Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིར་ཡུལ་ཤུལ་ས་འགུལ་ཁྲོད་ན་སྒ་ཚིགས་དང་ལག་པ་མི་འདུག

Posted on 2010-05-272010-05-27 By ཁ་བརྡ་ 9 Comments on བཙན་བྱོལ་བོད་མིར་ཡུལ་ཤུལ་ས་འགུལ་ཁྲོད་ན་སྒ་ཚིགས་དང་ལག་པ་མི་འདུག

ཨ་རིའི་བོད་པ་ནས།

ཁ་བཤད་ཆུ་ཡི་དབུ་བ་ཡིན།།
ལག་ལེན་གསེར་གྱི་ཐིགས་པ་ཡིན།།
ཡུལ་ཤུལ་ནས་རྒྱུ་རྒྱ་ནག་གིས་བསྒྲུབས་སྟེ་རྐྱེན་ས་འགུལ་ལ་བརྟེན་ནས་བོད་མི་ཁྲི་ཕྲག་ལྷག་གི་ཚེ་སྲོག་ཤོར་བ་དང་ཁྲི་ཕྲག་འགར་རྨས་སྐྱོན་དང་དཀའ་ངལ་ཕྲད་པར་རྒྱ་ནག་གི་མགོ་ཁྲིད་ཀྱི་ཁ་མ་གྲགས་པའི་སྔོན་༧་གོང་མཆོག་གིས་གསུང་འཕྲིན་གནང་བ་བདེན་མོད། ལོ་ཤས་སྔོན་རང་དབང་གི་རྩ་ཐང་ན་འཚོ་བའི་འབྲོག་པ་རྣམས་རྒྱ་གཞུང་གིས་བཙན་དབང་གིས་སློབ་གྲ་དང་འདུག་ཁང་ཐེབ་ཆག་རེ་ནང་བཙན་དབང་གིས་ཕྱོགས་བསྡུས་བྱས་ནས་བཅུགས་ཡོད་ཚད་ཚེ་སྲོག་ཤོར་སོང་བ་སུས་འགན་འཁུར་དགོས་མིན་ཁྲིམས་ཐོག་ནས་རྩོད་པ་རྒྱག་མཁན་ཕར་ཤོག འགུལ་ཚད་༦.༩་ཙམ་གྱིས་ཁང་པ་བརྒྱ་ཆའི་དགུ་བཅུ་རྡིབ་པ་དང་དེའི་ཁྲོད་དུ་མི་ཉིས་སྟོང་ཉིས་བརྒྱ་ཙམ་ལས་ཤི་མེད་པར་བརྗོད་པར་དོགས་འདྲི་བྱེད་མཁན་ཙམ་ཡང་མི་འདུག ནམ་རྒྱུན་བོད་ནང་གི་ཐོབ་ཐང་དང་རང་དབང་འཐབ་རྩོད་མཁན་བཙན་བྱོལ་བོད་གཞུང་གིས་སྒ་བ་སྒུར་སྒུར་བྱས་ནས་ཐུགས་རྗེ་ཆེ་རོགས་པ་ཡག་པོ་བྱས་སོང་ཟེར་ནས་མཆོད་འབུལ་རེ་བྱས་སྟེ་བསྡད་འདུག་པ་འདི།ཁོ་ཚོ་རྒྱ་ནག་གིས་གཉེན་ཕྲད་ལ་ཤོག་ཟེར་བ་ཙམ་ལ་མགོ་འཁོར་བ་རེད་དམ། སྐོག་སྐོག་སུལ་སུལ་ནས་བཙན་བྱོལ་གཞུང་གྲུང་གོ་དང་ཟླ་སྒྲིལ་བྱས་སོང་བ་རེད།
ཡུལ་ཤུལ་ནས་གྲ་བ་རྣམས་གཙོ་བྱས་ནས་བོད་པ་ཚོས་རྒྱལ་བའི་ཞབས་བརྟན་དང་བྱང་ཆུབ་སེམས་མཆོག་བཏོན་ནས་ཧུའུ་ཅན་ཐོའི་ཆབ་སྲིད་ཟློས་གར་ལ་ངོ་རྒོལ་བྱས་དུས། ནམ་རྒྱུན་སྐད་འབོད་ལ་དགའ་བའི་ཚོགས་པ་ཚོས་མར་མེ་ཁྲོམ་སྐོར་ཙམ་ཡང་མེད་པར་ཁུ་སིམ་མེར་ཡོད་པ་ནི་བཀའ་ཤག་གི་བཀའ་ནན་མོའི་གསང་ཕྲིན་འབྱོར་བ་རེད་དམ། རང་རང་གི་སྒེར་དོན་གྱིས་ཡོང་མ་ཐུབ་པ་རེད། ཡུལ་ཤུལ་གྱི་གོད་ཆག་ལ་ཕྱོགས་གང་ས་གང་ནས་སྤར་ཁ་ཡངས་པར་ཕྱེ་ནས་ཨ་སྒོར་ས་ཡ་ལྔ་བརྒྱ་ལྷག་ཞལ་འདེབས་བྱུང་ཡོད་སྐད་།དེའི་ནང་ལ་རྒྱ་གཞུང་གིས་ངན་སྐུལ་ལས་བསླངས་བའི་སྲིད་དངུལ་དུག་རྫས་ཀྱིས་མང་པོ་ཟིན་ཡོད་ལ་།དེའི་ནང་ལ་་བོད་པ་རང་ཉིད་ལས་ཆོས་སེམས་དང་རིགས་ཞེན་ལས་བྱུང་བའི་དངུལ་རྫས་ཀྱིས་ཡང་གང་མཚམས་ཟིན་ཡོད།དཔེ་མཚོན་ཙམ་ནི།གསེར་ཤུལ་ཁྲི་བ་རིན ་པོ་ཆེ་ནས་རྒྱ་སྒོར་ཁྲི་སྟོང་གཅིག་དང་བརྒྱ་(༡༡༠༠༠༠༠༠)ལྷག་ཕུལ་འདུག་པ་ནི་བོད་པའི་ནང་གི་ཆེ་མང་ཤས་ཀྱི་ཞལ་འདེབས་རེད་འདུག།རྒྱ་སྒོར་ཁྲི་བརྒྱ་ཡན་ཕུལ་མཁན་ར་ཉག་སྤྲུལ་སྐུ་སོགས་སྤྲུལ་སྐུ་འགའ་རེ་འང་བྱུང་ཡོད་ལ།ཁྲི་བཞི་བཅུ་ལྔ་ཕུལ་མཁན་སྤྲུལ་སྐུ་དང་དགོན་སྡེ་ཚོང་པ་སོགས་གང་མཚམས་བྱུང་ཡོད་པར་མ་ཟད།བོད་ནང་གི་དགོན་པ་དང་སྡེ་བ་མང་ཆེ་བས་རྒྱ་སྒོར་ཁྲི་བཅུ་ཡས་མས་རེ་ཕུལ་ཡོད་འདུག ་ཁོ་བོར་གསལ་ཆ་ཡོད་པའི་མི་ཚང་ཉིས་བརྒྱ་ཙམ་ལས་མེད་པའི་སྡེ་བ་སྐྱོ་བོ་ཞིག་གིས་ཡང་ཐིང་བཞི་ལ་ཞལ་འདེབས་བསྡུས་ནས་སྒོར་ཁྲི་བཅུ་ལྷག་ཕུལ་འདུག བོད་ཁམས་ཡོངས་ནས་དཔལ་འབྱོར་གྱི་འདུན་པ་གཅིག་ལ་སྒྲིལ་བའི་སྐབས་འདིར་
རྒྱལ་བ་ཀརྨ་པ་རང་ཉིད་ལ་བཞུགས་གནས་ཙམ་ཡང་མེད་ནའང་ཡུལ་ཤུལ་ལ་ཨ་སྒོར་འབུམ་གཉིས་ལྷག་གི་ཞལ་འདེབས་ཕུལ་བ་ནི་བདེན་མོད། ་
སྤྱིར་བཙན་བྱོལ་བོད་མིའི་ལག་པ་འཁུམས་འདུག ་
ནམ་རྒྱུན་ནུབ་ཕྱོགས་ན་སློང་མོ་ལ་བྲེལ་བའི་རྒྱ་གར་གྱི་བོད་པའི་དགོན་ཆེན་འགས་སྒོར་མོ་ས་གནས་རྒྱ་གར་བའི་དངུལ་ཁང་ནང་མ་ཤོང་པར་ཡོད་པར་ཐོས་མྱོང་ལ།ཧིན་སྒོར་འབུམ་གཅིག་སྟོང་དངུལ་ཁང་ནང་ཡོད་མཁན་ནི་དགོན་པ་སྤྱིར་གཏང་བའི་གྲོས་ཡིན་ཟེར། ཡིན་ནའང་དགོན་པ་དེ་དག་གིས་གོད་ཆག་འདི་ལ་སྨོན་ལམ་རེ་གསུངས་བ་མ་གཏོགས་ཞལ་འདེབས་གནང་བ་གོ་ཐོས་མ་བྱུང་།ཨ་རིའི་ནང་ཨ་སྒོར་བརྒྱ་རེ་ཉིན་གླ་ལེན་མཁན་ཚོའི་ནང་ཨ་སྒོར་བཅུ་ལག་པ་འདར་ཞོར་ལ་སྟེར་མཁན་མཐོང་མྱོང་ལ། རྡ་ས་ན་གསོལ་ཕོགས་ཧིན་སྒོར་ལྔ་སྟོང་ཡན་ལེན་མཁན་ནང་ཧིན་སྒོར་བརྒྱ་བྱིན་ནས་སྐད་ཆེན་པོ་བརྒྱགས་མཁན་ཡང་གོ་མྱོང་། ད་དུང་ཞིབ་བཙགས་ཤིག་བྱས་ན་རྫོགས་ཆེན་རིན་པོ་ཆེ་སྤྲུལ་སྐུ་གཞན་ཞིག་དང་མཉམ་འབྲེལ་གྱིས་རྒྱ་སྒོར་ཁྲི་སུམ་བརྒྱ་ལྷག་ཕུལ་འདུག་མོད། ཕྱི་ལོགས་ན་ཆོས་ཚོགས་བརྒྱ་ཕྲག་དང་ཨ་སྒོར་ས་ཡ་འགའ་ཤས་ཀྱི་་བདག་པོར་གྱུར་ཞིང་འཛམ་གླིང་ན་སྐད་གྲགས་ཅན་གྱི་བསོད་རྒྱལ་སྤྲུལ་སྐུའི་ཚ་བོར་གྱུར་བའི་རྫོགས་ཆེན་རིན་པོ་ཆེ་ནས་ནུབ་ཕྱོགས་སྟོབས་འབྱོར་གླིང་ནས་ཧིན་སྒོར་འབུམ་གཅིག་(རྒྱ་སྒོར་གཅིག་ཁྲི་ལྷག་)བསྐུར་འདུག་ཟེར། དེའི་ཕྱིར་་བཙན་བྱོལ་བོད་མིར་སྒ་ཚིགས་དང་ལག་པ་མི་འདུག་ཟེར་ན་འདོད་གི
༢༠༡༠ ལོའི་སྤྱི་ཟླ་༥་བའི་ཚེས་༡༧་ཉིན་ཨ་རིའི་བོད་པས་ཨ་རི་བྱང་མ་གླིང་ནས་བྲིས།

སྣ་ཚོགས།

Post navigation

Previous Post: བོད་ཀྱི་ལོ་རྒྱུས་སྐོར་ལ་དོགས་འདྲི།
Next Post: རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་ཕྱི་བསྐྱོད་མཐོང་མཆན།(Visa)

Comments (9) on “བཙན་བྱོལ་བོད་མིར་ཡུལ་ཤུལ་ས་འགུལ་ཁྲོད་ན་སྒ་ཚིགས་དང་ལག་པ་མི་འདུག”

  1. ཆོས་འཕེལ་དར་རྒྱས་ནས། says:
    2010-05-27 at 3:59 pm

    གོང་གི་དྲ་གྲོགས་རང་མིང་ཡང་སྐོང་ནས་ཚིག་ཆེན་པོ་བཤད་མཁན་ལགས།
    ཐོག་མར་རང་ངོས་ནས་ཡུལ་ཤུལ་ས་གནས་སུ་རོགས་གང་ཙམ་བྱས་ཡོད། ཨ་སྒོར་༡༠་འམ་ཡང་ན་ཨ་སྒོར་༡༠༠་ལས་ལྷག་སྤྲད་ཡོད་ཚོད་མི་འདུག དེ་ལ་སྐྱོན་མེད། སོ་སོའི་དཔལ་འབྱོར་གྱི་གནས་སྟེང་ལ་བལྟས་ནས་སྤྲོད་ཐུབ་པ་ཙམ་གྱིས་དགའ་སེམས་དང་ཐུགས་རྗེ་ཆེ་ཞུ་འོས།
    ཁྱེད་རང་བོད་ནས་ཡོང་། རྗེས་སུ་བྱང་ཨ་རུ་ལ་བསྐྱོད་པའི་དམིག་ཡུལ་གཙོ་བོ་ཞིག་ནི་བོད་ནང་ལ་དམངས་གཙོ་དང་ལྷག་པར་སྨྲ་བརྗོད་རང་དབང་ཙམ་ཡང་མེད་པས་ཡིན་ཟེར་མཁན་ཞིག་ཡིན་པ་ཐག་ཆོད། དེ་ན་ཕ་བཟང་བུ་ད་ནི་ཁྱེད་རང་དམངས་གཙོ་དང་སྨྲ་བརྗོད་རང་དབང་ཡོད་ས་བྱང་ཨ་མི་རེ་ཁ་ལ་སླེབས་ཡོད་པས་རྗེས་མར་རང་གི་བསམ་ཚུལ་དྲ་ཐོག་ལ་སྤེལ་དུས་རང་མིང་མ་གསང་རོགས།

  2. བོད་ཀྱི་བུ says:
    2010-05-27 at 6:31 pm

    བདེན་པ་རེད།
    བོད་ནང་གི་བོད་མི་ཚོ་མི་རིགས་ཀྱི་ལ་རྒྱ་དང་སྤོབས་པ་ཆེ་རུ་ཆེ་རུ། རང་དབང་ལུང་བའི་བོད་པ་ཚོ་བཟི་སྨན་འཐུང་བ་ནང་བཞིན་སྡུག་རུ་སྡུག་རུ།།

  3. ཁ་བ་ཅན། says:
    2010-05-27 at 8:37 pm

    ཨ་རིའི་བོད་པ། རྒྱ་ནག་ཉམས་ཞིབ། རྡོ་སྦིས་བློ་ཡོན། མེ་རི་གཏོར་མཁན། འབྲོང་རྭ་སྨུག་པོ་སོགས་མི་གཅིག་མིང་གི་རྣམ་གྲངས།

  4. བཙན་པོ་ says:
    2010-05-27 at 9:12 pm

    ཁ་བ་ཅན་ལགས།
    ཨ་རིའི་བོད་པ། རྒྱ་ནག་ཉམས་ཞིབ། རྡོ་སྦིས་བློ་ཡོན། མེ་རི་གཏོར་མཁན། འབྲོང་རྭ་སྨུག་པོ་སོགས་མི་གཅིག་མིང་གི་རྣམ་གྲངས་་་ཡིན་པའི་བདེན་རྟགས་ག་རེ་ཡོད་དམ། གལ་ཏེ་དེ་དག་མི་གཅིག་ཡིན་ན་ཅི་འགྲིག་པ་རེད་དམ། ཁོ་བོས་བལྟོས་ན་ཁ་ཚོ་མི་ལོགས་པ་རེད།་རྩོམ་གཤིས་དང་ཚིག་སྦྱོར་སོགས་ཁ་ཁ་རེད་

  5. སྤོབས་པ་མཐའ་ཡས། says:
    2010-05-28 at 3:52 am

    ཧིན་སྒོར་འབུམ་གཅིག་སྤྲད་མཁན་གྱི་རྫོགས་ཆེན་སྤྲུལ་སྐུ་དེ་བསོད་རྒྱལ་རིན་པོ་ཆེའི་མ་སྤུན་གྱི་སྐུ་མཆེད་རེད། དེ་ཁོང་གི་ཚ་བོ་མ་རེད།

  6. རང་བཙན་ལྡེའུ་ says:
    2010-05-28 at 4:11 am

    སྒ་སྐྱེ་དགུ་མདོའི་བོད་རིགས་སྤུན་ཟླ་ཚོར་ས་ཡོམ་གྱི་གོད་ཆགས་འོག་སྡུག་བསྔལ་ཚད་མེད་མྱོང་བཞིན་ཁར་ ཨ་རིའི་བོད་པ་ཟེར་བ་འདིས་ ཆེད་བསྔགས་ བོད་ལུས་སྤུན་ཟླ་ཚོར་སྡུག་བསྔལ་གྱི་མེ་ལྕེ་འབར་བའི་སྟེང་དུ་ དཀྲུགས་ཤིང་གི་སྣུམ་ནག་བསླུགས་ཏེ་བོད་ཕྱི་ནང་གཉིས་ཀྱི་བོད་རིགས་བར་དོན་མེད་ཁོན་འཛིན་བཟོ་གཞིའི་ས་བོན་དོར་བཞིན་འདུག་ གཞིས་བྱེས་སྤུན་ཟླ་དཀྲུགས་པའི་བརྩོམ་འདི་འདྲ་སྤེལ་ན་ཁྱོད་ལ་བདེ་སྐྱིད་ཐོབ་ཀྱི་འདུག་གམ་ བོད་ནང་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཚོང་པ་དང་ བླ་བྲང་ཁག་གི་ཞལ་འདེབས་ཕུལ་འབོར་ལ་འདྲན་ཟླ་བྲལ་མོད་ འོན་ཀྱང་བཙན་བྱོལ་སྤུན་ཟླ་རྣམས་པའི་རང་སོ་སོས་གང་ཐུབ་པ་དེ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་དགའ་གུས་སྤྲོ་གསུམ་གྱི་ངང་གཞིས་ལུས་སྤུན་ཟླར་ཐུགས་གསོ་མཚོན་ཆེན་དུ་ཕུལ་བ་དེར་ དགའ་བསུ་ཞུ་དགོས་མེད་ཀྱང་ ཉིན་ཚན་སྡུག་བསྔལ་གྱི་མནར་པའི་སྤུན་ཟླ་ཚོར་སྐར་ཆ་གཅིག་ཙམ་ཡང་ཡིད་ལ་བདེ་བ་བསྟེར་བའི་སེམས་གསོའི་གཏམ་བཟང་ཚིག་གཅིག་ལས་མེད་ཀྱང་འབུལ་རྒྱུའི་ཚབ་དུ་དཀྲུགས་ཤིང་གི་སྐྱོན་བརྗོད་སྤེལ་དགོས་དོན་གང་ཡིན་ནམ་ དེས་སུ་ལ་ག་རེ་ཕན་གྱི་རེད་ ???

  7. མི་ཉག་སྐལ་བཟང་། says:
    2010-05-28 at 12:03 pm

    ཨ་རིའི་བོད་པ་ལ་ཡོ་རོབ་བོད་མི་ཞིག་གིས་རྒྱབ་སྐྱོར་ཡོད། བོད་མི་ཕྱུག་བདག་མང་པོའི་ལག་པ་སྣུམ་གྱིས་འཚིགས་པ་དང་སེམས་པ་མེས་འཚིགས་མཁན་དག་དེ་རིང་ངས་ཀྱང་མཐོང་སོང་།

  8. བོད་ཀྱི་བུ says:
    2010-05-28 at 3:00 pm

    ཁ་བ་ཅན་ལགས།
    ཁྱེད་ཀྱིས་གྲངས་འདྲེན་བྱས་པའི་མིང་དེ་རྣམས་གང་ཟག་གཅིག་ཡིན་དང་མ་ཡིན་མ་ངེས་ཀྱང་།
    རྡོ་སྦིས་བློ་ཡོན་སོགས་ཁ་བརྡའི་དྲ་ངོས་ཀྱི་ཞིང་ས་འཇུག་པའི་ཡུར་ཆུ་བསྐམས་པ་ནས། དྲ་ངོས་འདིར་ཐན་པ་བྱུང་ནས་སྐྱ་ཐེར་ཐེར་ཡིན་པ་ད་དུང་ཁས་ལེན་བྱེད་མི་བཏུབ་བམ།

  9. བཟོད་པ་ལྷ་རྩེ་ says:
    2010-05-30 at 7:04 am

    ཨ་རིའི་བོད་པ་ཐོག་མར་དྲི་བ། ཁྱོད་ཨ་རིར་གནས་བཞུགས་བྱ་མཁན་ཉིན་རེ་ཨ་སྒོར་བརྒྱ་རེ་ལས་གླ་ཡོད་མཁན་ཞིག་ནས་ཞལ་འདེབས་ག་ཚོད་རྒྱབ་ཡོད། རང་ངོས་ནས་ཨ་སྒོར་བཅུ་ཡང་ཞལ་འདེབས་རྒྱབ་ཨ་ཡོད་དྲྭ་ཐོག་ཏུ་འུར་ཤོབ་དང་གཞི་བྱེས་དབྱེན་དཀྲུགས་མ་གནང་ན་ལེགས། ཡུལ་ལུང་དང་མཐུན་པའི་སྐད་ཆ་བཤད་ན་སྤམས། དངོས་ཡོད་བསམ་ཚུལ་དང་ཁ་བཞེད་གཉིས་མེད་ཡིན་ན་སྨྱུག་མིང་འོག་ནས་ཡིབ་དགོས་དོན་མིན་འདུག་ལ་བཙན་བྱོལ་སྤྱི་ཚོགས་ནང་གཏམ་བརྗོད་རང་དབང་ཡིན་པས་སྨྱུག་མིང་འོག་ཡིབ་ནས་གཏམ་བཤད་སྤེལ་བ་ནི་བླ་རྡར་བའི་བྱ་སྤྱོད་ཞིག་ཡིན་མཁྱེན་སོང་ངམ། རང་གི་བཤད་པའི་སྐད་ཆ་རང་གི་འགན་འཁྱེར་འདོད་་མེད་པའམ་འཁྱེར་མི་ནུས་པ་ཞིག་ཡིན་གོང་གི་དྲི་བ་དེ་དག་ལ་དངོས་མིང་དཔྱད་ནས་ལན་ཞིག་གནང་ཐུབ་བམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme