Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་འཆི་རྐྱེན་གཙོ་བོ།

Posted on 2010-12-112010-12-11 By འཚོ་བྱེད་བུ 11 Comments on བཙན་བྱོལ་བོད་མིའི་འཆི་རྐྱེན་གཙོ་བོ།

ཉེ་ཆར་བོད་གཞུང་འཆར་འགོད་ལྷན་ཁང་གིས་བཏོན་པའི་མི་འབོར་གྲངས་བཤེར་གྱི་སྙན་ཐོ་ལྟར་ན། བྱེས་སྡོད་བོད་མིའི་ཁྲོད་ཕྱི་ལོ་ 1998 ལོར་མི་ཆིག་སྟོང་ཁོངས་ནས་ཤི་ཚད་དེ་ 8.78 ཡིན་པ་ནས་ཕྱི་ལོ་ 2009 ལོར་མི་ཆིག་སྟོང་ཁོངས་ནས་ཤི་ཚད་9.7 ལ་ཅུང་འཕར་ཡོད་པ་དང་། འབྲས་ནད་ཀན་སར་ནི་ཚེ་སྲོག་འཕྲོག་མཁན་ནད་གཞི་ཨང་དང་པོ་དང་། མཆིན་ནད་ལེབ་རྒན་liver cirrhosis གཉིས་པ། སྙིང་དང་འབྲེལ་བའི་ནད་གཞི་གསུམ་པ་ཡིན་ལུགས་ཐོན་འདུག  གཞན་གློ་གཅོང་ཊི་སྦི་དང་མ་ལེ་རི་ཡ་ན་མཁན་ཇེ་ཉུང་དུ་ཕྱིན་པ། ཨེ་ཙི་ནད་དང་གློ་བུར་བརྡབ་སྐྱོན། རང་སྲོག་རང་གིས་བླངས་ཏེ་ཤི་སྐྱོན་བྱེད་པ་བཅས་ནི་བོད་མིའི་སྤྱི་ཚོགས་ནང་གཡོལ་དུ་མི་རུང་བའི་དངོས་ཡོད་གནས་ཚུལ་ཞིག་ཏུ་འགྱུར་བཞིན་ཡོད་ལུགས་བཤད་འདུག

གསོ་རིག

Post navigation

Previous Post: ཡིད་བཞིན་ནོར་བུ།
Next Post: ཐེ་ཝན་དུ་བོད་ཀྱི་གོམ་བགྲོད།

Comments (11) on “བཙན་བྱོལ་བོད་མིའི་འཆི་རྐྱེན་གཙོ་བོ།”

  1. རང་བཙན་ལྡེའུ་ says:
    2010-12-11 at 3:00 am

    ཡ་་་ཡ་་་ ད་འོ་ན་ འབྲས་ནད་དེ་འཅི་རྐྱེན་ཨང་དང་པོ་ཡིན་ན་ ད་ངེད་ཚོ་འབྲས་བཟའ་རྒྱུ་མྱུང་རུ་བཏང་སྟེ་གྲོ་ཞིབ་དང་པག་མང་ཙམ་བཟའ་དགོ་ཞི་བདའ་མོ་།

  2. ཀརྡོ་རབ་འབྱམས་པ་ says:
    2010-12-11 at 3:25 am

    བོད་མིའི་འཆི་ཚད་འཕར་བ་ནི། བློ་ཚབས་ཀྱི་གནས་ཡིནཔས། སྨན་ལས་པས་ཤུགས་ཆེ་ཙམ་རྒྱོབས་དགོས་རེད།

  3. བློ་བཟང་ཆོས་འཕེལ says:
    2010-12-11 at 3:58 am

    བོད་མི་འཆི་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་དེ་མཐོང་ཚེ་དངངས་སྐྲག་ཆེན་པོ་བྱུང་། འདི་ང་ཚོ་བོད་པའི་སྤྱི་ཚོགས་ཁོ་ནའི་ནང་དུ་ཡིན་ནམ། འཛམ་གླིང་སྤྱི་ཡོངས་ཀྱི་དཀའ་ངལ་ཞིག་རེད།
    ཕྲན་གྱི་ཁོར་ཡུག་ནས་མཐོང་བར་གཞིགས་ན། འཆི་རྐྱེན་མང་པོ་ཞིག་ཕོ་བ་སྐྲན་ནད་ཀྱི་རྐྱེན་པས་ཡོང་གི་འདུག་ལ། ལོ་ན་རྒས་གཞོན་གྱི་ཁྱད་པར་མེད་པར་ལོ་རེ་བཞིན་མཐོང་རྒྱུ་ཇེ་མང་ནས་ཇེ་མང་རེད་འདུག འདི་དག་ཟས་རིགས་ལ་བསྟེན་ཚུལ་མ་འགྲིག་པའི་རྐྱེན་ལས་ཡོང་གིན་ཡོད་དམ། གཟུགས་པོ་བདག་གཅེས་བྱེད་སྟངས་མ་འདང་བའི་རྐྱེན་ལས་ཡོང་གིན་ཡོད། སེམས་ཀྱི་དཀའ་ངལ་གྱི་ཐོག་ནས་ཡོང་གིན་ཡོད་ལུགས་སོགས་བགྲོ་གླེང་ལྷུག་པོར་གནང་དགོས་རྒྱུར་གལ་ཆེ་སྙམ།
    དྲ་གྲོགས་རྣམ་པ་ཚོ། ང་ཚོའི་དྲ་ཐོག་ཏུ་རྩོམ་ཡིག་དང་མཆན་བུ་བཏབ་པའི་སྐབས་སུ་གཞན་གྱི་སྐྱོན་ཆ་ཐེར་འདོན་བྱ་རྒྱུ་ཁོ་ན་ལ་མགོ་བོ་གཡེང་ནས་མ་བཞུགས་པར། དོན་འདི་དང་འདི་འདྲ་བའི་ཐད་དུ་ཆེད་ལས་མཁས་པ་རྣམས་ལ་བཀའ་འདྲི་ཞུས་པ་དང་། རང་གིས་རྟོག་ཞིབ་ནན་པོ་བྱས་ཏེ་དཔྱད་རྩོམ་རེ་ཙམ་དང་མཆན་བུ་རེ་ཙམ་སྤེལ་ཐུབ་ན། འཕྲལ་ཕུགས་ཀུན་ཏུ་དགེ་མཚན་ཆེ་བར་མཐོང་། དེ་མིན་ཁྱེད་ཀྱི་ཁ་དང་ངའི་སྣ་ཁོ་ན་ལ་རྩོད་ནས་སྡོད་ན། རང་གི་དེ་ཉིད་བསྟན་པ་ཙམ་དུ་མ་ཟད། སྤྱི་ཚོགས་ནང་དུ་ཕན་ཐོགས་ཡོང་རྒྱུའི་ཚབ་ཏུ་སྤྱི་ཚོགས་མཐུན་འབྲེལ་གྱི་གོང་བུ་གཏོར་བའི་འབར་རྫས་ཤིག་ཏུ་འགྱུར་མི་སྲིད་པ་མིན། ཁྱད་པར་དྲ་གྲོགས་འགའ་ཤས་ཤིག་གིས་ཚིག་བེད་སྤྱོད་གནང་སྟངས་ལ་གཟབ་གཟབ་གནང་དགོས་ཀྱིན་འདུག་སྙམ།

  4. རླངས་འདྲེ་བཀོལ། says:
    2010-12-11 at 10:07 am

    འདི་དག་དངོས་ཡོད་གནས་ཚུལ་རེད་ང་ཚོ་ཚང་མས་དོ་སྣང་དགོས་ཀྱི་འདུག

  5. གཞོན་ནུ་ཟླ་མེད། says:
    2010-12-11 at 10:21 am

    འཚོ་བྱེད་བུས་རྩོམ་ཡིག་འདི་སྤེལ་བ་ཐུགས་རྗེ་ཆེ། ད་ངས་བསམ་ཚུལ་ཞིག་འདོན། འཆི་རྐྱེན་ཨང་དང་པོ་འབྲས་སྐྲན་དེ་སྔོན་འགོག་ཐད། རྒྱ་གར་ཡུལ་མིའི་ཐ་མག་རིགས་སྟེ། པམ་པ་ར་དང་། འཇར་ཏ་པམ། མེ་ཊ་པམ། མ་ར་ཅིན་ཏ། སོགས་ཁ་ནང་དུ་ལྡོག་དགོས་པའི་ཐ་མག་རིགས་དང་། ཡང་ཀོ་བྷིར་ཁ་ནེ་སོགས་སྟེ། ཁ་ཤ་ནང་ལོགས་སུ་ཉར་དགོས་པའི་ཐ་མག་རིགས་འདི་དག་འདི་ལོས་ཡིན་འདོད་པས་སྔོན་འགོག་བྱེད་དགོས་བསམ།
    དེ་མིན་ན་ཚ་གཞན་དག་ནི་ཞེད་སྣང་སྐྱེས་དགོས་པ་རྐྱང་རེད་མོད། སྔོན་འགོག་ཐད་ལ་གང་ཡང་ཤེས་ཀྱི་མི་འདུག ཡང་བརྡབ་སྐྱོན་འདི་མང་ཆེ་ཤོས་ཕོ་གསར་སྣང་མཐོ་ཚོའི་སྦག་སྦག་ཐོག་ནས་ཡོང་གི་ཡོད་ས་རེད་དྲན།
    ཨེ་ཙེའི་སྐོར་ལ་རླུག་ཤུབ་ཀྱི་སྦྱིན་པ་གཏོང་བའི་ཕྱོགས་ནས་མང་རུ་གཏོང་ཐུབ་ན་ཡག་པོ་ལོས་ཡོད་བསམ། མངོན་གསལ་དོད་པོའི་ཐོག་ནས་རླུག་ཤུབ་ཟ་ཁང་ཞིག་གམ། རླུག་ཤུབ་ཚོང་ཁང་ཟེར་ནས་ཚང་མས་དོ་སྣང་སྤྲོད་ས་ཞིག་བཟོས་ན་ལོས་ཕན་སྙམ་པ་འདུག
    གློ་གཅོང་ཊི་སྦི་དང་མ་ལེ་རི་ཡ་ན་མཁན་ཇེ་ཉུང་དུ་ཕྱིན་པར་དགའ་འོས་པའི་གསར་འགྱུར་ཞིག་རེད། ང་ཞེད་སྣང་ཆེ་ཤོས་དེ་མ་ལེ་རི་ཡ་ཟེར་བའི་ཁྲག་གི་ན་ཚ་འདི་རེད། འདི་ལ་བཅོས་ཐབས་གང་ཡང་མི་འདུག འདི་ན་དུས་ཨ་རིའི་སྨན་ཁང་ནས་བཤད་ན་རིགས་བཅོ་བརྒྱད་ཡིན་ན་ཅིག་ཡོད་པ་རེད་ཟེར་ནས། གནའ་རབས་ཀྱི་སྒྲུང་བ་ཚོས་སྒྲུང་བཤད་པ་ལྟར་སྨན་པ་དག་གིས་དུས་ཚོད་བསྐྱལ་རྒྱུ་ལས་ཐབས་ཤེས་གང་ཡང་མི་འདུག
    སྨན་པ་ཚོས་གོང་གསལ་འཆི་རྐྱེན་རིགས་ཀྱི་བཅོས་ཐབས་མང་ཙམ་བཀོད་རྒྱུ་མཁྱེན།

  6. བློ་གྲོས་མཐའ་ཡས། says:
    2010-12-11 at 12:56 pm

    མི་ལ་ཡར་རྒྱས་ཡོད་ན།།
    ཡིག་ནོར་ཇེ་ཉུང་ཇེ་ཉུང་།།

    སྔོན་མ་ཡིན་ན་གཞོན་ནུ་ཟླ་མེད་ལགས་ཀྱིས་མཆན་འདི་འདྲ་ཞིག་འབྲི་བར་ཡིག་ནོར་ལྔ་བཅུ་ཡར་མར་རེ་ཡོང་བ་རྒྱུན་ལྡན་ཡིན་ཡང་།    ད་རེས་ཡིག་ནོར་བཅུ་ཁ་ཞིག་ལས་མེད་པར་བཀྲ་ཤིས་བདེ་ལེགས་ཞུ་འོས་པར་འདུག

    ༥༽ གཞོན་ནུ་ཟླ་མེད་ནས།
    སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༡ གི་ཆུ་ཚོད་ ༡༠ སྐར་མ་ ༢༡

    འཚོ་བྱེད་བུས་རྩོམ་ཡིག་འདི་སྤེལ་བ་༼བར་༽ཐུགས་རྗེ་ཆེ། ད་ངས་བསམ་ཚུལ་ཞིག་འདོན། འཆི་རྐྱེན་ཨང་དང་པོ་འབྲས་སྐྲན་དེ་སྔོན་འགོག་ཐད། རྒྱ་གར་ཡུལ་མིའི་ཐ་མག་རིགས་སྟེ། པམ་པ་ར་དང་། འཇར་ཏ་པམ། མེ་ཊ་པམ། མ་ར་ཅིན་ཏ། སོགས་ཁ་ནང་དུ་ལྡོག་༼༠༽དགོས་པའི་ཐ་མག་རིགས་དང་། ཡང་ཀོ་བྷིར་ཁ་ནེ་སོགས་སྟེ། ཁ་ཤ་ནང་ལོགས་སུ་ཉར་དགོས་པའི་ཐ་མག་རིགས་འདི་དག་འདི་ལོས་ཡིན་འདོད་པས་སྔོན་འགོག་བྱེད་དགོས་བསམ།༼བསམས༽
    དེ་མིན་ན་ཚ་གཞན་དག་ནི་ཞེད་སྣང་སྐྱེས་༼ སྐྱེ་༽དགོས་པ་རྐྱང་རེད་མོད། སྔོན་འགོག་ཐད་ལ་གང་ཡང་ཤེས་ཀྱི་མི་འདུག ཡང་བརྡབ་༼རྡབ་༽སྐྱོན་འདི་མང་ཆེ་ཤོས་ཕོ་གསར་སྣང་མཐོ་ཚོའི་སྦག་སྦག་ཐོག་ནས་ཡོང་གི་ཡོད་ས་རེད་དྲན།
    ཨེ་ཙེའི་སྐོར་ལ་རླུག་༼ རླིག༽ཤུབ་ཀྱི་སྦྱིན་པ་གཏོང་བའི་ཕྱོགས་ནས་མང་རུ་༼དུ་༽གཏོང་ཐུབ་ན་ཡག་པོ་ལོས་ཡོད་བསམ།༼བསམས༽ མངོན་གསལ་དོད་པོའི་ཐོག་ནས་རླུག་༼ རླིག་༽ཤུབ་ཟ་ཁང་ཞིག་གམ། རླུག་༼ རླིག་༽ཤུབ་ཚོང་ཁང་ཟེར་ནས་ཚང་མས་དོ་སྣང་སྤྲོད་ས་ཞིག་བཟོས་ན་ལོས་ཕན་སྙམ་པ་འདུག
    གློ་གཅོང་ཊི་སྦི་དང་མ་ལེ་རི་ཡ་ན་མཁན་ཇེ་ཉུང་དུ་ཕྱིན་པར་༼པ༽དགའ་འོས་པའི་གསར་འགྱུར་ཞིག་རེད། ང་ཞེད་སྣང་ཆེ་ཤོས་དེ་མ་ལེ་རི་ཡ་ཟེར་བའི་ཁྲག་གི་ན་ཚ་འདི་རེད། འདི་ལ་བཅོས་ཐབས་གང་ཡང་མི་འདུག འདི་ན་དུས་ཨ་རིའི་སྨན་ཁང་ནས་བཤད་ན་རིགས་བཅོ་བརྒྱད་ཡིན་ན་ཅིག་ཡོད་པ་རེད་ཟེར་ནས། གནའ་རབས་ཀྱི་སྒྲུང་བ་ཚོས་སྒྲུང་བཤད་པ་ལྟར་སྨན་པ་དག་གིས་དུས་ཚོད་བསྐྱལ་རྒྱུ་ལས་ཐབས་ཤེས་གང་ཡང་མི་འདུག
    སྨན་པ་ཚོས་གོང་གསལ་འཆི་རྐྱེན་རིགས་ཀྱི་བཅོས་ཐབས་མང་ཙམ་བཀོད་རྒྱུ་མཁྱེན།

  7. མེ་ཆ་། says:
    2010-12-11 at 9:33 pm

    གཞོན་ནུ་ཟླ་མེད་དྲིན་ཅན་པོ་ཁྱེད་རང་གིས་ཀྱང་ཁ་ནས་ཡིན་ན་དེ་མ་ཟ་ཨ་ཁ་ལོ་ལོ།

  8. གཞོན་ནུ་ཟླ་མེད། says:
    2010-12-11 at 9:49 pm

    ཧཧཧ མེ་ཆ་ཡིན་ན་འདིས་དེ་རིང་ང་འཇུས་ནོ་ད་ངར་བ་འཇུས་ཐ། ཡང་པོ་ལེ་སི་ངར་བ་ཞིག་གི་བཟོ་བལྟ་འདུག ད་ངས་ཁ་ནེ་དེ་ཉུང་རུ་བཏང་ཡོད་མོད། ད་དུང་རྩ་ནས་མེད་པ་བཟོ་བར་དུས་ཚོད་ཅུང་ཟད་དགོས་པ་འདུག ངེས་པར་དུ་གཅོད་ངེས་ཡིན།

  9. མེ་ཆ་། says:
    2010-12-11 at 10:20 pm

    གཞོན་ནུ་ཁྱེད་དང་ང་གཉིས་ད་སྔོན་ཆད་རྡ་ལུ་ཐུངས་རོགས་དང་ཁ་ནས་ཟ་རོགས་རེད་ཡ། ཧ་ཧ་སློབས་སོ་ཡག་གོ་གནང་གིན་འདུག ཐུགས་རྗེ་ཆེ་།

  10. ཇ་མ་ says:
    2010-12-12 at 11:32 am

    འཆི་བ་འགོ་ལ་ཡོང་དུས་ཡོལ་མེད། འཆི་རྐྱེན་རང་གིས་བཟོས་ན་སྡིག་རྐྱོང་རེད། འཆི་བར་སྐྲག་ནས་འཇིག་རྟེན་གཞན་ལ་འགྲོ་བར་རན།

  11. yangbum2 says:
    2010-12-12 at 11:48 am

    རྒྱ་གར་ནི་འཛམ་གླིང་ནང་ཁ་ཡི་འབྲས་ནད་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་དང་། དེའི་རྒྱུ་རྐྱེན་ནི་ཁ་ནང་མུར་ལྡད་ཐ་མག་ཐོན་རྫས་མང་ཤོས་དང་ཆུང་བྱིས་པ་ནས་རྒས་རྒན་འཁོགས་བར་བེད་སྤྱོད་བྱེད་མཁན་མི་གྲངས་མང་ཤོས་ཡིན་པའི་རྐྱེན་གྱིས་རེད། དེ་སྔ་རྡ་སའི་བོད་གཞུང་སྨན་རྩིས་ཁང་དང་རྒྱ་གར་རྒྱལ་ཡོངས་སྨན་དཔྱད་ཞིབ་འཇུག་ཁང་གི་ཁ་དང་མཇིང་པའི་འབྲས་ནད་སྡེ་ཚན་གཉིས་ཀྱིས་བོད་པའི་སྤྱི་ཚོགས་ནང་ཁ་དང་མཇིང་པའི་འབྲས་ནད་གནས་སྟངས་ཇི་འདྲ་ཡིན་མིན་བརྟག་ཞིབ་ཅིག་བྱས་པ་དྲན་གྱི་འདུག རང་གི་ཉམས་མྱོང་ལྟར་ན་སྤྱིར་བོད་པའི་སྤྱི་ཚོགས་ནང་མཆིན་པ་དང་ཕོ་བ། མིད་པ་ཡི་འབྲས་ནད་མང་བ་འབྱུང་གི་ཡོད་པའི་ཚོར་སྣང་བྱུང་། ཡིན་ནའང་གཞོན་ནུས་གསུངས་པ་ལྟར། པན་སོགས་མུར་ལྡད་ཐ་མག་རིགས་རྒྱ་གར་གནས་སྡོད་བོད་པའི་ནང་སྤྱོད་ཤུགས་ཆེན་པོ་ཡོད་པས་བོད་པ་ཚོར་ཁ་དང་མིད་པ། མཇིང་པ། ཕོ་བ་ཡི་འབྲས་ནད་སློང་རྐྱེན་ཞིག་ཆགས་ཀྱི་ཡོད་པ་སྨོས་མ་དགོས། སྤྱིར་སྲོལ་རྒྱུན་མུར་ལྡད་ཐ་མག་རིགས་ཏེ་ཐ་མ་ཁའི་རྫས་ཆ་བསྲེས་མེད་པའི་གོ་ཡུ་དང་སེང་ལྡེང་སྡོང་པོའི་འབྲས་བུ། ལིམ་བུའམ་ལི་ཤི། ཤིང་ཚ་སོགས་ཀྱིས་བསྡེབས་ཏེ་བཟོས་པའི་གྲས་ལ་འབྲས་ནད་སློང་བྱེད་རྫས་རྒྱུ་ཆེར་མེད་པས་ཉེན་ཁ་ཆུང་བར་བཤད། ཡིན་ནའང་དེང་སང་ཁྲོམ་རར་ཡོད་པའི་མུར་ལྡད་ཐ་མག་མང་ཆེ་བའི་ནང་གོང་གི་རྒྱུ་ཆ་དེ་དག་གི་སྟེང་ཐ་མ་ཁ་སྣོན་གྱི་ཡོད་པ་དང་དེ་མིན་པའི་ལུས་སེམས་ལ་ངར་སྐུལ་སློང་བྱེད་རྫས་རིགས་འདྲ་མིན་ཡང་བསྲེས་ཀྱི་ཡོད་པས། ཁ་ཡི་འབྲས་ནད་སློང་སླ་རུ་འགྲོ་ཡི་ཡོད།
    བརྡབ་སྐྱོན་འཆི་རྐྱེན་ནི་ཡུལ་ལུང་སོ་སོའི་འགྲིམ་འགྲུལ་གནས་སྟངས་དང་མི་རྣམས་ཀྱི་ལམ་ཐོག་བདེ་འཇགས་གོ་རྟོགས་ལ་རག་ལས་ཀྱི་ཡོད་པ་འདྲ། ཨ་རི་ལ་མཚོན་ན། སྔོན་མ་བུད་མེད་ནང་བརྡབ་སྐྱོན་དང་ཆང་རག་ཐ་མག་གི་རྐྱེན་གྱིས་འཆི་སྐྱོན་ཡོང་རྒྱུ་ཉུང་བ་ཡོད་པར་བཤད། ཡིན་ནའང་སྤྱི་ཚོགས་ཀྱི་འགྱུར་བ་དང་དཔལ་འབྱོར་གྱི་གནས་སྟངས་། ཕོ་མོའི་གནས་བབ་བཅས་ལ་འགྱུར་བ་ཤུགས་ཆེར་ཕྱིན་ཏེ་དེང་སང་བུད་མེད་ནངབརྡབ་སྐྱོན་དང་ཆང་རག་ཐ་མག་གི་རྐྱེན་གྱིས་འཆི་སྐྱོན་བྱེད་པ་མང་དུ་སོང་ཡོད། དེ་དེ་བཞིན་དུ་བོད་པའི་སྤྱི་ཚོགས་ནང་ཡང་དེ་ལྟར་མི་ཡོང་བའི་ངེས་པ་མེད་པ་མིན།
    བརྡབ་སྐྱོན་གྱི་ཤི་རྐྱེན་ལ་གཞན་དབང་དང་རང་ངོས་བཅས་རིགས་གཉིས་ཡོད་པས། སྔ་མ་ནི་རང་ཉིད་ལ་རང་དབང་མེད་པར་གཞན་གྱིས་བསྐོར་བཞིན་པའི་མོ་ཊའམ་སྦག་སྦག་སྟེང་བསྡད་དེ་བརྡབ་སྐྱོན་གྱིས་འཆི་ལམ་དུ་བསྐྱལ་བ་དང་། ཕྱི་མ་རང་སོ་སོའི་བཀོད་འདོམས་འོག་ཡོད་བཞིན་དུ་སྣང་མེད་ཀྱིས་ཚོད་མ་ཟིན་པར་མོ་ཊ་སྦག་སྦག་བཏང་སྟེ་རང་གཞན་གཉིས་ཀ་ཕྱི་མའི་ལམ་དུ་བརྫངས་པ་ལྟ་བུ་རེད།
    ཨེ་ཙི་ནད་དེ་དང་པོ་ཡར་རྒྱས་ཆེ་བའི་རྒྱལ་ཁབ་ནས་ཁྱབ་འཕེལ་དུ་སོང་བ་ཡིན་མོད། འོན་ཀྱང་རྒྱལ་ཁབ་དེ་དག་གིས་གཞུང་དམངས་གཉིས་ཀའི་ངོས་ནས་ནད་རིགས་འདིའི་འབྱུང་རྐྱེན་དང་སྔོན་འགོག སྨན་བཅོས་ཐད་ནུས་ཤུགས་ཕོན་ཆེན་བཏང་བར་བརྟེན་དེང་སང་ནད་གཞིའདི་ཕོག་མཁན་་གྲངས་འབོར་ཧ་ཅང་ཉུང་དུ་ཕྱིན་ཡོད། བོད་པའི་སྤྱི་ཚོགས་ནང་གཞུང་དམངས་གཉིས་ཀའི་ངོས་ནས་ནད་རིགས་འདིའི་འབྱུང་རྐྱེན་དང་སྔོན་འགོག སྨན་བཅོས། ལྷག་པར་དུ་མང་ཚོགས་དང་སློབ་གྲྭ་ཁག་ཏུ་ནད་འདིའི་ངོ་བོ་དང་བདེ་འཇགས་ཅན་གྱི་ཆགས་སྤྱོད་བྱེད་ཐབས་ཐད་སློབ་སྦྱོང་མང་བ་སྤྲོད་དགོས་ཀྱི་འདུག
    མ་ལེ་རི་ཡའི་ན་ཚ་དེ་གཙོ་བོ་ཚ་བའི་ས་ཁུལ་དུ་མ་སི་ཀེ་ཀྲོ་དུག་སྦྲང་གིས་རྨུགས་པར་བརྟེན་ནས་འབྱུང་གི་ཡོད་པས་དུག་སྦྲང་དེས་མི་རྨུགས་པའི་བྱེད་ཐབས་སྤྱད་ན་ནད་འདི་ཡང་རང་བཞིན་གྱིས་སྔོན་འགོག་བྱེད་ཐུབ། ཡིན་ནའང་ནད་ན་ཚར་བའི་རྗེས་ལ་སྨན་བཅོས་མ་བྱས་ཚེ་འཆི་སྐྱོན་འབྱུང་ལ་སྨན་བཅོས་དུས་ཐོག་བྱས་ཚེ་དྲག་སྐྱེད་ཡོང་གི་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme