Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༤ པར་ཕུལ་བའི་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

Posted on 2024-09-04 By ཁ་བརྡ་ No Comments on བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༦༤ པར་ཕུལ་བའི་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

བོད་ས་ཤོར་མ་ཐག་གནས་ཡུལ་ལུང་པའི་ནང་༧ གོང་ས་མཆོག་ནས་ང་ཚོར་མང་གཙོའི་ལམ་ལུགས་གནང་ནས་སྤྱི་ལོ་ ༡༩༦༠ སྤྱི་ཟླ་ ༩ པའི་ཚེས་ ༢ ཉིན་བཙན་བྱོལ་སྤྱི་་ཚོགས་ནང་མང་གཙོ་དབུ་བརྙེས་ནས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམས་ནས་༧གོང་ས་མཆོག་དབུ་བཞུགས་ཐོག་མ་ཎི་བཀའ་འབུམ་མདུན་སྤྱི་འཐུས་ཀྱིས་ལས་འཁུར་དམ་འབུལ་ཞུས་ནས་ལྷན་ཁང་སོ་སོར་ལས་བགོས་ཀྱིས་ལས་འཁུར་བླངས་ནས་རིམ་པས་ཉམས་མྱོངས་བསགས་རིམ་བཞིན་སྤྱི་ལོ་ ༡༩༩༡ ལོར་སྤྱི་འཐུས་སྐབས་བཅུ་གཅིག་གི་ཁྲིམས་བཟོའི་འགན་འཁུར་བླངས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་དེ་དག་གཏན་འབེབས་གནང་ནས་༧ ་གོང་ས་མཆོག་གི་མཆོག་མཆན་མཚན་རྟགས་དེ་སྤྱི་ལོ་ ༡༩༩༡ སྤྱི་ཟླ་ ༦ པའི་ཚེས་ ༢༨ ཉིན་ཕེབས་པ་ནས་བཙན་བྱོལ་བོད་མིའི་མང་གཙོ་དེ་ཁྲིམས་ཡིག་གིས་ལམ་སྟོན་འོག་ཁྲིམས་བཟོ་སྡེ་ཚན་དང་། འཛིན་སྐྱོང་སྡེ་ཚན། ཁྲིམས་ལུགས་དབང་འཛིན་སྡེ་ཚན་བཅས་མང་གཙོའི་སྒྲིག་འཛུགས་སྐྱོང་མཁན་གྱི་སྡེ་ཚན་གསུམ་དེ་འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་དེའི་ནང་མང་གཙོ་ལས། ༼ དམངས་གཙོ ༽ ཟེར་བའི་ཚིག་གཅིག་མཇལ་རྒྱུ་མེད་པ་ནས་ང་ཚོའི་ཆབ་སྲིད་ཀྱི་ལམ་ལུགས་དེ་མང་གཙོ། ༼ Democracy ༽ ཡིན་པ་ལས་དམངས་གཙོ། ༼ Proletarian ༽ མིན་པ་ཐ་སྙད་འདི་གཉིས་ནས་ངོ་སྤྲོད་གསལ་པོ་ཐུབ་པ་ནི་མང་གཙོ་ནི་གྲངས་ཀྱི་གསལ་འབྱེད་ཡིན་པ་དང་། དམངས་གཙོ་ནི་གྲལ་རིམ་གྱི་གསལ་འབྱེད་ཡིན་པ་སྔོན་སངས་རྒྱས་ཞལ་བཞུགས་པའི་སྐབས་རིགས་བཞི་ཡོད་པ། ༡ རྒྱལ་རིགས། ༢ རྗེ་རིགས། ༣ བྲམ་ཟེའི་རིགས། ༤ དམངས་རིགས་བཅས་རིགས་བཞི་ཡོད་པའི་ནང་ནས་དམངས་ནི་རིགས་བཞིའི་མཐའ་མ་དེ་ཡིན་པ་ནས་ང་ཚོའི་མང་གཙོའི་ལམ་ལུགས་འདི་དམངས་གཙོ་མིན་པ་མང་གཙོ་ཡིན་པ་ནི་མི་མང་བའི་རྗེས་ལ་མི་ཉུང་བ་འགྲོ་བའི་ལམ་ལུགས་ལ་མང་གཙོ་ཟེར་བ་དང་། མི་ཉུང་བའི་རྗེས་ལ་མི་མང་བ་འགྲོ་བའི་ལམ་ལུགས་ལ་གྲལ་རིམ་དམངས་གཙོ་ཟེར་བ་དང་། ནུབ་ཕྱོགས་ལུང་པའི་ནང་དར་ཁྱབ་ཆེ་བའི་ཆབ་སྲིད་ཀྱི་ལམ་ལུགས་རྣམས་མང་གཙོ་ཡིན་པ་དང་། དམངས་གཙོ་ནི་གྲལ་རིམ་བྱེ་བྲག་གི་བཀའ་བཀོད་སྟངས་འཛིན་འོག་མི་མང་འཚོ་བཞིན་པའི་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དེ་གྲལ་རིམ་དམངས་གཙོ་གཅིག་བསྡུད་ཟེར་བ་དེ་ཡིན་པ་ནས་དམངས་གཙོ་ཡིན་ལ་གཅིག་བསྡུད་ཡིན་ཟེར་བ་དང་། མི་རིགས་འདྲ་མཉམ་ཡིན་ལ་ཐ་དད་ཡང་ཡིན་ཟེར་བ་ནས་ཏང་གུང་ཁྲན་གྲལ་རིམ་གྱི་ཁ་ཕྱོགས་ག་པར་བསྒྱུར་བསྒྱུར་ཡིན་པ་ནས་ཤེས་ཐུབ་པ་དང་། མང་གཙོ་ནི་ཁྲིམས་ཀྱི་འོག་ཏུ་མི་མང་འཚོ་དགོས་པ་ནས་གཞུང་དང་མི་མང་བཅས་པའི་ལས་དོན་ཡོངས་རྫོགས་ཁྲིམས་ཡིག་གི་ལམ་སྟོན་འོག་ནས་སྒྲུབ་དགོས་པ་ནས་ང་ཚོའི་བཅའ་ཁྲིམས་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་ཡོངས་ཀྱི་རྩ་བ་ཡིན་པ་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་མང་གཙོའི་ཀ་བ་གསུམ་དང་ ལྷན་ཁང་ཁག རང་དབང་ཅན་གྱི་སྡེ་ཚན་གསུམ་དང་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་ཁྱབ་ཆེ་བའི་རྒྱ་ཆེ་མི་མང་བཅས་ཚང་མས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་འགན་འཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་མང་གཙོའི་ཐོབ་ཐང་ལེན་དགོས་པ་ནི་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་གོ་དོན་ཡང་དེ་ཡིན་པ་དང་། དམངས་གཙོ་ནི་གྲལ་རིམ་འོག་ཏུ་མི་མང་འཚོ་དགོས་པ་ནས་ཁྲིམས་དང་སྒྲིག་གཞི། ལམ་དང་ལུགས་སྲོལ། ཁྲེལ་དང་ངོ་ཚ། ཚེ་འདི་དང་ཕྱི་མ། ལས་རྒྱུ་དང་འབྲས་བུ།

ཡ་རབས་བཟང་སྤྱོད་སོགས་མི་ཆོས་རིང་ལུགས་གང་ལའང་བརྩི་མི་དགོས་པ་གྲལ་རིམ་གཅིག་བསྡུད་འོག་ཏུ་ཞི་བའི་མི་མང་མགོ་བོ་འབུར་ས་མེད་པ་བཟོས་ནས་ཁྲིམས་འགལ་དང་སྒྲིག་འགལ་འོག་ནས་འགོ་འདྲེན་དང་ཕྱོགས་གཏོགས་ལ་འགན་འཁུར་ནས་གྲལ་རིམ་དམངས་གཙོ་གཅིག་བསྡུད་ཟེར་བའི་ལམ་ལུགས་དེ་དུས་ནམ་ཡང་ང་ཚོར་དགོས་པ་མེད་དོ། 

བསམ་ཚུལ།

Post navigation

Previous Post: ཨ་མ་ལགས། ང་ཕ་ཡུལ་ལ་ལོག་ཡོད།  
Next Post: བོད་རྒྱའི་དཀའ་རྙོགས་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་ས་འབྲེལ་ཆབ་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme