Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་གཞུང་།

Posted on 2011-05-27 By ཁ་བརྡ་ 13 Comments on བཙན་བྱོལ་བོད་གཞུང་།

སྐྱོ་བྲག་དགའ་དབང་།
སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། འདས་པའི་བྱུང་རབས་དང་། ད་ལྟའི་རྒྱལ་སྤྱིའི་གནས་སྟངས། མ་འོངས་འབྱུང་ངེས་ཀྱི་གནད་དོན་མཐའ་དག་ཁོང་དུ་ཆུད་པའི་གཟིགས་རྒྱས། གོང་ས་ལྔ་པས་བཙུགས་པའི་སྲིད་གཞུང་གི་འགན་དབང་ཡོངས་རྫོགས་འོས་འདེམས་བྱུང་བའི་གང་ཟག་དག་ལ་རྩིས་སྤྲོད་གནང་བ་དང་སྟབས་སྟུན། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་རྣམ་རྒྱལ་གྱི་མིང་ཡང་ཕྱིར་བསྡུ་མཛད་པ་ན། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས། བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས། ཞེས་བཏགས་ཏེ། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་གསལ་བཤད་བྱ་བར་ཚོགས་ཆུང་སོ་སོར་ཆེད་ཕེབས་མཛད་པའི་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་དག་གིས། རྒྱ་གར་གྱི་ཡུལ་མི་གཉིས་ཀྱིས་སོ་སོར་སིམ་ལ་དང་དྷི་ལིའི་ཁྲིམས་ཁང་དུ་གཞུང་ཞེས་བཏགས་ན་མི་འགྲིག་པའི་ཁ་མཆུ་འགྲོ་བཞིན་ཡོད་པས། དང་ཐོག་བཅོས་ན་ལེགས་པའི་ལམ་སྟོན་དང་ནན་སྐུལ་བྱས་ནའང་། དེ་ལ་བོད་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་མི་རྣམས་བློ་མོས་མ་བྱུང་སྟེ། བཙན་བྱོལ་བོད་གཞུང་། ཞེས་གདགས་ན་འོས་མཚམས་ཡིན་པའི་སྤྱི་མོས་བྱུང་མོད། གོང་ས་མཆོག་གིས་ཚོགས་བཅར་བ་ཡོངས་ལ། གཞུང་ཟེར་བའི་ཚིག་འདི་བེད་སྤྱོད་གཏོང་རྒྱུ་མེད། ཁྱོད་ཚོས་གཟབ་གཟབ་གནང་དགོས། ད་བར་ལོ་ངོ་ལྔ་བཅུ་ཕྱིན་པ་རེད། བོད་པ་ཚོ་སྣང་བ་དག་དྲགས་ཏེ། ད་དུང་མུ་མཐུད་འགྲིག་འགྲོ་རྒྱུ་རེད་བསམ་གྱིན་ཡོད་ནའང་། ང་ཚོ་རྒྱ་གར་གཞུང་གི་འོག་ཏུ་ཡོད། གལ་སྲིད་གྲོས་ཚོགས་འཚོགས་བསྡད་པའི་སྐབས། ཁྱོད་ཚོའི་གྲོས་ཚོགས་དང་། བཀའ་ཤག་སྒོ་རྒྱོབས་ཟེར་ན་ག་རེ་བྱ་རྒྱུ་ཡིན། དེའི་འགན་ངས་འཁུར་ཐུབ་པ་མ་རེད། ཅེས་བཀའ་ནན་གནང་བ་ནི། ལྐོག་བཤད་ཅིག་ཏུ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ། སྐལ་བཟང་རྒྱལ་མཚན་གསུམ། བོད་རྒྱའི་འབྲེལ་མོལ་མཇུག་བསྡུའི་ལས་བསྡོམས་འབུལ་བར་བཅར་སྐབས་བསམ་ཚུལ་ཕུལ་བ་ཡིན་རབས་གླེང་གིན་འདུག་པ་བདེན་མིན་གང་ལྟར་ཡང་ཁོང་རྣམ་པས་ནན་བཤད་མཛད་སྟངས་ལ་གཞིག་ན། མི་མངོན་པའི་གནད་འགག་ཆེན་པོ་ཞིག་ཡོད་ངེས་སྙམ་པ་འདུག་ཕྱིར། ང་ཚོ་བོད་མི་རྣམས་ནས་གུ་ཡངས་དང་བསམ་ཤེས་བྱ་དགོས་པ་ནི་རྩ་བའི་གནད་འགག་ཅིག་ཏུ་མཐོང་།

སྣ་ཚོགས།

Post navigation

Previous Post: སྔགས་འཆང་རིག་པ་འཛིན་པའི་གཏམ་ཤེས་རབ་ཀྱི་འོད་སྣང༌།
Next Post: བཀའ་བློན་ཁྲི་པའི་ས་ཁང་ཆུང་ངུའི་འདུན་མ

Comments (13) on “བཙན་བྱོལ་བོད་གཞུང་།”

  1. ལྷ་སྡེ་གནམ་ལོ་ཡག says:
    2011-05-28 at 2:06 am

    གང་ལྟར་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་གནང་བ་འདི་ནི་ལོ་རྒྱུས་ཀྱི་རྒྱུན་བཅད་པ་ཞིག་ཡིན་པར་མ་ཟད། ཁ་སང་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གྲོས་བསྡུར་བྱ་གཞི༼ཏཱ་ལའི་བླ་མའི་མདུན་ལམ་དང་མང་ན་ཁོང་གི་མཐའ་འཁོར་གྱི་མི་ཁ་ཤས་ཡིན། ལས་ཀ་གཞན་ཞིག་ལྷག་ཡོད་པ་ནི་བཙན་བྱོལ་བོད་གཞུང་གཏོར་རྒྱུ་དེ་ཡིན༽ཞེས་པའི་མངོན་འདོད་དང་ཡོངས་སུ་མཐུན་པ་ཞིག་ཆགས་ཡོད་པས། བོད་ལ་མཚོན་ན་སྡུག་བསྔལ་འཕར་མ་ཞིག་དང་ཕམ་ཁ་ཆེན་པོ་ཞིག་ཡིན་པ་དང་བོད་མི་རང་སྟེང་ནས་ག་ལེར་ཤུགས་རྒྱག་རྒྱུ་ལས་ལྷག་མེད། ཁོང་ཚོར་མཚོན་ན་རྒྱ་ནག་གཞུང་གི་དཔོན་ས་སྤྲད་ནས་ཕྱུག་པོ་བཟོ་སྲིད་པས། བཀྲ་ཤིས་བདེ་ལེགས་ཞུ་ཆོག ཡིན་ནའང་། སོ་སོའི་དམིགས་འདུན་མ་འགྲུབ་པའི་ཕྱི་ཉིན། བོད་དོན་ཞེས་མི་རྣམས་ལ་མགོ་བསྐོར་མ་གཏོང་རོགས་ཞེས་འབོད་བསྐུལ་ཡང་ཞུ་འོས་པ་ཞིག་ཆགས་ཡོད།

  2. མེ་ཏོག་དཀར་པོ། says:
    2011-05-28 at 5:23 am

    ལྷ་དང་བསྟུན་ན་དཀར་ན་ལེགས། །
    འདྲེ་དང་བསྟུན་ན་ནག་ན་ལེགས། །
    བཙན་དང་བསྟུན་ན་དམར་ན་ལེགས། །

    ༧གོང་ས་མཆོག་རང་ཉིད་དང་དགའ་ལྡན་ཕོ་བྲང་བགྲེས་ཡོལ་ཕེབས་ནའང་བོད་གཞུང་བགྲེས་ཡོལ་ལ་གཏོང་བ་ལ་རྗེས་སུ་ཡི་རངས་ཞུ་ཐུབ་མ་སོང་། བུ་ཆུང་བློ་ཆུང་ངའི་བློ་ལ་གཤོང་གི་མིན་འདུག དགོངས་དག

  3. སྒྲོལ་མ། says:
    2011-05-28 at 7:07 am

    སྤྱིར་སྟངས་ང་རང་ལ་ཤེས་ཡོན་དང་བློ་རྒྱ་ཆེན་པོ་མེད་ཀྱང་། ད་ལྟ་བྱེད་སྟངས་འདི་ནི་མིག་ཡོད་ཀྱང་དོང་དུ་མཆོང་བ་དང་མཐོང་། ལོ་མང་པོ་ཞིག་ལ་དཀའ་ལས་རྒྱབ་པ་ཐམས་ཅད་ཉིན་གསུམ་དུ་ཚར་བ་བྱས་ཡོད།

  4. འཇམ་དཔལ་ཚུལ་ཁྲིམས། says:
    2011-05-28 at 10:32 am

    དྲ་གྲོགས་གནམ་ལོ་ལགས།
    ཁྱེད་ཀྱིས་བལྟས་ན་འདི་ཐམས་ཅད་ཆོས་སྲིད་ཟུང་འབྲེལ་གྱིས་དབང་གིས་བྱུང་བ་རེད་འདོད་དམ། ངས་དེ་འདྲ་ཞིག་འདོད། གལ་སྲིད་དེ་ལྟར་ཡིན་ན་རྨང་གཞི་ན་འཕྱུག་ཡོད་པས་ང་ཚོ་རེ་གཉིས་ཀྱིས་སྐད་བརྒྱབས་ནས་ཕན་པ་མི་འདུག

  5. མེ་ཏོག་དཀར་པོ། says:
    2011-05-28 at 10:53 am

    ༧གོང་ས་མཆོག་གིས་ད་བར་དགའ་ལྡན་ཕོ་བྲང་ལ་ཐུགས་སྤོབས་དང་འདེངས་འཇོགས། དེ་བཞིན་འབྱུང་འགྱུར་གྱི་ཐུགས་རེ་གང་ཆེ་གནང་མོད། ༧གོང་ས་མཆོག་རང་ཉིད་བགྲེས་ཡོལ་དེ་ཕེབས་ཤིང་དགའ་ལྡན་ཕོ་བྲང་མཇུག་སྒྲིལ་བ་དང་ལྷན་བོད་གཞུང་དབུས་གཙང་དང་དགེ་ལུགས་པའི་གཞུང་རེད་གསུངས་བ་དང་། བཙན་བྱོལ་གཞུང་ཞེས་པར་གཞུང་ཞེས་བཏགས་ན་རྒྱ་གར་གཞུང་ལ་ཉེན་ཁ་ཡོད་གསུངས་བཀའ་སྩལ་མོད། མགོན་པོ་གང་ཉིད་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ལ་བཞུགས་པའི་མི་ལོ་ ༦༠ རིང་ཉེན་ཁ་མེད་པར་གློ་བུར་དུ་ཉེན་ཁ་ཆེ་ལུགས་ཀྱི་བཀའ་ཕེབས་སྟངས་ལ་སེམས་ལ་དཀའ་ངལ་ཕྲད་གི་འདུག དེ་བཞིན་༧གོང་ས་ཆེན་པོས་ནམ་རྒྱུན་ནས་བོད་དོན་སྐོར་མཐའ་མའི་ཐག་གཅོད་བོད་རྒྱ་ཆེའི་མི་མང་དང་ལྷག་པར་གཞིས་གཞུགས་བོད་མི་རྣམས་ཡིན་ཚུལ་བཀའ་ཇི་སྙེད་ཅིག་སྩལ་བ་དང་འགལ་བར་བདག་དོགས་སོ།།

    གང་ལྟར་༧གོང་ས་མཆོག་༧ཞབས་པད་བརྟན་ཅིང་རླབས་ཆེན་གྱི་བཞེད་དོན་གེགས་མེད་འགྲུབ་གྱུར་ཅིག
    བོད་རྒྱལ་ལོ།། བོད་རྒྱལ་ལོ།།

  6. ལྷ་སྡེ་གནམ་ལོ་ཡག says:
    2011-05-28 at 10:55 am

    འཇམ་དཔལ་ཚུལ་ཁྲིམས་ལགས།
    ངས་འདི་ནི་ཆོས་སྲིད་ཟུང་འབྲེལ་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་མཐོང་གི་མི་འདུག ཡིན་ནའང་། ཆོག་ཤེས་ཡོད་མེད་ལ་འབྲེལ་བ་ཏན་ཏན་ཡོད་པ་འདྲ། ཆོག་ཤེས་ཞེས་པ་འདི་ནི་སྐྱ་སེར་གཉིས་ལ་ཁྱབ་མཉམ་དུ་སྤྱད་ཆོག་ཞིག་ཡིན་ལ། དོན་ངོ་མར་མ་འགྲུབ་པ་ཞིག་བཙན་ཚུགས་ཀྱིས་འགྲུབ་ཀྱི་འཇུག་གི་ཡིན་ཞེས་པའི་ཨུ་ཚུགས་ཤིག་ཀྱང་འདིའི་ནང་དུ་འདྲེས་ཡོད་སྟབས། ཧམ་པ་ཞེས་བཤད་ནའང་འཐུས་པ་འདྲ། གང་ལྟར་ཆེས་ཡ་ང་བ་ནི་ངས་མ་འགྲུབ་ན་གཞན་ལའང་འགྲུབ་ཏུ་འཇོག་གི་མིན་ཞེས་པའི་རིགས་ལམ་ཞིག་དོན་རྐྱེན་འདིའི་སྔ་རྗེས་བར་གསུམ་དུ་མཐོང་ཡོང་བས། བོད་མི་ས་ཡ་དྲུག་ཅེས་མ་ཎི་བགྲང་བགྲང་བྱེད་ཀྱིན་པའི་ཚུལ་ལའང་ཡིད་སྐྱོ་དགོས་པ་ཞིག་ཆགས་ཡོད། གལ་སྲིད་སྟོན་པ་ཤཀྱྰ་ཐུབ་པ་མཆོག་ཞལ་བཞུགས་པའི་དབང་དུ་བཏང་ན། འདུལ་བ་ལ་ཁ་སྣོན་ཞིག་བྱེད་ངེས་པ་ནི་ས་རིས་ཐང་གསལ་རེད་སྙམ།

  7. བོན་ནག་ཚང་། says:
    2011-05-28 at 1:08 pm

    ༼ལྐོག་བཤད་ཅིག་ཏུ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་དང་། དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ། སྐལ་བཟང་རྒྱལ་མཚན་གསུམ། བོད་རྒྱའི་འབྲེལ་མོལ་མཇུག་བསྡུའི་ལས་བསྡོམས་འབུལ་བར་བཅར་སྐབས་བསམ་ཚུལ་ཕུལ་བ་ཡིན་རབས་གླེང་གིན་འདུག༽ ཟེར། འོན་པས་སྒྲ་ལྷག་གོ། ཟེར་བའི་རྗེས་སུ་སོང་བ་ལས་མི་རེ་ཟུང་གིས་བཟོས་པའི་གནད་ཅིག་མིན་པར་མཁྱེན་དགོས།
    ལྐོག་བཤད་བྱེད་མཁན་བྱེད་མཁན་དེ་ཡང་གཏམ་དཔེར། བུ་དིག་པའི་ཁ་ལྕེ་མ་ལ་རྣོ། ཟེར་བ་ལྟ་བུ་ཁྱོད་རང་འདྲ་བ་ཞིག་ཡིན་པ་བདག་འདོད་དོ།

  8. གནས་ཚུལ། says:
    2011-05-28 at 1:21 pm

    དེ་རིང་གི་གནས་ཚུལ་འདི་ལ་བལྟས་ན་བོད་མི་དམངས་ལ་མི་བཟོད་པའི་རྐྱེན་ངན་ཞིག་འཕྲད་ཡོང་གི་ཡོད་པ་འདྲ། གང་ལྟར་བོད་མི་ཚང་མས་ལྷག་བསམ་རྣམ་དག་དང་སྙིང་སྟོབས་ཆེན་པོས་ད་དུང་མུ་མཐུད་ང་ཚོའི་རྩ་དོན་ཐོག་འབད་པ་སྔར་ལྷག་བྱེད་དགོས་པའི་དུས་ཤིག་ཤར་རེད།

  9. ཡེ་ཤེས་རབ་རྒྱས says:
    2011-05-28 at 7:11 pm

    བཙན་བྱོལ་བོད་གཞུང་ཞེས་པའི་མིང་འདི་མེད་པར་བཟོ་རྒྱུར་མོས་མཐུན་གཏན་ནས་བྱེད་ཐུབ་ཀྱིན་མིན་འདུག གང་ཡིན་ཟེར་ན། གཞུང་འདི་དོན་དངོས་ཐོག་ཕན་ཐོགས་ཡོད་མེད་ཇི་ལྟར་ཡང་མིང་འདི་འཛམ་གླིང་ས་ཁྱོན་ཀུན་ཏུ་ཡོད་པའི་བོད་མི་ཀུན་གྱི་སེམས་ནང་གི་དྲོད་རླབས་གཅིག་པུ་དེ་ཡིན། བོད་རང་བཙན་ཤོར་བ་ནས་ད་ལྟའི་བར་ང་ཚོས་བདག་ཉར་ཐུབ་པ་ནི་མིང་འདི་ཁོ་ན་ཡིན། འདི་མེད་པའི་ཉིན་མོ་དེ་ནས་བོད་པའི་སེམས་ནང་གི་དྲོད་ཡལ་བས་གཡོ་འགུལ་གྱི་ཁྱད་པར་ཙམ་ལས་ཤི་བའི་རོ་ཞིག་དང་ཡོངས་སུ་མཚུངས།
    བཙན་རྒྱལ་དམར་པོས་རྔམས་ཟིལ་ལ་འཇིགས་ནས་བོད་རང་བཙན་ཞེས་པའི་ཐ་སྙད་དེ་ཕྱི་མའི་ལམ་དུ་བསྐྱལ་ཟིན་ལ། རྒྱ་གར་གྱིས་གཉའ་གནོན་ལ་སྐྲག་ནས་བོད་གཞུང་ཞེས་པའི་མིང་འདི་མེད་པར་བཟོ་ན། རྗེས་མར་ཨ་རི་ལའང་སྐྲག་དགོས་པའི་དུས་ཤིག་ཤར་ངེས་པས། ང་ཚོ་ལ་མེད་པར་བཟོ་རྒྱུ་ཅི་ཞིག་ཡོད།
    སྐབས་འདིར་ཁོ་བོས་བསམ་འཆར་སྙིང་པོ་ནི། རྒྱ་གར་ཡིན་ཡང་རུང་རྒྱ་ནག་ཡིན་ཡང་རུང་སོ་སོར་སྲུང་སྐྱོབ་དང་ཁེ་ཕན་བསྒྲུབ་རྒྱུ་ལས། ང་ཚོ་ལ་སྙིང་རྗེའི་སྒོ་ནས་རོགས་སྐྱོར་གནང་མཁན་འཛམ་གླིང་ཧྲིལ་པོ་འདིའི་སྟེང་དུ་སུ་ཡང་མེད་པས། རང་ཉིད་གསོན་པ་གནས་ཕྱིར་རང་གིས་སྲུང་སྐྱོབ་བྱེད་དགོས་པ་ལས། ཁོང་ཚོའི་འདོད་དོན་དང་བསྟུན་ནས་རང་ཉིད་མེད་པར་བཟོ་རྒྱུའི་མོས་མཐུན་གཏན་ནས་མེད་པས། གཞན་གྱིས་མ་བསོད་གོང་ནས་རང་ཉིད་གཡང་སར་མ་མཆོངས་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།

  10. མེ་ཏོག་དཀར་པོ། says:
    2011-05-29 at 2:39 am

    འཛམ་གླིང་ནང་སྟོབས་ཆེན་གྱི་ངོ་བོར་གྱུར་བཞིན་པའི་རྒྱ་ནག་གི་ངོར་བལྟས་ནས་བོད་མི་རྣམས་ཆ་རྐྱེན་གང་ཡང་མེད་པར་མེས་རྒྱལ་དུ་ལོག་རོགས། ཀྱེ་མ་ཀྱེ་ཧུད།

  11. yum says:
    2011-05-29 at 8:28 am

    ཟམ་གདོང་རིན་པོ་ཆེ་དགའ་ལྡན་ཕོ་བྲང་བླ་བྲང་དགེ་ལུགས་གཞུང་གི་བཀའ་ཁྲི་གསར་པ་ལ་མཆོངས་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན།

  12. རྔ་བ་གཉན་རྒོད་ says:
    2011-05-29 at 6:28 pm

    སྔོན་མ་ཞིག་ལ་ཕྱི་མི་འགའ་རེས་བཙན་བྱོལ་བོད་ཁྱིམ་ཚང་གཅིག་གཉིས་ཤིག་གི་ལག་པའི་ནང་ན་ཡོད་པ་རེད་ཟེར་བ་ཞིག་གོ་མྱོང་ཡོད་མོད་་་དེ་དུས་ང་རང་ཁོང་ཁྲོ་དང་བཅས་ཡིད་ཆེས་མ་སོང་མོད་ད་སྐབས་སྐད་ཆ་དེ་ཚོ་བདེན་པ་འདྲ་ཞིག་མཐོང་ཡོང་ཀིན་འདུག་ཡ་་་་་ངོ་མ་ཧ་གོ་གི་མི་འདུག་ཡ་

  13. རྩམ་དགའ། says:
    2011-05-29 at 7:09 pm

    གཉའ་ཁྲིས་རང་བྱུང་སྡེ་བ་བཙུགས་དང་གཅིག །
    གླང་དར་བཙན་པོ་གཙན་གྱིས་བསད་དང་གཉིས། །
    ཚང་དབྱངས་རྒྱ་མཚོ་མཐའ་ལ་སྤྱུགས་དང་གསུམ། །
    འདི་དག་སྲིད་ལུགས་འཇིག་པའི་རྟགས་མཚན་གསུམ། །

    དོན་ཚན་བཅུ་བདུན་ས་ཡི་བརྒྱབས་དང་གཅིག །
    རང་བཙན་དོར་ནས་དབུ་མར་བསྒྱུར་དང་གཉིས། །
    གཞུང་མིང་ཙམ་ཡང་བསྒྱུར་དགོས་ཐུག་དང་གསུམ། །
    འདི་དག་བོད་མི་ཤི་བའི་རྟགས་མཚན་གསུམ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme