Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙོན་ཁང་ནང་གི་ཡ་ང་བའི་མནར་གཅོད།

Posted on 2012-11-03 By ཤར་ཕྱོགས་ཁུག་རྟ། 20 Comments on བཙོན་ཁང་ནང་གི་ཡ་ང་བའི་མནར་གཅོད།

གནས་ཚུལ་མཁོ་འདོད་གནང་མཁན། མདོ་སྨད་གསེར་རྟའི་སྤྱི་ཟུར་ཚུལ་ཁྲིམས་འོད་ཟེར་ལགས། 
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན་མགོ་ལོག་འཇིགས་མེད་མཆོག་སླར་ཡང་རྒྱ་དམར་སྲིད་གཞུང་གིས་ཕྱི་ལོ་༢༠༡༢་ལོའི་ཟླ་༩་བའི་ཚེས་༢༠་ལ་བཙོན་བཅུག་བྱས་འདུག མགོ་ལོག་འཇིགས་མེད་ནི་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་རག་ཁྲམ་ཡུལ་ཚོའི་ཏོག་ཚ་སྡེ་བ་ནས་རེད། ཁོང་ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་གྲྭ་སར་བཞུགས་འདུག རྒྱ་དམར་སྲིད་གཞུང་གིས་མགོ་ལོག་འཇིགས་མེད་ལ་འཇིགས་བྲལ་གློག་བརྙན་བཟོ་མཁན་ད་ལྟ་རྒྱ་དམར་གྱི་བཙོན་ཁང་ན་ཡོད་པའི་དོན་གྲུབ་དབང་ཆེན་གྱི་ལས་རོགས་ཡིན་པའི་ཉེས་འཛུགས་དང་། ཕྱི་ལོ་༢༠༠༨་ལོའི་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོ་སློང་མཁན་གྱི་ཉེས་འཛུགས་བཅས་ཉེས་འཛུགས་ཆེན་པོ་གཉིས་གཙོ་བོ་བྱས་ཏེ་ད་བར་བཙོན་འཇུག་མནར་གཅོད་ཚབས་ཆེན་གང་མང་བཏང་ཡོད་འདུག

 

 

དེ་ཡང་བོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པས་གསུངས་པ། “ཕྱི་ལོ་༢༠༠༨་ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་འགོ་ཚུགས་རྗེས་ཕྱི་ཟླ་༣་པའི་ཚེས་༢༣་ཉིན་རྒྱ་གཞུང་ཉེན་རྟོག་པས་མགོ་ལོག་འཇིགས་མེད་མཆོག་བླ་བྲང་བཀྲ་ཤིས་འཁྱིལ་ནས་བཙན་ཁྲིད་ཀྱིས་ཀ་ཆུའི་ཉེས་ཆེན་པའི་བཙོན་ཁང་སོགས་བཙོན་ཁང་འདྲ་མིན་ནང་ཟླ་༧་ཙམ་ལ་བཙོན་བཅུག་བྱས་པ་དེའི་སྐབས་ཉིན་གྲངས་༥༣་དང་། ཉིན་མཚན་བསྡོམས་ན་ཉིན་ཞག་༡༠༦་རིང་ཉེན་རྟོག་པ་དང་དམག་མི་སོགས་རེས་མོས་ཀྱིས་གཅར་རྡུང་ཚབས་ཆེན་བཏང་བ་དང་། དེ་ཡང་ཁོང་གི་རྐང་ལག་བཞི་ག་ལ་རང་གི་གཟུགས་པོའི་རྒྱབ་ལོགས་སུ་ལྕགས་བརྒྱབས་ཏེ། བཙོན་ཁང་གི་གནམ་ལ་བཏགས་ནས་ཆུ་ཚོད་གང་མང་ལ་བཞག་པར་བརྟེན་དྲན་མེད་དུ་ལན་གྲངས་མང་པོར་བརྒྱལ་ཡོད་པ་དང་། གཞན་གློག་རྒྱུགས་འདྲ་མིན་ཁ་ནང་དང་། མིག་ནང་སོགས་ལ་བཙུགས་པ་སོགས་ཀྱིས་གཅར་རྡུང་རིགས་དང་། གཉིད་བཀག་པ། ཟས་བཅད་པ། ཐ་ན་གཙང་སྤྱོད་ལ་མ་མངག་པ་སོགས་སྡུག་སྦྱོང་མནར་གཅོད་ཚབས་ཆེན་བཏང་མཐར་ཕྱི་ལོ་༢༠༠༨་ལོའི་ཟླ་༡༠་བའི་ནང་རྒྱ་གཞུང་གིས་དོ་དམ་བཀག་ཉར་གན་གྱའི་འོག་མགོ་ལོག་འཇིགས་མེད་མཆོག་ཐག་དྲུད་དུ་ནང་ལ་མངག་ཡོད། འོན་ཀྱང་བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་བར་བརྟེན་ཁོང་གི་རྩིབ་མ་གཡས་གཡོན་གཉིས་ཀྱི་རྩིབ་རུས་མང་པོ་བཅག་པར་བརྟེན་དེང་སྐབས་ཀྱང་དྲག་སྐྱེད་ཡག་པོ་བྱུང་མེད། ཁོང་གི་ལག་པ་གཉིས་རྒྱབ་ལོགས་ནས་ལྕགས་བརྒྱབས་ཏེ། གཟུགས་པོ་གནམ་བཏགས་བྱས་པ་སོགས་ཀྱིས་ལག་པ་ནད་ཅན་དུ་གྱུར་པས་ཁོང་གིས་རང་ཉིད་ཀྱི་ཤམ་ཐབ་སྒང་ལ་སྐེད་རགས་བཅང་ཐུབ་མི་ཐུབ་ཙམ་དུ་གྱུར་ཡོད།’’ཅེས་དང་།

 

 

ཡང་གནས་ཚུལ་མཁོ་སྤྲོད་པས་“སླར་ཡང་ཕྱི་ལོ་༢༠༠༩་ལོའི་ཟླ་༣་ཚེས་༡༣་ཉིན་རྒྱ་དམར་ཉེན་རྟོག་པས་མགོ་ལོག་འཇིགས་མེད་བཙོན་འཇུག་ཐེངས་གཉིས་པ་བྱས་ཏེ། ཟླ་༤་བའི་ཚེས་༢༠་བར་ཟླ་༡་དང་ཉིན་༨་རིང་དུ་་བཀག་ཉར་བྱས་ཡོད། དེ་བཞིན་མཚམས་རེར་བདུན་ཕྲག་རེ་གཉིས་ཙམ་དང་། ཉིན་ཁ་ཤས་རེ་ལ་བཀག་ཉར་བྱེད་རྒྱུ་དང་། ཟླ་བ་འདི་ནས་འདིའི་བར་ལ་ཁྱོད་དགོན་པའི་ནང་བསྡད་མི་ཆོག ཅེས་ཉེན་རྟོག་པས་ཁོང་དགོན་པ་ནས་ཕྱིར་འབུད་བཏང་བ་དེ་རིགས་ནི་ཁོང་ལ་འཆར་ཅན་ཞིག་རེད།’’ ཅེས་དང་།

 

 

གནས་ཚུལ་མཁོ་སྤྲོད་པས་“མགོ་ལོག་འཇིགས་མེད་ཀྱི་གཟིམས་ཤག་ནི་བླ་བྲང་དགོན་པའི་གཞུང་ཁང་ཞིག་ཡིན་པ་དང་། ཕྱི་ལོ་༢༠༡༢་ལོའི་ཟླ་༩་བའི་ཚེས་༥་ཉིན་མགོ་ལོག་འཇིགས་མེད་ཡོད་སའི་ཁང་བ་དེ་ལ་བཟོ་བཅོས་རྒྱག་དགོས་པས་ཁྱོད་ཁང་བ་གཞན་ལ་སྤོར། ཅེས་རྒྱའི་ལས་ཁུངས་ཤིག་གིས་བཤད་པར་བརྟེན། མགོ་ལོག་འཇིགས་མེད་ལགས་ཁང་པ་གཞན་ཞིག་ཏུ་སྤར་མ་ཐག་ཏུ་དེ་སྔོན་མཐོང་མ་མྱོང་བའི་རྒྱ་མི་ཁག་གཅིག་ཡོང་ནས་ཉིན་དཀར་ཁང་བ་རྩ་རྫོགས་བྱས་པ་དང་། དགོང་མོ་ས་རུབ་རྗེས་ས་རྐོ་འཕྲུལ་འཁོར་སྟེ། Backhoeཞེས་པ་ཡོང་ནས་ཁང་ཤུལ་བསྔོགས་བཤེར་ཡང་བཏང་སོང་། དེ་རྗེས་མགོ་ལོག་འཇིགས་མེད་རྒྱ་ནག་གི་གྲོང་ཁྱེར་ལན་ཀྲོས་ལ་ཁོང་སྐུ་སྒེར་གྱི་ལས་དོན་ཞིག་གི་ཆེད་ཕྱིན་པ་དང་། ཕྱི་ཟླ་༩་བའི་ཚེས་༢༠་ཉིན་ཁོང་རྒྱ་ནག་གི་གྲོང་ཁྱེར་ལན་ཀྲོས་ནས་ཕྱིར་ཕེབས་ཡོད་ཀྱང་དེ་ནས་བཟུང་ལམ་བར་ནས་ད་བར་གར་སོང་ཆ་མེད་དུ་གྱུར་འདུག་ཡོད། འོན་ཀྱང་ཉིན་ཤས་གོང་དུ་གསེར་རྟ་རྫོང་བརྒྱུད་མགོ་ལོག་འཇིགས་མེད་ལགས་ཀྱི་ཕ་ཡུལ་གྱི་རག་ཁྲམ་ཡུལ་ཚོའི་ས་གནས་རྒྱའི་སྲིད་གཞུང་ནང་མགོ་ལོག་འཇིགས་མེད་ལ་རང་གི་ཕ་ཡུལ་ན་གནས་ཚུལ་ག་རེ་ཡོད་མེད་ཐད་རྒྱ་གཞུང་གིས་གསང་བའི་ཞིབ་འཇུག་ཅིག་བྱས་ཡོད་རབས་མང་ཚོགས་ནང་ཁྱབ་བཞིན་འདུག་པར་བརྟེན། ཁོང་སླར་ཡང་དེང་སྐབས་རྒྱ་དམར་སྲིད་གཞུང་གིས་བཙོན་འཇུག་གིས་མ་ཉེས་ཁག་གཡོགས་དང་། མནར་གཅོད་གཏོང་བཞིན་ཡོད་ངེས་ཅན་ཡིན་འདུག་ན་འཛམ་གླིང་གི་དྲང་བདེན་ལ་དགའ་བའི་གཞུང་སྒེར་ཡོངས་ཀྱིས་བོད་མིའི་རྩ་དོན་སྤྱི་དང་། མགོ་ལོག་འཇིགས་མེད་ཀྱི་ཆེད་རྒྱབ་སྐྱོར་ནུས་ལྡན་གནང་རྒྱུ་ང་ཚོའི་རེ་བ་ཆེན་པོ་བྱས་ཡོད།’’ ཅེས་དང་།

 

 

“སྐུ་དཔར་འདི་ནི་མགོ་ལོག་འཇིགས་མེད་ལགས་རང་གི་ཕ་ཡུལ་མགོ་ལོག་གསེར་རྟ་རག་ཁྲམ་ཡུལ་ཚོའི་ས་གནས་སུ་བླངས་པའི་སྐུ་པར་ཞིག་ཡིན་པ་དང་། ཁོང་གི་ཕ་ཡུལ་ནི་འབྲོག་སྦྲ་ནག་ཅན་གྱི་ས་ཁུལ་ཞིག་ཡིན་ཡང། དེང་སྐབས་རྒྱ་གཞུང་གིས་བོད་ཀྱི་འབྲོག་པ་གྲོང་སྡེར་བསྒྱུར་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་སྐབས་དེར་མགོ་ལོག་འཇིགས་མེད་མཆོག་གི་ཕ་ཡུལ་ཏོག་ཚ་སྡེ་བའི་འབྲོག་པ་རྣམས་ཀྱང་རྒྱ་གཞུང་གིས་གྲོང་སྡེར་བསྒྱུར་འདུག་པ་དང་། དེར་བརྟེན་མགོ་ལོག་འཇིགས་མེད་མཆོག་གི་རྒྱབ་ལོགས་ཀྱི་ཁང་པའི་པར་དེ་དག་ཀྱང་རྒྱ་གཞུང་གིས་མགོ་ལོག་འཇིགས་མེད་ལགས་ཀྱི་ཕ་ཡུལ་གྱི་འབྲོག་སྡེ་རྣམས་གྲོང་སྡེར་བསྒྱུར་བའི་ཁང་བའི་དཔར་རེད།’’

 

 

གསར་འགྱུར།

Post navigation

Previous Post: བདེ་སྐྱིད་འཚོལ་བ། ༼ཁག་དང་པོ༽
Next Post: དེ་དུས་ནི།

Comments (20) on “བཙོན་ཁང་ནང་གི་ཡ་ང་བའི་མནར་གཅོད།”

  1. ཉི་འོད་གྲོངས says:
    2012-11-03 at 9:30 am

    ཤ་ཚ་རང་རེད

  2. རེབ་སྐྱིད་མཚོ says:
    2012-11-03 at 11:20 am

    ཁོང་སྙིང་མ་རྗེ། ངོ་མ་རྒྱ་གུང་ཁྲན་གྱིས་བཙན་གནོད་བཏང་འདུག་ག་ད་དུང་བཙན་འོག་ཏུ་
    ཕྱིན་པའི་མེར་སྲེག་དག་དེ་བས་ཡ་ང་བ་ཞིག་རེད་

  3. ཡེ་ཤེས་དཔལ། says:
    2012-11-03 at 11:20 am

    བཀུར་འོས་སྤྱི་ཟུར་བསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། གལ་སྲིད་དགག་བྱ་མེད་ན་ཉིད་ཀྱི་ཁ་པར་ཨང་འདིར་འཇོག་རོགས། ཉིད་འབྲེལ་བ་ཞིག་ཞུ་དགོས་འདུག གཞན་གང་ཡང་མིན་ལགས།

  4. མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    2012-11-03 at 12:24 pm

    བཀུར་འོས་དྲ་གྲོགས་ཡེ་ཤེས་དཔལ་ལགས། ངའི་ཁ་པར་ཨང་གྲངས་འདི་ཡིན་ལགས། ༩༩༠༢༤༨༨༥༦༢

  5. Ten Tse Prince says:
    2012-11-03 at 12:50 pm

    ཕྱི་རྒྱལ་རང་དབང་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་གངས་ཅན་སྐྱེ་འགྲོ་ཀུན་གྱིས་གསོན་ཅིག
    མགོ་ལོག་འཇིགས་མེད་ནི་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་རག་ཁྲམ་ཡུལ་ཚོའི་ཏོག་ཚ་སྡེ་བ་ནས་རེད་། ཁོང་སླར་ཡང་དེང་སྐབས་རྒྱ་དམར་སྲིད་གཞུང་གིས་བཙོན་འཇུག་གིས་མ་ཉེས་ཁག་གཡོགས་དང་། མནར་གཅོད་གཏོང་བཞིན་ཡོད་ངེས་ཅན་ཡིན་འདུག་ན་།།
    འདི་སུའི་ཆེད་དུ་རེད། བོད་མི་ས་ཡ་དྲུག་གི་མ་འོངས་བདེ་སྐྱིད་ཁོ་ནའི་ཆེད་དུ་རེད། བོད་ཆོལ་གསུམ་ཆོས་རྒྱུད་དང་བཅས་པའི་ཆེད་དུ་རེད། སྲིད་སྐྱོང་བློ་བཟང་སེང་གེའི་ཆེད་དུ་རེད། བཀའ་བློན་རྣམ་པ་བདུན་གྱི་ཆེད་དུ་རེད། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་དབུས་སྤྱི་འཐུས་ཡོངས་ཀྱི་ཆེད་དུ་རེད། ཁྲིམས་ཞིབ་པ་ཚེ་རིང་དོན་གྲུབ་ཀྱིས་དབུས་ཁྲིམས་ལུགས་འབྲེལ་ཡོད་རྣམས་ཀྱི་ཆེད་དུ་རེད། དེ་བཞིན་གཞུང་འབྲེལ་ལས་ཁུངས་ཡོངས་ཀྱི་ཆེད་དུ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་གྱིས་དབུས་གཞོན་ནུའི་ཚོགས་མི་ཡོངས་ཀྱི་ཆེད་དུ་རེད། བོད་ཀྱི་བུད་མེད་ལྷན་ཚོགས་སོགས་མདོར་ན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཆེ་ཆུང་ཡོད་དོ་ཅོག་གི་ཆེད་དུ་རེད། ཁྱོད་ཀྱི་ཆེད་དུ་རེད། ངའི་ཆེད་དུ་རེད།

  6. ཆབ་བྲག་ཕོ་ཉ says:
    2012-11-03 at 1:11 pm

    ཕ་ཡུལ་ཕྱོགས་ལ་འབྲེལ་བ་གནང་ཐུབ་མཁན་རྣམ་པས་ཁོང་གི་བདེ་སྡུག་སྐོར་ལ་མུ་མཐུད་རྩད་ཞིབ་ཀྱིས་གནས་ཚུལ་མཁོ་འདོན་དང་དབྱིན་ཡིག་སོགས་སུ་སྒྱུར་སྤེལ་གནང་གལ་ཆེའོ། བཀུར་འོས་སྤྱི་ཟུར་ལགས་སུ་བཀའ་དྲིན་ཆེ་ཞུ།

  7. འདྲེ་རྐང་ཐོ། says:
    2012-11-03 at 1:37 pm

    སྤྱི་ཟུར་ལགས་ནས་་ཁུངས་ཐུབ་ཀྱི་གནས་ཚུལ་མང་བོ་ཞིག་་་དྲ་བར་བཀོད་གནང་སོང་བར་སེམས་གཏིང་ནས་གུས་རྩི་ཞུ།

  8. ཁྭ་ཏ་ཁ་ཏ་བ། says:
    2012-11-03 at 2:14 pm

    ཤ་ཚ་ཨ་་་་་་་་་་་། རྒྱུ་སྒྲག་གནང་རོགས། ཐུགས་ཆེ་ཞུ།

  9. ངོ་ལུག says:
    2012-11-03 at 2:29 pm

    ཟླ་བ་༡༠པའི་ཚེས་༡༧ཉིན་འོད་ཟེར་ལགས་ཀྱིས་མགོ་ལོག་འགྱུར་མེད་གར་སོང་ཆ་མེད་དུ་གྱུར་བའི་སྐོར་རྩོམ་ཞིག་སྤེལ་འདུག ཕན་ཚུན་རྒྱུས་མངའ་ཅན་ཡིན་འདུག མགོ་ལོག་འགྱུར་མེད་ལགས་བཙོན་ཁང་ནང་ཐེངས་འགའ་ཤས་བཅུག་མྱོང་ཡོད་པ་དང་ དེ་དག་རིང་སྡུག་སྦྱོང་མྱངས་པའི་རྐྱེན་གྱིས་གཟུགས་གཞི་ནད་ཀྱིས་བཅིངས་པའི་སྐོར་བཀོད་བཞག ཐེངས་འདིར་ཁོང་བོར་ཚུལ་ཐད། ཟླ་བ་༩ཚེས་༢༠ཉིན་ལན་ཀྲུའི་གྲོང་དུ་བོད་པ་ཚང་ཞིག་ལ་ཨ་མཆོད་དུ་ཕེབས། ཚེས་༢༡ཉིན་གཙོད་གྲོང་ཁྱེར་དུ་བྱ་བ་བསྒྲུབས་ཏུ་ཕེབས་ནས་ཞག་གཅིག་བཞུགས། ཕྱི་ཉིན་བླ་བྲང་དགོན་དུ་ལོགས་པའི་ལམ་བར་དུ་བོར་འདུག་ཅེས་བྲིས་བཞག ད་ལྟ་ཁོང་བཙོན་ཁང་གང་གི་ནང་དུ་ཡོད་པ་དང་། ད་ལྟའི་གནས་ཚུལ་ཇི་ལྟར་ཡིན་མིན། གཟུགས་གཞི་བདེ་ཐང་ཇི་་འདྲ་ཡོད་མེད། ཉེ་ཆར་བློ་ཉེ་གང་ཞིག་དང་ཐུག་འཕྲད་ཡོད་མེད་རྒྱུས་ལོན་སྦྲགས་ཕྱི་ཕྱོགས་ནས་ཁོང་ལ་དོ་སྣང་དང་མྱུར་སྐྱོབས་ལས་འགུལ་གང་ཐུབ་གཙིགས་སུ་ཆེ།

  10. གནམ says:
    2012-11-03 at 4:58 pm

    བོར་སོང་བ་མ་རེད། རྒྱ་གདོན་ཚང་གི་འདྲེ་ལག་གིས་བརྐུས་སོང་བ་རེད། བྱེད་སྟངས་འདི་ནི་ཚེ་སྲོག་ལ་འགན་ལེན་མི་བྱེད་པར་གཅེར་རྡུང་དང་གནར་གཅོད་ཀྱི་འོག་ཚེ་སྲོག་ལ་འགལ་རྐྱེན་འདྲ་བྱུང་ན། མ་ཤེས་མ་རིག་གི་རྫུན་སྒྲུག་གི་སྲིད་ཇུས་ལག་ལེན་བྱེད་ཀྱིན་ཡོད་པ་རེད།
    ཤི་གསོན་གཉིས་ཀ་འགྲོ་ས་ཞིག་དང་ཐར་ས་ཞིག་མེད་ནོ་འདི་ཇི་འདྲའི་ཁོང་ཁྲོའི་རྒྱུ་ཞིག་རེད་མི་འདུག།

  11. པདྨ་འཕྲིན་ལས་། says:
    2012-11-03 at 5:01 pm

    མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ལ་ཐུགས་རྫེས་ཆེ།
    མག྄ོ་ལོག་འཇིག་མེད་སླར་ཡང་རྒྱ་དམར་གྱི་འཛིན་བཟུང་བྱས་བ་ལ་སེམས་སྟེང་ནས་བློ་འཕམ་ཡོད།

  12. ངོ་ལུག says:
    2012-11-03 at 5:54 pm

    དགོངས་དག ངས་གོང་དུ་ཁོང་གི་མཚན་ལ་མགོ་ལོག་འགྱུར་མེད་ཟེར་བྲིས་པ་ཡིག་ནོར་བྱུང་འདུག མགོ་ལོག་འཇིགས་མེད་རེད་འདུག མིང་ཆ་ཚང་ལ་འཇིགས་མེད་རྒྱ་མཚོ་འབོད་ཀྱི་ཡོད་པར་འདུག བླ་བྲང་དགོན་དུ་འཇིགས་མེད་རྒྱ་མཚོའི་མཚན་ཅན་གཞན་ཡོད་པས་ཁོང་ལ་རྒྱུན་པར་མགོ་ལོག་འཇིགས་མེད་ཅེས་འབོད་པར་གྲགས། ད་ལོ་དགུངས་གྲངས་༤༣

  13. ནུབ་ཕྱོགས་གངས་ཕྲུག་ says:
    2012-11-03 at 6:28 pm

    གནས་ཚུལ་འཁོ་སྤྲོད་གནང་བ་ཐུགས་རྗེ་ཆེ། ཡིན་ནའང་ཉིན་ཞག་༡༠༦ རིང་ཉེན་རྟོག་པ་དང་དམག་མི་རེ་མོས་ཀྱིས་བརྡུང་ཟེར། དེ་འདྲ་བརྡུང་ན་ཤི་ཚར་བ་ཡིན་གྱི་རེད།

  14. གནམ says:
    2012-11-03 at 6:54 pm

    རྐུ་འཕྲོག་ཁྲིམས་འགལ་ཡིན་ཚུལ་རྒྱ་ཡིས་བཤད།
    ས་རྐུན་མྱི་རྐུན་རྒྱག་ནོ་རྒྱ་འདྲེ་རེད།
    མི་རིགས་འདྲ་མཉམ་ཡོད་ཚུལ་རྒྱ་ཡིས་བཤད།
    གྲངས་ཉུང་གཅར་རྡུང་བྱེད་ནོ་རྒྱ་འདྲེ་རེད།

    ལས་ལས་གཉིས་ཀ་གནོད་འཚེ་རེད།
    བཤད་བཤད་གཉིས་ཀ་གཡོ་རྫུན་རེད།
    རྒྱ་འདྲེ་འདི་ལ་ངོ་ཚ་ཤིག།
    ཡོད་ཚོད་མེད་པ་རྒྱ་གཤིས་རེད།

  15. ངོ་ལུག says:
    2012-11-03 at 7:13 pm

    མགོ་ལོག་འཇིགས་མེད་སླར་ཡང་བཙོན་ལ་བཅུག་པ་ཡིན་ན། རྒྱུ་མཚན་རྒྱ་ནག་གི་གྲོས་ཚོགས་༡༨དང་འབྲེལ་བ་ཡང་ཡོད་སྲིད་ཅེས་ཁོང་གི་ངོ་ཤེས་འགས་གླེང་གི་ཡོད་རབས་འདུག རྒྱ་ནག་ནས་ད་ལྟའི་ཟླ་བ་འདིའི་ནང་དུ་ནམ་རྒྱུན་ལས་ལྷགས་པར་དོགས་ཟོན་བྱེད་བཞིན་ཡོད་པ་དང་། གྲོས་ཚོགས་༡༨སྲུང་དགོས་ཟེར་ནས་མེ་མདའི་རྩེ་གྲི་མང་ཚོགས་ལ་གཏད་ཡོད་པ་རེད། ཐབས་སྐྱོ་པོ་རེད། དྲག་སྣོན་མ་གཏོགས་ཐབས་མེད་གྱུར་ཚར་བ་རེད། དེ་བོད་པའི་རེ་བ་ཡང་རེད། དོན་གྲུབ་དབང་ཆེན་གྱིས་བསྐྲུན་པའི་གློག་བརྙན་ནང་། གོང་ས་མཆོག་དྲན་གི་ཟེར་བཞིན་གདོང་མིག་ཆུས་བརླན་མཁན་དེ་ཉིད་འཇིགས་མེད་ལགས་ཀྱི་ཡབ་ཡིན་པར་འདུག བུ་བཙོན་ནང་ཐེངས་གཉིས་ཙམ་བཅུག་པས་རྒད་པོ་ལ་སེམས་ངལ་ལུས་ངལ་ཆེན་པོ་བྱུང་བ་དང་། འཇིགས་མེད་བཙོན་ནས་ཐེངས་གཉིས་པ་མར་ཐོན་ནས་ཡུན་རིང་མ་འགོར་བར་ཡབ་གྲོང་ཕྱིན་འདུག

  16. འདྲེ་རྐང་ཐོ། says:
    2012-11-03 at 7:23 pm

    ངས་བལྟས་ན་་་བོར་དང་་་བརྐུས་གཉིས་ཀ་མ་རེད་་་་་བཙན་དབང་གི་འཁྲིད་སོང་བ་རེད་འདོད།

  17. མེ་ཏོག་ལྷ་མཛེས། says:
    2012-11-04 at 1:36 am

    གནས་ཚུལ་ཡག་པོ་མཁོ་སྤྲོད་བྱས་འདུག ཡག་མོ་རེད་ལོ།

  18. གནམ says:
    2012-11-04 at 2:22 am

    ཁྲིད་སོང་བ་ཡིན་ན་ཁྲིད་ཡུལ་དང་ཁྲིད་མཁན་ཤེས་དགོས་པ་རེད། དེ་ཤེས་མཁན་མེད་ན་བརྐུས་ནི་མིན་ན་ཅི་རེད། འདྲེ་རྐང་ལགས།

  19. རྡོ་རྗེ་རྒྱལ་མཚན། says:
    2012-11-04 at 3:02 am

    མདོ་སྨད་སྤྱི་ཟུར་ལྷག་བསམ་ཅན་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་མགོ་ལོག་འཇིགས་མེད་སྐོར་ཁུངས་ལྡན་གནས་ཚུལ་བཀོད་ཐུབ་པ་བསྔགས་པར་འོས།།

  20. ཡེ་ཤེས་དཔལ། says:
    2012-11-04 at 12:08 pm

    སྔོན་བསེར་རྟ་ན་ཡོད་དུས་ཁོང་གི་མཚན་ལ་འཇིགས་མེད་ལོ་ཙྭ་ཟེར། ཕྱིས་སུ་བླ་བྲང་ནས་ཚོགས་ཞུགས་གནང་རྗེས་འཇིགས་མེད་རྒྱ་མཚོར་འབོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme