Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་ནང་གི་གསར་འགོད་པ་ཚོས་དོན་གྱིས་གཞིས་ལུས་མི་མང་ལ་སེམས་ཁུར་བྱེད་ཀྱི་ཡོད་དམ།

Posted on 2013-10-092013-10-09 By ཁ་བརྡ་ 7 Comments on བཙན་བྱོལ་ནང་གི་གསར་འགོད་པ་ཚོས་དོན་གྱིས་གཞིས་ལུས་མི་མང་ལ་སེམས་ཁུར་བྱེད་ཀྱི་ཡོད་དམ།

འབྲོང་མགོ་སྐམ་པོ། (ཧྥ་རན་སི།)

ཉེ་བའི་ལོ་ཤས་སྔོན་ནས་བོད་ནང་གི་གཞོན་སྐྱེས་ཚོའི་རིགས་ཞེན་གྱི་ལྟ་བ་ལ་བླ་ན་མེད་པའི་གོང་འཕེལ་ཆེན་པོ་ཞིག་བྱུང་སྟབས། བོད་ཡུལ་གང་ས་ནས་རྒྱ་གཞུང་ལ་རྒོལ་བའི་ལས་འགུལ་ཆེ་ཕྲ་སྣ་ཚོགས་འབྱུང་བཞིན་པ་ལྟར། གཞོན་སྐྱེས་འགའ་ཞིག་གིས་དཔའ་བོ་དག་གིས་རང་ལུས་མེར་བསྲེག་གཏོང་ཐུབ་སོང་ན་ངས་གསར་འགྱུར་ཙམ་ཡང་ཕྱི་ལོག་ཏུ་མཁོ་སྤྲོད་བྱེད་མི་ཐུབ་པ་འདི་སྐྱོ་བ་ལའང་སྙམ་ནས་ལས་འགུལ་སྐོར་གྱི་གསར་འགྱུར་དག་ཕྱི་ལོག་ཏུ་གཏོང་ཨེ་ཐུབ་ལ་འབད་པ་ནི་འཐབ་རྩོད་ཀྱི་ངོ་བོ་གཞན་ཞིག་ཡིན་ཡང་། ད་ལྟའི་བར་དེ་ཉིད་ཕྱིར་བསྒྲགས་ཐབས་དང་བསྒྲགས་སྟངས་ཤིག་རྩད་ནས་འབེན་པས་དེ་ལ་རེ་སྒུག་བྱེད་མཁན་ཡང་མེད་ལ་རྩད་གཅོད་བྱེད་མཁན་ཡང་ག་ལ་ཡོད་ཆོག འོན་ཀྱང་བཙན་བྱོལ་ནང་གི་གསར་འགོད་པ་མང་པོ་ཞིག་དང་། འབྲེལ་བ་ལས་ཁུངས་ཟེར་བ་སོགས་ཀྱིས་སྐབས་ཐོག་གི་གནས་ཚུལ་ཙམ་རག་ཐབས་དང་། ལྷག་ཏུ་གསར་འགོད་པ་དག་གིས་དུས་ཚོད་ཚད་བཀག་གི་གསར་འགྱུར་གང་ཞིག་རླུང་འཕྲིན་ལས་གཏོང་སྐབས་སུ། མི་གང་ཞིག་རྒྱ་ནག་གི་བཙོན་དུ་བཟུང་མ་ཐག་དེའི་རྒྱབས་ལྗོངས་ལ་ཞིབ་བརྩད་ཀྱིས་གསར་འགྱུར་དུ་འགོད་པར་ཧབ་ཐོབ་བྱེད།

དེ་ལྟར་ཧབ་ཐོབ་མ་བྱས་ཚེ་རླུང་བརྙན་འཕྲིན་གང་ཞིག་གིས་ཀྱང་གསར་འགོད་པ་དེའི་གསར་འགྱུར་མི་འགོད་ལ། གསར་འགྱུར་མ་བཀོད་ན་ཁོང་ལ་སྒོར་མོ་རེག་ཐུབ་ཀྱི་མེད་པའི་གནས་བབ་འདི་བོད་ནང་ཤེས་མཁན་ཕལ་ཆེར་མེད། དེ་བས་ཁོང་ཚོས་ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་བཙོན་ཁང་ནང་མནར་གཅོད་གཏོང་བཞིན་པའི་བཙོན་པའི་ཁ་ནས་མི་ལོན་པའི་གནས་ཚུལ་ཁག་ཅིག་གསལ་གསལ་དག་དག་གིས་བཤད་དེ་རྒྱུ་ཆ་མཁོ་སྤྲོད་བྱེད་ཀྱི་ཡོད་ལ། བཙོན་པ་གང་ཞིག་ལ་མནར་གཅོད་དང་ཁྲིམས་ཐག་ཀྱང་གཅོད་བཞིན་ཡོད།
བདག་གི་གྲོགས་པོ་ཞིག་གིས་རྒྱ་གར་ནས་ཡུན་རིང་སློབ་སྦྱོང་བྱས་ཏེ་ཕྱིར་ལོག་སྐབས་བལ་བོད་ས་མཚམས་འགྲམ་ནས་འཛིན་བཟུང་བྱས་ཤིང་། འཛིན་བཟུང་བྱས་པའི་སྐབས་དེར་ཁོས་བལ་བོ་ནས་བསྡད་ཚུལ་གྱི་རྫུན་མང་པོ་ཞིག་བསྒྲིགས་ནས་རང་གི་སྟེང་ལ་ནག་ཉེས་མི་འབྱུང་བར་འབད་པ་བྱས་ཏེ་ཉིན་གྲངས་བཅུ་ཙམ་འགོར་རྗེས། ཨེ་ཤ་ཡ་རླུང་འཕྲིན་ཁང་གིས་ཁོང་བཙོན་དུ་བཟུང་ཡོད་ཚུལ་དང་། མི་དེས་གང་ནས་སློབ་སྦྱོང་བྱས་པ་དང་ཅི་ཞིག་ལས་མིན་སོགས་གསལ་བཤད་བྱས་པས། ཁོང་ལ་གཅར་རྡུང་དང་མནར་གཅོད་བློ་ཡུལ་ལས་འདུས་པ་བཏང་སོང་ཟེར། དེའི་མུར་གྲོགས་པོ་དེའི་མཁལ་མ་ནད་པར་གྱུར་ནས་ད་ལྟ་ཡང་སྨན་བཅོས་བྱེད་བཞིན་པའི་སྐབས་ཡིན།

གཞན་ཡང་འབྲེལ་བ་ལས་ཁུངས་ཀྱིས་ལས་བྱེད་རེ་ཟུང་གིས་བོད་ནང་འབྲེལ་བ་བྱས་ཏེ་གནས་ཚུལ་གང་ཞིག་ལེན་ཐབས་ཀྱི་འབད་པ་བྱས་པའི་རྒྱུད་རིམ་ཁྲོད་ཀྱང་། བོད་ནང་གི་མི་མང་པོ་ཞིག་བཙོན་དུ་བཅུག་ཡོད་ལ།ང་རང་གིས་གསལ་བོར་ཤེས་པའི་མི་གཉིས་ཡོད་པའི་གཅིག་ལ་ལོ་དྲུག་གི་ཁྲིམས་ཐག་དང་༼ཁོང་དགུང་ལོ་ལྔ་བཅུ་གཡས་གཡོན་ཞིག་ཡིན༽ཅིག་ཤོས་ལ་ལོ་བདུན་གྱི་༼དགུང་ལོ་ཉེར་ལྔ་ཙམ་ཡིན༽ཁྲིམས་ཐག་བཅད་སོང་། དེ་བཞིན་ཁོང་གཉིས་ཀྱི་ནག་ཉེས་ཕྱིར་བསྒྲགས་བྱེད་སྐབས་འབྲེལ་བ་ལས་ཁུངས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་སྐབས་སྒྲོན་པའི་འདྲ་དཔར་ཞིག་འཁྱེར་ཡོང་ནས་ཁོང་གཉིས་ལ་ཐད་ཀར་འབྲེལ་བ་བྱེད་མཁན་ནི་༧གོང་ས་མཆོག་དང་འབྲེལ་ཐག་ཆེས་ཉེ་བའི་མི་དག་རེད་འདུག་པས། འདི་དག་ལ་འབྲེལ་ལམ་བྱེད་མཁན་དག་ནི་འདི་གར་གསང་བའི་སྒྲིག་འཛུགས་ཤིག་ཏུ་ཡོད་པར་བསྙད་ནས་མི་དེ་དག་ལ་ཁྲིམས་ཐག་ནན་མོ་བཅད་ཡོད།

འདི་ལྟར་ཁྲིམས་ཐག་བཅད་དུས་གསར་འགོད་པ་སོགས་བོད་ནང་ལ་འབྲེལ་བ་བྱེད་ཅི་ཐུབ་བྱེད་ཀྱིན་པ་དག་གིས་འབྲེལ་བ་བྱེད་ཡུལ་གྱི་མི་དེའི་བདེ་འཇགས་ལ་འགན་ག་ཚོད་འཁུར་ཐུབ་ཀྱི་ཡོད་དམ།
དོན་དངོས་བཤད་ན། བཙལ་བྱོལ་ནང་གི་གསར་འགོད་པ་ཚོས་གནས་ཚུལ་གང་ཞིག་གསར་ལམ་དུ་བཀོད་རྗེས་ཅི་ཞིག་འགྲུབ་སོང་སྙམ་གྱིན་ཡོད་མོད། དེ་འདྲ་ཞིག་ནི་གཏན་ནས་མིན་སྟེ། ཁྱོད་ཀྱིས་གསར་འགྱུར་ལེན་ཡུལ་གྱི་མི་དེའི་བདེ་འཇགས་ཀྱི་འགན་ལེན་ཅི་ཐུབ་བྱེད་རྒྱུ་འདི་ཤིན་ཏུ་ཆེ་བས་གནས་ཚུལ་མདོར་བསྡུས་འདི་ཆེད་དུ་བཏང་བའོ།།

སྣ་ཚོགས།

Post navigation

Previous Post: པཎ་ཆེན་ནང་མ་སྒང་དང་བོད་སིལ་བུའི་དུས་སྐབས་ཀྱི་ལོ་རྒྱུས་གནད་དོན་འགའ་ཞིག
Next Post: ཨ་དཀོན་རིན་པོ་ཆེ་རྐྱེན་ངན་ཆག་སྒོའི་འོག་ཏུ་སྐུ་འདས་པར་སྙིང་གི་གཏིང་ནས་མྱ་ངན་ཞུ།

Comments (7) on “བཙན་བྱོལ་ནང་གི་གསར་འགོད་པ་ཚོས་དོན་གྱིས་གཞིས་ལུས་མི་མང་ལ་སེམས་ཁུར་བྱེད་ཀྱི་ཡོད་དམ།”

  1. ཐོས་པ་དགའ། says:
    2013-10-09 at 1:28 am

    འབྲོང་མགོ་ལགས་ཀྱི་བཤད་པ་རྣམས་ཁུངས་ལྡན་ཡིན་ན་དངོས་གནས་བོད་པའི་གསར་འགོད་པ་ཚོ་གསར་འགོད་པའི་བཟང་སྤྱོད་དང་འགལ་འཛོལ་བྱུང་མིན་ད་ཚོད་དཔྱད་ཞིབ་བྱེད་རན་འདུག
    གསར་ཁང་མང་དག་ཞིག་གི་དངོས་གནས་གཞི་བཞུགས་བོད་མི་ཚོའི་གནས་ཚུལ་བཀོད་ཐུབ་པ་ཙམ་ལས་གསར་འགྱུར་བཏང་ཟིན་པའི་རྗེས་སུ་གསར་འགྱུར་ཁོ་སྤྲོད་བྱེད་མཁན་དང་གསར་འགྱུར་ནང་གི་གང་ཟག་དེ་དག་ལ་རྗེས་འབྲས་ཅི་འདྲ་བྱུན་མིན་འགན་འཁུར་བཅང་འཁུར་གྱི་ཨེ་ཡོད་བསམ་བསམ་ཞིག་འདུག
    གསར་ཁང་དང་གསར་འགོད་པ་རྣམ་པ་ངེས་པར་དུ་ཐུགས་ཞིབ་གནང་རོགས།།

  2. ཀརྡོ་གཉེར་ཕྱག་པ། says:
    2013-10-09 at 2:15 am

    ཁ་བརྡའི་འགན་འཛིན་ལྷན་རྒྱས་ལ། ཐུགས་རྗེ་ཆེ་ཞེས་ཞུའོ།། །།

  3. ལྷ་བྱ་འཕུར་མ། says:
    2013-10-09 at 4:43 am

    གནས་ཚུལ་དང་མཇུག་འབྲས་གཉིས་ཀྱི་ནང་ནས་གང་གལ་ཆེ་ན་དེ་རང་བདེན་པར་མངོན།

  4. གཅན་ཚ བཟོད་རྒྱམ། says:
    2013-10-09 at 5:51 am

    ངས་འདིའི་དོན་ཏག་ཏག་ཅིག་གོ་མ་སོང་བས་གསལ་བཤད་རེ་གནང་རོགས་ཞུ།
    ༼དེ་བཞིན་ཁོང་གཉིས་ཀྱི་ནག་ཉེས་ཕྱིར་བསྒྲགས་བྱེད་སྐབས་འབྲེལ་བ་ལས་ཁུངས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་སྐབས་སྒྲོན་པའི་འདྲ་དཔར་ཞིག་འཁྱེར་ཡོང་ནས་ཁོང་གཉིས་ལ་ཐད་ཀར་འབྲེལ་བ་བྱེད་མཁན་ནི་༧གོང་ས་མཆོག་དང་འབྲེལ་ཐག་ཆེས་ཉེ་བའི་མི་དག་རེད་འདུག་པས། ༽
    རེད་ཡ། གསར་འགོད་པ་ཚོས་གཟབ་དགོས་པ་ཞིག་གི་ཁྱོད་ཀྱིས་བཤད་པ་དེ་རང་རེད། སྔར་བོད་ནང་གི་རྩོམ་པ་པོ་ཚོའི་རྩོམ་ཡིག་གི་བརྗོད་སྙིང་ལ་འགྲེལ་བཤད་བྱེད་གང་ཏུབ་ཀྱི་ཚ་རླབས་ཤིག་ཀྱང་འཕྱུར་ནས་རྩོམ་པ་པོ་གང་ཞིག་གི་རྩོམ་རིག་བྱ་དགའ་ཕྱིར་འཐེན་བྱས་སྐོར་སྐབས་དེར་སྤྱི་འཐུས་ཤིག་གིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བཅར་འདྲིར་ལན་འདེབས་གནང་མམ་སོང་ངམ།
    ངོ་མ་མི་སུ་ཞིག་འཛིན་བཟུང་བཙོན་འཇུག་བྱས་མ་ཐག་སྐབས་དེའི་ཁོའི་གནས་ཚུལ་འགོད་པ་ལས་དེ་ལས་གཞན་པའི་རྒྱབ་ལྗོངས་དང་སྔར་བྱས་ལས་ཀ་རྣམས་གསལ་འགོད་བྱས་ན་ཕན་ལས་གནོད་ཆེ་བར་འགྱུར་སྙམ།
    གནས་ཚུལ་འདི་དུས་ཐོག་ཆར་བ་འདྲ་ཞིག་ཏུ་མཐོང་སོང་། འབྲོང་མགོ་སྐམ་པོར་བཀའ་དྲིན་ཆེ་ཞུ།

  5. འབྲོང་མགོ་སྐམ་པོ། says:
    2013-10-09 at 1:23 pm

    གཅན་བཟོད་རྒྱམ་ལགས་སུ།
    གོང་བཀོད་གནས་ཚུལ་འདི་ཉིད་ནི་བྲེལ་སྟབས་ཀྱིས་བྲིས་པ་དང་། ཟླ་ཤས་སྔོན་ནས་ཡོ་རོབ་ཏུ་འབྱོར་ན་ཡང་ད་དུང་ཡང་སེམས་པའི་ཟུར་ན་རྒྱ་ནག་ན་ཡོད་པའི་ཚོར་སྣང་གིས་གཅུན་ཡོད་པས་གསལ་ཐང་དུ་འབྲི་མ་ཐུབ་པར་དགོངས་འགལ་མེད་པར་ཞུ། བདག་གི་ངོ་ཤེས་དེར་ཁྲིམས་ཐག་གཅོད་སྐབས་ཁོང་ལ་འབྲེལ་བ་བྱེད་མཁན་གྱི་རྡ་སའི་འབྲེལ་བ་ལས་ཁུངས་ཀྱི་བུ་མོ་ཞིག་གཟིམ་ཆུང་མཇལ་ཁར་བཅར་བའི་འདྲ་དཔར་ཞིག་འཁྱེར་ཡོང་སྟེ། ཁྱོད་ཀྱིས་འབྲེལ་བ་བྱེད་ཡུལ་ལམ་གནས་ཚུལ་གཏོང་ཡུལ་ནི་ཏ་ལེ་དང་ཐག་ཉེ་བའི་མི་ཞིག་རེད་ཅེས་ཁྲིམས་ཐག་ལྗིད་མོ་བཅད་ཡོད་པ་རེད། ངའི་བསམ་པར་བོད་ནང་འབྲེལ་བ་བྱེད་དུས་སོ་སོའི་ཁེའུ་ཁེའུ་སོགས་ཀྱི་ནང་དུ་ཡོད་པའི་འདྲ་དཔར་འདྲ་མིན་བསྐུར་ན་གཞིས་ལུས་བོད་མིར་གནོད་པ་ཆེན་པོ་ཐེབས་ཀྱིན་པ་འདི་གསལ་བོར་ཤེས་དགོས་ཀྱི་འདུག་ཞུས་པ་ཡིན།
    འབྲོང་མགོ་སྐམ་པོས།

  6. ཕུག་རོན། says:
    2013-10-09 at 5:12 pm

    འབྲོང་མགོ་ཟེར་བ་འདིས་སྐད་ཆ་ཆོ་མེད་པ་མང་པོ་ཞིག་བཤད་འདུག སོ་སོས་སྒེར་དོན་དང་གྲོད་ཁོག་ཁོ་ནའི་ཆེད་ཕྱི་ལོགས་ན་གསང་སྤྱོད་ཕོར་བ་བཀྲུ་བཞིན་དུ། ད་དུང་ཁ་སྤོབས་ཆེན་པོས་གཞན་ལ་སྐད་ཆ་མགོ་རྔ་མེད་པ། གནས་ལུགས་མེད་པ། གནས་ཚུལ་རྒྱབ་ལྗོངས་ལ་ཞིབ་འཇུག་བློ་མིག་མེེད་ཁར། བོད་སྤྱི་དོན་ཆེད་ལྷག་བསམ་རྣམ་དག་གི་སྲི་ཞུ་སྒྲུབ་མཁན་དག་ལ་ཁ་གཏོང་བ་འདི་ལྷག་བསམ་གྱིས་བཅངས་པའི་བསམ་འཆར་ཞུ་སྟངས་ཤིག་རྩ་བ་ནས་མ་རེད། དོན་དངོས་ཐོག་ཞུ་རྒྱུ་ཡིན་ན། རི་བོང་ཅལ་འདྲོགས་དང་གཡག་ཞར་གྱིས་རྩ་ཟས་པ་ལྟར་མ་གནང་རོགས། བསམ་འཆར་བཤད་འདོད་ན་གནས་ལུགས་དང་ལས་འབྲས་དང་མཐུན་པ་ཞིག་ཤོད། དེ་མིན་སོ་སོའི་ངོ་ཚའི་རྒྱུ་རུ་འགྱུར་སྲིད།

  7. དགེ་འདུན་རྒྱ་མཚོ། says:
    2013-10-10 at 2:51 am

    འབྲོང་མགོའི་སྐད་ཆ་ལ་བདེན་པའི་ཆ་གཅིག་འདུག ཁོ་ལ་མཚོན་ན་ཁག་མི་འདུག་སྙམ། 
    ཡིན་ན་ཡང་གསལ་འགོད་པའི་ལས་ཀ་ཅི་ཞིག་ཡིན་པ་དང་གསར་འགོད་པའི་རེ་བ་དང་དམིགས་ཡུལ་ཡང་ང་ཚོས་ཤེས་དགོས། 
    འབྲོག་མགོ་ལགས།
    འཛམ་གླིང་འདིའི་སྟེང་གསར་འགོད་པའི་ཚེ་སྲོག་ཤོར་བ་ཡང་ཉུང་ཉུང་མིན། གཞུང་དང་ཚོགས་པ། ཐ་ན་མི་སྒེར་བའི་ཁྲོད་ན་ཡང་གསར་འགོད་པ་ལ་མི་དགའ་བའི་མི་མང་བོ་ཡོད་སྲིད། གསར་འགོད་པ་ལ་ཁ་རྡུང་གཏོང་བ་དང་འཕྱ་སྨོད་བྱེད་པ། འཇིགས་བསྐུལ་དང་དྲག་ཤུལ་བཀོད་པ་དག་ནི་ངོ་མ་མ་རུང་བ་ཞིག་རེད། འདིས་གསར་འགོད་པའི་དམིགས་ཡུལ་དང་རྒྱབ་ལྗོངས་རྟོགས་གི་མེད་ལ། འགའ་ཤས་ཀྱིས་རྟོག་ཀྱང་ཆེད་དུ་རང་དོན་གཙིགས་ཆེར་འཛིན་བཞིན་ཡོད་པས་གསར་འགོད་པར་མཐོང་ཆུང་གནང་གི་ཡོད། གསར་འགོད་པའི་ལས་དོན་ནི་ངོ་མ་རླབས་ཆེན་ཞིག་རེད། 
    དོན་དག་ཆེ་ས་ཞིག་སྒྲུབ་དུས་ཆུང་ས་ནས་འཐུས་ཤོར་དང་བློས་གཏོང་བྱེད་དགོས་པ་མང་བོ་ཡོང་གིན་ཡོད་རེད། 
    གསར་འགོད་པ་ལ་ནོར་འཁྲུལ་མེད་ཀྱང་གསར་འགོད་པས་ཁྱོད་ལ་བལྟས་ཏེ་དགོངས་པ་མ་ཚོམས་ཞུ་དགོངས་ངེས་རེད། 
    ད་མང་བོ་མི་བཤད་ཁྱོད་ཀྱིས་ངའི་སྐད་ཆ་འདི་ནང་དོན་ཧ་གོ་རྒྱུ་མིན་པ་འདྲ། 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme