Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ཐད་ཀྱི་བསམ་ཚུལ།

Posted on 2013-04-022013-04-02 By ཁ་བརྡ་ 8 Comments on བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ཐད་ཀྱི་བསམ་ཚུལ།

ཁྲིམས་ལུགས་སློབ་མ། ལྷ་འབྲུག

མི་རིགས་དང་རྒྱལ་ཁབ་གང་ཞིག་ཡིན་ནའང་། སོ་སོའི་ཡུལ་སྲོལ་གོམས་གཤིས་དང་རྒྱུན་ལྡན་གྱི་སྤྱི་ཚོགས་དང་མཐུན་པའི་ཁྲིམས་དང་སྒྲིལ་སྲོལ་རེ་ཡོད་པ་ནི་སྤྱི་ཡོངས་ཀྱི་འགྲོ་སྲོལ་ཞིག་ཡིན་པ་དང་། དེ་ཡང་ངེས་པར་ཏུ་དགོས་ངེས་ཅན་ཞིག་ཡིན་པ་རེད། དཔེར་ན་བོད་མི་རིགས་ལ་མཚོན་ན། ལོ་རྒྱུས་སུ་ང་ཚོ་ལ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཅེས་གྲགས་པའི་ཁྲིམས་ལུགས་སྒྲིག་སྲོལ་སོགས་མང་པོ་ཡོད་པར་ལོ་རྒྱུས་ནས་ང་ཚོས་ཤེས་རྒྱུ་ཡོད་པ་རེད། བོད་འདི་བཙན་བྱོལ་ཏུ་ཡོང་ནས་༧གོང་ས་མཆོག་དང་བོད་མི་རྒན་གྲས་ཚོའི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས། བཙན་བྱོལ་བོད་འདི་མང་གཙོ་ཀ་བ་གསུམ་ལྡན་དང་བཙན་བྱོལ་འདྲ་འདྲ་ནང་གི་མི་འདྲ་བ་ཞིག་ཏུ་འཛུགས་སྐྲུན་བྱས་ཡོད་པ་རེད།

ང་ཚོར་རང་ཉིད་ལ་མཁོ་ཞིང་བོད་ཀྱི་དེང་དུས་གནས་བབས་ལ་གཞིར་ནས་བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་ཡིག་སོགས་མང་པོ་ཡོད་པ་དང་། དེ་བཞིན་རྒྱ་གར་ལྷོ་ནུབ་སོགས་སུ་ས་གནས་ཁྲིམས་ཞིབ་ཁང་ཚུལ་དང་ལྡན་པ་ཡོད་ནའང་།  བཙན་བྱོལ་བོད་མི་ཚོར་གྱོད་གཞི་ཡོད་ཀྱང་གཏུག་མཁན་མེད་པ་དང་། ཁྲིམས་ཁང་ཡོད་ཀྱང་ལས་ཀ་མེད་པའི་གནས་སྟངས་ཤིག་ཏུ་གྱར་ཡོད་པར་དངོས་ཡོད་གནས་ཚུལ་རེད། མི་མང་པོ་ཞིག་གིས་བཙན་བྱོལ་བོད་ཀྱི་ཁྲིམས་ཁང་ལ་ཞུ་གཏུག་བྱེད་མཁན་མེད་པ་ནི་བཟང་སྤྱོད་ཀྱི་བྱ་བ་ཞིག་ཡིན་ཕྱིན། དེ་ལ་རྗེས་སུ་ཡི་རངས་བྱེད་དགོས་ཞེས་བཤད་ཀྱིན་ཡོད། སྤྱི་བཏང་ནས་ང་ཚོའི་སྤྱི་ཚོགས་ལ་གྱོད་གཞི་མེད་པ་དང་ནང་མི་ནང་ཁུལ་དང་ཁྱིམ་མཚེས་གྲོང་རྡལ་སོགས་ལ་རྩོད་རྙོག་དང་གླེང་གཞི་སོགས་མེད་པ་ཡིན་ན། དེ་ནི་དངོས་གནས་བཟང་སྤྱོད་དང་ཆེ་སྟོད་འོས་པ་ཞིག་ལོས་ཡིན། ཡིན་ནའང་ང་ཚོས་སོ་སོར་དྲི་བ་རེ་གཏོང་ཚེ། བཙན་བྱོལ་བོད་ཀྱི་སྤྱི་ཚོགས་འདིར་གྱོད་གཞི་དང་གླེང་གཞི་མེད་པ་ཞིག་ཡིན་མིན་ཐད་ངས་མ་བཤད་ཀྱང་ཚང་མས་མཁྱེན་གསལ་རེད། 

སྤྱིར་བཏང་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲིམས་ལུགས་ནུས་མེད་དུ་གྱུར་བའི་རྒྱུ་མཚན་གཙོ་བོ་ཞིག་ནི་བཙན་བྱོལ་བོད་མི་རྣམས་ཀྱི་ཤེས་ཡོན་ཞན་པ་དང་། ཁྲིམས་ལུགས་ཀྱི་གོ་རྟོགས་མེད་པའི་ཁར། ཁྲིམས་ལུགས་ལ་དོ་རྣམ་བྱེད་མཁན་མེད་པ་མ་ཚད། ཁྲིམས་གཏུག་གི་བྱ་བ་དེ་ནི་ངོ་ཚ་ཁྲལ་མེད་ཀྱི་བྱ་བ་ཞིག་ཏུ་འདོད་ནས། བོད་ཀྱི་སྲོལ་རྒྱུན་ཀླད་མེད་ཀྱི་གོམས་བཤིས་ཁ་ཤས་ཀྱི་བག་ཆགས་དེ་ཉིད་ཐུག་དྲགས་པའི་རྐྱེན་གྱིས་རེད་སྙམ། དེ་དང་མཉམ་དུ་བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་འབྲེལ་ཡོད་མི་སྣ་ཚོས་བོད་ཀྱི་མང་ཚོགས་ཁྲོད་ཁྲིམས་ལུགས་ཀྱི་གོ་རྟོགས་སྤེལ་མ་ཐུབ་པ་དང་། ཁྲིམས་ཁང་དང་ཁྲིམས་དེབ་སོགས་ཡོད་པ་དེར་འདོད་བློ་ཚིམ་པ་དང་། མཐུན་རྐྱེན་དང་དགོས་མཁོ་ཆ་རྐྱེན་དེ་ཚོ་དངོས་ཡོད་ཀྱི་གནས་ཚུལ་དང་མང་ཁྲོད་ཀྱི་འཚོ་བའི་ཁྲོད་ལག་བསྟར་བྱེད་ཐུབ་ཐབས་ལ་འབད་བརྩོན་མ་བྱས་པ་རེད་བསམ། བོད་མི་ཚོས་ཀྱང་སོ་སོ་རང་ཉིད་ཀྱི་ཁྲིམས་དོན་སྐོར་གོ་རྟོགས་གསལ་ཆེད་ས་གནས་ཁྲིམས་ཞིབ་པ་དང་ཁྲིམས་རྩོད་པ་སོགས་ལ་བཀའ་འདྲི་ཞུ་བའི་གོམས་གཤིས་མེད་པ་མ་ཚད། ཁྲིམས་དོན་སྐད་ཆ་འདྲི་པ་ནི་ངོ་གནོངས་དགོས་པའི་བྱ་བ་ཞིག་ཏུ་རྩིས་ནས་དེ་ལྟར་རྒྱུན་དུ་མི་གནང་པའང་རྒྱུ་མཚན་གཙོ་གལ་ཞིག་ཏུ་སྣང་།

སྤྱི་ཚོགས་ཤིག་ལ་ཁྲིམས་ལུགས་མེད་པ་ཡིན་ན། སྤྱི་ཚོགས་དེ་ཉིད་འགོ་རྟིང་སློགས་ཉེས་ཆེ་པ་དང་། སྤྱི་ཚོགས་དེ་ཉིད་རོ་ལངས་འཆར་ལངས་སུ་གནས་ནས་མཐུན་སྒྲིལ་རྩ་བ་ནས་ཡོང་མི་ཐུབ་པ་ཞིག་ཡིན་པ་རེད། ང་ཚོ་ལ་མཐུན་སྒྲིལ་དགོས་ན། ཅིས་ཀྱང་ཁྲིམས་ལུགས་གོ་རྟོགས་ལ་གསལ་གྲོལ་ཐབས་དགོས་པ་རེད། དེ་ནི་གལ་ཆེན་ནང་གི་དོན་ཆེན་རེད། དོགས་སློང་ནི་གནས་ཚུལ་ཤེས་རྟོགས་ཐུབ་པའི་གནད་འགག་ཡིན་པ་དང་། དེ་ནི་བློ་སྒོ་ཕྱེ་བའི་གསེར་གྱི་ལྡེ་མིག་ལྟ་བུ་རེད། སོ་སོར་ཁྲིམས་དོན་ལ་རྨོངས་ཞིང་ཁྲིམས་ལུགས་ལ་གོ་རྟོགས་གང་ཡང་མེད་གྱུར་ན། དེ་ཉིད་མུན་པ་གསལ་བའི་སྒྲོན་མེ་བཞིན་གསལ་བྱེད་གཙོ་བོ་ནི་འབྲེལ་ཡོད་ཁྲིམས་ཞིབ་པ་དང་ཁྲིམས་རྩོད་པ། དེ་བཞིན་ཁྲིམས་ལུགས་སློབ་མ་སོགས་ལ་བཀའ་འདྲི་ཞུ་པ་དང་དོགས་དྲིས་བྱེད་དགོས་གལ་ཆེ་སྙམ།

ཁྲིམས་ལུགས་ནི་མི་མང་གི་གཞི་རྩའི་ཐོབ་ཐང་ལ་སྲུང་སྐྱོབས་བྱེད་པའི་ལག་ཆ་གཙོ་བོ་དེ་ཡིན་པ་དང་། སོ་སོའི་ཐོབ་ཐང་གསར་བརྟན་ཡོང་དགོས་ན། ངེས་པར་ཏུ་ཁྲིམས་ལུགས་ལ་ཤེས་རྟོགས་དང་སོ་སོའི་ཁྱབ་ཁུངས་སུ་ཡོད་པའི་ཁྲིམས་ཁང་དང་ཁྲིམས་ལུགས་ལས་བྱེད་སོགས་ལ་ཡིད་ཆེས་དང་བློ་གཏད་དེ་དགོས་པ་རེད། ང་ཚོའི་སྤྱི་ཚོགས་ནང་མཚམས་རེར། ས་གནས་ཁྲིམས་རྩོད་པ་ཁ་ཤས་ཀྱིས་མི་མང་ཆེད་ཁྲིམས་གཏུག་གང་ཐུབ་བྱས་པ་ན། མི་མང་པོས་ཁྲིམས་རྩོད་པ་དེར་ཁ་བརྡུང་དང་ཁོ་ནི་རྒྱ་མིའི་སོ་པ་འདྲ་ཡིན་པའི་བསྙོན་འཛུགས་བྱས་པར་གོ་ཐོས་འདུག། དེ་ནི་ཅི་འདྲ་བའི་ཡིད་ཐང་ཆད་བྱེད་དང་སྐྱུག་བྲོ་བའི་གནས་ཚུལ་ཞིག་མ་རེད་དམ། ཁྲིམས་ལུགས་ནི་སོ་སོར་བདེ་སྐྱིད་ཀྱི་འབྱུང་རྩ་དང་སོ་སོའི་ཐོབ་ཐང་དང་འགན་དབང་ལ་སྲུང་སྐྱོབས་བྱེད་མཁན་ཞིག་ཡིན་པས། ཚང་མས་ཁྲིམས་ལུགས་ལ་ཅིས་ཀྱང་དོ་སྣང་གནང་པར་མཁྱེན།

 

སྣ་ཚོགས།

Post navigation

Previous Post: གྱེས་ཕྱག
Next Post: རྨོ་མོ་ལགས། རེ་ཐག་ཆད་ཡོད་མེད་བཀའ་ཤག་ལ་འདྲི།

Comments (8) on “བཙན་བྱོལ་བོད་ཀྱི་ཁྲིམས་ལུགས་ཐད་ཀྱི་བསམ་ཚུལ།”

  1. གནམ says:
    2013-04-02 at 2:58 am

    བོད་བཙན་བྱོལ་ལ་ཁྲིམས་ལུགས་སློབ་མ་ཡོད་པའི་དུས་ཞིག་ཡིན་ས་རེད། ད་ཡིན་ན་འདི་ཚོ་ཁྲིམས་ལུགས་པ་ཞིག་ལ་ཆགས་དུས། གཞི་ནས་བོད་པ་འདི་གཉིད་ནས་སད་པ་ཨེ་ཡིན་ནམ།
    རྩོམ་ཀློག་ཁོམས་མ་ཡོད་ཐལ། ཉུང་ཉུང་ཞིག་མ་གཏོགས་མེད་ཀི། བྱས་ཙང་རྗེས་མར་ཡིན་གཅིག་ཀློག་གི་ཡིན། དེའི་དུས་ལྷ་འབྲུག་ལྷ་འབྲུག་དང་བདུད་འབྲུག་གང་ཞིག་གི་གྲས་ན་ཡོད་པ་མ་གསང་དྲང་པོར་ཞུ་འི་ཡིན། ཁ་སྐོར་རྒྱོ། ང་འགོར་ཐལ། འགྲོ་འི་ཡིན། ཕྱིར་ར་ཡོང་གི་ཡིན།

  2. གནམ says:
    2013-04-02 at 6:13 am

    ཨོ་ལགས་སོ།
    ཁྲིམས་འགལ་བ་ཚོ་ལ་ཁྲིམས་ཁང་ཡག་པོ་བཙན་པོ་ཞིག་མེད་ན། ཚེ་བཙོན་ལ་ཚེ་ལྟོ་སྟེར་ཐུབ་ནིའི་ཟོས་ནོར་ཞིག་མེད་ན། དུས་ཚོད་ཉེར་བཞི་ལ་བཙོན་བདག་གི་གླ་ཆ་སྤྲོད་མི་ཐུབ་ན། ཁྲིམས་ཁང་གི་མྱི་བདག་གཉིས་ཀའི་ཁ་སྣ་བསུན་པོ་ཙམ་ལས་ད་དུང་ཅང་འཇོན་རྒྱུ་མ་རེད་ཡ། ཁྲིམས་ལུགས་པ་ཚོའི་ལག་ལ་སྒོར་མོ་འབབ་རྒྱུ་མ་རེད་ཡ། དེ་མིན་ན།
    ཁྲིམས་ཁང་ཆེན་པོ་ཞིག་གི་སྦྱུན་བདག་འཚོལ་དུ་ཨ་རི་ཡོ་རོབ་སོགས་ལ་སློང་མོར་ཕེབས་ན་ག་འདྲ་འདུག། ཡང་ན་ཁྲིམས་འགལ་བ་ཚོའི་ཁ་སྣ་རེ་བྲེག་ནས་གཏུང་ཡ་རེད་མ་གཏོགས། དེ་མིན་ཐབས་ཤེས་ཞིག་མ་ཡོད་ཐལ་ཨ། ལྷ་འབྲུག་ལོ་ལོ།

  3. དབང་འདུས། says:
    2013-04-02 at 7:40 am

    ང་ཚོ་ནི་དད་པ་དང་དག་སྣང་གིས་བསྐྲུན་པའི་་སྤྱི་ཚོགས་ཤིག་ཡིན་པས་ན། ཁྲིམས་ཁང་དང་། ཁྲིམས་རྩོད་པ་སོགས་དགོས་གལ་མི་ཆེ་བར་འདུག དབང་ལུང་གང་དུ་ཡོད་པ་དེར་རྒྱུགས་དང་ཤེས་ཡོན་དང་ཁྲིམས་ཀྱི་འགྲོ་ལུགས་སོགས་ནི་རྩ་ཆེན་ཞིག་ཡིན་པར་མ་མཐོང་ངོ་།།

  4. ཡ་མ་ཚེ་རིང་། says:
    2013-04-02 at 1:51 pm

    ཁྲིམ་ཁང་ལ་ཞུ་གཏུགས་མཁན་མེད་པ་འདི་ལ་བསམ་ཚུལ་གཉིས་ཞུས་ཡ་ཡོད། གཅིག་ང་ཚོའི་སྤྱི་ཚོགས་འདིའི་སྲོལ་ངན་གྱིས་རྐྱེན་པས་མ་ཡིན་པར་ད་དུང་སྲོལ་བཟང་གི་ཤུགས་རྐྱེན་ཅུང་ལྷག་ཡོད་པའི་རྟགས་ལ་ངོས་འཛིན་ཞུས་ཡ་ཡིན། ག་རེ་ཟེར་ན་མི་དང་མིའི་པར་ལ་བསམ་ཤེས་དང་ཡིད་ཆེས་ཅུང་ཟད་ཡོད་པའི་རྟགས་རེད། ལམ་སེང་ཁྲིམ་ལ་སྐྱེལ་ཡ་འདི་འུ་ཐུག་པའི་རྟགས་རེད། གཉིས་པ་ང་ཚོ་ལ་ཁྲིམས་ཁང་ཡོད་ཀྱང་བཙོན་ཁང་མེད་པའི་རྐྱེན་གྱིས་རེད། མི་ཡ་མེད་གཅིག་གིས་བཅད་ཕྲ་དང་ལེན་མ་ཞུས་ན། དེ་ཁྱབ་བསྒྲགས་ཀྱི་མིང་ཤས་བཟོ་རྒྱུ་ཙམ་ལས་ང་ཚོ་ལ་ཁྲིམས་ཐག་ནན་པོ་གཅོད་རྒྱུའི་ནུས་པ་མེད།

  5. བསྟན་པ། says:
    2013-04-02 at 5:48 pm

    རྩོམ་འདི་བློ་བཟང་གྲགས་པ་ཟེར་བ་དེས་བྲིས་ནས་མིང་ལྷ་འབྲུག་བརྒྱབ་པ་མ་རེད་དམ། བྱེད་སྟངས་འདིའི་རིགས་རྩ་བ་ནས་ཡག་པོ་མ་རེད། ང་ཚོས་ལྷ་འབྲུག་ཡག་པོ་ངོ་ཤེས་བའི་མ་ཚད་ལྷ་འབྲུག་ལ་བོད་ཡིག་གི་རྩོམ་འབྲི་བའི་གནས་ཚད་ཡོད་མ་རེད། འདི་ཡང་བློ་བཟང་གྲགས་པ་ཟེར་བ་དེའི་གཡོ་ཇུས་རེད་འདུག་ན་བློ་བཟང་གྲགས་པ་ཟེར་བའི་མི་འདི་ལ་གཟབ་པར་འཚལ།

  6. ལྷ་འབྲུག says:
    2013-04-02 at 10:18 pm

    དྲ་གྲོགས་བསྟན་པ་ལགས། ཁྱོད་རང་གིས་ང་ངོ་ཡག་པོ་ཤེས་ན། ངའི་ཁ་པར་ཨང་ཡོད་རྒྱུ་རེད། ཁྱོད་རང་གིས་རྩོམ་འདི་ངས་བྲིས་མིན་ཐད་ང་ལ་ཁ་པར་གཏོང་ནས་སྐད་ཆ་འདྲི་ན་འགྲིག་ནི་རེད། དེ་མིན་དྲ་རྒྱ་ཐོག་མི་ལ་མ་ཉེས་ཁ་གཡོག་མ་བྱེད་་་འདི་ང་ཚོའི་བྱེད་སྟངས་མ་རེད། བློ་བཟང་གྲགས་པ་ང་གཉིས་འཛིན་གྲོགས་དང་གྲོགས་པོ་རེད། ངེད་གཉིས་ཕན་ཚུན་རོགས་འདེབས་བྱེད་པར་བདེན་པ་རེད་མོད། འོན་ཀྱང་ཁྱོད་རང་གིས་བློ་བཟང་གྲགས་པའི་གཡོ་རྒྱུ་རེད་ལབ་པ་དེ་ངོ་ཚ་ཁྲལ་མེད་ཀྱི་སྐད་ཆ་རེད། གྲོགས་པོ་་་་མི་ལ་ཡར་རྒྱས་འགྲོ་རྒྱུ་མེད་པ་དེ་འདྲ་མ་རེད་་་་ལྟོས་དང་་་་ངས་མུ་འཐུད་འབྲི་རྒྱུ་རེད་་་་་་གལ་སྲིད་དོགས་པ་ཡིད་ན་་་་་་གལ་སྲིད་ང་ངོ་ཡག་པོ་ཤེས་ན་་་་་་་ཁ་ཐུག་སྐད་ཆ་དྲིས་་་་་་དཀྲུགས་ཤིང་དང་མི་ལ་མ་ཉེས་ཁ་གཡོག་མ་བྱེད་རོགས་་་་་སོ་སོས་མ་འཇོན་ན་་་་འཇོན་མཁན་ལ་ཞྭ་མོ་ནག་པོ་མ་སྐོན་རོགས་་་་་་ཐུགས་རྗེ་ཆེ་་་་་་་་་་

  7. བསྟན་པ། says:
    2013-04-04 at 2:06 am

    རེད་ལྷ་འབྲུག་ཁྱོད་བདེན་པ་ཡིན་རྒྱུ་རེད་རྒྱུ་མཚན་གང་གིས་ཞེ་ན། ཁྱོད་ཀྱིས་མེ་སོར་དུ་བོད་ཡིག་ནང་ཁྲིམས་ལུགས་སློབ་སྦྱོང་བྱས་ཏེ་བོད་ཡིག་གི་རྩོམ་ཡག་པོ་འབྲི་ཐུབ་པའི་ཚད་འདི་འདྲར་སླེབས་པ་ཡིན་རྒྱུ་རེད། བློ་བཟང་གྲགས་པ་སྐྱག་རྫུན་བཤད་རྒྱུར་འཚེར་སྣང་སྤུ་ཙམ་མེད་པ་ནང་བཞིན་ད་ཁྱོད་ཀྱིས་ཀྱང་སློབ་གྲོགས་ཚོའི་མདུན་ནས་རྫུན་གཏམ་བཤད་རྒྱུ་མཚམས་བཞག་ན་ཡག་པོ་ཡོད་རེད། ཁྱོད་ངོ་མི་ཚ་ན། བློ་བཟང་གྲགས་པ་ཟེར་མཁན་ཁྲམ་པ་དེར་རྩོམ་མུ་མཐུད་དུ་འབྲི་བཅུག་ནས་ལྷ་འབྲུག་ཁྱེད་རང་གི་མིང་རྒྱོབས་ལོ།

  8. བསྟན་པ། says:
    2013-04-04 at 2:17 am

    ལྷ་འབྲུག་ཁྱོད་རང་སུ་ཇ་བོད་ཁྱིམ་ན་ཡོད་དུས་ཡིག་ནོར་མེད་པའི་བོད་ཡིག་གི་ཚིག་གྲུབ་རྐང་གཅིག་ཀྱང་ཡག་པོ་བཟོ་མི་ཐུབ། (འདི་ཁྱོད་ཀྱི་འཛིན་གྲོགས་བྱས་མྱོང་ཞིང་ཁྱོད་ལ་རྒྱུས་ཡོད་མཁན་ཚང་མས་ཤེས་ནི་རེད) ལྷོ་ཕྱོགས་མེ་སོར་ལ་སོང་ནས་ཀྱང་ལོ་བཞི་ལྷག་ལ་བོད་ཡིག་ཅིག་འབྲི་རྒྱུ་ཕར་ཞོག་བོད་ཡིག་གི་དེབ་གཅིག་ཀྱང་ལག་ལ་བཟུང་མ་མྱོང་མཁན་གྱི་གྲོགས་པོ་ཁྱོད་ཀྱིས། ཧོབ་སྟེ་ལྷ་བབས་པ་ནང་བཞིན་ཁོག་ལ་བློ་བཟང་གྲགས་པ་ཞུགས་ནས་བོད་ཡིག་གི་རྩོམ་འབྲི་ཁུལ་བྱས་ན་སོ་སོ་སོ་སོར་ངོ་མི་ཚའམ། ང་སློབ་གྲོགས་ཁྱོད་ཀྱིས་བོད་ཡིག་བྲིས་ན་མ་དགའ་བ་གཏན་ནས་མིན་པར་ཁྱེད་ཀྱིས་བློ་བཟང་གྲགས་པའི་རྩོམ་གྱི་སྒང་ལ་སོ་སོའི་མིང་བརྒྱབ་ནས་ཁ་བརྡའི་ཀློག་པ་པོ་ཚོར་མགོ་སྐོར་གཏོང་སྟངས་འདི་ལ་ཐང་ཆད་ནས་ཁྱོད་ལ་བརྡ་ལན་ཙམ་སྤྲད་པ་ཡིན། ཁ་བརྡའི་ཀློག་པ་པོའི་ནང་ན་སུ་ཇའི་སློབ་གྲོགས་མང་ནི་རེད་ལ་དེ་ལྷ་འབྲུག་ཁྱོད་ཀྱིས་ཤེས་ན་ཡག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme