Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙུན་མ་ཞིག་ལ་ཕུལ་བ།

Posted on 2013-03-22 By ཁ་བརྡ་ 34 Comments on བཙུན་མ་ཞིག་ལ་ཕུལ་བ།

གྲིབ་གཟུགས།

མི་ཚེ་འདི་མཚོན་མདོག་ཅིག་ཡིན་ན།
ང་ཚོས་སྐྱ་མདོག་གཅིག་ལ་འཐམས་བསྡད་ཡོད།
མི་ཚེ་འདི་མེ་ཏོག་ཅིག་ཡིན་ན།
ང་ཚོས་མེ་ཏོག་དེའི་མཛེས་སྡུག་དང་དྲི་བསུང་ལ་རོལ་མྱོང་བྱས་མེད།

མེ་ཏོག་ལྟ་བུའི་ མཚོན་མདོག་ལྟ་བུའི་ མཇའ་ཚོན་ལྟ་བུའི་མི་ཚེ།
མི་ཚེའི་དོན་སྙིང་ང་ཚོས་ལོན་ཐུབ་མེད་ཅེས་བརྗོད་ན་འགྲིག

ངེས་བྱུང་སད་སུད་རེ་དང་། མཚོན་མདོག་ཅན་གྱི་གོས་དེ་ཁུར་ནས།
ང་ཚོས་ཐར་པ་ཞེས་པ་དེ་ལག་ལ་ལོན་ནུས་སམ།
ཡང་སྙིང་ང་ཚོར་སྟོན་པའི་རྗེས་འཇུག་གཙང་མ་ཞིག་བྱེད་པའི་བློ་སྤོབས་ཡོད་དམ།

ཟན་གཤམ་ནང་ནས་ཁྱེད་ཀྱི་སྐྱེ་གཟུགས་ཀྱི་མཛེས་ཆ་དེ་མ་ངོམ་རོགས།
ཁྱེད་ཀྱི་དབུ་སྐྲ་སྔ་ས་ནས་སྤུ་གྲིས་ཟོས་ཟིན་འདུག
ཁྱེད་ཀྱི་བྱད་བཞིན་ལ་ཤ་གསོས་སྨན་དེ་བྱུགས་མེད་རྒྱུ་ན།
རྩམ་ཁུག་སྟོང་པ་ཞིག་གི་བཟོ་ལྟ་ལས་ངོམ་རྒྱུ་མེད་པ་འདྲ།

ཁྱེད་ཀྱི་ལང་འཚོ། ཁྱེད་ཀྱི་མཛེས་སྡུག ཁྱེད་ཀྱི་མི་ཚེ། ཁྱེད་ཀྱི་བཅུ་དྲུག་གི་གཞོན་ཤ།
ཡོད་ཚད་མེ་ལ་བསྲེགས་ཟིན་དུས། ཁྱོད་རང་བློ་འགྱོད་མ་སྐྱེས་ཨང་།
”བློ་འགྱོད་མ་སྐྱེས་” ཞེས་པའི་སྐད་ཆ་འདི་ནི།
ཡ་ཐོད་ངོས་ཀྱི་རི་མོ་ཞིབ་མོ་དེས་ཁྱོད་ལ་ཕུལ་བའི་རེ་ཕྲིན་ཞིག་རེད།

སྙན་ངག

Post navigation

Previous Post: གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་རྐང་པར་རྨ་བརྒྱབ་ཏེ་དེ་རིང་ངལ་གསོས་འདུག
Next Post: རྒྱ་ནག་གི་རྒྱལ་དར་འཕྱར་ན་འགྲིག་གམ།

Comments (34) on “བཙུན་མ་ཞིག་ལ་ཕུལ་བ།”

  1. མྱི་དཀར says:
    2013-03-22 at 9:24 pm

    སྐྲ་ལོ་ཐུང་ཐུང་དེའི་འོག་ནས། །མཛེས་པའི་ཟུར་མིག་དེ་མ་འཕེན། །སྟོད་འགག་ཐུང་ཐུང་དེའི་འོག་ནས། །ལྟེ་བའི་པད་མ་དེ་སྐུངས་རོགས། །

  2. མེ་ཏོག་དཀར་པོ says:
    2013-03-22 at 11:54 pm

    གཟན་གཤམ་སྣུམ་པོ་རེ་གྱོན་ཅིང་། །
    ལན་བུ་མེད་པ་ཡི་དབུ་རིལ། །
    ལྡེམ་ལྡེམ་འཁྱུག་འཁྱུག་གི་བགྲོས་ཅན། །
    ཨ་ནེ་སྒྲོལ་མ་དེ་དྲན་བྱུང་། །

  3. གྲིབ་གཟུགས། says:
    2013-03-23 at 1:14 am

    གྲྭ་པའི་མིག་ནང་གི་མེ་ཏོག།
    ཨ་ནེ་དབུ་རིལ་ཚོ་ཡིན་སོང་།།
    གཞན་བསྟེན་འཚོ་བ་ཡི་རྒྱ་མདུད།།
    མདུད་པ་དགུ་སྒྲིལ་ལ་གྱུར་སོང་།།

    འཚོ་བའི་རང་ཐག་དེ་མ་ཆོད།།
    མྱང་འདས་འགྲོ་ལམ་དེ་མ་ཟིན།།
    ཆོས་གོས་ངུར་སྨྲིག་གི་སེང་ནས།།
    འདོད་བརྩེའི་མིག་འོད་དེ་འཁྱུག་པོ།།

  4. ཆུ་ཐིགས་སྔོན་མོ says:
    2013-03-23 at 3:09 am

    ངུ་སྨྲིག་གོས་བཟང་གི་འོག་ཏུ།།
    ཨུ་ཚུགས་བསྐྱངས་དགོས་རང་མི་འདུག།
    བརྩེ་བ་སྣུམ་པོ་དེ་ཁུར་ནས།།
    ཕེབས་དང་བསུ་མ་ལ་ཡོང་ཆོག།

  5. གནམ says:
    2013-03-23 at 3:40 am

    ཨ་ནེ་ནེ་ཁོ་འདི་ཚོ།
    ཨ་ཁུ་ཁུ་ལོ་དེ་ཚོའི།
    ཁ་སེམས་མཐུན་ས་ཡིན་དུས།།
    སྡོམ་ཁྲིམས་དམ་གཙང་ཡིན་མིན།
    སུ་དང་གང་གི་མི་ཤེས་་་་་་བས་

    ཨ་ནེ་ཡག་མས་ཇོ་ལོག་བྱས་ནས།།
    གྲྭ་ལྡོམ་ཆོས་མེད་དེ་ལ་འཁོར་བ་སྦྱིན།།

    ཨ་ནེ་བཟང་མ་ནེ་ལོག་བྱས་ནས།།
    མི་སྐྱ་ཡ་རབ་དེ་ལ་བུ་ཕྲུག་སྦྱིན།།

  6. གྲིབ་གཟུགས། says:
    2013-03-23 at 3:58 am

    གནའ་སྔ་མོ་བོད་ཀྱི་གཏམ་དཔེ་ལས།

    ཨ་ནེ་གྲྭ་པའི་ཐོབ་ཐང་རེད།།
    པུ་གུ་སྐྱེས་ན་སྤྲུལ་སྐུ་རེད།།

    ཟེར་ན་ཁྱེད་ཚོར་དགོངས་འཆར་ག་རེ་ཡོད་ལགས། ????

  7. བན་དེ་བ། says:
    2013-03-23 at 4:25 am

    སོར་བྱང་སྡོམ་པའི་རྩ་བ་བརྟན་པས་ཟུར་མིག་མདའ་མོས་གཡོ་མི་ནུས།
    དམར་སེར་ངུར་སྨྲིག་མདངས་ཀྱིས་སྤུད་ཅིང་ངེས་འབྱུང་སེམས་ཀྱི་ཟེའུ་འབྲུ་རྒྱས།
    འཆལ་ཚུལ་དྲི་མས་ཡོངས་སུ་དག་པས་ཆགས་པའི་ངག་གིས་འགུག་མི་ནུས།
    ཆགས་བྲལ་ཞི་སེམས་ལྡན་པའི་གྲྭ་བཙུན་ཚོགས་ལ་རེ་བ་མི་གནང་རོགས།

  8. གྲིབ་གཟུགས། says:
    2013-03-23 at 4:46 am

    མུན་པས་གཡོགས་པའི་དུས་རབས་འདི་ན་གྲྭ་བཙུན་རྣམ་དག་རེ་ཟུང་རེད།།
    འདོད་ཡོན་ཚོགས་ཀྱི་ཡོ་ལང་ཁྲོད་ན་ངེས་བྱུང་སེམས་པ་འདར་སིག་སིག།
    མིང་ཆེན་ཐོགས་པའི་དགོན་ཆེན་བླ་ཆེན་ཡོད་ཚད་ཆོས་བརྒྱད་ལས་ལ་བྲེལ།།
    དུས་ཀྱི་མཐའ་འདིར་ཐུབ་བསྟན་ཉི་མ་ནུབ་རིའི་ཕག་ཏུ་བཞུད་ལ་ཁད།།

  9. བན་དེ་བ། says:
    2013-03-23 at 5:32 am

    ཕྱི་ཚུལ་སུམ་བརྒྱ་དྲུག་ཅུའི་མེ་ཏོག་བཞད།
    ནང་ཁྲིམས་ཉིས་བརྒྱ་ལྔ་ཅུའི་འབྲས་བུ་སྨིན།
    ཕུན་ཚོགས་ཚུལ་ཁྲིམས་ཧ་རའི་ཙནཌན་ལྗོན།
    ཉེར་གཅིག་དུས་ཀྱི་ཚལ་དུ་འཁྲུངས་ནས་ཡོད།

  10. མྱི་དཀར says:
    2013-03-23 at 6:37 am

    འཇུར་རྟ་རྟིང་དཀར་ཙུག་ཙུག །སྒེག་འགྲོས་ལྡེམ་ལྡེམ་འཁྱུག་འཁྱུག །འཛུམ་ཆུང་རླབས་ཕྲེང་ཉིལ་ཉིལ། །ཇོ་མོ་ཨ་ཅེ་སྒྲོལ་མ། །

  11. མྱི་དཀར says:
    2013-03-23 at 6:40 am

    འཇུར་རྟ་རྟིང་དཀར་ཙུག་ཙུག །སྒེག་འགྲོས་ལྡེམ་ལྡེམ་འཁྱུག་འཁྱུག །འཛུམ་ཆུང་རླབས་ཕྲེང་ཉིལ་ཉིལ། །ཇོ་མོ་ཨ་ཅེ་སྒྲོལ་མ། །ད་ལྟ་གང་ན་ཡོད་དམ། །

  12. ལོག་སྨྲ་ཚར་གཅོད། says:
    2013-03-23 at 7:09 am

    ཕྱི་རོལ་ན་གཞོན་བརྩེ་དགར་རོལ་དུས་གྲྭ་བཙུན་སེམས་པ་སྨྱོ་ཚུབ་ཚུབ།།
    ནང་གི་འདོད་སྲེད་ཆུ་ལྟར་གཡོ་དུས་གྲ་བཙུན་སེམས་པ་ངར་ལང་ལང་།།
    དུས་རབས་ཉེར་གཅིག་འཁྲུགས་ཆའི་ཁྲོད་ན་གྲ་བཙུན་སེམས་པ་བྲེལ་ཚུབ་ཚུབ།།
    ཆ་འཕྲིན་དྲྭ་ལམ་འུར་ཟིང་ཁྲོད་ན་གྲྭ་བཙུན་ཆགས་འཕྲིན་འབེལ་ལྷུག་ལྷུག།

  13. ཤར་ཕྱོགས་འོད་སྣང་། says:
    2013-03-23 at 10:49 am

    ཧཱུྃཿ ཉོན་ཅིག་ཁ་བརྡའི་དྲྭ་རྒྱ་འདིར་འཁོད་ཀྱང་།།
    དོན་ལྡན་རྩོམ་ལ་ལྟ་བའི་མིག་ལོང་བའི།།
    མྱི་དཀར་གཙོས་བྱས་སྲིན་བྱའི་སྤུན་གྲོགས་ཚོ།།
    དོན་མེད་ལྟས་ངན་བསྭོ་སྒྲ་མ་སྒྲོག་ཅིག།

    གལ་ཏེ་རྡོ་རྗེའི་བཀའ་ལས་འདས་གྱུར་ན།།
    བདག་ཉིད་ཆེན་པོ་ཤར་ཕྱོགས་འོད་སྣང་ངས།།
    བརྡ་སྤྲོད་ལུགས་མཐུན་ལུང་རིགས་བརྒྱ་ཕྲག་གི།
    རྣོ་ངར་དབལ་ལྡན་མཚོན་གྱིས་ཚལ་པ་བརྒྱར།།
    གཤག་པར་བགྱི་འོ་བསྒོས་པའི་བཀའ་ལ་ཉོན།།

    ཨོྃསུམྦྷནིསུམྦྷནིཧཱུྃ། སོགས་ཧཱུྃ་བཞིའི་སྔགས་་་་་་

  14. ཤར་ཕྱོགས་ཀྱི་འོད་སྣང་། says:
    2013-03-23 at 10:51 am

    ་

  15. ཤར་ཕྱོགས་ཀྱི་འོད་སྣང་། says:
    2013-03-23 at 10:52 am

    ཧཱུྃཿ ཉོན་ཅིག་ཁ་བརྡའི་དྲྭ་རྒྱ་འདིར་འཁོད་ཀྱང་།།
    དོན་ལྡན་རྩོམ་ལ་ལྟ་བའི་མིག་ལོང་བའི།།
    མྱི་དཀར་གཙོས་བྱས་སྲིན་བྱའི་སྤུན་གྲོགས་ཚོ།།
    དོན་མེད་ལྟས་ངན་བསྭོ་སྒྲ་མ་སྒྲོག་ཅིག།
    གལ་ཏེ་རྡོ་རྗེའི་བཀའ་ལས་འདས་གྱུར་ན།།
    བདག་ཉིད་ཆེན་པོ་ཤར་ཕྱོགས་འོད་སྣང་ངས།།
    བརྡ་སྤྲོད་ལུགས་མཐུན་ལུང་རིགས་བརྒྱ་ཕྲག་གི།
    རྣོ་ངར་དབལ་ལྡན་མཚོན་གྱིས་ཚལ་པ་བརྒྱར།།
    གཤག་པར་བགྱི་འོ་བསྒོས་པའི་བཀའ་ལ་ཉོན།།
    ཨོྃསུམྦྷནིསུམྦྷནིཧཱུྃ། སོགས་ཧཱུྃ་བཞིའི་སྔགས་་་་་

  16. གྲིབ་གཟུགས། says:
    2013-03-23 at 11:01 am

    བན་དེ་བ་ལ་་

    ཕྱི་ཚུལ་དུས་ཀྱི་བུ་མོའི་རྗེས་མ་ཟིན།།
    ནང་རྒྱུད་སྡོམ་དམ་རྩ་བར་རུལ་དྲི་ཐུལ།།
    ཤི་མིག་ཀུ་ཤུའི་རྟགས་ཀྱི་ཁ་པར་ལ།།
    ཆགས་པའི་གཏམ་རྒྱུད་ཡ་མཚན་དེང་སང་མང་།།

  17. འདྲེ་རྐང་ཐོ། says:
    2013-03-23 at 11:54 am

    ཨ་ནེ་དག་ནི་གྲྭ་བའི་བསྐལ་བ་རེད། །
    སྐྱ་མིན་སེར་མིན་མི་རྐྱང་སྡོམ་པོ་ཚོ། །
    རང་ཁ་རང་གིས་ཚོད་ཅིག་མ་ཟིན་ན། །
    གྲྭ་རྒོད་ཅིག་གི་ལག་ཏུ་ལྷུང་ཉེན་ཆེ། །

  18. དཀར་མཛེས་གངས་ཕྲུག་ says:
    2013-03-23 at 12:19 pm

    ཨ་ནེ་གྲ་པའི་ཆགས་སྲེག་མེ་ལྟར་འབར།།
    དམར་སེར་ངུར་སྨིག་ལ་ཁའི་དར་ལྕོག་བཞིན།།
    རྙིང་མ་སྨོན་ལམ་ལོ་ལྟར་ཆགས་མེད་ཚོགས།།
    སྙིང་ཁོངས་རིག་པའི་སྟེང་ནས་གླུ་དབྱངས་ལེན།།

  19. གྲིབ་གཟུགས། says:
    2013-03-23 at 12:53 pm

    ཤར་ཕྱོགས་ཀྱི་འོད་སྣང་ལགས། ད་ཡང་འདྲེ་གསར་པ་ཁ་ཤས་ཐོན་འདུག
    འདྲེ་འདི་ཚོར་དྲག་སྔགས་མ་ཚང་བ་མེད་པའི་བགེགས་སྐྲོད་ཅིག་དགོས་ས་རེད།

    ཐུགས་རྗེས་གཟིགས།

  20. བན་དེ་བ། says:
    2013-03-23 at 1:25 pm

    ཀློག་དགོས་པ་དང་ཐུགས་སྣང་དགོས་པའི་སྔོན་བརྡ། ལྡི་ལི་ཉེན་རྟོག་པས་གསར་བསྒྲགས་བྱས་པའི་གལ་ཆེ་བའི་གནས་ཚུལ་ཞིག་ནི། frooti ཧྥུ་ཊྲི་རིགས་སུ་གཏོགས་པའི་ཤིང་འབྲས་ཀྱི་མངར་ཆུ་རྣམས་ཉུང་མཐའ་ལ་ཉིན་གྲངས་ཉེར་ལྔའི་རིང་མ་འཐུང་རོགས་གནང་། གང་ཡིན་ཟེར་ན་བཟོ་གྲྭ་དེའི་ལས་མི་གཉེན་ནད་རེག་དུག་ཅན་ཞིག་གིས་ཁོ་རང་གིས་ནད་ཁྲག་ཤིང་འབྲས་ཁུ་བ་དེའི་ནང་བླུགས་ཡོད་པའི་གནས་ཚུལ་འདུག NDTV ལ་གཟིགས་རོགས། འདི་ནི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་པས་ཀུན་ལ་སྤེལ་རོགས་གནང་། READ AND FORWARD; ALERT!! Important msg from Delhi police to all over India For the next few days atleast 25 days do not drink any product of Frooti,as a worker from the company has added his blood contaminated with AIDS. watch NDTV…Pls frwrd this msg urgently to every one you care.

  21. འདྲེ་རྐང་ཐོ། says:
    2013-03-23 at 1:36 pm

    འདྲེ་ང་གནམ་ནས་འོང་བའི་ལྷ་མིན་ཞིང་། །
    ས་འོག་རྒྱུ་བའི་གདོན་ཞིག་དེ་བས་མིན། །
    ཁྱེད་ཚོར་འདྲ་བའི་རེ་བ་རུམ་གང་ཞིག །
    འཁུར་བའི་གནས་འདིར་བཅལ་བའི་སེམས་ཅན་ཞིག །

  22. བན་དེ་བ། says:
    2013-03-23 at 1:44 pm

    གྲིབ་གཟུགས་ལ།
    མཛངས་མ་བརྒྱ་ཡི་ཟུར་མདས་མ་བཅོམ་བན་དེ་ང།
    བརྒྱད་ཁྲི་བཞི་སྟོང་དུག་གིས་མ་གཡོས་བན་དེ་ང།
    གཟུགས་དང་གཟུགས་ཅན་དགྲ་ཡིས་མ་བསད་བན་དེ་ང།
    ཉོན་མོངས་དགྲ་ཚོགས་ཀློང་གི་དཀྱིལ་དུ་སོར་སྡོམ་བརྟན།

    ཆགས་ཅན་བསླུ་བར་ཤེས་པའི་བན་དེ་ང།
    འཁོར་བ་མི་བདེར་ཤེས་པའི་བན་དེ་ང།
    ཆགས་པ་མེད་པ་མ་ཡིན་སོར་སྡོམ་སྲུང།
    འཁོར་བར་ཞེན་མེད་མ་ཡིན་ངེས་འབྱུང་ལྡན།

  23. མྱི་དཀར says:
    2013-03-23 at 9:40 pm

    ཧུཾཿ ཆོས་སྐྱོང་འབར་བ་ནག་པོ་གསོན། །ངག་གི་རང་དབང་འཕྲོག་པ་དང་། །སྙན་ངག་བསྟན་པ་བཤིག་པ་ཡི། །ལྟས་ངན་ཤར་ཕྱོགས་འོད་སྣང་འདིའི། །ཁ་ལ་རྡོ་རྗེའི་རྒྱ་གྲམ་བྲིས། །ལག་པར་འདར་ནད་མྱུར་དུ་ཕོབས། །ཛཿཛཿཛཿ། །

  24. གྲིབ་གཟུགས། says:
    2013-03-23 at 10:38 pm

    མཛངས་མ་གཅིག་ལའང་ཐུག་མྱོང་མེད་པའི་བན་དེ་ཁྱོད།།
    དུག་གསུམ་རྣམ་རྟོག་ཀློང་ན་འཚོ་བའི་བན་དེ་ཁྱོད།།
    གཟུགས་ཀྱི་སྒེག་མོས་བསླུས་བསླུས་ཡིན་པའི་བན་དེ་ཁྱོད།།
    སོར་སྡོམ་གོམ་པ་འཁྱར་འཁྱོར་ཡིན་པའི་བན་དེ་ཁྱོད།།

    ཨ་ལ་ཀུ་རེ་ཡིན་ནོ་བན་དེ་བ།།
    ངེས་བྱུང་སེམས་ཀྱི་ས་གཞི་གཙང་མའི་ངོས།།
    ཚུལ་ཁྲིམས་དྲི་བསུང་འཐུལ་བའི་ལྡུམ་ར་དེ།།
    ཇི་སྲིད་འཚོ་བའི་བར་དུ་རྟག་སྐྱོངས་མཛོད།།
    རྗེས་སུ་ཡི་རངས་སྙིང་གི་ཁོང་ནས་ཞུས།།

  25. BONPO says:
    2013-03-23 at 11:01 pm

    ཤར་ཕྱོགས་ཀྱི་འོད་སྣང་ལགས། །ཁྱེད་ཀྱི་མཆན་༡༥་པ་དེའི་ནང་དུ།
    ༼དོན་མེད་ལྟས་ངན་བསྭོ་སྒྲ་མ་སྒྲོག་ཅིག།༽ ཟེར་ནས་བསྭོ་སྒྲ་དེ་ལྟས་ངན་ཡིན་པའི་བཟོ་འདྲ་བྲིས་འདུག།
    དེ་ལྟར་ན་་་བོད་པ་ཚོས་ལྷ་གསོ་དུས་་་ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ་་་་ཞེས་འབོད་རྒྱུ་དེའི་ཚབ་ཏུ། ཀི་ཀི་ཧཱུྃ་ཧཱུྃ་ལྷ་རྒྱལ་ལོ་་་ཞེས་འབོད་དགོས་པ་རེད་དམ། །

  26. བན་དེ་བ། says:
    2013-03-23 at 11:56 pm

    མཛངས་མ་མ་ཐུག་མ་མ་རིག་མ་ཡིན་སོར་སྡོམ་གཅེས།
    དུག་གསུམ་མེད་པ་མ་ཡིན་དུག་གསུམ་ཡོད་ནས་སྲུང།
    ལྟ་སྡུག་གཟུགས་ཀྱིས་བསླུས་པས་མ་ཐུབ་བན་དེ་ཡིན།
    རྩ་བཞི་སྡོང་པོའི་རྩ་བ་བརྟན་པས་འཁྱར་འཁྱོར་མིན།

    ཕྱི་ཚུལ་ངུར་སྨྲིག་གོས་ཀྱིས་ཀླུབས་པས་སྐལ་ལྡན་དྭངས་བ་འདྲེན།
    ནང་ཁྲིམས་དུག་གསུམ་དུག་ལྔ་གནོན་པས་རང་སེམས་བདེ་ཞིང་སྐྱིད།
    རང་སྐྱིད་མི་སྨོན་ཚེ་འདི་དོན་ཡོད་ནང་ནས་དོན་ཡོད་ཡིན།
    རང་སྡུག་སྟེང་དུ་གཞན་སྡུག་བླངས་འདི་རང་སྡུག་རང་གིས་ཉོས།

  27. ཤར་ཕྱོགས་ཀྱི་འོད་སྣང་། says:
    2013-03-24 at 4:57 am

    བོན་པོ་ལགས། མ་མཇལ་ཡུན་རིང་། བཀྲ་ཤིས་བདེ་ལེགས།
    ངས་ལྟས་ངན་དེ་བསྭོ་སྒྲའི་གཟུགས་སུ་བཀོད་པ་ཙམ་ལས། བསྭོ་སྒྲ་ལྟས་ངན་ཡིན་པའི་དམ་བཅའ་བཟུང་མེད། མ་གཞི་་་་ དོན་མེད་ལྟས་ངན་ཧཱུྃ་སྒྲ་མ་སྒྲོག་ཅིག །ཅེས་བརྗོད་ཀྱང་མི་འགྲིག་པ་ནི་ཅང་མི་འདུག གང་ལྟར་གཟུགས་ཅན་གྱི་རྒྱན་དུ་དྲངས་ཏེ་བྲིས་པ་ཙམ་ཡིན།

  28. ཀརྡོ་གཉེར་ཕྱག་པ་ says:
    2013-03-24 at 5:29 am

    ངའི་སྲིང་མོ་བཙུན་མ་མོ། གཙུག་ཀེར་བཞག་རོགས་གནོངས།

  29. BONPO says:
    2013-03-24 at 9:37 pm

    ཤར་ཕྱོགས་ཀྱི་འོད་སྣང་ལགས། །
    དེང་འདིར་ཡང་དུ་མཇལ་བར་དགའ་བྱུང་། སྐུ་ཁམས་བདེ་པོ་ཡིན་པར་སྤྲོ་བྱུང་། བཀྲ་ཤིས་བདེ་ལེགས་ཞུ། །
    ཁྱེད་ཀྱི་མཆན་རྣམས་བཀླགས་ཡོད། མ་འོངས་པར་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །

  30. གྲིབ་གཟུགས། says:
    2013-03-24 at 11:42 pm

    རྩོམ་ཧྲུལ་འདི་བརྒྱུད་ནས་གསེར་གྱི་དུས་ཚོད་མེ་ལ་བསྒྲོན་མཁན་ཚང་མར་སེམས་བསམ་པའི་གཏིང་ནས་དགོངས་དག་ཞུ་རྒྱུ་ཡིན། མ་གཞི་ཁ་བརྡ་འདིའི་མཆན་འགོད་པ་མང་ཆེ་བས་རོ་བྲོ་དེ་ཙམ་མེད་ནའང་འུར་ཆེ་བའི་བརྗོད་བྱ་དག་ལ་ཁ་ཡ་བྱེད་པ་ནི་ཆོས་ཉིད་ཅིག་ཏུ་གྱུར་ཟིན་འདུག

  31. བན་དེ་བ། says:
    2013-03-25 at 1:49 am

    དུས་གསུམ་ལུས་ཀྱི་གྲིབ་མ་བཞིན་དུ་བུ་མོའི་རྗེས་སུ་རྒྱུགས་ན་ཡང་།
    ལྕང་སིལ་རྟིང་མཐོའི་བུ་མོ་མ་ཐོབ་དགེ་བསྒྲུབ་གྲྭ་བཙུན་རྐུ་སེམས་ཅན།
    ཚེ་འདིའི་སྤྱོད་ངན་བསམ་པ་མེད་རུང་ཕྱི་མའི་ལས་འབྲས་ལོས་བསམ་དགོས།
    གཤིན་རྗེའི་རྒྱལ་པོའི་དྲུང་དུ་བྱས་ཉེས་ཁྲིམས་གཅོད་དག་ལ་མནོ་བསམ་ཐོང།

  32. BONPO says:
    2013-03-25 at 4:15 pm

    ཤམ་ཐབས་འགབ་མ་སྐེད་པར་གཟེར་ནས་དཀར་འཇམ་གླང་སྣ་ཕྱོགས་ལ་ངོམ། །
    གཟན་ཐུལ་ཡུག་གིས་དབུ་ཆུང་བཏུམ་ནས་སྐར་མའི་མདའ་མོ་ཡང་ཡང་འཕེན། །
    མཛུབ་དཀྲིས་བྲལ་བའི་ཡོད་འོང་ཕྱག་ཟུང་བདག་དབང་མེད་པའི་ཚུལ་དུ་བཞུགས། །
    ཞི་དུལ་འཛུམ་མདངས་མེར་མེར་ངང་ནས་ཚོགས་ལ་སྙན་པའི་མགུར་དབྱངས་སྒྲོག། །

  33. རི་རྒྱལ་ཏི་སེ། says:
    2013-03-25 at 9:56 pm

    དཀར་གསལ་བཞིན་རས་ཟླ་རྒྱས་དཀྱིལ་ནས་ཟུར་མིག་བུང་བའི་ཕུར་འདིང་གཡོ།།
    མཆུ་འགྲོས་པདྨ་འབྱེད་ཟུམ་ཀློང་ནས་འགྱུར་ཁུག་སྟོང་གི་པི་ཝང་སྐྲོལ།།
    རླ་བཟུང་ཙནྡན་དཀར་འཇམ་ཟླུམ་རྒྱས་ཁྲི་ཤིང་ཤིབ་འདྲའི་བཙུན་མ་དེར།།
    ཟག་མེད་སྙོམ་འཇུག་དགའ་བདེར་རོལ་ན་ལྷན་སྐྱེས་ཡེ་ཤེས་འཆར་བར་ངེས།།

  34. གྲིབ་གཟུགས། says:
    2013-03-26 at 3:11 am

    ཁྱེད་རྣམ་པ་གསུམ་གྱིས་རང་རང་གི་ཉམས་མྱོང་འདྲ་བཤད་འདུག
    ཡིན་ནའང་ཤོད་ས་འདུག་ཟེར་ནས་སེར་མོ་བའི་འཇིག་རྟེན་ཐང་ལ་མ་གཡུགས་རོགས།

    ས་པན་གྱིས།
    ནགས་ལ་གནས་པའི་སྤྲེའུ་དག།།
    ལྗོན་པའི་ཤིང་ལ་མི་གཙང་འཐོར།།

    ཞེས་གསུངས་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme