Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་ཀྱི་སློབ་ཆེན་སློབ་མའི་བླ་འཁྱམ་འདུག

Posted on 2010-05-042010-05-04 By lungrik 4 Comments on བཙན་བྱོལ་བོད་ཀྱི་སློབ་ཆེན་སློབ་མའི་བླ་འཁྱམ་འདུག

རྡུལ་ཕྲན།

བླ་འཁྱམ་ཟེར་བའི་ དོན་ནི་ཤི་མེད་ཚོར་མེད་དུ་གནས་པའི་དོན་ཏེ།མཐར་དེད་ན་ཡོད་ཀྱང་ཡོད་གོ་མི་ཆོད་ པར་བེམ་རོ་བཞིན་གྲགས་འགུལ་ཅི་ཡང་མེད་པར་གནས་པའི་དོན་རེད།དེ་བས་མིང་ཚིག་འདི་ བཙན་བྱོལ་དུ་གནས་པའི་སློབ་ཆེན་སློབ་མ་ཚོའི་མགོ་ལ་སྦྱར་ན་སྒམ་ཚུགས་དོད་པ་ འགའ་རེའི་མཚང་ལ་ཕོགས་སྲིད་ཅིང་།ཞི་བར་གནས་ཤིང་འཆམ་མཐུན་རྐྱང་རྐྱང་གླེང་ཏེ་ བློས་གཏོང་གིས་དབ ུལ་བ་ཁག་ཅིག་གི་སྙིང་ཁ་ནད་ཀྱིས་གཟེར་ཡོང་ངེས་མོད།མིང་ཚིག་འདི་ཁོ་ཚོའི་མགོ་ ལ་སྦྱར་ན་ཤིན་ཏུ་འོས་པར་འདོད།

སློབ་ཆེན་སྐབས་ ཀྱི་མི་རབས་ནི་མི་ཚེའི་སྙིང་བོ་ཡིན་ཡིན་ལ་མི་རིགས་དང་རྒྱལ་ཁབ་འཕེལ་རྒྱས་ ཀྱི་འཕར་རྩ་འང་ཡིན་འོས།ང་ཚོས་ཞིབ་ཏུ་བལྟས་ན་ཡོ་རོབ་ཀྱི་རིག་རྩལ་བསྐྱར་དར་ དང་བློ་འབྱེད་ལས་འགུལ་སོགས་ནི་སློབ་ཆེན་སློབ་མའི་མཛེས་དཔྱོད་གསར་བ་དང་།ལྟ་ ཚུལ་གསར་བ།བློ་འབྱེད་གསར་བ་སོགས་ཀྱི་སྒུལ་ཤུགས་སམ་གསོན་ཤུགས་ལས་བྱུང་ལ།རྒྱ་ ནག་གི་ལྔ་བཞིའི་ལས་འག ུལ་སོགས་ཀྱང་ན་གཞོན་གསར་བའམ་སློབ་ཆེན་སློབ་མའི་གོ་རྟོགས་དང་སྤོབས་པས་ཕྱེ་བ་ ཞིག་ཡིན་འདུག

བོད་ནང་དུའང་དུས་ རབས་སྔོན་མའི་ལོ་རབས་བརྒྱད་བཅུ་ནས་དོན་གྲུབ་རྒྱལ་གཙོས་བའི་སློབ་ཆེན་སློབ་མ་ ཚོས་བསམ་བློ་གསར་རྙིང་གི་འཐབ་རྩོད་ཤུགས་ཆེར་བྱས་མྱོང་ཞིང་།ཞོགས་དུང་སོགས་ གཙོས་པས་སློབ་ཆེན་སློབ་མ་ཚོར་དོགས་སློང་དང་དགག་སྒྲུབ།འཇིག་རྟེན་ལྟ་ཚུལ་དང་ རིན་ཐང་ལྟ་ཚུལ་སོགས་ལ་ལྟ་བ་དང་འདུ་ཤེས་གསར་བས་དཔགས་ཕོད་པའི་སྙིང་སྟོབས་ ཤུགས་ཆེར་སློང་བ་ལ་བ རྟེན་ནས།ལྟོས་འཇོག་གིས་བསམ་བློའི་སྐྱེས་འཕེལ་གསར་བར་ཕྱོགས་པའི་འདུ་ཤེས་ཅུང་ ཤུགས་ཆེ་རུ་སོང་བས།ཉེ་བའི་ཆར་བོད་ནང་དུ་ན་གཞོན་གསར་བ་སོགས་བསམ་བློའི་མཐོ་ རླབས་ཤུགས་ཆེར་འགྲོ་བཞིན་པ་འདི་དག་ཀྱང་སློབ་ཆེན་སློབ་མའི་ན་ཚོད་དང་སྤོབས་པ་ ལ་དཔགས་པའི་འཕག་འཚག་ཅིག་ཅི་ལ་མིན།

སྤྱིར་མི་ཞིག་གི་ ན་ཚོད་ཀྱི་དཔེ་རིས་ལ་བལྟས་པ་ཡིན་ན་སློབ་ཆེན་སྐབས་ཀྱི་ན་ཚོད་ནི་ཤིན་ཏུ་མི་ གཞོན་ཞིང་ཧ་ཅང་མི་རྒན་པའི་ན་ཚོད་ལྟ་ན་སྡུག་པ་དེ་ཡིན།དུས་རིམ་འདི་ནི་རང་ཉིད་ ཀྱི་མི་ཚེའི་ལངས་ཕྱོགས་ལ་བསམ་གཞིག་གསར་བ་གོཏང་ཐུབ་ཅིང་།རང་ཉིད་ཀྱི་མདུན་ ལྗོངས་ལ་རིག་སྟོབས་གསར་བས་དཔགས་ཕོད་པ།མི་ཚུགས་རང་བཞིན་གྱི་འདུ་ཤེས་ཤུགས་ དྲག་ཡོད་པའི་དུས་ཤིག་ ཡིན་ཞིང་།དཀྱེལ་ཡང་དང་སྒེར་ཚུགས་ཀྱི་འདུ་ཤེས་གསོན་ཤུགས་ཀྱིས་བཏེགས་པའི་དུས་ རིམ་ཞིག་ཀྱང་ཡིན།

ན་གཞོན་སུ་ལའང་རང་ ཉིད་ཀྱི་ན་ཚོད་ལ་རན་པའི་སྤོབས་པ་ཞིག་དང་།ན་ཚོད་དང་འཚམས་པའི་གདེང་ཚོད་ཅིག་་ ལང་ཚོ་ལ་འོས་པའི་ལྟ་བ་གསར་བ་དང་མཛེས་དཔྱོད་གསར་བ།ཐ་ན་ན་་ཚོད་ཀྱིས་བསྐྱེད་ པའི་སྙིང་སྟོབས་དང་ང་རྒྱལ་རེ་ནི་ཅིས་ཀྱང་ཡོད་འོས་མོད།འོན་ཀྱང་ང་ཚོ་བཙན་ བྱོལ་བ་ནི་ན་གཞོན་ཀྱི་གླུ་སྐད་ཡོངས་སུ་ཆད་པའི་བཙན་བྱོལ་བ་ཞིག་དང་།སློབ་ཆེན་ སློབ་མའི་འདུ་ཤེས་ད ང་རེ་བས་ཕོངས་པའི་བཙན་བྱོལ་བ་ཞིག་གོ

དོན་དམ་པར་བཙན་ བྱོལ་དུ་ཡོད་པའི་སློབ་ཆེན་སློབ་མ་ཚོས་རང་ཉིད་ཀྱི་ན་ཚོད་དང་སྤོབས་པ།གོ་ རྟོགས་དང་འདུ་ཤེས་ལ་འཚམས་པའི་འགུལ་བསྐྱོད་ཀྱི་གྲིབ་རིས་གསར་བ་ཞིག་ག་དུས་ བྲིས་མྱོང་བ་ཡིན་ནམ།

སྣ་ཚོགས།

Post navigation

Previous Post: ༼གནམ་ས་གོ་འབྱེད༽་དཔར་སྐྲུན་འགྲེམས་སྤེལ་བྱ་ཉེར་ཡོད་པ།
Next Post: ༼བ་དང་ཝའི་དབྱེ་བསལ་ཅིའི་ཕྱིར་མ་མཛད༽

Comments (4) on “བཙན་བྱོལ་བོད་ཀྱི་སློབ་ཆེན་སློབ་མའི་བླ་འཁྱམ་འདུག”

  1. རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས། says:
    2010-05-04 at 8:47 am

    ངེད་ལ་དྲི་བ་འགའ་ཡོད།
    གོང་གི་རྩོམ་གྱི་ཁོངས་སུ་གསལ་བའི།
    ༡ ཡོ་རོབ་ཀྱི་རིག་རྩལ་བསྐྱར་དར།
    ༢ འཇིག་རྟེན་ལྟ་ཚུལ།
    ༣ རིན་ཐང་ལྟ་ཚུལ།
    ༤ མི་ཚུགས་རང་བཞིན། འདི་ཚོར་འགྲེལ་བཤད་ཞིབ་ཚགས་རེ་གནང་རོགས།

  2. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-05-04 at 1:15 pm

    རྩོམ་འདི་འབྲི་མཁན་རྡུལ་ཕྲན་ལགས་ལ་ད་དུང་དྲི་བ་ཁ་ཤས་ཡོད།
    གོང་གི་རྩོམ་གྱི་ཁོངས་སུ།
    1) བློ་འབྱེད་ལས་འགུལ།
    2) སློབ་ཆེན་སློབ་མའི་མཛེས་དཔྱོད་གསར་བ།
    3) ལྟ་ཚུལ་གསར་བ།
    4) བློ་འབྱེད་གསར་བ། འདི་ཚོར་ཡང་འགྲེལ་བཤད་ཞིབ་ཚགས་རེ་གནང་རོགས། ངེད་ཀྱིས་ནི་ཚིག་འདི་ཚོར་གོ་བ་ལོན་གྱི་མི་འདུག ངོ་མས་ཡིན།
    བོད་རིགས་ཤེས་ཡོན་པ་རྒན་པ་ཚོས། བརྗོད་བྱ་ཆེན་པོ་དེ་ཚོ་ཆུང་ཆུང་བཟོས། ཆུང་ཆུང་དེ་ཚོ་ཞིབ་ཚགས་སུ་བཏང་ནས་འབྲི་གི་འདུག
    འདིའི་སྒང་ན་ལེགས་ཆ་ཞིག་ལེན་རྒྱུ་འདུག་དྲན། དེ་ཙམ་ཡིན།

  3. མགོ་རུལ། says:
    2010-05-05 at 2:23 pm

    མཛེས་དཔྱོད་ཅེས་པའི་ཚིག་འདི་ནི་ལོ་རབས་བརྒྱད་ཅུ་བའི་ནང་དུ་རྒྱ་ནག་གི་སྒྲུང་གཏམ་གསར་རྩོམ་སྐོར་གྱི་ཤེས་བྱ་ངོ་སྤྲོད་དེབ་རེ་ཟུང་མཚོ་སྔོན་མི་རིགས་སློབ་གླིང་གི་དགེ་རྒན་སངས་རྒྱས་སོགས་ཀྱིས་བོད་སྒྱུར་བྱས་པ་དང་། དེ་རྗེས་གྲུ་ཆར་ཟེར་བའི་མིང་ཐོག་ནས་ནུབ་གླིང་གི་རྩོམ་པ་པོའི་བརྩམས་ཆོས་དང་རིང་ལུགས་ངོ་སྤྲོད་བོད་སྒྱུར། དེ་བཞིན་ལྷ་ས་ནས་དབང་འདུས་ལས་ཀྱིས་ནུབ་ཕྱོགས་རྩོམ་རིག་གི་འདྲི་གཞི་ལྔ་བརྒྱ་ཞེས་དེབ་རྒན་གསུམ་བོད་སྒྱུར་བྱས་པའི་ཁྲོད་ནས་བོད་པའི་རྩོམ་རིག་སྤྱི་ཚོགས་སྟེང་ཁྱབ་བརྡལ་དུ་བྱུང་བ་དང་། དེ་ཡང་ཅུང་མགྱོགས་པོའི་ངང་ནས་བོད་སྐད་ཀྱི་བརྡ་ཆད་ཅིག་ཏུ་གྱུར་ཚར་འདུག སྙན་ངག་པ་དང་རི་མོ་བ། སྒྲུང་རྩོམ་པ་དང་པར་རྒྱག་མཁན་སོགས་ཀྱི་ཕྱི་རོལ་ཡུལ་གྱི་ངོས་ནས་ཡུལ་ཅན་རང་སེམས་ལ་ཚོར་སྣང་མ་འདྲ་བ་ཞིག་སྤྲད་པ་དེ་ལ་རང་ངོས་ནས་མཛེས་དང་མི་མཛེས་སོགས་ཀྱི་རྟོག་པ་ཅི་རིགས་འཆར་ཡོང་བ་དང་། དེ་བཞིན་མི་དང་མིའི་འབྲེལ་བའི་བར་དང་མི་སྤྱི་ཚོགས་སམ་མི་དང་རིག་གཞུང་གི་བར་ནས་ཀྱང་མིའི་སེམས་ནང་ཚོར་བ་བདེ་སྡུག་བར་མ་ཅི་རིགས་བསྐྱེད་ཡོང་གི་ཡོད་པ་དེ་དག་ལ་མཛེས་པའི་སེམས་ཚོར་གྱི་ཐ་སྙད་དང་དེ་ལ་དཔྱོད་པའི་བསམ་བློ་དང་རིག་སྟོབས་ལ་མཛེས་དཔྱོད་ཅེས་པའི་ཐ་སྙད་ཅིག་བཏགས་ཡོད་པ་དང་། ཕར་བལྟས་ཚོད་ཀྱིས་མཛེས་དཔྱོད་ཅེས་པ་འདིས་མཛེས་པ་གཅིག་པོར་དཔྱོད་པའི་བསམ་བློ་ཞིག་སྟོན་བཞིན་མེད་པར་མཛེས་དང་མི་མཛེས་དེ་བཞིན་བར་མའི་བསམ་བློ་གསུམ་ག་སྟོན་བཞིན་ཡོད་ན། མཐའ་གཅིག་ཏུ་སྒྲུབ་ཕྱོགས་ནས་མཛེས་དཔྱོད་ཅེས་པའི་མིང་ཞིག་འདོགས་པ་ལས་ཁྱད་འབྱེད་བསམ་བློའམ་མཐའ་དཔྱོད་བསམ་བློ་ཞེས་བཏགས་ན་འཚམ་པར་ཡང་སྙམ།

  4. མགོ་རུལ། says:
    2010-05-05 at 2:45 pm

    བློ་འབྱེད་ལས་འགུལ་དང་གསར་བརྗེའི་ལས་འགུལ་གཉིས་ལ་ཁྱད་པར་དེ་ཙམ་མཐོང་ཡང་། བསམ་བློའི་ནུས་སྟོབས་ཀྱིས་བསམ་བློ་བག་ལ་ཉལ་བ་དག་མལ་ས་ནས་ཡར་བསླངས་ཏེ་འོད་སྣང་གསར་བ་ཞིག་གི་ཕྱོགས་སུ་སྒོ་མོ་འབྱེད་སྟངས་མི་འདྲ་བ་ཡོད་པ་དང་། དེ་ཡང་མི་དམངས་ཀྱི་བསམ་པའི་གོ་རྟོགས་མི་འདྲ་བའི་དབང་གིས་དྲག་པའི་མཚོན་ཆ་བཟུང་ནས་བློ་འབྱེད་བྱེད་སྟངས་ཤིག་དང་། ཞི་བའི་སྨྱུ་གུ་བཟུང་ནས་སྤྱི་དམངས་ཀྱི་བློ་འབྱེད་བྱེད་སྟངས། དེ་གཉིས་ཟུང་འབྲེལ་གྱིས་བློ་འབྱེད་བྱེད་སྟངས་སོགས་ཐབས་ལམ་མི་འདྲ་བ་མང་བར་འདོད་དོ།། ཡིན་ན་ཡང་སྐབས་འདིར་རྨོངས་འཐོམ་གྱི་མི་དག་ལ་བསམ་བློ་གསར་བའི་དུང་བརྡ་སྒྲོག་པར་འདོད་པའི་བསམ་བློ་ཞིག་ལ་བློ་འབྱེད་བསམ་བློ་ཞེས་འབོད་ཆོག དཔེར་ན་ཞོགས་དུང་སོགས་གནའ་མཁར་འདྲེ་བཞིའི་བསམ་གློ་ལྟ་བུའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme