Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བ་ཞིག་ཏུ་མི་སྐྱེ་བར་སྨོན།

Posted on 2015-09-062015-09-06 By ཁ་བརྡ 4 Comments on བཙན་བྱོལ་བ་ཞིག་ཏུ་མི་སྐྱེ་བར་སྨོན།

unnamed-1——–ཅོག་མྱི།

༼ཕ་མ་དང་མཉམ་དུ་བཙན་བྱོལ་དུ་འགྲོ་བའི་སྐབས་སུ་རྒྱ་མཚོ་ལ་ལྷུང་ནས་ཚེ་སྲོག་ཤོར་བའི་བྱིས་པ་ལོ་གསུམ་ཅན་ཞིག་གི་བེམ་པོའི་པར་མཐོང་བའི་མོད་ལ།༽

ཁྱེད་ཉིད་ཀྱི་ཕ་མས་བཙན་དབང་གི་རྩིང་སྤྱོད་དེར་གཡོལ་ཆེད།
ལོ་ན་ཆུང་བའི་ཁྱེད་པང་ལ་བཟུང་ཞིང་།
གྲུ་ཆུང་ཞིག་བསྡད་ནས་རྒྱ་མཚོར་ཕྱིན།

མཛེས་སྡུག་གི་རྒྱ་མཚོ་ནི་བཙན་དབང་ལས་ཀྱང་གདུག་རྩུབ་ཡིན་པ།
ཁོང་ཚོའི་བློ་ཡུལ་ལའང་འཁོར་མེད།

རླབས་ཆུང་ཞིག་འཕྱར་ཏེ།
གྲུ་ནང་གི་ཁྱེད་ཚོ་མཚོ་ནང་དུ་བདས།

ཁྱེད་ཀྱི་ཚེ་སྲོག་དུས་དེ་ནས་བཟུང་།
རྒྱ་མཚོའི་པང་དུ་གཉིད།

བྱིས་པ་ལགས།
ང་ཚོ་འཚོ་ཞིང་གཞེས་བའི་འཇིག་རྟེན་འདི་ནི།
རྒྱ་མཚོ་་ལས་ཡིད་དུ་འོང་བ་ཞིག་མིན་ལ་ཡིད་ཆེས་རུང་བ་ཞིག་ཀྱང་གཏན་ནས་མིན།

དེ་ཕྱིར།
དེ་ནས་གཉིད་ལ་བསྡོད།
སྐྱེ་བ་གཞུག་མར་བཙན་བྱོལ་བ་ཞིག་ཏུ་མི་སྐྱེས་བར་སྨོན།

༼གསལ་བཤད། གོང་གི་པར་འདི་ནི་དེང་སྐབས་ཀྱི་འཛམ་གླིང་ཡོངས་ཀྱི་བཙན་བྱོལ་བའི་གནས་སྟངས་མཚོན་ནུས་བའི་པར་གྲགས་ཅན་ཞིག་ཡིན་པ་དེ་ཀློག་པ་པོར་མཚམས་སྦྱོར་བྱ་ཐུབ་པའི་ཕྱིར་དུ་བདག་གི་བསམ་ཚུལ་ཙམ་ཡིན།༽

སྙན་ངག

Post navigation

Previous Post: བློ་བཟང་སེང་གེ་མིན་ན་སུ་ཞིག་ཡིན།
Next Post: མགོ་འཚོས་པ་ཕྱི་སྨིན་ནང་སྨིན་རེད། བཀའ་གནང་ཚད་ལྗིད་ཁོག་རྐྱང་རྐྱང་རེད། ཤར་ཕྱོགས་ཁུག་རྟས་འོས་སྦྱོར།

Comments (4) on “བཙན་བྱོལ་བ་ཞིག་ཏུ་མི་སྐྱེ་བར་སྨོན།”

  1. ཀརྨ་བློ་གསལ་ says:
    2015-09-07 at 8:38 am

    སྙན་ངག་ཡག་བྱུང་། བོད་པ་བཙན་བྱོལ་བའི་སྣེ་ཁྲིད་མཁན་ཚོས་བཙན་བྱོལ་ནི་དངུལ་གཅིག་པུ་བཟོ་བྱེད་ཀྱི་ལག་ཆ་ཞིག་ལ་མཐོང་གི་ཡོད་རེད་དོ།

  2. ལྷ་སྡེ་གནམ་ལོ་ཡག says:
    2015-09-07 at 7:58 pm

    མི་ཆོས་རིང་ལུགས་ཀྱི་སྙན་ངག་ནི་བརྩེ་དུང་སྙན་ངག་དང་འདྲ་བར་ཀློག་མཁན་གྱི་སེམས་པ་བསྒུལ་ཐུབ་ཤོས་ཆགས་ཡོད། སྙན་ངག་འདིའང་དེའི་ཁྲོད་ཀྱི་གཅིག་རེད།

  3. ཅོ་རི་ཉི་མ། says:
    2015-09-08 at 5:07 am

    ཕྲུ་གུ་དེ་བསོད་ནམས་ཆེན་པོ་རེད། བཙན་བྱོལ་བའི་ཚེ་སྐྱེལ་པ་ལས་སྔ་ཙམ་ཤི་ན་ཡག་ཤོས་རེད། གཅིག་བྱས་ན་རང་བཙན་ཡོད་པའི་རྒྱལ་ཁབ་ཤིག་གི་མིའི་སྐྱེ་བ་ལེན་སྲིད་པ་རེད།

  4. ཆུ་ཐིགས་སྔོན་མོ says:
    2015-09-08 at 2:55 pm

    རང་ས་ཤོར་བའི་ཁར་་རང་ཁ་མ་སོས་པར་མི་ཡུལ་ན་སྐྱབས་བཅོལ་གྱི་ཡིག་ཆ་རེག་ལ་མ་རེག་ལ་བྱས་ནས་འདུག་པ་ལས་སྔ་ས་ནས་སྡུག་དེ་མ་མཐོང་བར་ཤི་ན་ལས་ཅན་ཡིན་པ་འདྲ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme