Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་དཀའ་སྡུག་གི་ནམ་ཟླ་ནས་ཡར་རྒྱས་ཀྱི་ཁ་ཕྱོགས་གླེང་བ།

Posted on 2023-11-13 By ཁ་བརྡ་ No Comments on བཙན་བྱོལ་བོད་མིའི་དཀའ་སྡུག་གི་ནམ་ཟླ་ནས་ཡར་རྒྱས་ཀྱི་ཁ་ཕྱོགས་གླེང་བ།

གཞུང་པ་ཚེ་དབང་བསོད་ནམས།

རྒྱལ་ཁབ་དང་མི་རིགས་ལ་དཀའ་སྡུག་དང་དར་རྒུད་ཀྱིས་ལོ་རྒྱུས་སོགས་ལ་ཞིབ་ཏུ་དཔྱད་སྐབས་བོད་ས་མཐོ་འཛམ་གླིང་ས་ཡིས་ཡང་རྩེ་རུ་ཆགས་པའི་ཧི་མ་ལ་ཡིས་ཁྱག་རོམ་ཁྲོད་བོད་ཡུལ་གངས་རིའི་བསྐོར་བའི་གངས་ལྗོངས་ཆོས་སྲིད་གཉིས་ལྡན་གྱིས་ཞིང་ཁམས་ཕན་དང་བདེ་བ་མ་ལུས་པ་འབྱུང་བའི་གནས་ལྷ་ཡུལ་ས་ལ་འཕོས་འདྲའི་བོད་ཡུལ་དེ་སྤྱི་ལོ་ ༡༩༤༩ ནས་བོད་ཤར་ཕྱོགས་མདོ་ཁམས་སྨད་ནས་འགོ་བཙུགས་ནས་རྒྱ་ནག་ཀླ་ཀློའི་དམར་དཔུང་རྒྱང་བསྐྱོད་ཀྱིས་བསམ་སྦྱོར་ངན་པའི་དྲག་དཔུང་གིས་བོད་ནང་བཙན་འཛུལ་རྒྱ་བསྐྱེད་ཀྱིས་མཐར་སྤྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ཡིས་བཙན་འོག་ཏུ་ཚུད་ཀྱང་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་བོད་བསྟན་སྲིད་མི་རིགས་དང་བཅས་པའི་མགོན་དང་དཔུང་གཉེན་དམ་པར་རྒྱ་གར་འཕགས་པའི་ཡུལ་དུ་༧ ཞབས་སོར་བཀའ་དྲིན་བསྐྱངས་ནས་བོད་མི་བཙན་བྱོལ་བའི་དཀའ་ངལ་སེལ་སླད་གནས་ཡུལ་རྒྱ་གར་གཞུང་དང་ཕྱི་རྒྱལ་རོགས་ཚོགས་ཁག་ལ་རོགས་རམ་ཐབས་ཚོལ་གྱིས་བོད་ས་མཐོ་ས་ནས་འབྱོར་བའི་བོད་མི་རྣམས་རང་ཡུལ་ནས་ཉིན་མཚན་མེད་པར་གངས་རི་དང་། རྫ་རི། བྲག་རི། གཡའ་རི། ཆུ་རོང་སོགས་མི་མེད་ལུང་སྟོང་བརྒྱུད་ནས་ནང་མི་བུ་ཕྲུག་དང་། ཕ་མ། གཉེན་སྤུན་དང་བཅས་པ་ཁ་བྲལ་ནས་ཁ་ཕོར་ཙམ་ཡང་ཁྱེར་རྒྱུ་མེད་པ་ལུས་ལ་གང་གྱོན་པ་ལས་གྱོན་གོས་བརྗེ་ལེན་ཙམ་ཡང་མེད་པའི་ཛ་དྲག་གི་དུས་ཚོད་ངན་པའི་ནང་བོད་མི་རིགས་ཀྱིས་ལས་དབང་རྡོལ་ནས་རྒྱ་གར་དུ་འབྱོར་ནས་གནས་སྐབས་འཚོ་བསྟེན་རྒྱ་གར་བྱང་ཤར་ཁུལ་ལམ་བཟོ་རྒྱུགས་ནས་ཉིན་ལྟོ་ཉིན་ཚོལ་ལ་མགོ་ཕུད་ཙམ་ནས་༧ གོང་ས་མཆོག་དང་ཁོང་གི་བཀའ་ཤག་ལྷན་རྒྱས་དང་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ཕྱི་རྒྱལ་རོགས་ཚོགས་ཁག་བཅས་ཀྱིས་རོགས་རམ་འོག་བོད་མི་བཙན་བྱོལ་བ་ཚོའི་འཚོ་རྟེན་ཆེད་བཟོ་གཞིས་ཀྱིས་སྒོ་སྐབས་གནང་ནས་རིམ་པས་ལམ་བཟོའི་དཀའ་ཚེགས་ལས་གྲོལ་ནས་བཟོ་གཞིས་ཁག་དང་། སོ་ནམ་གཞིས་ཆགས་ཁག ཆོས་སྒར་ཁག སློབ་གྲ་ཁག རྒན་གསོ་ཁང་། དྭང་སློབ་སོགས་གང་ལ་ཅི་དགོས་ཀྱིས་འཚོ་བའི་མདུན་ལམ་བསྐྲུན་ནས་བཙན་བྱོལ་གྱི་ནམ་ཟླའི་དཀའ་སྡུག་ལས་གྲོལ་ནས་ཡར་རྒྱས་ཀྱི་ཁ་ཕྱོགས་སུ་མདུན་བསྐྱོད་ཐུབ་པའི་ཟིན་མཐོ་ཞིག་བསྐྲུན་པའི་སྐབས་འདིར་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་དར་རྒུད་ཀྱིས་གླེང་གཞི་ཆེན་པོ་སྤྱི་འཐུས་སྐབས་བཅུ་དྲུག་པས་གྲོས་ཚོགས་ཚོགས་དུས་བཅུ་པའི་ཐོག་ཁྲིམས་འགལ་གྱིས་གྲོས་ཆོད་ཡིག་ཆ་ཨང་ ༣༩ ཟེར་བ་དེའི་འཇུག་འབྲས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ལས་མེད་པ་དང་། བཀའ་བློན་ཆ་ཚང་བསྐོ་མ་ཐུབ་པ་དང་། སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་ཡང་འཇུག་སྐྱོང་མ་ཐུབ་པའི་གནས་སྟངས་ངོ་ཚ་བོ་དང་ཐབས་སྐྱོ་བོ་འདི་དག་ནི་བཙན་བྱོལ་བོད་མིའི་ལས་དབང་དུ་བསྐོས་པའི་དར་རྒུད་ཀྱིས་ཟིན་མཐོ་གསར་པ་ཞིག་མ་འོངས་བོད་ཀྱི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ནང་སུབ་ནས་ཟུབ་རྒྱུ་མེད་པའི་ནག་ཐིག་ཞིག་ཡིན་པ་དང་། ༧ གོང་ས་མཆོག་ནས་བོད་ས་མ་ཤོར་སྔོན་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་དུས་རབས་དང་མཐུན་པའི་མི་མང་མང་གཙོའི་ལམ་ལུགས་སུ་ཁ་ཕྱོགས་རྒྱུའི་བླ་ན་མེད་པའི་དགོང་གཞི་ཡོད་ན་ཡང་རང་ཡུལ་དུ་རྒྱ་མིའི་འགོག་རྐྱེན་འོག་ནས་ལག་ལེན་མ་ཐུབ་ནའང་བཙན་བྱོལ་དུ་ཕེབས་མ་ཐག་སྤྱི་ལོ་ ༡༩༦༠ ཐམ་པའི་ལོར་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་མི་མང་གི་འཐུས་མི་བསྐོ་འཛུགས་ཀྱིས་ལོ་དེའི་སྤྱི་ཟླ་དགུ་པའི་ཚེས་གཉིས་ཉིན་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་དབུ་བསྙེས་ནས་དུས་ད་ལྟ་བར་མི་ལོ་དྲུག་བཅུ་རེ་བཞི་འགྲོ་བཞིན་པ་ནི་༧ གོང་ས་མཆོག་གི་རླབས་ཆེན་གྱིས་མཛད་འཕྲིན་ཁོ་ན་ལས་བྱུང་བ་ནི་འདས་པའི་ལོ་རྒྱུས་ཀྱིས་དེབ་ཐེར་ནང་ངོ་སྤྲད་ཡོད་ལ་ད་ཆ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་ད་ལྟའི་མི་མང་གིས་འཐུས་མི་སྤྱི་འཐུས་གྲོས་ཚོགས་ཀྱིས་འཐུས་མི་ཚོའི་བཅའ་ཁྲིམས་ལ་འགན་བཞེས་སྟངས་ནས་བ་མོ་དེ་ཉལ་སྟངས་ལ་བལྟས་ན་བེའུ་རྐེ་ཀྱོག་ཞིག་ཡིན་པ་ཐག་ཆོད་ཟེར་བའི་དཔེ་ལྟར་མ་འོངས་བཙན་བྱོལ་བོད་མིའི་མང་གཙོའི་སྒྲིག་འཛུགས་དེ་ཁ་ཕྱོགས་གང་དུ་འགྲོ་གི་ཡོད་ཚོད་མི་ཐིག་པའི་དུས་ཚོད་ངན་པ་ཤར་མི་སྲིད་པ་མིན་ན་བསམ་ཡོད་བློ་ལྡན་བོད་མི་ཚང་མས་མནོ་བསམ་ཞིབ་ཏུ་བཏང་ནས་སླར་ཡང་དཀའ་སྡུག་གི་ནམ་ཟླ་ནས་ཡར་རྒྱས་ཀྱི་ཁ་ཕྱོགས་ལ་འགན་འཁུར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིིམས་ལ་སྲུང་སྐྱོབས་ཐུབ་པའི་འགན་འཁུར་ཆེ་ཙམ་བཞེས་དགོས་པའི་ལྷག་བློ་ཆེན་པོས་འབོད་བསྐུལ་ཞུ་འདོད་བྱུང་།

 

བསམ་ཚུལ།

Post navigation

Previous Post: མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།
Next Post: སེམས་པ་འདི་ཧ་ཅང་འཁྱག་ཏོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme