚོ་ཨ་རིའི་གཞུང་གིས་བོད་ནི་རྒྱ་ནག་གི་ཆ་ཤས་ཞིག་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཨ་རིའི་གཞུང་གིས་མུ་མཐུད་དུ་རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་དང་། ལྷག་པར་དུ་ཏཱ་ལའི་བླ་མ་མཆོག་དང་ཡང་ན་ཁོང་གི་སྐུ་ཚབ་མཉམ་དུ་གྲོས་མོལ་བྱེད་པར་འབོད་སྐུལ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག
    President Obama said: even as we recognize Tibet as part of the People’s Republic of China, we continue to encourage Chinese authorities to preserve the religious and cultural identity of the Tibetan people, and to engage the Dalai Lama or his representatives. 
    དེ་རིང་བོད་རིགས་ཚོས་སྐད་འབོད་ཡག་ཐག་གཅོད་གནང་འདུག་བཀའ་དྲིན་ཆེ།གང་ཡིན་ཟེར་ན། གུས་པས་སྲིད་འཛིན་གཉིས་ཀྱིས་ཐད་ཀར་གསར་འགོད་གསལ་བསྒྲགས་བྱེད་པར་ལྟ་ཉན་བྱེད་སྐབས། ཕོ་བྲང་དཀར་པོའི་ཕྱི་ལོགས་སུ་བོད་རིགས་ཚོས་ཞི་ཕིན་ཅིན་དང་རྒྱ་ནག་ཟེར་བའི་འབོད་ཚིག་གི་གོ་དུས་ངོ་མ་སྐྱིད་པོ་འདུག
    སྲས་སྐུ་ངོས།
     

  9. ཀརྨ་བློ་གསལ་ says:
    2015-09-26 at 9:14 am

    President Obama said: even as we recognize Tibet as part of the People’s Republic of China, we continue to encourage Chinese authorities to preserve the religious and cultural identity of the Tibetan people, and to engage the Dalai Lama or his representatives.

    ༼སྲིད་འཛིན་ཨོ་བྷ་མས་གསུངས་དོན། ང་ཚོར་བོད་ནི་ཀྲུང་ཧ྄་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་ངོས་ལེན་ཡོད་ནའང་། ང་ཚོས་མུ་མཐུད་ནས་རེ་བསྐུལ་བྱེད་ཀྱིན་པ་ནི་བོད་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་ཡོང་སླད་ཏཱ་ལའི་བླ་མའི་སྐུ་ཚབ་དང་འབྲེལ་གཏུག་ཡོང་རོགས། ༽

    འདིས་ཕན་ག་རེ་ཐོགས་ཀྱི་རེད་དམ། གནོན་ཤུགས་སྤྲད་མི་འདུག་ག ལོ་གང་མང་ལ་བཤད་ཟིན་པ་ཞིག་བསྐྱར་བཟློས་རེད་ལ། བོད་པ་ཚོར་མགོ་བསྐོར་ཡང་རེད།

  10. གནམ says:
    2015-09-26 at 10:27 am

    འོ་བྷ་མའི་སྐད་ཆ་དེ་ཀ་བློ་ཁྱོ་འདྲ་མོ་དྲ་ཁང་ནང་གི་འཆལ་གཏམ་ལ་དོན་སྣང་མ་བཞག་པར་བཞག་ཆོག་པ་དེ་འདྲ་མ་རེད་ཡ། དེ་ནི་ས་ཨ་རི་གནམ་ཨ་རི་ཡིན་པའི་སྲིད་འཛིན་ཞིག་གི་བཅོལ་གདམས་རེད་ཡ། དེ་ནི་ཨ་རི་ཚང་ལ་ངོ་འཚོ་བར་ཡོང་ནི་ཞིག་གིས་ཆུ་ནང་ལ་ཡོག་བཏང་བ་ནང་བཞིན་བཞག་མི་ཤེས་ཞིག་ཡིན་ནི་རེད་ཡ།

    བཅོལ་གདམ་དེས་བོད་ནང་ལ་བདེ་སྐྱིད་རེ་སྐྲུན་པའི་རེ་བ་ཡོད།

  11. རྒྱང་མིག says:
    2015-09-26 at 2:18 pm

    ༧གོང་ས་མཆོག་ཕྱི་ཟླ་བཅུ་བའི་ནང་དུ་ཨ་རིར་ཕེབས་འཆར་གྱི་མཛད་རིམ་རྣམས་ཕྱིར་འཐེན་གནང་དོན་ནི། གཤམ་དུ་ཨ་རིའི་དོན་གཅོད་ཁང་གིས་ཁོ་ཚོའི་ངོ་དེབ་ནང་གསལ་བརྡ་སྤེལ་ཡོད་པ་དེ་རེད།

    Office of Tibet – Washington, DC
    20 hrs · Edited ·

    His Holiness the Dalai Lama Cancels October U.S. Visit

    His Holiness the Dalai Lama is in the United States for a medical check-up. The doctors have advised His Holiness to rest for the next several weeks. As a result, His Holiness’ planned October U.S. visit has been cancelled. We deeply regret the inconvenience caused by this decision and apologize to all the people who have worked so hard in organizing the visit as well as to the public. We thank you for your support and understanding.
    The Office of His Holiness the Dalai Lama
    Dated: September 25, 2015

  12. ཨ་ཁུ་ནོར་བུ་ says:
    2015-09-26 at 5:29 pm

    རེ་བ་དགུ་འཛོམས་ལ་། སྟོང་པ་བཅུ་འཛོམས་།་ གུང ཁྲན་ཏང་ཟེར་བ་དེ་མ་ཐོར་བར་བཟང་པོ་གཅིག་ཀྱང་འཛོམས་ཡས་ཡོད་པ་མ་རེད་།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-09-27 at 5:01 am

    ད་རེབ་ཅེས་པ་ད་རེས་ཞེས་པའི་དོན་དག་ཡིན་ནམ།
    ་
    འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན།
    ་
    རྒྱག་ཅེས་པ་ཁ་སྐད་དམ་ཕལ་སྐད་དབང་གིས་རྒྱབ་ཅེས་པ་ལ་རྗེས་འཇུག་བ་ལ་རྗེས་འཇུག་ག་བྲིས་པ་ཡིན་ནམ་སེམས་སོ།

  14. ཀརྡོ་གཉེར་ཕྱག་པ་ says:
    2015-09-27 at 7:19 am

    དུས་བབ་དང་། ཁ་བརྡའི་བོད་ཡིག་དང་བོད་སྐད།

    ད་རེས་དྷ་སར་སྲུང་བརྩི་ཞུ་བགྱིད་རེད་།
    ལ།
    ད་རེབ་རྡ་སར་སྲུང་གཙི་ཞུ་ཡི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme