Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་གྱི་སྙན་ངག་ཀློག་འདོན།

Posted on 2011-04-132011-04-14 By ཁ་བརྡ་ 35 Comments on བཙན་བྱོལ་གྱི་སྙན་ངག་ཀློག་འདོན།

བཀོད་སྒྲིག་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ།
ས་གནས། ནེའུ་ཡོག་གི་(Jackson Height) ཡི་གཡག་ཟ་ཁང་།
དུས་ཚོད། གཟའ་ཟླ་བ། དགོང་དྲོའི་ཆུ་ཚོད་༧པ་ནས་༨དང་ཕྱེད་ཀ་བར།
ཟླ་ཚེས། སྤྱི་ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན།
སྙན་ངག་དང་རྩོམ་རིག་གིས་རང་དབང་འཐབ་རྩོད་དང་སྤྱི་ཚོགས་བདེན་སྐྱོང་གི་ཆེད་དུ་། འགྲོ་བ་མིའི་སེམས་སུ་བློ་སྟོབས་སྤེལ་བ་དང་ནུས་ཤུགས་སྦྱིན་པའི་ལོ་རྒྱུས་ནི་ཧ་ཅང་རྒྱུན་རིང་བ་ཞིག་རེད་། དུས་རབས་ཕྱེད་ཀའི་རྗེས་ཀྱི་བཙན་བྱོལ་དུ། མི་རབས་གསར་བ་ཚོས་སྐད་ཡིག་སྒྱུ་རྩལ་གྱི་ལམ་ནས། རང་གི་ཉམས་མྱོང་གཞན་ལ་བགོ་བ་དང་ཕ་ཡུལ་དྲན་པའི་ཚོར་བ་སྟོན་པ། འབྱུང་འགྱུར་ལ་རེ་བ་སྒུམ་པ་བཅས་བྱེད་ཀྱི་ཡོད་ཅིང་། སྡོམ་པ་ཚེ་རིང་དབང་མོ་ནི་བཙན་བྱོལ་གྱི་མི་རབས་གསར་བའི་སྙན་ངག་པའི་མདུན་གྲལ་བ་ཞིག་ཡིན། ད་ཕན། ཁོ་མོས་ཁྱིམ་སྲོལ་(Rules of the House)དང་ཉིན་རེའི་ཆད་ལྷག་གི་ཁྲོད་དུ་(In the Absent Everyday)བཅས་པའི་སྙན་ངག་གི་དེབ་ཕྲེང་གཉིས་བརྩམས་གྲུབ་ཡོད་། ཐེངས་འདིའི་། བོད་རང་བཙན་སློབ་ཕྲུག་ཚོགས་པས་བཀོད་སྒྲིག་བྱས་པའི། རིག་རྩལ་བསྐྱར་དར་གྱི་ལས་རིམ་ཐེངས་བརྒྱད་པར། གདན་ཞུས་སྙན་ངག་པ་བཞི་ཡོད་ཅིང་། དེ་ནི། སྡོམ་པ་ཚེ་རིང་དབང་མོ་དང་ཚེ་རིང་བླ་མ། བསྟན་འཛིན་བདེ་སྐྱིད་། བསྟན་འཛིན་རིག་གྲོལ་བཅས་ཡིན། ཐེངས་འདིའི་སྙན་ངག་ཀློག་འདོན་ཁྲོད་། ཁོང་ཚོས་རང་ཉིད་ཀྱིས་ད་ཕན་བརྩམས་གནང་བའི་སྙན་ངག་རེ་དང་། རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་ནང་གི་རྩོམ་པ་པོ་རེའི་སྙན་ངག་བཅས་ཀློག་འདོན་བྱེད་གི་ཡོད་། ད་རེས་ཀྱི་སྙན་ངག་ཀློག་འདོན་གི་གཙོ་སྐྱོང་བ་ནི། བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་འཛིན་སྒྲོལ་དཀར་ལགས་ཡིན།
སྙན་ངག་པ་ཚོའི་ངོ་སྤྲོད་མདོར་བསྡུས།
སྡོམ་པ་ཚེ་རིང་དབང་མོ།
“ཁྱིམ་སྲོལ་”དང་”ཉིན་རེའི་ཆད་ལྷག་གི་ཁྲོད་དུ”་གཉིས་ཀྱི་རྩོམ་པ་པོ།
a4314dbba769fb

ཚེ་རིང་བླ་མ།
ཟིན་བྲིས་བ་དང་ཀོ་ལིམ་པི་ཡ་གཙུག་ལག་སློབ་ཁང་(Columbia University)གི་གསར་རྩོམ་སྒྱུ་རྩལ་མཁས་པའི་(MFA)ཆེད་སྦྱོང་སློབ་མ།
4951637265_a4500117db

བསྟན་འཛིན་བདེ་སྐྱིད་།
ཟིན་བྲིས་བ་དང་ཧར་བ་སྒྲི་གཙུག་ལག་སློབ་ཁང་(Harvard University)གི་རྩོམ་རིག་སློབ་ཐོན་པ་དང་། བོད་ཡིག་ལ་བར་སྟོང་འཇོག་དགོས་བའི་བསམ་ཚུལ་དཔྱད་བརྗོད་སྤེལ་མཁན།
dsc_4544

བསྟན་འཛིན་རིག་གྲོལ།
དེང་རབས་བོད་ཀྱི་རི་མོ་བའི་མདུན་གྲལ་བ་དང་། “སྐྱབས་བཅོལ་བ། འཁྱག་ལ་འབྱར་བའི་སྣག་ཚ་”(R:The Frozen Ink) ཞེས་བའི་སྙན་དེབ་ཀྱི་རྩོམ་པ་པོ།

tenzing-rigdol

གསལ་བསྒྲགས།

Post navigation

Previous Post: ངས་ཁོ་ཚོའི་ཆོ་འཕྲུལ་འདི་མི་ཤེས།
Next Post: བཙན་བྱོལ་གྱི་སྙན་ངག་ཀློག་འདོན།

Comments (35) on “བཙན་བྱོལ་གྱི་སྙན་ངག་ཀློག་འདོན།”

  1. ཀླུ་ཚང་། says:
    2011-04-13 at 3:10 am

    དབྱིན་ཡིག་ཐོག་སྙན་ངག་འབྲི་མཁན་དག་རེད་དམ། གང་རེད་ལགས། ལན་ཞིག་གནང་རེོགས

  2. གཅན་བཟོད་རྒྱམ། says:
    2011-04-13 at 4:07 am

    ལོ་རྒྱུས་སྙིང་བསྡུས་དེ་མཐོང་བས་ངོ་མ་སེམས་ནས་དགའ་ཡོད། ཁོང་ཚོ་ཚང་མ་བོད་ཀྱི་མི་རབས་གསར་པའི་རུ་དཔུང་རེད། གཙུག་ལག་སློབ་ཁང་དེ་ཚོའི་མིང་གོ་ན་ཡིད་ཤོར་བ་ཞིག་འདུག ད་དུང་ཆེད་ལས་དེ་དག ངོ་མ་ཁྱོད་ཚོར་རྗེས་སུ་ཡི་རང་བྱེད། ལས་ཀ་དང་སློབ་སྦྱོང་རྒྱུན་འཁྱོང་གནང་སྟེ་མ་འོངས་བོད་མི་རིགས་ཀྱི་ལས་དབང་ལ་སྨན་པའི་ཕྱག་ལས་རེ་གནང་བའི་རེ་བ་བཅས་ངའི་སྐད་འདི་ཚོར་འཕྲོད་ཐུབ་པར་སྨོན།

  3. ཀླུ་སྨྱོན། says:
    2011-04-13 at 4:28 am

    བོད་ཡིག་སྟེང་འབྲི་མཁན་དག་སྐད་མི་གཏོང་བ་ག་རེ་ཡིན་ནམ། བོད་རང་བཙན་རྩོད་མཁན་ཡིན་པ་ངོ་མ་བདེན་ན་དང་པོར་བོད་སྐད་རང་བཙན་དང་བོད་ཡིག་རང་བཙན་རྩོད་དགོས། སྐད་འདི་སུས་གོ་ན་ཕན་ཚུན་བཤད་རྒྱུ་མཁྱེན། བོད་ཡིག་སྟེང་འབྲི་མཁན་མི་འདུག་མ་བསམས། དེ་བཞིན་བོད་ཡིག་སྟེང་འབྲི་མཁན་ཚོར་མཐོང་ཆུང་ཡང་མ་བྱེད། ང་ཡང་བོད་ཡིག་སྟེང་འབྲི་མཁན་ཞིག་ཡིན། ངའི་དེ་ཚོ་དབྱིན་ཡིག་ཏུ་བསྒྱུར་ཡོད་ན་ང་ཡང་སྐད་གྲགས་འདྲ་ཞིག་ཆགས་ཡོད་ན་ཡང་ཐང་། འདི་རྩེད་མོ་ཡིན། ཕན་ཚུན་བཤད་མི་དགོས།

  4. ཚེ་བསམ་ says:
    2011-04-13 at 4:54 am

    རེད་རེད་བོད་ཡིག་རངབཙན་ཙོད་ནས་ཕྲད་གཞན་དབང་ཅན་ཚང་མ་རང་དབང་ཅན་ཟོ་དགོས།

  5. ཀརྡོ་རབ་འབྱམས་པ་ says:
    2011-04-13 at 5:33 am

    བོད་རིགས་གཞོན་སྐྱེས་ཨིན་ཡིག་སྙན་ངག་པ་ཚོས། “འབྱུང་འགྱུར་ལ་རེ་བ་སྒུམ་པ་བཅས་བྱེད་ཀྱི་ཡོད་ཅིང་།” ཞེས་པ་ཨིན་སྐད་ལ་བསྒྱུར་ནས་གསལ་བཤད་ཅིག་གནོངས་དང་། དེ་ནས་གཞི་ནས། “སྐད་ཡིག་སྒྱུ་རྩལ་གྱི་ལམ་ནས། རང་གི་ཉམས་མྱོང་གཞན་ལ་བགོ་བ་”ཞེས་པའི་དོན་དང་ལྡན་མི་ལྡན་ཅིག་ལྟ་ཆོག ཨིན་སྐད་དར་གྱུར་ཅིག

  6. ཁྲག་ཐིགས། says:
    2011-04-13 at 5:51 am

    སྐྱབས་བཅོལ་བ། འཁྱག་ལ་འབྱར་བའི་རྣམ་ཤེས་ཟེར་བའི་སྙན་དེབ་དེ་བོད་ཡིག་གི་སྟེང་ན་ཡོད་དམ། ཁ་བྱང་མཐོང་ཙམ་ནས་ཀློག་འདོད་ཅིག་སྐྱེས་སོང་།

  7. ཀརྡོ་རབ་འབྱམས་པ་ says:
    2011-04-13 at 6:32 am

    ཚེ་བསམ་གྱིས་ གསུངས་པ་ལྟར། བོད་ཡིག་གི་ ཕྲད་ གཞན་དབང་ཅན་ རྣམས་ ཕྲད་ རང་དབང་ཅན་དུ་ བཟོ་འཆར་ལ་ རྒྱབ་སྐྱོར་ ཡོད་མཁན་ཅིག་ ཡིན། བོད་ཡིག་དང་ བོད་སྐད་ ལས་སླ་རུ་ འགྲོ་བའི་ སྨོན་ལམ་བཅས།

  8. ཉི་མ་ལྷ་ས། says:
    2011-04-13 at 7:49 am

    བོད་ཡིག་ལ་བར་སྟོང་འཇོག་དགོས་རབས་གསུང་མཁན་དེ་ཚོ་ངོ་མ་ཡ་ང་བ་ཞིག་རེད།

  9. ཀརྡོ་རབ་འབྱམས་པ་ says:
    2011-04-13 at 8:26 am

    ཡ་ང་བ་ ཡོང་སྟངས་ དེ་ ང་ རྨོངས་དྲགས་ནས་ མིན་པར་ ཁྱེད་ལ་ ལ་རྒྱ་དང་ བོད་ཡིག་དང་ བོད་སྐད་ཉམས་སྟངས་ མི་ཤེས་ཟིང་ རྨོངས་པ་ དང་ ཤེས་ན་ སེམས་ཁྲལ་ བྱ་དགོས་པ་ལ་ དེ་ མེད་པས་ རང་སྐྱོན་ལ་ རང་སྐྱོན་དུ་ ངོས་ཟིན་ན་ ཉི་མ་ ལྷ་ས་ རང་ཉིད་ཀྱི་ ཡ་ང་བའི་ གནས་དེ་ཡང་ མཐོང་བར་ འགྱུར་རོ། དྲ་གྲོགས་ལགས།

  10. ཚེ་བསམ་ says:
    2011-04-13 at 9:53 am

    བོད་ཡིག་ལ་བར་སྟོང་འཇོག་པའི་བསམ་ཚུལ་སྟོན་པ་ལས་བོད་ཡིག་བྲིས་རྒྱུ་ཡོད་པའི་སྨྱུ་གུ་ཞིག་བཟོ་རྒྱུའི་བསམ་ཚུལ་བསྟོན་ན་བཟང་གི་རེད་གང་ལག་ཞེས་ན་བོད་ཡིག་བྲིས་བྱེད་ཀྱི་སྨྱུ་གུ་དེ་ཉོས་ན་བོད་ཡིག་སྦྱང་མི་དགོས་པར་རྐང་པ་རྐྱང་ནས་ཉལ་ཆོག་གི་རེད་ལོ།
    རྩེད་མོ་ཡིན་ད།

  11. འབྲོག་ཆོས། says:
    2011-04-13 at 11:08 am

    གང་ལྟར་བརྗོད་གཞི་བོད་དོན་དང་བོད་ཀྱི་འཚོ་བར་འདྲིས་ཡོད་ན་འདི་ཡང་ལངས་ཕྱོགས་ཤིག་རེད།
    ད་དུང་ཁྱབ་ཆེ་ཆུང་གི་ཐོག་ནས་བཤད་ན་འདིའི་ཕྱོགས་ལ་ཤུགས་ཆེ་གི་རེད།

  12. གནམ་ལྕགས། says:
    2011-04-13 at 11:20 am

    དོམ་པ་ཚེ་རིང་དབང་མོ་དང་ངེད་གཉིས་ཀྱིས་སྔོན་ཆད་ཉིས་སྟོང་གསུམ་ཡས་མས་ཤིག་ལ་རྡ་སའི་འགྲེམ་སྟོན་ཁང་དུ་སྙན་ངག་མཉམ་དུ་གྱེར་འདོན་བྱས་མྱོང་། དེའི་རྗེས་ནས་ཕྱི་རྒྱལ་བུད་སོང་བས་ཐེངས་གཅིག་ཀྱང་མཐོང་མ་མྱོང་། ན་ནིང་ཞིག་ལ་རིག་འབྱུང་དོན་འགྲུབ་བཀྲིས་ཀྱིས་ཁོང་མོའི་ཕ་ཡུལ་གྱི་ཟིན་ཐོ་ཞིག་དང་བཅར་འདྲི་ཞིག་དྲ་ཐོག་ལ་བཀོད་སོང་། དེ་བར་དུ་བུད་མེད་འདི་ལ་དོ་སྣང་ཆེར་མ་བྱུང་། ཁོང་མོའི་ཟིན་ཐོ་དེས་བདག་གི་སེམས་པ་ཅུང་སྒུལ་བྱུང་ཟེར་ན་མི་ཆོག་པ་མེད།

    དེ་རིང་ཁོང་མོའི་སྙན་ངག་དེབ་གཉིས་དཔར་ཟིན་འདུག་ཅེས་པའི་གནས་ཚུལ་འདི་གོ་བ་དང་མཉམ་དུ་བཀྲིས་བདེ་ལེགས་ཤིག་ཞུ་འདོད་བྱུང་།

  13. བཟོད་པ་ལྷ་རྩེ་ says:
    2011-04-13 at 11:35 am

    སྤྱིར་ཀླུ་མྱོན་གྱི་གསུངས་པ་ལ་རྒྱབ་བསྐྱོར་ཡོད་ཀྱང་སྟུ་དང་གླིག་པ་ཞེས་མི་མང་གི་མདུན་དུ་ཀླུ་མྱོན་གྱིས་ཀློག་སྟོན་བྱ་ནུས་སམ།

  14. བྱང་ཐང་གཡག་རྒོད། says:
    2011-04-13 at 4:23 pm

    ཀླུ་མྱོན་གྱི་མ་ནུས་པ་ཞིག་ཤེས་བྱ་ལ་སྲེད་ས་མ་རེད་།ཨོ་རྩིད་མོ་ཡིན་རྡ།

  15. ཟླ་བ་ཆོས་འཛོམས། says:
    2011-04-13 at 4:24 pm

    ཞེག་དྲག་ཡོད་ལེ་མིན།བུ་མོ་གཉིས་གྱི་ལྷུག་རྩོམ་རེ་ཀློག་མྱོང་།དེ་འདྲ་འདྲ་བོ་རེད།སྒྱུ་རྩལ་ཟེར་བ་དེ་བཙན་བྱོལ་བོད་མི་ཚོ་དང་དེའི་ནང་ནས་ཤེས་ཡོན་ཅན་ཟེར་མཁན་ཚོས་ཤེས་ལེ་མིན།ཁོང་ཚོ་དང་ཁ་ཐག་རིང་ནི་རེད།ཚང་བ་ཆབ་སྲིད་འདྲ་བོ་རྐྱང་རྐྱང་གི་ཆེད་དུ་ཅིག་བྱེད་བསྡད་པ་འདྲ་ཞྀག་ཡོད་ཀྱང་།དོན་དངོས་སུ་ཡོས་མེད་མོས་མེད་དེ།༼ཆོས་ཀྱི་སྔ་རི་མེད་འཇིག་རྟེན་གྱི་ཕྱི་རི་མེད་༽ཟེར་བ་རང་རེད་དོ།།

  16. བཙན་བྱོལ་བ། says:
    2011-04-13 at 6:49 pm

    ངོ་མ་དགའ་འོས་པ་དང་སྤོབས་པ་སྐྱེ་འོས་པའི་གཏམ་ཞིག་རེད། ང་ཚོའི་སྤྱི་ཚོགས་ནང་ཨིན་ཡིག་གི་ལམ་ནས་སྙན་ངག་རྩོམ་པ་པོ་འདི་འདྲ་ཐོན་འདུག་པ་ནི་ངོ་མ་དགའ་འོས་པ་ཞིག་རེད། རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཀྱི་ཡུལ་ཡིན། གང་ལྟར་སྐད་ཡིག་གང་གི་ལམ་ནས་རང་མི་རིགས་ཀྱི་ངོ་བོ་མཚོན་པའི་རྩོམ་སྤེལ་བ་ལ་ཡི་རངས་ཡོད།

  17. སྤངས་སྤོས། says:
    2011-04-14 at 12:51 am

    བཟོད་པ་ལྷ་རྩེའི་མཇུག་དེར་ངས་མཆན་ཞིག་བཏབ་ཡོད་ཀྱང་ཁ་བརྡ་ཚང་ནས་བསུབས་འདུག ༧གོང་ས་མཆོག་ལ་གཞི་མེད་མཚན་སྨོད་ཞུས་པའི་བོད་མི་ཡོངས་རྫོགས་བློ་ཕམ་གཞིར་འགྱུར་་བའི་བློ་ཚེ་མིང་ཅན་གྱི་མཆན་མ་བསུབས་པ་གང་ཡིན་ནམ་བཀའ་ལན་གསལ་པོར་ཡོང་བ་ཞུ། ངའི་མཆན་དེར་རྒན་ཀླུ་སྨྱོན་ལ་ཀུ་རེའི་ཚུལ་དུ་བཤད་པ་ལས་ཁོང་ལ་མཚན་སྨྲས་ཞུས་པ་གང་ཡང་མེད། དེ་བཞིན་རྒྱ་མི་ཞིག་ནས་ཀུན་གཟིགས་མཆོག་་ཧུ་ནས་སྐུ་བཀྲོངས་པའི་རྩོམ་ཡིག་དེ་ཡང་མཐོང་རྒྱུ་མི་འདུག

  18. ཁ་བརྡ་ཚང་། says:
    2011-04-14 at 1:24 am

    སྤངས་སྤོས་ལགས།

    དང་པོ།
    ཁ་བརྡས་ཀུ་རེ་གང་ཡིན་དང་གང་མིན་གྱི་དབྱེ་འབྱེད་དཀའ་བ་འདུག གཙོ་བོ་དྲ་གྲོགས་ནང་ཁུལ་དུ་རྩོད་པའི་གཞི་མ་ཡོང་བར་འབད་ཀྱི་ཡོད་།

    གཉིས་པ།
    བློ་བཟང་ཚེ་རིང་མིང་ཅན་གྱི་མཆན་ཚང་མ་བསུབ་པ་མ་ཟད་མཆན་བུ་རྒྱག་མཁན་གཏན་འགོག་བྱས་ཡོད་།

    གསུམ།
    ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཀྲོངས་མཁན་ཧུའུ་ཅིན་ཐོའོ་རེད་ཟེར་བའི་རྩོམ་ཡིག་དེ་ཡར་འཇོག་མཁན་ཁ་བརྡ་རྩོམ་སྒྲིག་པ་ཡིན་ན། དེ་མར་བླངས་མེད་། གལ་སྲིད་དེ་ཡར་འཇོག་མཁན་ཁ་བརྡའི་སྒང་ལ་རྩོམ་འཇུག་མཁན་གཞན་པ་དེ་འདྲ་ཡིན་ན། དེ་ལ་ཞུ་རྒྱུ་མེད་། ཁ་བརྡའི་རྩོམ་སྒྲིག་པའི་མིང་ཐོག་ནས་ཡར་བཅུག་པའི་རྩོམ་ཞིག་ཡིན་ན། ཡར་འཇུག་མཁན་གྱི་མིང་དེ་ཁ་བརྡ་ཚང་ཟེར་བ་དེ་ཡིན།
    གཞན། རྩོམ་འཇུག་མཁན་དོ་བདག་སོ་སོའི་མིང་ཤར་གི་རེད་། འདི་ཡང་མཁྱེན་པ་གནང་རོགས།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  19. ཨོ་ལོ་རྒྱལ། says:
    2011-04-14 at 1:46 am

    ཁ་བརྡས་བཀའ་ལན་གནང་བ་ཐུགས་རྗེ་ཆེ། དམིགས་བསལ་བློ་ཚེའི་མིང་ཅན་གྱི་ཁུངས་མེད་ཆལ་གཏམ་བསུབ་པར་དགའ་བསུ་ཞུ། ང་ཚོ་རྒྱ་དམར་ནང་བཞིན་གཏམ་བརྗོད་རང་དབང་མེད་པ་དེ་འདྲ་མིན་ཀྱང་རྒྱ་དམར་གྱི་དངུལ་ངོམས་ནས་རང་རིགས་ལ་སྡང་བའི་དགྲ་བོ་དེ་ཚོར་རྒོལ་དགོས། དེ་ནི་མི་རབས་གསར་པའི་ལས་འགན་ཡིན།

  20. འདོད་ལྷ་ཁམས་པ། says:
    2011-04-14 at 3:25 am

    ད་་་་ཨིན་ཡིག་ཤེས་མཁན་ཚོས་ཨིན་རྩོམ་ཕྲིས། ཨིན་རྩོམ་བཀློག ཨིན་སྐད་ཤོད་དང་ཆོག གཞན་ཚོས། བོད་རྩོམ་ཕྲིས་ལ་བོད་རྩོམ་བཀློག་བཞིན་བོད་སྐད་ཤོད།
    ཡིན་གཅིག་གཞན་ལ་མུ་གེ་འདོན་པའི་རྒྱུ་མཚན་ཅང་མེད་ཀི རང་རང་ས་ནས་གང་ལ་འཇོན་ན་དེ་ལ་འབད་དགོས་པ་རེད། ཐ་ན་ལག་བརྡ་ཙམ་ཡང་མ་ཤེས་རུང་ལག་པ་གང་ཐུབ་ཐུབ་འགུལ་དགོས་པ་རེད།

  21. འདོད་ལྷ་ཁམས་པ། says:
    2011-04-14 at 3:27 am

    ཨ་ལེ།

  22. བསྟན་འཛིན་ཤེས་རབ། says:
    2011-04-14 at 6:59 am

    གཏམ་སྙན་མོ་ཞིག་རེད། འོན་ཀྱང་དབྱིན་ཡིག་ལས་བོད་སྐད་ཡིག་གི་རྐུབ་སྟེགས་མེད་པ་འདྲ་ཞིག་མཐོང་སོང་བས་དེ་ཙམ་ཡིད་མ་ཚིམ་ཐལ། ད་ངས་ཀྱང་ཁ་སྔོན་ལ་གྲགས་ཏེ་གཏམ་བཟང་ཞིག་བཤད། མི་རིང་བར་ཨ་ལགས་ཤིང་བཟའ་རིན་པོ་ཆེ་མཆོག་གིས་འཛིན་སྐྱོང་གནང་བཞིན་པའི་འོད་དཀར་དྲ་ཚིགས་ཀྱི་ངོས་ནས་སྙན་ངག་གི་འགུལ་སྐྱོད་ཅིག་བྱ་རྒྱུ་ཡིན། དེ་ཡང་སྙན་ངག་གྱེར་འདོན་འགྲན་ཚོགས་དང། སྙན་ངག་རྩོམ་རིག་གི་ཚོགས་ཆེན། བཙན་བྱོལ་ནང་གི་སྙན་ངག་པ་གཅིག་དང་སྙན་ངག་གཅིག་བཅས་ལ་སྙན་ངག་རྩོམ་རིག་གི་བཟང་རྟགས་བྱ་དགའ་འབུལ་རྒྱུ། བོད་ཕྱི་ནང་གི་སྙན་ངག་པ་བཅུ་ལ་སྙན་ངག་རྩོམ་རིག་གི་གཟེངས་བསྟོད་འབུལ་རྒྱུ་བཅས་ཡིན་ལ། ཆ་རྐྱེན་གཅིག་ཡོད་པ་ནི་གྱེར་འདོན་བོད་སྐད་ཀྱིས་བྱེད་དགོས་ཤིང་སྙན་ངག་བོད་ཡིག་གིས་བྲིས་པ་ཁོ་ན་ཡིན་དགོས། སྙན་ངག་གྱེར་འདོན་གྱི་འགྲན་ཚོགས་ནི་ཐོག་མར་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཏུ་རིམ་པ་གཅིག་ནས་གཉིས་བར་བསྡུ་སྐོང་གིས་ལེགས་འདེམ་བྱེད་རྒྱུན་ཡིན་ལ། མཐའ་མའི་འགྲན་ཚོགས་ནི་སྙན་ངག་གི་ཚོགས་ཆེན་དང་ལྷན་ཏུ་བསྡུ་རྒྱུ། གྱེར་འདོན་འགྲན་བསྡུར་བ་རྣམས་ཀྱིས་རང་ཉིད་ཀྱི་སྙན་ངག་གྱེར་ཆོག་ལ་གནའ་དེང་གི་བོད་ཀྱི་སྙན་ངག་ཁྲོད་ནས་གདམ་གསེས་ཀྱིས་གྱེར་ཆོག ཨང་རིམ་དང་བོ་དང་གཉིས་པ། གསུམ་པ་བཅས་སུ་དགར་སྟེ་བྱ་དགའ་འབུལ་རྒྱུ་ཡིན་པས། སྐད་ངག་བདེ་ཞིང་སྙན་ཚིག་ལ་དུང་བའི་རིགས་ཀྱི་བུ་རྒོད་རྣམས་ཀྱིས་ད་ལྟ་ནས་གྲ་སྒྲིག་གིས་འགྲན་ཚོགས་དེར་ཞུགས་རྒྱུར་རེ་བ་ཆེ། སྙན་ངག་པ་དང་སྙན་ངག་གི་བྱ་དགའ་བཟང་རྟགས་འདེམས་ཕྱོགས་ཐད་ནས། ང་ཚོ་མི་ཁ་ཤས་ཤིག་གིས་འདེམས་སྒྲུག་བྱ་ཐུབ་པ་ཞིག་མིན་པས། རྒྱ་ཆེའི་སྙན་ངག་པ་དང་རྩོམ་པ་པོ་གཙོས་པའི་ཤེས་ཡོན་ཅན་རྣམས་ཀྱིས་ད་སྔ་དེབ་དང་དྲ་ཐོག་ཅི་རིགས་ནས་ཤེས་རྟོགས་བྱུང་བའི་སྙན་ངག་དང་སྙན་ངག་པ་ཕུལ་དུ་བྱུང་བ་དག་ལེགས་འདེམས་ཀྱིས་མཚམས་སྦྱོར་གནང་རྒྱུ་མཁྱེན་ཞེས་རེ་བ་ཞུ་བཞིན་ཡོད། ཁ་གསལ་གྱི་གསལ་བསྒྲགས་གཞི་ནས་སྤེལ་རྒྱུ་ཡིན་མོད། ངས་འདི་གར་བཤད་དོན་ནི། གཅིག་ནས་དུས་ཚོད་རིང་བོ་མེད་པས་གྲ་སྒྲིག་ཅིག་ཡོང་ཐུབ་རྒྱུ་དང་། གཉིས་ནས་ཚགས་ཚུད་པོ་ཞིག་ཡོང་ཐུབ་པའི་རེ་བ་བཅས་ཀྱིས་ཡིན།

  23. བཙན་བྱོལ་བ། says:
    2011-04-14 at 1:16 pm

    བོད་ཡིག་གི་རྩོམ་རིག་འགྲན་བསྡུར་དང་ལེགས་སྐྱེས་སོགས་མང་དག་གཅིག་སྒེར་གྱི་ཚོགས་པ་འདྲ་མིན་ནས་སྤེལ་ཡོད་པ་ཡོངས་གྲགས་རེད། འོན་ཀྱང་ཨིན་ཡིག་གི་རྩོམ་ཀྱང་འགྲན་བསྡུར་དང་རྩོམ་ཀློག་ཌྷའདོན་མང་དག་གཅིག་བྱས་ཡོད་པས། གཅིག་མཚུངས་ཡིན། དེས་ན་མཆན་འདེབས་པོ་རྣམས་ཀྱིས་ཨིན་ཡིག་གི་རྩོམ་ཀློག་འདོན་བྱེད་པ་ལ་སྡང་ཟུག་གནང་དགོས་དོན་ཅི་ཡིན་ནམ། ངོ་མ་ཡ་མཚན་རེད། ཨིན་ཡིག་གི་རྩོམ་ཀློག་འདོན་དང་འགྲན་སྡུར་བྱས་པ་འདིས་རང་མི་རིགས་ཀྱི་རིག་གཞུང་ལ་གནོད་སྐྱོན་ཐེབས་ཀྱི་ཨེ་ཡོད་ན། ངོ་མ་རྗེས་ལུས་ཀྱི་ལྟ་བ་རང་རེད།

  24. ཇ་མ་ says:
    2011-04-14 at 1:37 pm

    ཡག་པོ་རེད་དེ། ཨི་ཤེས་མཁན་ཚོའི་ཆེད་དུ་ཡིན་འདུག བོད་ཡིག་ཀ་ཁ་ཤེས་མཁན་ཚོའི་སྐལ་ཆད་སོང་བ་འདྲ།

  25. དམག་ལོག་ says:
    2011-04-16 at 12:44 pm

    ཉིའུ་ཡོག་(Jackson Height)ས་ཁུལ་གྱི་བོད་པ་མང་ཆེ་བའི་ནེ་སྐད་དང་རྒྱ་གར་སྐད་རྒྱག་པ་ལས་བོད་སྐད་བཤད་རྒྱུ་ངོ་ཚ། ཨིན་སྐད་མ་འཁྱོངས་ན་ནེ་སྐད་གང་ཐུབ་ཐུབ་རྒྱག་གི་རེད། རྒྱུ་མཚན་ནི་བོད་ལ་རང་བཙན་མེད་དུས་བོད་སྐད་ལ་རང་བཙན་གང་ན་ཡོད།
    དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་བཀོད་སྒྲིག་བྱས་པའི་གཡག་ཟ་ཁང་ནང་གི་བོད་པའི་དབྱིན་ཡིག་སྙན་ངག་གྱེར་འདོན་ཟེར་ན་ཧ་ཅང་ཡག ཧ་ཧ་ཧ།

  26. དམག་ལོག་ says:
    2011-04-16 at 1:11 pm

    བཙན་བྱོལ་པ། བོད་པའི་དབྱིན་ཡིག་ཤེས་ན་ཡག་པོ་རེད། བོད་པའི་བོད་ཡིག་མ་ཤེས་ན་ག་འདྲ་འདུག ཁྱོད་རང་གིས་(ཨིན་ཡིག་གི་རྩོམ་ཀློག་འདོན་དང་འགྲན་སྡུར་བྱས་པ་འདིས་རང་མི་རིགས་ཀྱི་རིག་གཞུང་ལ་གནོད་སྐྱོན་ཐེབས་ཀྱི་ཨེ་ཡོད་ན། ངོ་མ་རྗེས་ལུས་ཀྱི་ལྟ་བ་རང་རེད།) ཟེར་ཨིན་རྩོམ་ཀློག་འདོན་བྱས་ན་སྐྱོན་ཆ་གང་ན་ཡོད་དེ་ཁྱེད་རང་གི་བསམ་པ། ཧ་ཅང་ལྟག་ལས་ཐེབས་འདུག

  27. ཇ་མ་ says:
    2011-04-16 at 1:17 pm

    ཀླུ་སྨྱོན་གྱིས་གསུང་བ་བདེན་པ་རེད། ཡིད་ཕངས་བ་ཞིག་ལ་བོད་ལ་རང་བཙན་མེད་ན། བོད་སྐད་ལ་རང་བཙན་གང་ན་ཡོད་ཟེར་བ་ཅི་མ་བདེན།

  28. ལུང་རྟོགས། says:
    2011-04-16 at 3:31 pm

    བོད་ཡིག་ལ་བར་སྟོང་འཇོག་དགོས་པའི་བསམ་ཚུལ་ནི་རང་ཉིད་ཀྱིས་བོད་ཡིག་ཡག་པོ་མ་ཤེས་པའི་རྟགས་རེད། སྤྱིར་དབྱིན་ཡིག་གི་ལམ་ནས་རྩོམ་ཡིག་སྤེལ་བར་སྡང་དགོས་དོན་མེད་ཀྱང་། དེང་སྐབས་བོད་ནང་དུ་རྒྱ་གཞུང་གིས་བོད་ཡིག་ཐོག་འཛིན་པའི་སྲིད་ཇུས་དང་། བཙན་བྱོལ་བོད་མི་ཚོས་བོད་ཡིག་ལ་འཛིན་པའི་རྣམ་འགྱུར་དང་། བོད་ཡིག་གི་གནས་ཚད་ལ་བསམ་ན་བློ་འཚབ་སྐྱེ་དགོས་པ་ཞིག་རེད་ལ། གཙོ་བོ་བོད་ཡིག་ལ་ཤུགས་རྒྱབ་དགོས་པའི་དུས་ཤིག་རེད་འདུགས་སྙམས།

  29. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-16 at 3:49 pm

    དྲ་གྲོགས་ལགས།
    ཁྱེད་ཀྱིས་མཐའ་གཅིག་ཏུ་་བོད་ཡིག་ལ་བར་སྟོང་འཇོག་དགོས་པའི་བསམ་ཚུལ་ནི་རང་ཉིད་ཀྱིས་བོད་ཡིག་ཡག་པོ་མ་ཤེས་པའི་རྟགས་རེད། ཅེས་གསུང་པ་སྐད་ཆ་དང་བསམ་བློ་སྟབས་བསྡུས་དྲགས་པ་རེད། འདི་ལ་མོས་མཐུན་མེད། འདི་ལ་དགོས་པ་ཡོད། ངས་ཀྱང་བོད་འགྲིག་ཙམ་ཤེས་ཀྱི་ཡོད། གཞན་གནས་སྐབས་ཅང་མི་ཟེར་།

  30. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-16 at 3:51 pm

    ཨོ་ བོད་ཡིག་འགྲིག་ཙམ་ཞེས་པར་བཅོས་རོགས།

  31. ཀརྡོ་རབ་འབྱམས་པ་ says:
    2011-04-16 at 7:29 pm

    ལུང་རྟོགས་ལས་འཇམ་ཚུལ་བདེན་པ་མི་འདུག་གེ བོང་མི་ཡོད་དོ་ཅོག་གིས་སོམས་དང་།

  32. ལུང་རྟོགས། says:
    2011-04-17 at 10:04 am

    སྤྱིར་མི་སུམ་བཅུ་ལ་བསམ་པ་སུམ་བཅུ་དང་། མཛོ་སུམ་བཅུ་ལ་རྭ་ཅོ་དྲུག་བཅུ་ཞེས་པའི་དཔེ་ལྟར། མི་རེ་ལ་བསམ་ཚུལ་རེ་དང་། བསམ་ཚུལ་རེ་ལ་རྒྱབ་ལྗོངས་རེ་ཡོད་ངེས་ཀྱང་། ངའི་བསམ་ཚུལ་བྱས་ན་བོད་ཡིག་ལ་བར་སྟོང་འཇོག་དགོས་པའི་ལྟ་ཚུལ་དེ་ནི་བོད་ཡིག་ཀློག་སྐབས་གཅོད་མཚམས་སོགས་ཡག་པོ་མ་ཤེས་པའི་དབང་གིས། ནང་དོན་ལ་གོ་བ་ལེན་མ་ཐུབ་པ་ལ་བརྟན་ནས་བྱུངས་བར་མདོད། དེ་ནི་བོད་ཡིག་ཡག་པོ་མ་སྦྱངས་པ་འམ་མ་ཤེས་པ་ལས་རྒྱུ་མཚན་གཞན་ཅི་ཞིག་ཡོད། འོན་ཀྱང་འཇམ་དཔལ་ཚུལ་ཁྲིམས་ལགས་ཁྱེད་ཀྱི་གསུང་སྟངས་ལ་བལྟས་ན་བོད་ཡིག་མཁས་པ་ཞིག་ཡིན་ཚོད་འདུག་ན་རྒྱུ་མཚན་དང་དགོས་པ་གཞན་གསུང་རྒྱུ་ཡོད་ན་གསུང་དང་ང་དང་ང་འདྲ་བ་ཚོར་བློ་སྐྱེད་རེ་ཡོང་ན་ཐང་།

  33. ཀརྡོ་རབ་འབྱམས་པ་ says:
    2011-04-17 at 10:17 am

    ལུང་རྟོགས་ལགས་ཀྱིས།
    “བོད་ཡིག་ཀློག་སྐབས་གཅོད་མཚམས་སོགས་ཡག་པོ་མ་ཤེས་པའི་དབང་གིས། ནང་དོན་ལ་གོ་བ་ལེན་མ་ཐུབ་པ་ལ་བརྟན་ནས་བྱུངས་བར་མདོད།” ཅེས་གསུངས་པ་ལ་རྒྱབ་སྐྱོར་ཡོད་ཀྱང་། གཅོད་མཚམས་མགྱོགས་མྱུར་ཤེས་ཐབས་ལ་བར་སྟོང་དགོས་འདུག བརྗོད་པ་ལས་བོད་ཡིག་ལ་མཐོང་ཆུང་གཏོང་བགྱིད་ཡོད་པ་ལ་གོ་རྒྱུ་ཡོད་མ་རེད་སྙམ། བོད་ཡིག་དང་བོད་སྐད་གཉིས་ལས་སླ་རུ་འགྲོ་བར་ཤོག །

  34. དབྱི་ཆུའི་རླབས་སྒྲ། says:
    2011-04-22 at 9:57 am

    རང་མི་རིགས་ཀྱི་ཆེས་བླ་ན་མ་མཆིས་བའི་རིག་གཞུང་དེ་ངོས་འཛིན་ཐོབ་ནས་དར་སྤེལ་རྒྱུད་འཛིན་གྱི་ལས་འགུལ་སྤེལ་བ་དེ་ལ་ངེད་ནས་སྤྲོ་བ་ཧ་ཅང་རྟོས་རྗེས་ཕྱོགས་རྒྱུན་འཛིན་བྱེད་དགོས།

  35. བློ་བཟང་ཆོས་གྲགས། says:
    2011-05-09 at 9:53 am

    ༈ རྙེད་བཀུར་གྱི་དམག་འཁྲུགས། འདིར་ཡིད་སྐྱོ་བའི་གནས་ཚུལ་ཞིག་གོ་བྱུང་། གསར་ཏུ་བྱུང་བ་ཞིག་མིན་མོད། བདག་ལ་མཚོན་ན་གསར་ཏུ་གོ་བ་ཞིག་དང་། ཆེས་ཡ་མཚན་པ་ཞིག་རེད། ལོ་རྒྱུས་ཀྱི་སྐྱོན་ཆ་ངོས་འཛིན་ནི་མི་རིགས་ཡར་རྒྱས་ཀྱི་རྩ་བའི་ཆ་རྐྱེན་ཡིན་པས་འདི་ལྟ་བུ་བོད་ཀྱི་སྤྱི་ཚོགས་ལ་མི་འབྱུང་བ་དང་། ཕྱོགས་ཀུན་ནས་སྔོན་འགོག་བྱེད་དགོས། ངས་གོ་བའི་ལོ་རྒྱུས་ནི་ཀཿཐོག་གི་མཁན་པོ་ཞིག་གིས་ངག་ལས་ཐོས་པ་ཡིན་མོད། འདི་ལའང་གཟིགས་ཞིབ་དང་། བདེན་རྫུན་ཤན་འབྱེད། སྙིགས་འདོར་བཅུད་ལེན་བྱེད་དགོས་པ་དུ་མ་ཡོད་ངེས་པས་དྲ་གྲོགས་རྣམས་ཀྱིས་དཔྱད་པར་ཞུ། རྒྱ་གཞུང་གི་སྒོར་མོའི་རོགས་སྐྱོར་ཐོབ་རྒྱུ་གོ་བ་དང་གདན་ས་ཆེན་པོ་ཞིག་གི་བླ་ཆེན་རྣམས་ཀྱི་བར་ཏུ་རྩོད་པ་ཤུགས་ཆེན་སླེབས་འདུག་པར་མ་ཟད་མི་གསོད་ཁྲག་སྦྱོར་ཀྱི་བྱ་བ་ཡང་བྱུང་འདུག ལོ་རྒྱུས་མདོར་བསྡུས་ཏེ་བཤད་ན། ༡༽ ཀཿཐོག་སྨོན་ལམ་ཆེན་མོ་ཚོགས་རྒྱུར་དངུལ་གྱི་དཀའ་ངལ་འཕྲད་དེ་ཕྱི་གླིང་ན་བཞུགས་པའི་བླ་མ་རྣམས་ལ་རོགས་སྐྱོར་བྱེད་པར་བསྐུལ་ཙ་ན། ཀཿ་བསྟན་ལ་ལྷག་བསམ་མངའ་བ་ཀཿཐོག་ཀརྨ་རིན་པོ་ཆེ། འབྲུག་གྲགས་རིན་པོ་ཆེ། བདུད་འདུལ་རིན་པོ་ཆེ་སོགས་ཀྱིས་ཕྱག་དངུལ་ཕོན་ཆེན་པུལ་བ་རེད། དེ་ལ་གཟེངས་བསྟོད་དང་མངའ་གསོལ་གནང་བར་མ་ཟད་རིམ་པར། ཁོང་རྣམས་ཀཿཐོག་གསེར་ཁྲིར་ཕེབས་པ་རེད། དེས་དྲི་མེད་ཞིང་སྐྱོང་ཕྱུག་པོར་གྲགས་པའི་ཟིལ་ཤུགས་ཅུང་ཟད་ཉམ་ནས་མངོན་ལྐོག་མི་མཚུངས་པའི་བྱ་བ་དབུ་བརྙེས་པ་རེད་ཟེར། ༢༽དེ་རྗེས་རྒྱ་གཞུང་གིས་རོགས་རེམ་དུ་དམངས་སྒོར་དུང་ཕྱུར་བཅུ་བདུན་སྤྲོད་རྒྱུའི་འཆར་གཞི་བཏིང་བ་དང་། བགོ་བཤའ་བཏང་ན་སྐལ་བ་ཆེན་པོ་ཐོབ་འགྲོ་བ་སོགས་ཀྱི་གླེང་གཞི་བྱུང་སྟེ། བླ་མ་ཕྱུག་པོ་གསུམ་ལ་སྐྱབས་བཅོལ་མི་དགོས་པའི་ཡིད་ཆེས་རྙེད་དེ་ཁོང་གསུམ་བུད་མེད་དང་འབྲེལ་བ་ཡོད་མིན་སོགས་དོགས་པས་མཐར་བསྐྲོད་བཏང་བའི་ཡི་གེ་གློགས་ལམ་ནས་ཁྱབ་སྒྲགས་བྱས་པས་འཁྲུགས་པའི་མགོ་བརྩམས། བླ་མ་གསུམ་ཕྱིར་འབུད་བཏང་བའི་ཡི་གེ་ལ་ཀཿཐོག་རྨོགས་ཚྭས་ས་ཡིག་མ་གནང་བས་ཁོང་ལ་ཡང་འཇིགས་བསྐུལ་ཐེབས་ཚུལ་བཤད་རྒྱུ་ཡོད་ཚོད་རེད། ༣༽དངུལ་ཐོབ་རྒྱུར་ཐག་ཉེ་་ཚེ་ཀཿཐོག་དྲི་མེད་ཞིང་སྐྱོང་ཁོ་རང་དང་གློ་བ་ཉེ་་བའི་འཇམ་དབྱངས་སྤྲུལ་སྐུ་ཀཿཐོག་བསྟན་བདག་ཏུ་མངའ་གསོལ། གཞན་རྣམས་ལ་དངུལ་གྱི་ལོ་རྒྱུས་འདྲི་མི་ཆོག་པའི་བཀའ་རྒྱ་དང ། བླ་མ་ཕྱིར་འབུད་དོན་ཏུ་ས་ཡིག་མ་བཀོད་པས་བསྟན་པ་ལ་གཅེས་སྤྲས་མི་གནང་པའི་ཉེས་པ་བཀལ་བ་རེད་ཟེར། དེར་བརྟེན་ཀཿཐོག་རྨོག་ཚ་མགོ་ལོག་མདོ་གོང་མ་དགོན་ཏུ་བྲོས། བཤད་གྲྭའི་མཁན་པོ་ཉག་རོང་ཨ་བསོ་རི་ཁྲོད་ཏུ་ཕེབས་རྒྱུ་བྱས། ཤུལ་ཏུ་ཞིང་སྐྱོང་ཕྱོགས་དང་ཉག་རོང་བློ་དགའ་སྤྲུལ་སྐུའི་ཕྱོགས་གཉིས་རྩོད་པའི་ཚ་རླབས་འབར་གྱིན་བཞུགས་ཟེར། ༤༽ལོ་སྔོན་མའི་མགོར་བློ་དགའི་ཕྱོགས་ཀྱི་སྒྲུབ་བླ་གཙོས་གྲྭ་གཉིས་ལ་དྲི་མེད་ཞིང་སྐྱོང་ཕྱོགས་ཀྱི་བོད་རིགས་སྤྱི་བདེ་མི་སྣ་ཞིག་གིས་མེ་མདའ་བརྒྱབ་ཏེ་བསད། དེའི་ཤ་ལན་ལེན་པར་གྲྭ་དམག་ཕུད་་ཏེ་སྤྱི་བདེ་མི་སྣའི་ཁང་པ་རྒྱུ་ནོར་ཚང་མ་མེ་བསྲེག་བཏང་། སྐྱེས་མ་དང་བྱིས་པ་སོགས་རྡུང་བདེགས་ཚབ་ཆེན་བྱས། ཕྱིར་ལོག་སྐབས་གྲྭ་དམག་གི་རླང་འཁོར་འགྱེལ་ནས་གྲྭ་བ་གསུམ་ཤི། ཁ་མཆུ་ད་དུང་ཡང་ལྷག་ཡོད་ཚོད་རེད། ༤༽དངུལ་ཐོབ་པ་ཐག་བཅད་པ་དང་དྲི་མེད་ཞིང་གིས་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་ཁྱབ་སྒྲགས་བཏང་། རྒྱ་ནག་གི་རྒྱལ་གླུ་དགོན་པར་ལེན་བཅུག ཁྲི་འདུའི་ཀཿཐོགས་ལས་ཁུངས་ཏུ་སྐར་ལྔའི་དར་ཕྱར། འཇམ་དབྱངས་སྤྲུལ་སྐུས་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་ཀྲུང་གོའི་མངའ་ཁོང་ཏུ་གནས་པར་སྨོན་ལམ་བཏབ། རྒྱ་གཞུང་གིས་ཁོ་ལ་དངུལ་ལེན་པའི་བདག་དབང་ཆ་ཚང་སྤྲོད་རྒྱུ་བྱས། དྲི་ཞིང་ཧོང་ཀོང་ཏུ་ཕེབས་ནས་སྡེ་དགེ་རྒྱལ་ཁབ་ཀྱི་དབུ་བླ་ཡིན་པས་ཁོ་ལ་དབང་ཆ་ཚང་ཡོད་པ་དང་། དེའི་ཕྱོགས་རྒྱ་ནག་དང་ཁ་བྲལ་ཐབས་མེད་པ་ཡིན་ཚུལ་སོགས་བཤད་དེ་ཆོས་ཚོགས་སྐབས་རྒྱ་ནག་གི་རྒྱལ་གླུ་བླང། ཡང་བློ་དགའི་ཕྱོགས་ཀྱིས་དྲི་ཞིང་བོད་གཞུང་དང་རྒྱ་ནག་ཕྱོགས་གཉིས་ཀྱི་གསང་ཉུལ་བ་ཡིན་ཚུལ། ཁོ་རང་ཀྲུང་གོའི་མི་སེར་གཙང་མ་དང་བློ་གཏད་ཁེལ་བའི་གྲོགས་པོ་ཡིན་ཚུལ་བཤད་དེ་ཧོང་ཀོང་ཏུ་ཕེབས་ནས་ཁྱབ་སྒྲགས་དང་། དབང་ལུང་གནང་བའི་སྔོན་ཏུ་སྐར་ལྔའི་དར་དམར་ཕྱར་ཏེ་བླ་སློབ་ཚང མ་ཡར་བཞེངས་ནས་རྒྱལ་གལུ་ལེན་བཅུག དེ་རྗེས་ཀཿཐོག་དགེ་རྩེ་ཧོང་ཀོང་ཏུ་ཕེབས། ཁོང་རྟོགས་ལྡན་དང་བདེན་པའི་་གཡོ་རྒྱུ་ལ་གོམས་པས་རང་ཉིད་བྱ་བྲལ་ཡིན་ལུགས་དང་། རྒྱལ་བ་རིན་པོ་ཆེ་ང་ལ་དགའ་ཡང་ངས་བོད་རང་བཙན་གྱི་བྱ་བ་ནམ་ཡང་གཉེར་རྒྱུ་མ་རེད། ཆོས་དང་སྲིད་ཁ་ཁ་རེད་གསུངས་པ་དང་། དྲི་མེད་ཞིང་དང་བློ་དགའ་ཡག་རབས་བཤད། སྐར་ལྔའི་དར་དམར་འོག་ནས་ཆོས་བཤད་རྒྱ་ཆེར་གནང་། ཀྲུང་གོ་གསར་བརབློ་གཏད་བྱེད་ངེས་པ་ཀ་ཐོག་དགོན་པ་ཡིན་རབས་བཤད། མདོར་ན་ཐམས་ཅད་ཀྱིས་རྒྱ་གཞུང་གི་དངུལ་དེས་ཆེད་ཏུ་རྩོད་པ་བྱེད་གནང་གི་ཡོད་པ་ཐོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme