Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མི་མང་དག་ཅིག་གི་ཁོག་པར་དོལ་རྒྱལ་ཞུགས་གདའ།

Posted on 2016-03-022016-03-02 By ཁ་བརྡ 2 Comments on བཙན་བྱོལ་བོད་མི་མང་དག་ཅིག་གི་ཁོག་པར་དོལ་རྒྱལ་ཞུགས་གདའ།

གླང་དར་ཚ་བོ།

 
བོད་ཀྱི་ལྷ་མི་ཡོངས་ཀྱིས་དོལ་འདྲེ་རུ་འབོད་པའི་ཤུགས་ལྡན་ཟེར་བ་དེ་དེང་སྐབས་བཙན་བྱོལ་བོད་མི་མི་ཉུང་བ་ཞིག་གི་ཁོག་ཏུ་འཛུལ་ཟིན་པ་ལྟ་བུར་མཐོང་། བོད་གཞིས་ལུས་དཔའ་བོ་དཔའ་མོ་དུ་མའི་ཚེ་སྲོག་རྩ་ཆེན་དེ་དག་མི་རིགས་ཀྱི་སླད་དུ་ཕུལ་དང་འབུལ་བཞིན་པའི་ཛ་དྲག་གི་དུས་དེར་ཡང་། གཏིང་བརྗེད་དུ་འགྲོ་བཞིན་པར་བསམ་ན། ཏན་ཏན་དོལ་རྒྱལ་ཞུགས་ཚར་འདུག

དེ་ཡང་གཏིང་བརྗེད་དུ་འགྲོ་ཡོད་ཚུལ་ཞུས་ན། བར་སྐབས་ཤིག་ལ་བོད་མི་རིགས་ལ་བདག་དབང་དང་ཐོབ་ཐང་ཡོད་པའི་རང་བཙན་ཞེས་པའི་ཚིག་དེ་རང་དབང་ལུང་པ་ནས་ལབ་མི་ཐུབ་པའི་གནས་སུ་གྱར་ཡོད། མི་ལོ་ཧྲིལ་བོ་དྲུག་བཅུ་མ་ཟིན་ཙམ་གྱི་ནང་དུ་རང་དབང་རང་བཙན་སླར་གསོའི་དོན་དུ་ཤི་སོང་བའི་དཔའ་རྒོད་ཕོ་མོ་ཁྲི་ཁྲག་མང་པོའི་རྒྱལ་ཞེན་དང་དཔའ་སྙིང་ལ་གུས་བཀུར་སྤུ་རྩེ་ཙམ་ཡང་མེད་པར་རླུང་ལ་བསྐུར་སོང་ཆུ་ལ་བསྐྱུར་ཐལ། ད་དུང་རང་བཙན་འཐབ་རྩོད་པ་རྒྱལ་ཞེན་ཅན་དག་ལ་ལྟ་སྟངས་དེ་ནི་རྒྱ་དམར་གུང་ཁྲན་ལས་ཀྱང་སྡུག་པ་ཞིག་ཏུ་ངོས་འཛིན་བྱས་སོང་། གནད་དོན་འདི་དག་ལ་ཞིབ་ཀྱིས་བསམ་ན་དོལ་འདྲེ་དེ་ཁོག་ཏུ་ཞུགས་པའི་མ་ཚད་ཤ་གསེང་རུས་གཏིང་ན་འཐིམས་ཡོད་པར་སྣང་།

བོད་ནང་གི་བོད་རིགས་སྤུན་ཟླ་དག་ལ་མཚོན་ན་གཉའ་གནོན་དང་བཙན་འཛུལ་འོག་གནས་ཡོད་ཀྱང་། ཆོལ་ཁ་དང་ཆོས་ལུགས། ལུང་ཚན་དང་ཁྱོད་ང་ཞེས་རྩོད་གི་མེད་པ་མ་ཟད། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་ཞེས་ཞེན་སྐུལ་ཡིག་ངག་གཉི་ག་ནས་གནང་གི་ཡོད། ད་དུང་ལག་བསྟར་ཡང་དེ་ལུགས་གནང་གིན་པར་མིག་སྔར་རིག་རྒྱུ་ཡོད་པ་དེ་རེད།

འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་ནི་ཞེན་ཁོག་དང་ཕྱོགས་ལྷུང་ཁོ་ནར་འབོད་ཀྱིན་པ་ལས་བོད་ཀྱི་འདས་མ་ད་གསུམ་ལ་བསམ་བློ་གཏོང་མཁན་ཧ་ཅང་གི་དཀོན་པོ་རེད། ང་ཨ་མདོ་དང་ཁྱོད་ཁམས་པ། ཁོ་དབུས་གཙང་ཞེས་རྒྱ་གཞུང་གི་གཏོར་བཤིག་མི་དགོས་པར་བོད་པ་རང་ཉིད་ཀྱིས་ཆོལ་ཁ་གསུམ་ཁ་བྲལ་དུ་བཏང་སྟངས་དེས་ཀྱང་ངུ་བྲོ་བ་ཞིག་ཅི་ལ་མིན། ལྷག་པར་དུ་དེང་སྐབས་འོས་བསྡུའི་ལས་རིམ་འགྲོ་བཞིན་པའི་ནང་དུ་བལྟས་ཡོང་དུས། ཕ་ཡུལ་གཅིག་པ་དང་ཆོལ་ཁ་གཅིག་པ་ཡིན་པའི་རྒྱུ་མཚན་ཁོ་ན་ཡིས་འོས་མི་གང་དེར་རྒྱབ་སྐྱོར་བྱེད་ཉག་གཅིག་ལས། འོས་མི་དེའི་སྐྱོན་ཡོན་གང་ལ་ཡང་མི་ལྟ་བའི་གནད་དོན་འདི་དག་ལ་བསམ་ན་སོ་སོའི་གནས་སྟངས་དང་གཞིས་ལུས་བོད་མི། འདས་ཟིན་པའི་དཔའ་རྒོད་དག་གཏིང་བརྗེད་དུ་ཕྱིན་ཚར་འདུག་པས་ན། བཙན་བྱོལ་བོད་མི་གང་མང་གི་ཡར་ཁོག་ཏུ་དོལ་ཞུགས་འདུག་ཅེས་ལབ་ཀི་ཡོད་དོ།

བསམ་ཚུལ།

Post navigation

Previous Post: མི་གཞི།
Next Post: ཁམས་ཉག་རོང་གི་གྲྭ་པ་ཞིག་གིས་རང་ལུས་མེར་སྲེག་གི་ངོ་རྒོལ།

Comments (2) on “བཙན་བྱོལ་བོད་མི་མང་དག་ཅིག་གི་ཁོག་པར་དོལ་རྒྱལ་ཞུགས་གདའ།”

  1. ཇུང་ཏོག་ says:
    2016-03-02 at 9:34 pm

    མི་དབོན་རྣམས་གསུམ་བོད་འདི་རང་བཙན་སྒྲགས་།
    དུས་རབས་ཉི་ཤུར་རང་བཙན་རྒྱ་ཡིའི་ཕྲོག་།
    དུས་རབས་ཉེར་གཅིག་རང་བཙན་མིང་མེད་རྒྱུར་།
    ཁྲག་རྩ་རྒལ་ཚིག་མེད་པའི་སྤྲེལ་སྦྲག་རིགས་།

    ུ

  2. ༄།།སྟར་བུ་དམར་བོ། says:
    2016-03-03 at 3:51 am

    དེང་སྐབས་མི་རྣམས་ལ་རྟོགས་པ་ཧ་ཅང་སད་དེ། གོ་ལ་གཅིག་གྱུར་དང་འཇིག་རྟེན་ཀུན་ཁྱབ་ཀྱི་འདུ་ཤེས་བསླེབས་ཏེ། ཡར་ཐོན་ཅན་གྱི་མི་དང་རྒྱལ་ཁབ་དག་ཏུ་ལག་པས་ལས་པ་དང་ཁས་བཤད་པ་མང་པོ་ཞིག་དེ་ཕྱོགས་སུ་བསྐྱོད་དང་སྐྱོད་ཀྱིན་པ་མིག་མཐོང་ལག་ཟིན་རེད་མོད། དེས་ན། ངེད་ཅག་གི་རང་བཙན་དེ་འཐོབ་མི་སྲིད་པ་ལྟ་བུར་ཡིན་ཁར། རང་བཙན་ཞེས་ཁ་ནས་འུར་མཁན་དག་ལའང་ནང་དཀྲུག་བསླངས་ཤིང་ནང་ལ་དཀའ་ཉོག་བཟོ་བ་ལས། རང་བཙན་ལེན་པའི་ཐབས་ལམ་སྣ་གཅིག་བསྟན་དུ་མེད་པས་ན། རང་བཙན་ཞེས་པའི་ཕན་མེད་འགྲུབ་མེད་ཀྱི་སྟོང་ཚེགས་དེ་རྒྱབ་ཏུ་དོར་ན་དགའ་ས་མ་རེད་དམ། ཐབས་ལམ་གང་ཡང་མེད་པའི་རང་བཙན་ཞེས་བོང་བུའི་སྐད་ངན་སྒྲོག་པ་ནི། ངལ་བ་འབྲས་མེད་ཅིག་མ་རེད་དམ། གཞན་ཡང་། ཇི་སྲིད་མིའི་རྒྱུད་ཀྱི་ཉོན་མོངས་རྣམས་མ་ཞི་བར་འཐབ་རྩོད་འཁྲུག་ལོང་ནི་ཡོད་ཡོད་ཡིན་ལ། སྤྱི་དམངས་ལ་གོ་རྟོགས་མ་སད་བར་དུ་ཕྱོགས་འཐེན་གྱི་རྙོག་གྲ་ཡང་ཡོད་ཡོད་ཡིན་པས། རྙོག་གྲ་དང་ཕྱོགས་རིས་འཐེན་འཁྱེར་སྣ་ཚོགས་འབྱུང་བ་ནི། སྤྱི་དམངས་ལ་གོ་རྟོགས་སད་པའི་དངོས་རྒྱུ་ཡིན་པར། ཡར་ཐོན་ཅན་གྱི་རྒྱལ་ཁབ་དང་མི་རིགས་དག་གི་བྱུང་རབས་ལས་ར་འཕྲོད་ཀྱིན་ཡོད་ན། དེ་ཡང་དགོས་ངེས་ཤིག་རེད་འདོད། དེས་ན། གླང་དར་ཚ་བོ་ནི། གླང་དར་གྱི་ཚ་བོ་རང་ཡིན་པས་གླེན་བཤད་དང་གློས་བཤད་ག་འདྲ་བྱས་རུང་དམིགས་བསལ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme