Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལས་རྙེད་པའི་སྤོབས་པ།

Posted on 2011-01-092011-01-09 By དབང་ཕྱུག་ 7 Comments on བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལས་རྙེད་པའི་སྤོབས་པ།

dsc011091
རྨོག་རུ་བསྟན་པ།

གྲང་ཤུར་ཤུར་དང་འཁྱག་སིབ་སིབ་ངང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཕྱོགས་གཅིག་ལ་བལྟས་ན་ང་ཚོར་མེད་མུག་དང་། ཐོབ་ཤོར། རྗེས་ལུས་སོགས་ཀྱི་ཞན་ཆ་མང་པོ་ཞིག་ཡོད་པ་སྨོས་མེད་ཡིན་མོད། སྐྱབས་བཅོལ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཡོད་པའང་།གཅིག་གྱུར་གྱི་རླབས་ཆེ་བའི་དབུ་ཁྲིད་དང་།རྒྱལ་ཁབ་ཚད་ལྡན་ཅིག་གི་གྲུབ་ཆ་ཡོངས་སུ་ཚང་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་ཡིན།
ང་རང་རྒྱ་གར་དུ་སླེབས་ནས་ལོ་ངོ་བཅུ་བདུན་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཐད་ལྷག་བསམ་གྱིས་ཀུན་ནས་བསླངས་བའི་འཁང་ར་གང་མང་ཞིག་ཤོར་མྱོང་ལ།སྒྲིག་འཛུགས་ལ་བཅངས་བའི་སེམས་ཚོར་རྣོན་པོ་ཞིག་གིས་རང་ཉིད་ཀྱི་མདུན་ལམ་ལ་སུན་སྣང་དང་།ཁེར་སྣང་།མིང་ཆད་སོགས་ཀྱི་ཆོ་ལོ་གང་མང་ཞིག་གི་ལེགས་སྐྱེས་ཀྱང་ཐོབ་མྱོང་།དེ་ནི་མཁས་དབང་དགེ་ཆོས་ཀྱིས།རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།།རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།།རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།།རང་གི་ནུས་པས་སྲིད་ཞུ་ཅུང་ཟད་བསྒྲུབ་འདོད་པའི་ཚོར་བ་རྗེན་པ་ཞིག་ཅིའི་ཕྱིར་མིན།
ཡིན་ནའང་།༢༠༡༠།༡༠།༡༨ཉིན་ནས་བདུན་ཕྲག་གཅིག་རིང་གི་འགྲུལ་བཞུད་ཁྲོད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལས་སྤོབས་པ་ཞིག་རྙེད་ཅིང་།བོད་མི་རིགས་འདི་ཇི་སྲིད་ཡུན་གནས་ཐུབ་པའི་རེ་བ་ཞིག་ཀྱང་མཐོང་།ཕྱི་ཚེས་༢༢ཉིན་ངེད་རང་རྒྱ་གར་བྱང་ཤར་ས་ཆའི་ན་གྷར་ལན་ཌིར་ཁོངས་ཡོད་kohima,ཁོ་ཧི་མ་ཞེས་པའི་ས་གནས་སུ་སོང་བ་དང་།ས་གནས་འབྲེལ་མཐུད་པ་བསྟན་འཛིན་ལགས་དང་འབྲེལ་བ་བྱས་ཤིང་། ཁོང་གི་ས་གནས་ཀྱི་གནས་བབ་ངོ་སྤྲོད་དང་འབྲེལ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་གཅེས་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁག་གི་དུར་སའི་དྲན་རྟེན་གླིང་གར་ཁྲིད་པ་དང་། ཡེ་ཤི་དང་།ཁ་ཆེ།ཧིན་རྡི་སོགས་ཀྱི་ཆོས་ལུགས་ཀྱི་མཚོན་རྟགས་བཀོད་པའི་དུར་ས་དེར་འབྲེལ་བཤད་མང་ཙམ་གནང་།kohima,ཀོ་ཧི་མ་གྲོང་གསེབ་ནི་རྡི་མ་སྤུར་གྲོང་ཁྱེར་ནས་ལེ་དབར་ཉིས་བརྒྱ་ཙམ་གྱི་མཚམས་སུ་ཡོད་ལ། ཨེ་ཤ་ཡའི་གྲོང་གསེབ་ཆེ་ཤོས་གཉིས་པ་ཡིན་པས་འགྲེལ་བརྗོད་ཀྱང་གནང་།
སྔོ་ལྗང་ཤིང་ནགས་ཀྱི་ཁོར་ཡུག་ཚང་ཚིང་འཁྲིག་པ་དང་།གནས་ཀྱི་བཀོད་པ་མཛེས་པའི་ཡུལ་ལྗོངས་འདིའི་མི་རིགས་ཀྱི་གདོང་གཤིས་ནི་བོད་མི་རིགས་དང་ཆ་འདྲ་མོད།ཆོས་ལུགས་དང་།ལྟ་བ།ཟས་རིགས་སོགས་མང་པོ་ཞིག་གིས་མི་རིགས་གཉིས་ཀྱི་དབྱེ་མཚམས་གསལ་པོ་ཕྱེས་ཡོད།ལྷག་པར་ཡུལ་གྲུ་འདིའི་ནང་གི་མི་རིགས་བྱེ་བྲག་པ་ཞིག་གིས་ཁྱི་ཤ་ཟ་བ་ནི་ང་ཚོའི་སྣང་ངོར་མི་རིགས་འདི་དང་རང་ཉིད་བར་ཐག་ངེས་ཅན་ཞིག་ཡོད་པའི་ཚོར་བའི་གཞི་རྩ་ཡིན།
ཡུལ་ལུང་འདིར་དེ་ཙམ་གྱིས་དཔལ་འབྱོར་གྱི་ཐོན་ཁུངས་མེད་ནའང་།ཡེ་ཤེ་ཆོས་ལུགས་པའི་རོགས་རམ་དང་།ཡུལ་གྲུ་མཐའ་མཚམས་ཡིན་པས་རྒྱ་གར་གཞུང་གི་གཟིགས་རྟོགས་ཀྱིས་ཕྱིའི་སྣང་ངོར་སྤྲང་པོ་མཐོང་རྒྱུ་དཀོན་ལ།མི་རྣམས་ཀྱི་ཁ་ངོ་དང་གྱོན་པ་ཚང་མ་དེང་དུས་ཀྱི་སྔོན་ཐོན་རྒྱལ་ཁབ་ཚོའི་གྲས་སུ་ངོ་གནོང་མི་དགོས་པ་ཞིག་ཡིན།ས་དབྱིབས་རི་སྒང་ཡིན་པས་རྐྱེན་གྱིས་འབྲུ་རིགས་ས་ཞིང་དཀོན་ཙམ་ཡིན་ནའང་།ཁང་བརྩེགས་དང་།རླངས་འཁོར་སོགས་དུས་རབས་ཉེར་གཅིག་པའི་ཨ་རིའི་ནེའུ་ཡོག་ཆུང་ཆུང་ཞིག་ཏུ་བཤད་ནའང་རྫུན་ཆེན་པོ་མེད།
ས་གནས་དེར་བོད་མིའི་ཚོང་པའི་ཁྱིམ་ཚང་ལྔ་བཅུ་ཙམ་ཡོད་ལ།བོད་མིའི་ཁྲོམ་ཚོང་ནི་གྲོང་གསེབ་གཞུང་ལམ་གྱི་འཁྲིས་སུ་ཡོད།གཞི་རྒྱ་ཆེ་ཞིང་གྲངས་ཀ་མང་པོའི་གློ་བ་མི་རིགས་ནང་བོད་མིའི་གྲངས་འབོར་ཧ་ཅང་ཉུང་ནའང་བོད་མི་གཅིག་སྡུད་ཀྱི་སྒྲིག་འཛུགས་ཡོད་པ་མ་ཟད།སློབ་ཕྲུག་ཚོ་ཉིན་རེར་སློབ་གྲྭ་ནས་ནང་དུ་ལོག་སྐབས་དང་བསྟུན་བོད་ཡིག་འཛིན་གྲྭ་ཟུར་འཛུགས་ཀྱིས་སློབ་ཁྲིད་བྱེད་བཞིན་ཡོད།བོད་པ་འཛམ་གླིང་གང་ས་དང་།རྒྱ་གར་རྒྱལ་ཁམས་ཆེན་པོའི་ས་ཁུལ་གང་སར་ཕྲེང་ཐག་ཐོར་བ་བཞིན་འཐོར་ནའང་།གཞིས་ཆགས་དང་།ཚོང་པའི་སྒྲིག་འཛུགས།སྐྱིད་སྡུག་སོགས་བོད་མི་རིགས་ཀྱི་ལར་ཞེན་དང་།རིག་གཞུང་མ་དོར་བའི་ལྟ་ཚུལ་འདི་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལས་རྙེད་པའི་སྤོབས་པ་ཡིན།
འབྲེལ་མཐུད་པ་བསྟན་འཛིན་གྱིས་བརྗོད་དོན།རྡ་རམ་ས་ལ་ནས་གནད་ཡོད་མི་སྣ་སུ་ཞིག་སླེབས་ནའང་ང་ཚོས་སྣེ་ལེན་གང་ཐུབ་བྱེད་བཞིན་ཡོད།སོ་སོའི་གཞུང་དང་།གཞུང་དོན་བསྒྲུབ་མཁན་ལ་རིན་ཐང་འཇོག་དགོས་པ་དེ་ང་ཚོའི་ལས་འགན་རེད།ཡག་པོ་བྱེད་དང་མི་བྱེད་ཁོ་ཚོར་རག་ལས་པ་རེད་ཅེས་དང་།ས་གནས་འདིའི་བོད་མི་ཚོས་ནང་ཁུལ་གྱི་མཐུན་སྒྲིལ་དང་།ཕྱི་མི་ལ་འབྲེལ་ལམ་གང་ཕྱོགས་ནས་ཡག་པོ་ཡོད།གློ་པ་ཁོ་ཚོས་ནང་ཁུལ་དུའང་བོད་པ་ཚོར་མིག་དཔེ་ལྟ་དགོས་པའི་སྐད་ཆ་ཞིག་འགྲོ་བཞིན་ཡོད་པ་རེད་ཟེར།མི་རིགས་གཞན་དང་མཉམ་བསྲེས་ཁྲོད་ཀྱི་བོད་རིགས་བྱིས་པ་ཚོས་བོད་སྐད་མི་ཤེས་པའི་དངོས་སྒྲུང་མང་པོ་ཞིག་གོ་མྱོང་ནའང་།ཚོང་ལས་པ་བྱམས་པ་ལགས་དང་།ཚེ་རིང་དབང་འདུས་སོགས་ཀྱི་བྱིས་པ་ཚོ་དག་གསལ་གཙང་གསུམ་གྱི་བོད་སྐད་ལ་བྱང་གོམས་ཆེ་བ་མ་ཟད།བཞུགས་དང་།བཞེས་སོགས་ཀྱི་ཞེ་ས་དང་བསླད་མེད་པའི་བཟང་སྤྱོད་ལྡན་པ་ཞིག་ཡིན།མི་རིགས་གཞན་དང་མཉམ་སྡོད་ཀྱི་བོད་པའི་བྱིས་པ་མང་པོ་ཞིག་གི་ངན་གོམས་སྒྱིད་ལུག་གི་གོམས་གཤིས་དང་།ལྟ་བ།སྐད་རིགས་སོགས་ཕྱིའི་ཁོར་ཡུག་ལ་རག་ལས་པ་ཞིག་མིན་པར།ཕ་མ་དང་ཁྱིམ་ཚང་ལ་འབྲེལ་བ་རྒྱུན་གནས་པ་ཞིག་ཡིན་པས་ངེས་ཟིན་ཐོབ།
ཕྱི་ཚེས་༢༣ ཉིན་རྡེ་མ་སྤུར་ས་གནས་བོད་རིགས་ཚོང་པའི་སྒྲིག་འཛུགས་ཀྱི་སྤྱི་ཁང་དུ་བཅར། སྒྲིག་འཛུགས་འདིར་མི་ཚང་ཉིས་བརྒྱ་ལྷག་ཙམ་ཡོད་པ་དང་།སྐྱིད་སྡུག་གི་སྒྲིག་འཛུགས་འདི་ནི་དམིགས་བསལ་ཚགས་ཚུད་ཡོད་པའི་མཐོང་ཚུལ་བྱུང་།ས་གནས་སྒྲིག་འཛུགས་ཀྱི་སྤྱི་ཁང་ནི་མི་མང་གི་ཚོགས་ཁང་དང་།སློབ་ཁང་།དཔེ་མཛོད་ཁང་སོགས་གང་དུ་ཡང་བེད་སྤྱོད་རུང་བའི་བོད་མིའི་སྐྱིད་སྡུག་གི་གྲུབ་ཆ་གལ་ཆེ་ཞིག་ཡིན།ས་གནས་འདིའི་བོད་མི་ཚོས་བོད་ཀྱི་རླུང་འཕྲིན་དང་།བརྙན་འཕྲིན།གསར་ཤོག་ལ་ལྟ་བ་སོགས་ཆབ་སྲིད་ཐད་དོ་སྣང་ངེས་ཅན་ཞིག་ཡོད་ཀྱང་།ཆོལ་ཁ་དང་།ལུང་ཚན།ཆོས་ལུགས།གསར་རྙིང་གི་དབྱེ་མཚམས་མེད་པར་བོད་མི་རིགས་ཤིག་ཡིན་པས་ཐུན་མོང་གི་ལྟ་ཚུལ་ནི་ཡང་དག་པ་ཞིག་རེད།ཕྱི་ཚེས་༢༤རེས་གཟའ་ཉི་མ་ཉིན་དབུ་མའི་ལམ་གྱི་མི་མང་ལས་འགུལ་བའི་ངོ་ཐོག་ནས་ས་གནས་སུ་ཚོགས་འདུ་ཞིག་སྐོང་།ས་གནས་ཚོགས་གཙོ་པདྨ་དབང་ཕྱུག་ལགས་ནས་ཚོགས་འདུའི་དགོས་དམིགས་དང་།མི་སྣ་ངོ་སྤྲོད་གནང་།སྤྲོ་སྣང་འཁོལ་བའི་མི་མང་གི་རྣམ་འགྱུར་དང་།དབུ་མའི་ལམ་ལ་དོ་སྣང་ཆེ་བའི་ལྟ་ཚུལ་གྱིས་ང་དང་ས་གནས་མི་མང་བར་ལ་ལྷད་མེད་པའི་ཚོར་བའི་ལྟ་ཚུལ་ཞིག་མངོན་པར་གྲུབ།ས་གནས་འདིའི་དབུ་མའི་ལམ་གྱི་འབྲེལ་མཐུད་དེ་ས་གནས་རང་གི་སྒྲིག་འཛུགས་རྒྱུན་ལས་ཐུན་མོང་ནས་གནང་རྒྱུ་ཡིན་པ་དང་།ས་གནས་གསར་འཛུགས་ཆེད་སྤྱི་ཟུར་དང་ཤར་ཡོན་ཏན་རྒྱ་མཚོས་གནང་བའི་ཧིན་སྒོར་༣༠༠༠དེ་ས་གནས་སུ་གནང་མི་དགོས་པ་དང་།དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ས་གནས་ལས་དོན་གང་ཡོད་ཀྱི་འགྲོ་སོང་དེ་ས་གནས་རང་ནས་ཆེད་གཏོང་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ།
Nagaland,མངའ་སྡེ་འདིའི་གནས་བབ་ལ་བལྟས་ཚེ་ས་གནས་མི་རིགས་རང་སྐྱོང་གི་ངོ་བོ་མཐོང་ཐུབ་ལ།རྒྱ་ནག་གུང་ཁྲན་ཚོགས་པས་དབང་བསྒྱུར་འོག་གི་བོད་དེ་ཡང་མིང་དོན་མཚུངས་བའི་མི་རིགས་ས་གནས་རང་སྐྱོང་འདི་ལྟ་བུ་ཞིག་བྱུང་ན་འགྲིག་པའི་ཚོར་བ་བྱུང་།ཁོར་ཡུག་གི་གཙང་སྦྲ་དང་།དཔལ་འབྱོར་གྱི་འཛུགས་བསྐྲུན་སོགས་དེ་ཙམ་གྱིས་ཕུན་སུམ་ཚོགས་པ་ཞིག་མེད་ཀྱང་།རང་ས་རང་བདག་དང་།རང་ཉིད་རང་སྐྱོང་གི་ངོ་བོར་ཡོད་པ་འདིས་བོད་མི་རིགས་ལ་དུང་ཞེན་ཅན་ཚོར་དོ་སྣང་གསར་པ་རེ་སྤྲད་ངེས་ཅན་ཡིན།
རྡེ་མ་སྤུར་ས་གནས་སུ་རྒན་བྱམས་པ་ལགས་བོད་ཡིག་དགེ་རྒན་དུ་གདན་ཞུ་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་གཉིས་པ་ནས་ལྔ་བ་བར་བོད་ཡིག་སློབ་ཁྲིད་བྱེད་བཞིན་ཡོད།བོད་མིའི་ཚོང་པའི་སྒྲིག་འཛུགས་འདིའི་མི་རིགས་ཆེན་པོ་འདིའི་ནང་དུ་བོད་མི་རིགས་ཀྱི་གོ་གནས་དང་།ས་མིག་ངེས་ཅན་ཞིག་བཟུང་ཡོད།བོད་མི་ཕན་ཚུན་ལ་རོགས་རེས་དང་།བདག་སྐྱོང་སོགས་བྱེད་པ་མ་ཟད་བོད་མིའི་ཀུན་སྤྱོད་དང་།མཐུན་སྒྲིལ།ལ་རྒྱ།སྐད་ཡིག་དང་གོམས་གཤིས་སོགས་རྒྱུན་འཛིན།དུས་ཆེན་སྲུང་བརྩི་དང་།རིག་གནས་བགྲོ་གླེང་སོགས་བྱེད་ཀྱིན་ཡོད།
རྒན་བྱམས་པ་ལགས་ནས་གསུང་དོན།ས་གནས་འདིའི་བོད་མི་ཚོས་བུ་ཕྲུག་ཚོ་བོད་གཞུང་སློབ་གྲྭར་གཏོང་རྒྱུར་དེ་ཙམ་གྱིས་དགའ་བོ་བྱེད་ཀྱིན་མི་འདུག་ཞེས་དང་།བོད་གཞུང་སློབ་གྲྭའི་ནང་བུ་ཕྲུག་མང་པོ་ཞིག་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པའི་སེམས་ཚོར་ཡོད་པ་རེད་ཅེས་བརྗོད་སོང་།
རྡེ་མ་སྤུར་ཚོང་ལས་པ་ཟླ་བ་ལགས་ནས་བཤད་དོན།ངའི་བུ་ཕྲུག་གཉིས་དེ་ས་གནས་རང་གི་སློབ་གྲྭར་འགྲོ་བཞིན་ཡོད།བོད་གཞུང་སློབ་གྲྭར་བསྐྱལ་ན་སྐབས་ཤིག་བོད་ཡིག་དང་།དབྱིན་ཅི་སོགས་གང་ཡང་ཁུངས་འཁྱོལ་བ་མེད་མཁན་ཞིག་ཆགས་རྒྱུའི་ཉེན་ཁ་འདུག་་བུ་ཕྲུག་རེར་ལོ་རེར་ཧིན་སྒོར་གཅིག་འབུམ་ལྔ་ཁྲི་ལྷག་གི་སློབ་ཡོན་སྤྲོད་དགོས་ཀྱིན་འདུགསློབ་གྲྭའི་གུང་སེང་ཟླ་གསུམ་གྱི་སྐབས་རྒན་བྱམས་པས་བོད་ཡིག་སློབ་ཁྲིད་བྱེད་ཀྱིན་ཡོད།བུ་ཕྲུག་ཚོར་སློབ་སྦྱོང་སྤུས་གཙང་ཞིག་སྤྲད་ནས་མ་འོངས་པར་བོད་གཞུང་ལ་སྲི་ཞུ་བསྒྲུབ་མཁན་ཞིག་ཡོང་རྒྱུའི་རེ་བ་རྒྱག་གིན་ཡོད་ཅེས་ཟེར།
འདི་ལྟར་ཆབ་སྲིད་པའི་གཡོ་འཁྱོམ་ཙམ་མིན་པར་མི་རེ་ངོ་རེ་ཡི་འགན་འཁུར་དང་། བསམ་བློ། སྒྲིག་འཛུགས།ལ་རྒྱ།ཆིག་བསྒྲིལ་སོགས་མཐོང་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལས་བོད་མི་རིགས་ཀྱི་སྤོབས་པ་ཤིག་ངང་གིས་རྙེད་ཅིང་།གདོང་དམར་བོད་པའི་བུ་རྒྱུད་ལ་རུས་རྐང་སྲབ་མོ་ཞིག་ཡོད་པའི་ངེས་ཟིན་ཀྱང་ཐོབ།

སྣ་ཚོགས།

Post navigation

Previous Post: གློག་ལམ་གྱི་བརྩེ་འཕྲིིན་ལྔ་བ།
Next Post: བཙན་བྱོལ་བོད་གཞུང་དང་དམངས་གཙོའི་འཕེལ་རིམ་རོབ་གླེང་།

Comments (7) on “བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལས་རྙེད་པའི་སྤོབས་པ།”

  1. ཤར་ཕྱོགས་ཁུག་རྟ། says:
    2011-01-09 at 12:25 pm

    དབུ་མའི་ལམ་གྱི་དགོངས་དོན་གྱིས་ཁྱེད་དང་མི་མང་བརྩེ་བའི་དར་སྐུད་ཀྱིས་སྦྲེལ། སྐུ་གཞོགས་ལས་འགུལ་ཁང་གི་ལས་དོན་ཆེད་ཕེབས་པ་ཡིན་ནམ། སྒེར་བས་གཟིགས་ཞིབ་གནང་བ་ཡིན་ནམ། ད་སྐུ་གཞོགས་མ་ཕེབས་པའི་གཞིས་ཆགས་དང་ཁ་འཐོར་མེད་ཚོད་ཡིན་པཱ།

  2. yum says:
    2011-01-09 at 6:29 pm

    Tibetan government and exile Tibetan society was death since 1959 and it is now is BAR-Do state, without able to be reborn again…in short it is in coma:((((

  3. བོད་ལ་དགའ། says:
    2011-01-10 at 9:52 am

    1 ཁྱོད་ཀྱི་འདིའི་ནང་དུ་གློ་བ་མི་རིགས་དང་བོད་མི་རིགས་ཟེར་བའི་སྐབས་ཀྱི་གློ་བ་མི་རིགས་དེ་གང་འདྲ་ཞིག་འདུག དེ་ངོ་སྤྲོད་ཅིག་གནང་རོགས།
    2 བདུན་ཕྲག་གཅིག་རིང་གི་འགྲུལ་བཞུད་ཁྲོད་དང༌། མི་ཚང་ཉིས་བརྒྱ་ཙམ་གྱིས་གནས་སྟངས་མཐོང་བས། ཕྱིས་ནས་བཙན་བྱོལ་སྒྲིག་འཛུགས་ལ་སྤོབས་པ་རྙེད་སོང་བ་འདྲ་ཞིག་བརྗོད་འདུག་པས། དེ་གང་འདྲ་ཡིན་ན།
    3 ཁྱོད་ཀྱིས་ངོ་སྤྲོད་བྱས་པ་འདི་ལྟ་བུ་ནི་བོད་པའི་གཞིས་ཆགས་ཕལ་ཆེ་བར་ཡོད་ཚོད་ཡིན། ཁྱོད་ཀྱིས་དེ་ཚོ་ཁྱོན་ནས་མཐོང་གི་མེད་པ་ག་ལ་ཡིན།

  4. nagtenpa says:
    2011-01-10 at 1:19 pm

    ཐེངས་གཅིག་བཀླགས་ཟིན་ནོ།

  5. རྨིག་སྒྲ says:
    2011-01-11 at 6:17 am

    བོད་ལ་དགའ་ལགས་རྡེ་མ་སྤུར་ས་གནས་ནི་བོད་ཀྱི་གཞིས་ཆགས་ཞིག་མ་རེད། དེ་ཚོང་པའི་སྡེ་ཞིག་རེད། བོད་མི་རིགས་འདི་འཚོ་གནས་ཐུབ་མི་ཐུབ་ནི་སྐད་ཡིག་ལ་ཐུག་ཡོད། རྒན་བྱམས་པ་ལགས་ཁྱེད་ཀྱིས་སྔར་བཞིན་སེམས་ཤུགས་སྐྱེས་ཏེ་གངས་ཅན་པའི་བླ་སྲོག་དར་ཁྱབ་བཏང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ།

  6. རྨོག་རུ་བསྟན་པ། says:
    2011-01-11 at 7:26 am

    ང་རང་ཡོད་ས་འདིར་དྲ་ཚིགས་ཀྱི་བརྒྱུད་ལམ་གཉོམ་ཕྱིར་མང་པོ་འབྲི་མི་དགོས་པའི་འབད་བརྩོན་བྱེད་རྒྱུ་ཡིན།
    རྨིག་སྒྲ་ལགས་ཀྱིས་བཏབ་པའི་ལན་དེ་ཏག་ཏག་བསྡད་འདུག་་ས་ཁུག་ཀྱོག་ཡིན་པ་དང་།བོད་མི་གྲངས་ཉུང་བ།ཚོང་ལས་ཁོ་ན་གཉེར་བ་ཁོ་ཚོས་བྱེད་སྟངས་འདི་མཐོང་དུས་བོད་ཀྱི་གཞིས་ཆགས་ཁག་བཤད་མ་དགོས་པར་བོད་མིའི་སྒྲིག་འཛུགས་ལས་སྤོབས་པ་རྙེད་ཟེར་བ་ཡིན།

  7. དགའ་ལྡན། says:
    2011-01-11 at 12:18 pm

    བོད་ལ་དགའ་ལགས་ཁྱེད་ཀྱི་དྲི་བར་ངས་ལན་རྒྱབ་ཆོག ལྡི་མ་སྤུར་དུ་ཡོད་པའི་གློ་མི་རིགས་ཀྱི་སྐོར་ལ་བཞུས་ན་ཁོང་ཚོ་སྔོན་བོད་ཀྱི་ས་ཁོངས་དིང་སང་བལ་ཡུལ་གྱི་མངའ་ཁོངས་སུ་ཡོད་པའི་གློ་ཆུ་མིག་བརྒྱ་ཚའི་མི་རིགས་གློ་པ་དེ་ཚོ་མ་རེད། ས་གནས་འདིའི་མི་རིགས་འདི་ལ་བོད་པ་ཚོས་གློ་པ་ཞེས་འབོད་ཀྱི་ཡོད་ཀྱང་ཁོང་ཚོའི་མི་རིགས་ནི་ན་གྷ་རེད། གོང་དུ་རྩོམ་ཡིག་ནང་འཁོད་བཞིན་ང་ཚོ་བོད་མི་དང་འདྲ་ཡང་བྱ་ལུགས་བྱེད་ལུགས་ཚང་མ་ལོག་ཀ་རེད། རྒྱུ་མཚན་ནི། ལོ་བརྒྱའི་གོང་ཙམ་ནས་ཆོས་མེད་ཡུལ་འདི་ལ་ཡི་ཤུའི་ཆོས་ལུགས་དར་ཁྱབ་ཆེན་པོ་བྱུང་སྟེ་ད་ལྟའི་འཆར་ན་གྷ་བ་ཚང་མ་ཡི་ཤུ་བ་ཡིན། དེའི་དབང་གི་ཁོང་ཚོས་སེམས་ཅན་ཡོད་ཚད་དཀོན་མཆོག་གིས་ང་ཚོར་ཟ་རྒྱུ་གནང་རེད་ཞེས་པའི་འདོད་ཚུལ་གྱི་ཁྱི་ཡན་ཟ་ཡི་ཡོད། དེའི་ནང་ནས་ཁྱི་དམར་པོའི་ཤ་ལ་ཧ་ཅང་གི་དགའ་པོ་བྱེད་ཀྱི་ཡོད། ལུང་པ་དེའི་བུ་མོ་རྣམས་ནི་ཚང་མ་མཛེམ་པོ་ཡོད་པར་ཁར་གཟུགས་དབྱིབས་ལྷ་མོ་འདྲ་བ་ཡོད། ན་གྷ་མི་རིགས་ལ་སོ་སོ་རང་ཉིད་ཀྱི་སྐད་ཡིད་མེད་རུང་མི་རིགས་ཀྱི་ལ་རྒྱ་ཟབ་མོ་ཡོད། ཁོང་ཚོའི་མི་རིགས་འདི་ང་ཚོ་བོད་ནས་བྱུང་ཚུལ་བཤད་མཁན་ཁག་ཅིག་དང་། འབར་ན་བྱུང་སྐོར་བཤད་མཁན་ཁག་གཅིག་ཡོད། ན་གྷ་བ་མི་རིགས་ཁག་བཅུ་བརྒྱད་ཡོད་པའི་ནང་ནས་ཆ་ག་ཚང་ཞེས་པའི་མི་རིགས་དང། སྐད་ཁ་ཤས་ནང་ ཆུ་ ཤིང་། མེ། རྡོ་སོགས་ལྟ་བུར་གཞི་བཞགས་ན་ཁོང་ཚོའི་མི་རིགས་འདི་བོད་རིགས་ནས་བྱུང་བ་གསལ་པོ་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme