Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙུན་མ་མགོ་རིལ་ཞིག་གི་མིག་ནང་ཚུད་འདུག

Posted on 2013-06-272013-06-27 By ཁ་བརྡ་ 12 Comments on བཙུན་མ་མགོ་རིལ་ཞིག་གི་མིག་ནང་ཚུད་འདུག

གྲིབ་གཟུགས།

སེམས་པ་སྨུག་པས་བཏུམས་པའི་ཉིན་མོ་དེ་ལ།།
མེས་པོར་བྲལ་བའི་གདུང་བ་སེམས་ལ་ཉར་ནས།།
རི་བོའི་རྩེ་ནས་གོམ་པ་འཁྱར་འཁྱོར་སྤོ་དུས།།
བཙུན་མ་མགོ་རིལ་ཞིག་གི་མིག་ནང་ཚུད་འདུག།

རླུང་རྟ་རྐང་པས་བརྫིས་པར་སེམས་འཚབ་སྐྱེ་བཞིན།།
སྙིང་ཉེའི་གྲོགས་དག་མི་ཚོགས་སེང་ནས་འཚོལ་དུས།།
ལོ་ཆུང་མིན་ལ་བཟོ་དང་རྣམ་པའང་མེད་པའི།།
བཙུན་མ་མགོ་རིལ་ཞིག་གི་མིག་ནང་ཚུད་འདུག།

རླུང་བུའི་ཁ་ཕྱོགས་སྨུག་པའི་རྒྱུ་བར་ལྟ་བཞིན།།
ཨ་ཕའི་སྤྱན་ཆབ་དྲོན་མོའི་བརླན་ཤ་དྲན་གྱིན།།
རི་བོའི་རྩེ་ནས་གནམ་གྱི་མཐོངས་ལ་ཧད་དུས།།
བཙུན་མ་མགོ་རིལ་ཞིག་གི་མིག་ནང་ཚུད་འདུག།

སེམས་པ་གཏིང་ནས་དགའ་བའི་རྐྱེན་ཞིག་མེད་རུང་།།
མི་ཚོགས་སེང་ནས་བཅོས་མའི་འཛུམ་ཞིག་ངོམ་པ།།
མ་བསམ་ས་ནས་གཞན་གྱི་མིག་ལ་འཛུལ་དུས།།
སྡུག་གི་ལང་ཚོ་འདི་ལའང་ཡིད་ཐང་ཆད་སོང་།།

སྨུག་སྤྲིན་ཤར་ཤར་སྐྱོད་པའི་རི་བོའི་རྩེ་ནས།།
དལ་འགྲོས་སྒེག་མོའི་ཚོགས་ལ་སེམས་པ་ཤོར་ཡང་།།
ཚུར་ལ་གཏད་ནས་ཡོད་པའི་མིག་ཟུང་བདག་པོར།།
ལྟ་བཟོ་ཅི་ཡང་མེད་པར་ཞེ་སེམས་སྐྱོ་སོང་།།

གཟན་ཤམ་ལྷབ་ལྷུབ་ཡིད་ཀྱི་དང་བ་འདྲེན་བྱེད།།
སྐྲ་ལོ་ཐུང་ཐུང་སྟོན་པའི་རྗེས་འཇུག་མཚོན་པ།།
དེ་ཡི་འོག་གི་མིག་ཟུང་རིག་རིག་དེ་དང་།།
ཡ་མ་ཟུང་གི་ཞེ་དེར་འཇིགས་ཤིང་སྐྲག་འོང་།།

སྙན་ངག

Post navigation

Previous Post: འཕྲིན་ལམ་གྲོགས་མོ།
Next Post: ང་དང་སྒྲོལ་མའི་གཏམ་རྒྱུད།

Comments (12) on “བཙུན་མ་མགོ་རིལ་ཞིག་གི་མིག་ནང་ཚུད་འདུག”

  1. ཤར་ཕྱོགས་འོད་སྣང་། says:
    2013-06-27 at 12:19 pm

    ད་ཡིན་ན་ཐར་ཁག་པོ་ཞེ་དྲགས་རེད། ཧ་ཧ་ཧ་

  2. ཁྱི་རྒན། says:
    2013-06-27 at 1:26 pm

    ཧ་ཧ་་་་་་་་མོག་མོག་་་་་་་་་བཟོ་རན་རེད

  3. གྲིབ་གཟུགས། says:
    2013-06-27 at 1:48 pm

    མོག་མོག་རུལ་བ་ཞིག་དང་ཁ་ཐུག་བརྒྱབས་ཡོད་ཚོད།

  4. དགེ་འདུན་རྒྱ་མཚོ། says:
    2013-06-27 at 2:30 pm

    སྔུན་ན་རྩྭ་ཧང་ནས་བཏགས་ན་མ་གཏོགས་འདིས་རྫོབ་ས་རེད།
    ཧ་ཧ་རྩེད་མོ་ཡིན།
    ཡག་པོ་བྲིས་འདུག

  5. གྲིབ་གཟུགས། says:
    2013-06-27 at 11:30 pm

    ཤར་ཕྱོགས་ཀྱི་འོད་སྣང་ལགས།

    གང་ལ་བཅིངས་པ་ཡོད་མིན་ན།།
    ཐར་དང་མི་ཐར་རྣམ་གཞག་མེད།།
    ཁྱེད་རང་ཐུགས་སེམས་བདེ་བར་མཛོད།།
    མགོ་རིལ་རྒྱ་རུ་ང་མི་ལྷུང་།།

    ས་མ་ཡ་་་་་་་་རྒྱ་རྒྱ་རྒྱ།

  6. ཏི་སེ་བ། says:
    2013-06-28 at 7:06 am

    དྲང་གཏམ་སྙན་ཚིག་འཇམ་པོ་དྲྭ་ལམ་འདིར་གཤམས་དུས།།
    སྒྱུ་རྩལ་གར་ཉམས་ལོང་ཚོད་གླེང་ག་ཡི་ཁྲོད་དུ།།
    ཨང་གི་དང་པོ་ཐོབ་པའི་ཉམས་འགྱུར་རང་ལྡན་འདུག།
    ཡང་ཡང་འདི་ལྟར་སྤེལ་བའི་རེ་སྐུལ་ཡང་ཡོད་དོ།།
    ཧཧཧཧཧཧཧཧཧསྙན་མོའི་ཉམས་འདུག། ཡག་གི།

  7. བན་དེ་བ། says:
    2013-06-28 at 7:20 am

    བཙུན་མ་མགོ་རིལ་བཙུན་པའི་ཐོབ་ཐང་ཡིན་བསམ་ནས།
    དབང་མེད་བཙན་པོས་གཡབ་དགོས་བསམ་པའི་མགོ་རིལ་ཚོ།
    འཁོར་བར་ངེས་འབྱུང་སྐྱེས་ནས་རབ་ཏུ་མ་བྱུང་ངམ།
    ངེས་འབྱུང་མ་སྐྱེས་བཙུན་པ་མགོ་རིལ་ངོ་རེ་མཚར།

  8. གྲིབ་གཟུགས། says:
    2013-06-28 at 7:24 am

    ཏི་སེ་བ་ཐུགས་སྤྲོ་པོ་བྱུང་འདུག་པར་བལྟས་ན་རྩོམ་ཡིག་འདི་འདྲ་མུ་མཐུད་ནས་འབྲི་དགོས་པ་འདྲ།

  9. བཀྲ་ཤིས་དོན་འགྲུབ། says:
    2013-06-28 at 2:25 pm

    རི་བོའི་རྩེ་ནས་བསིལ་བསིལ་རླུང་བུ་རྔུབ་དུས།།
    རླུང་རྟ་ཟེར་བའི་ཤོག་བུ་གནམ་ལ་སྤུར་དུས།།
    མ་བཅོས་གཉུག་མའི་རང་གཤིས་ཕྱི་རུ་ངོམ་དུས།།
    བདག་མེད་མགོ་རིལ་རྒད་མོ་ཧད་ནས་ལུས་འདུག།
    བཅོས་མའི་པགས་པ་དུམ་བུ་དགུ་རུ་དབྲལ་དུས།།
    རང་དབང་ཀི་སྒྲས་རི་ཚོགས་ཤིག་ཤིག་སྒུལ་དུས།།
    འཁྲུལ་ཆས་འདྲ་བའི་མི་ཚོགས་ཧབ་ཆ་རྒྱག་པར།།
    འདོམས་ཀྱི་སྦ་བ་ནག་པོ་སྟོན་འདོད་སྐྱེས་བྱུང་།། ཧབ་ཆ་རྒྱག་ན་ད་རྒྱོབས་ཤིག ཁྲེལ་དགོད་བྱེད་ན་ད་བྱོས་ཤིག སྡར་མ་ཚོ། དེ་རིང་ཁ་བརྡའི་ནང་ནས་ཚ་རླབས་རབ་ཏུ་འཕྱུར་བའི་ཁ་བརྡ་ཞིག་བྱེད་འདོད་འདུག མི་མཐོང་ས་ནས་ལྐོག་ཟ་ལྐོག་འཐུང་བྱེད་པ་དང་། མི་ཐོས་ས་ནས་རྒྱབ་བཤད་རྒྱབ་རྡུང་བྱེད་པ་དེ་ངེད་གངས་ཅན་བོད་པའི་སྲོལ་རྒྱུན་མིན་པས། རུལ་མོ་ཚོ་ད་ཐོན་ཤོག སྐད་ཆ་འདི་སུ་ལ་བཤད་མིན་བཤད་ཡུལ་དེས་གོ་ནས་ཡོད་པས། དྲ་བུ་ལས་མེད་ཚོས་དེ་ལ་འུར་མ་རྒྱག་ཅིག

  10. ལྕང་ཤེས་རྨིག་སྒྲ་། says:
    2013-06-30 at 6:55 am

    བུ་ཆུང་བཀྲ་དོན་དལ་གྱིས་ཚུར་ལ་གསོན་དང་།།

  11. གྲིབ་གཟུགས། says:
    2013-06-30 at 12:49 pm

    ཅང་ཤེས་འབྲི་སྟངས་མ་ཤེས་པའི་མི་ཞིག་གང་ནས་ཐོན་པ་ཡིན་ནམ། ????

  12. གྲིབ་གཟུགས། says:
    2013-06-30 at 12:52 pm

    མ་གཞི་ལྕང་ཤེས་རྨིག་སྒྲ་ཁྱོད་རང་བདེ་ཆེན་རྒྱལ་མོ་ཟེར་བའི་བཙུན་མ་རྨོ་ཏོ་མགོ་རིལ་དེའི་སྟུ་ཁུང་ལྡག་རྒྱུ་ཡིན་ན་མ་གཏོགས། འདིར་ཇུས་གཏོགས་མ་བྱས་ན་བཟང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (17)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme