Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས།

Posted on 2023-10-12 By ཁ་བརྡ་ No Comments on བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས།

གཞུང་པ་ཚེ་དབང་བསོད་ནམས།

སྤྱི་ལོ་ ༡༩༥༤ ལོར་༧ སྤྱི་ནོར་༧ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ཀྱི་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བཅོས་གཏོང་རྒྱུར་རླབས་ཆེན་གྱི་དགོངས་པ་བཞེས་ནས་སྤྱི་ཚོགས་ལེགས་བཅོས་ལས་ཁུངས་ཆེད་འཛུགས་གནང་ནས་ལས་དོན་འགོ་འཛུགས་གནང་སྐབས་ཕྱི་ནང་གི་འགོག་རྐྱེན་འོག་ནས་རང་ཡུལ་དུ་དངོས་སུ་ལག་བསྟར་མ་ཐུབ་པ་ནས་སྤྱི་ལོ་༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་མ་ཐག་སྤྱི་ལོ་ ༡༩༦༠ ཐམ་པའི་ལོར་བོད་མི་མང་གི་སྐུ་ཚབ་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་འཐུས་མི་སྤྱི་འཐུས་མི་མང་ནས་གསར་བསྐོ་གནང་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མང་གཙོ་ལ་ཁ་ཕྱོགས་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱང་དེ་དང་ཕྱོགས་མཐུན་བྱས་ནས་བཙན་བྱོལ་བོད་མིའི་མང་གཙོ་དབུ་རྙེས་ནས་སྐབས་དེ་དུས་བཙན་བྱོལ་དུ་འབྱོར་མ་ཐག་ལ་སོང་མི་མང་གི་འཐུས་མི་སྤྱི་འཐུས་རྣམས་ད་ལྟ་ནང་བཞིན་སྤྱི་འཐུས་ཀྱི་ལས་ཁུངས་ཟུར་དུ་མེད་པ་ནས་སྤྱི་འཐུས་རྣམས་ལྷན་ཁང་ཁག་ནང་ཆ་བགོས་བྱས་ནས་ལས་དོན་གནང་བཞིན་པ་དང་། རིམ་པས་སྤྱི་ཚོགས་ཀྱི་འཕེལ་རིམ་དང་དུས་ཀྱི་དགོས་མཁོ་ལ་འགན་འཁུར་ནས་ཡར་རྒྱས་དང་ཚགས་ཚུད་དུ་ཕྱིན་ནས་སྤྱི་ལོ་ ༡༩༩༠ ལོར་སྤྱི་འཐུས་ཀྱི་གྲངས་ཚད་སྤར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཟིན་བྲིས་ཚོགས་ཆུང་བཙུགས་ནས་སྤྱི་ལོ་ ༡༩༩༡ ལོར་སྤྱི་འཐུས་སྐབས་བཅུ་གཅིག་གི་བར་འགལ་གྱི་ཁྲིམས་བཟོའི་འགན་འཁུར་བླང་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅོ་ལྔ་ཡོད་པ་དེ་དག་གཏན་འབེབས་གནང་ནས་༧ གོང་ས་མཆོག་གི་ཆོག་མཆན་ལོ་དེའི་ཟླ་བ་ ༦ པའི་ཚེས་ ༢༨ ཉིན་ཕེབས་པ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ནས་བཙན་བྱོལ་བོད་མིའི་མང་གཙོ་དེ་ཁྲིམས་ཀྱི་དབང་བསྒྱུར་འོག་འཚོ་ཐུབ་པའི་ལམ་སྟོན་དང་བཅས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་འདི་ལྟར། ༼ དོན་ཚན་བཅུ་གསུམ་པ། ཡུལ་མིའི་ལས་འགན། བོད་ཀྱི་ཡུལ་མི་ཚང་མས་སྒྲུབ་དགོས་པའི་ལས་འགན་གཤམ་གསལ།

༡ བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བློ་གཏད།

༢ བཅའ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང་། ཉམས་ལེན།

༣ བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་བྱ་རྒྱུ།

༤ ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་དཔྱ་ཁྲལ་སྒྲུབ་འབུལ།

༥ བོད་མིའི་སྒྲིག་འཛུགས་དང་། མང་ཚོགས་ལ་ཛ་དྲག་རྐྱེན་ངན་བྱུང་སྐབས་ཁྲིམས་ཐོག་ནས་བསྐུར་བའི་ལས་འགན་ཁག་བསྒྲུབ་རྒྱུ་བཅས། ༽ བཙན་བྱོལ་བོད་མི་ཚང་མས་སྒྲུབ་དགོས་པའི་ལས་འགན་འདི་དག་ཁྲིམས་ལུགས་སུ་གཏན་འབེབས་ཟིན་པ་ནས་འགོ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ནས་འོག་མི་མང་དཀྱུས་མ་བར་བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ལུགས་འདིའི་འོག་མ་འདུས་པ་བོད་མི་གཅིག་ཀྱང་མེད་པ་ནས་ཚང་མས་སྒྲུབ་དགོས་པའི་ལས་འགན་ཞིག་ཡིན་པ་དང་། སྤྱི་འཐུས་ཚོའི་བོད་ཀྱི་ཡུལ་མིའི་ལས་འགན་འདི་སྒྲུབ་པའི་ཐོག་ནས་སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའ་ཟུར་དུ་བཅའ་ཁྲིམས་ནས་བསྐུར་བའི་དམ་བཅའི་ཚིག་བརྗོད་ལྟར་འབུལ་དགོས་པ་འདི་ལྟར། ༼ བདག་་་་་་་་་་མིང་ཞེས་བགྱི་བ།སྐབས་་་་་་་་་་་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་འོས་འདེམས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང་། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི།

༡ མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན། ཡང་ན། ༢ ཁས་ལེན་གཙང་མ་ཞུ་རྒྱུ་ཡིན། ༽ ཅེས་གསལ་བ་ནས་བཅའ་ཁྲིམས་ནས་བསྐུར་བའི་དམ་བཅའི་ཚིག་བརྗོད་འདི་གཉིས་གང་རུང་གི་འོག་ཏུ་དམ་བཅའ་ཕུལ་ནས་སྤྱི་འཐུས་ཚོའི་གྲོས་ཚོགས་ཀྱི་ལས་རིམ་ལ་ཆ་ཤས་ལེན་དགོས་པ་དེ་དམ་བཅའི་རྩ་དོན་ཡིན་པ་དང་། ཉེ་ལམ་གྲོས་ཚོགས་ཚོགས་དུས་དྲུག་པ་དེ་དག་མུ་མཐུད་ནས་ཚོགས་མ་ཐུབ་པ་མ་ཟད་མཐའ་མ་གྲོས་ཚོགས་འཇུག་བསྡུ་མ་ཐུབ་པ་ནི་དང་པོ་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་མ་འགྲུབ་པ་དང་། གཉིས་པ་སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའ་དང་འགལ་བ་ནས་གཉེན་བྱམས་པས་མཐོང་ན་ངུ་བྲོ། དྭངས་དགྲ་བོས་མཐོང་ན་ཡིད་འཚིམ་ཟེར་བའི་དཔེ་ལྟར་མ་རེད་དམ། ༧ གོང་ས་མཆོག་སྐུ་ན་ཆུང་དུས་བོད་ས་མ་ཤོར་སྔོན་ནས་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མི་མང་མང་གཙོའི་ལམ་ལུགས་ལ་ཁ་ཕྱོགས་རྒྱུའི་རླབས་ཆེན་གྱི་དགོངས་གཞི་དེ་དག་རང་ཡུལ་དུ་ཕྱི་ནང་གི་འགོག་རྐྱེན་འོག་ནས་ཕྱག་ལྟར་མ་ཐུབ་ནའང་བཙན་བྱོལ་དུ་ཕེབས་མ་ཐག་སྤྱི་ལོ་ ༡༩༦༠ ཐམ་པའི་ལོར་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་གསར་འཛུགས་གནང་ནས་འཛམ་གླིང་ཡོངས་ལ་ངོམས་སུ་ཆོག་པའི་མང་གཙོ་ཁྲིམས་ལུགས་ཀྱི་དབང་བསྒྱུར་འོག་མང་གཙོའི་སྒྲིག་འཛུགས་སྐྱོང་མཁན་གྱི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་ཡོད་པ་ནས་སྤྱི་འཐུས་སྐབས་བཅུ་དྲུག་གི་ཁྲིམས་འགལ་གྱི་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དང་། སྤྱི་འཐུས་སྐབས་བཅུ་བདུན་པ་འདིའི་རྫོགས་རྒྱུ་མེད་པའི་ལས་རིམ་རྣམ་བཞག་ལ་འགན་འཁུར་ནས་གྲོས་ཚོགས་ཀྱི་ལས་རིམ་འགྲོ་མ་ཐུབ་པ་མ་ཟད་མཐའ་མ་གྲོས་ཚོགས་འཇུག་ཡང་བསྡུ་མ་ཐུབ་པ་ནས་བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་གཉིས་པའི་འོག་ཉུང་མཐའི་གྲངས་ཚད་མ་ལོངས་པ་ལ་ཁ་གཡར་ནས་ཚོགས་དྲུང་ལས་ཁུངས་ནས་གསལ་བསྒྲགས་གནང་བ་སོགས་མཐོང་སྐབས་ཁྲིམས་བཟོའི་ཁྲིམས་བཟོ་རྒྱུའི་ཚབ་ཏུ་ཁྲིམས་བཤིག་ནས་དགྲ་དགའ་གཉེན་སྡུག་གི་ལས་ཀ་བྱས་པ་མ་རེད་དམ། བཅའ་ཁྲིམས་དོན་ཚན་ ༤༩ པའི་ནང་གསེས་གཉིས་པའི་ཆ་རྐྱེན་དེ་གྲོས་ཚོགས་ཚོགས་ནས་འཐུས་མི་ཕེབས་མ་ཐུབ་ནས་ཉུང་མཐའི་གྲངས་ཚད་མ་ལོང་པ་ལ་གོ་དགོས་པ་ལས་གྲོས་ཚོགས་ཚོགས་བཞིན་པ་ནས་ཉིན་ཤས་རྗེས་འཐུས་མི་ཁག་ཅིག་གི་ཆེད་དུ་དམིགས་ནས་གྲོས་ཚོགས་ལས་རིམ་ལ་ཆ་ཤས་མ་བླང་པ་དེ་ཉུང་མཐའི་གྲངས་ཚད་མ་ལོངས་པ་ལ་ག་འདྲ་བྱས་ནས་ངོས་འཛིན་གནང་བ་ཡིན་དེ་ཡང་གསལ་པོ་ཤེས་མ་སོང་ན་བཅའ་ཁྲིམས་དང་མཐུན་པའི་ཁྲིམས་མཐུན་ཞིག་ལ་དུས་ནམ་ཡང་ངོས་འཛིན་ཞུ་ཐུབ་མ་སོང་ན་ཁྲིམས་འགལ་རང་ལ་ངོས་འཛིན་ཞུ་གི་ཡོད། ༧གོང་ས་མཆོག་གི་སྐུ་ཚེ་ཧྲིལ་པོ་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ལས་སྐྱོན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་མང་གཙོ་ཡང་དག་པའི་ལམ་ལུགས་ནང་ཁྲིད་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལམ་སྟོན་འོག་བཙན་བྱོལ་སྒྲིག་འཛུགས་འཚོ་དགོས་པ་ནས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་བཅའ་ཁྲིམས་ལ་འགན་འཁུར་ནས་གྲོས་ཚོགས་ཀྱིས་ལས་རིམ་མུ་མཐུད་ནས་འགྲོ་དགོས་པ་དེ་བཅའ་ཁྲིམས་ནས་བསྐུར་བའི་གྲོས་ཚོགས་འཐུས་མིའི་ལས་འགན་ངོ་མ་དེ་ཡིན་པ་ནས་ལས་འགན་དེ་སྒྲུབ་མ་ཐུབ་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་མ་ཐུབ་པ་ནས་ལས་འཁུར་དམ་བཅའ་དང་འགལ་བ་ལ་ངོས་འཛིན་དང་བཅས། བ་མོ་དེ་ཉལ་སྟངས་ལ་བལྟ་ན་བེའུ་རྐེ་ཀྱོག་ཞིག་ཡིན་པ་ཐག་ཆོད་ཟེར་བ་ལྟར་སྐབས་བཅུ་བདུན་གྱི་སྤྱི་འཐུས་གྲོས་ཚོགས་འདིའི་འོས་འཕེན་རྒྱ་ཆེ་མང་ཚོགས་ཀྱི་མངོན་འདོད་དུས་ནམ་ཡང་སྒྲུབ་མི་ཐུབ་པ་ལོང་བས་བལྟས་ཀྱང་ཁམས་གསུམ་དང་འོན་པས་ཉན་ཡང་བྲག་ཆ་ཟེར་བ་ལྟར་སྤྱི་འཐུས་བཞི་བཅུ་ཞེ་ལྔ་ཆ་ཚང་བཟང་སྤྱོད་ལ་འགན་འཁུར་ནས་རྟ་ལམ་བོང་བུའི་བཀག་ནས་མ་བཞུགས་པར་རྩ་དགོང་ཞུ་དགོས་པའི་དུས་ལ་བབ་མི་འདུག་གམ།

བསམ་ཚུལ།, རྩོམ་རིག

Post navigation

Previous Post: སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་ལ་དཔྱད་པའི་ཀ་བཤད།
Next Post: དྲིན་ཅན་གྱི་ཨ་ཕ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme