Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་གྱི་ཐམས་ཅད་མཁྱེན་པ་ཚོ།

Posted on 2010-10-03 By དབང་ཕྱུག་ 5 Comments on བཙན་བྱོལ་གྱི་ཐམས་ཅད་མཁྱེན་པ་ཚོ།

རྟ་ནག་སྐལ་བཟང་ལུང་རིགས།

ཧྲང་ཧེ་ཚན་རྩལ་སློབ་གྲྭ་ཆེན་མོས་པེ་ཅིན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཞིག་གཏམ་བཤད་དུ་གདན་འདྲེན་ཞུས་དུས། ཁོང་གིས་འདི་ལྟར་བསྙད། བདག་ལ་མིག་སྔའི་རྒྱ་ནག་གི་སློབ་གསོའི་གནས་བབ་ཐད་ཀྱི་ཆ་རྒྱུས་ཅུང་ཡོད་པས། སློབ་གསོའི་སྐོར་གྱི་གཏམ་བཤད་ཅིག་སྤེལ་ན་འཐུས་ཀྱང་། དེང་རབས་ཚན་རིག་གི་ཕྱོགས་ནས་བཤད་དགོས་ན་ང་ལ་དེའི་ཕྱོགས་ཀྱི་ཤེས་བྱ་ཅི་ཡང་ མེད་པས་ཁྱེད་ཚོའི་དུས་ཚོད་ཆུད་ཟོས་སུ་བཏང་བ་ལས་གཞན་ཅི་ཡང་མེད། ཅེས་གཏམ་བཤད་དང་ལེན་བྱས་མི་འདུག
མ་གཞི་སློབ་གླིང་དེ་ནི་དེང་ རབས་ཚན་རིག་གི་འཕེལ་རྒྱས་ལ་ཕྱོགས་བཞིན་པ་ཡིན་པས། དེའི་ཐད་ཀྱི་གཏམ་བཤད་དང་ལེན་མ་བྱས་ཚེ་ཁོ་ཚོར་ཡང་མངོན་འདོད་གཞན་མི་འདུག གལ་སྲིད་སློབ་དཔོན་ཆེན་མོ་དེ་འུ་ཚང་གི་ཤེས་ཡོིན་པའི་མིང་གིས་བཏགས་པ་ཞིག་ཡིན་ཚེ། འདི་ཤེས་དང་འདི་མི་ཤེས་ཞེས་པའི་ས་མཚམས་ཁྱོན་ནས་མེད་དེ། ཁོ་ཚོས་ཆོས་དོན་སྲིད་ལ་སྦྱར་ཆོག་ལ། སྲིད་དོན་ཆོས་ལ་སྦྱར་ཆོག ཚན་རིག་ཆོས་ལ་སྦྱར་ཡང་རུང་ལ། ཆོས་ལུགས་ཚན་རིགས་ལ་སྦྱར་ཡང་འཐུས་ཏེ་གླེན་རྟགས་མཁས་རྟགས་སུ་ངོམ་ཞིང་། འཇིག་རྟེན་ན་ཁོ་ཚོས་མི་ཤེས་པའི་ཤེས་བྱ་གཅིག་ཀྱང་མེད་དེ། གལ་སྲིད་འཆད་དགོས་པ་བྱུང་ན་དམག་དོན་རིག་པ་ཡིན་ཡང་ཐོགས་རྡུགས་མེད་པའི་ཚུལ་ གྱིས་འཆད་པར་བྱེད་དོ།།
ཡིན་ནའང་ཁོ་ཚོར་རང་གི་སྦྱང་གཞིའི་ཤེས་བྱ་ལའང་རྒྱུས་མངའ་ཅི་ཡང་མེད་དེ། ཉིས་སྟོང་བརྒྱད་ལོར་ལྷོ་ཕྱོགས་ཀྱི་གྲ་བ་སྐོར་ཞིག་ས་རཱ་མཐོ་སློབ་ཏུ་ཚན་རིག་ གི་ཤེས་བྱ་ལ་ཐོས་པ་བྱེད་དུ་འོང་བའི་ཁྲོད་ཀྱི་མི་གཅིག་གིས་རྗེ་ཙོང་ཁ་བས་ཆོས་ ལུགས་རིེས་མེད་ཀྱི་དགེ་རྒན་བསྟེན་མྱོང་བའི་མཚན་གཞི་གཅིག་ཏུ། “
རྗེ་ཙོང་ཁ་བས་ས་པཎ་དགེ་རྒན་དུ་བསྟེན་མྱོང་ཡོད་རེད་ཟེར།” བདག་གི་སེམས་པ་སྐྱོ་ཆད་ལེར་གྱུར་སོང་།
རྗེ་ ཙོང་ཁ་བའི་རིང་ལུགས་འཛིན་པ་ཞིག་གིས་ཙོང་ཁ་བའི་འཁྲུངས་འདས་ལོ་ཚིགས་ཙམ་དང་ དགེ་རྒན་སུ་བསྟེན་གྱི་མཚན་ཙམ་ལའང་རྒྱུས་མངའ་གསལ་བོ་མེད་ན། ད་དུང་ཆོས་ལུགས་དང་ཚན་རིག་གི་མཐུན་ཐབས་བཤད་དེ་རང་མགོ་རང་གིས་གཡོགས་པ་འདིས་ ཅི་བྱ་ཅི་བྱ། སྐབས་བབ་ཀྱི་སྦྱང་བྱ་དང་དེ་འབྲེལ་གྱི་ཤེས་བྱ་དག་འཕྲིག་ཚུད་པར་སྦྱང་ན་ཅིས་མ་ ཆོག་པ་རེད།
འདི་དང་འདི་ལྟ་བུ་ཅི་ཡང་མི་ཤེས་ཀྱང་གང་ཡང་ཤེས་པར་རློམ་མཁན་བཙན་བྱོལ་གྱི་གང་ས་གང་དུ་ཞིང་ཁའི་ལྡུམ་བུ་བཞིན་ཁྱབ་ནས་ཡོད་དེ། ཉིས་སྟོང་ལྔ་ལོར་བཙན་བྱོལ་ཤེས་རིགས་ལས་ཁུངས་ཀྱི་དཔོན་རིགས་ཤིག་གིས་གསོག་སློབ་ ཏུ་གཏམ་བཤད་ཅིག་སྤེལ་ཞོར་ལུང་འདྲེན་ཞིག་བྱས་པ་རེད། “རྗེ་ཙོང་ཁ་བས་ཀྱང་། སྡིག་གྲོགས་ཡིན་ཞེས་རྭ་ཅན་མི་འབྱུང་གིས།། གཅེས་ཤིང་ཕན་པའི་ཟོལ་གྱིས་འཛུམ་བསྟན་ནས།། ཞེས་གསུངས་འདུག་ག དེ་བས་ཚང་མ་གྲོགས་པོ་བཟང་བོ་དང་འདྲིས་རྒྱུ་གལ་ཆེན་པོ་རེད”ཞེས་བཤད།
ཅི་ ཡང་མེ་ཤེས་པ་དག་གི་མདུན་དུ་ནོར་དང་འགྲིག་གི་ཐ་སྙད་ཅི་ཡང་བཤད་ས་མེད་རྐྱེན། ཅི་ཡང་མི་ཤེས་པ་དག་གིས་ཐལ་སྒྲའི་ཀློང་ནས་མ་ཡིན་པ་དེའང་ཡིན་པར་བསྒྱུར་ཚར་ བའི་སྣང་བ་ཞིག་ཡོངས་སུ་སྦྱིན། ཡོངས་གྲགས་སུ་གུང་ཐང་བསླབ་བྱར་འབོད་པའི་བརྩམས་གྲགས་ཆེན་དེ་ལྟ་བུའི་མཛད་པ་ བོ་ལ་ཡང་མགོ་རྨོངས་འདུག་ན། སློབ་གསོའི་ལས་དོན་ཟེར་བའི་རླབས་ཆེན་གྱི་ལས་དོན་དེ་ཇི་ལྟར་བསྒྲུབ། སེམས་པ་སྐྱོ་དུང་ངེར་གྱུར་འགྲོ།

སྣ་ཚོགས།

Post navigation

Previous Post: ༄།། འཁྲིག་པའི་བདེ་བ་འདི་ཇི་ལྟར་བྱུང་བ་ཞིག་ཡིན་ནམ།
Next Post: ཐ་སྙད་གསར་བཟོ་ལ་གཟབ་དགོས།

Comments (5) on “བཙན་བྱོལ་གྱི་ཐམས་ཅད་མཁྱེན་པ་ཚོ།”

  1. གཅན་བཟོད་རྒྱམ། says:
    2010-10-03 at 10:06 am

    ཡིད་སྐྱོ་བའི་གནས་ཚུལ། བོད་ཀྱི་དུས་བབ་ནས་བཤུས་བཀོད་བྱས་པ་ཡིན།
    ༼དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཙམ་ནས་བལ་ཡུལ་རྒྱལ་ས་ཁུལ་གྱི་བོད་མི་རྣམས་ཟང་ཟིང་ལང་ལོང་གིས་འོས་བསྡུའི་ལས་རིམ་བསྒྲུབས་ཡོད་ཀྱང་། ཉིན་རྒྱབ་ཆུ་ཚོད་ ༤ ཙམ་ལ་བལ་ཡུལ་དམག་མི་དང་ཉེན་རྟོག་པ་མང་པོ་སླེབས་ཏེ་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ས་གནས་ཀྱི་འོས་སྒམ་བཙན་འཁྱེར་བྱས་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་བལ་ཡུལ་བོད་མི་འདུས་སྡོད་ཀྱི་ས་གནས་གཞན་ནས་ཀྱང་འོས་སྒམ་སྦེད་སྐུང་བྱ་དགོས་བྱུང་ཡོད་འདུག ༽

  2. བཟོད་པ་ལྷ་རྩེ་ says:
    2010-10-03 at 10:14 am

    བཙན་བྱོལ་བོད་མི་གནས་ཡུལ་ཁག་ཏུ་ཕྱི་ཟླ་ ༡༠ ཚེས་ ༣ ཉིན་བརྒྱ་དུས་གཅིག་ལ་འབྱུང་འགྱུར་གྱི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་འཕེན་པ་ལྟར་བལ་ཡུལ་ནང་དུ་ཡང་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ས་གནས་ཁག་གསུམ་དུ་དབྱེར་ནས་འོས་བསྡུ་གོ་སྒྲིག་ཞུས་ཡོད་པ་ཇི་བཞིན་བལ་ཡུལ་བཙན་བྱོལ་བོད་མི་རྣམས་ནས་རང་དོན་རང་གཅེས་ཐོག་འོས་ཤོག་འཕེན་མི་ཚང་ཁ་ཤིག་ཤིག འོས་ཤོག་འཕེན་ཡུལ་ཁག་ཏུ་དེ་སྔ་མི་འདྲ་བ་སྒྲིག་གཞི་ལྟ་ཐོག་བྱ་མཁན་མང་ཞིང་གོ་སྒྲིག་ཚགས་ཚུད་ཀྱི་རྣམ་པ་དང་། མི་མང་རྣམས་ནས་ཀྱང་ཐུགས་སྣང་ཆེ་བ་སོགས་རང་རེས་སྤྱི་ཚོགས་འདིར་མི་མང་གི་འགན་བཞེས་ཀྱི་ཡོད་པའི་ཚོར་སྣང་ཞིག་ཚང་མར་སྦྱིན་ཡོད་སྙམས། ཞོགས་པ་ཚོུད་ ༩ཿ༣༠ རྒྱ་ས་ཁུལ་གྱི་ཉེར་རྟོག་པ་བཅུ་གྲངས་ཞིག་བོད་མི་འོས་ཤོག་ལྡུག་ཡུལ་གྱི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྒོ་འགྲམ་དུ་འབྱོར་ཡང་འོས་ཤོག་ལྡུག་མི་རྣམས་ལ་དཀའ་ངལ་སྤྲད་མེད་པར་འོས་ཤོག་ལྡུག་རུ་གཅུག བསམ་ཡུལ་ལས་འདས་པ་ཞིག་ལ་ཕྱི་དྲོ་ཚོུད་ ༤ཿ༠༠ ཙམ་ལ་འཕགས་ཤིང་ཁུལ་གྱི་འོས་སྒམ་བལ་གཞུང་ཉེར་རྟོག་པའི་བཙན་འཕྲོག་བྱས་པའི་གནས་ཚུལ་ཐོན་པ་དང་། དེ་ནས་སྐར་མ་ ༡༥ ཙམ་ནས་མཆོད་རྟེན་ཁུལ་གྱི་འོས་སྒམ་དེ་ཡང་ཉེས་རྟོག་པས་བཙན་འཕྲོག་གི་གནས་ཚུལ་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཐོན་སོང་། ད་ལྟའི་ཆར་གནས་ཚུལ་དེའི་རྒྱབ་ལྗོངས་སུ་ཆབ་སྲིད་དང་དམིགས་ཡུལ་གང་ཞིག་འབྲེལ་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཞིག་མེད་ཀྱང་། ང་ཚོས་ཚོད་དཔག་བྱ་ན་རྒྱ་དམར་གྱི་ངན་གཡོ་ཡིན་པ་གཏན་འཁེལ་ཡིན་པས་དེ་ན་ང་ཚོ་བོད་མི་རིགས་དང་རྒྱ་དམར་མཉམ་མཐུན་ཟེར་བ་རྩ་བ་ནས་ཡོངས་ཐབས་མེད་པའི་བདེན་རྟགས་ཤིག་མ་ཡིན་ནམ། ས་གནས་མཆོད་རྟེན་ཁུལ་གྱི་ཉེར་རྟོག་པར་གནས་ཚུལ་དེའི་འབྱུང་རྐྱེན་དྲིས་པས་ཁོ་བ་ཚོར་ཤེས་ཀྱི་མེད་ལུགས་དང་ནང་སྲིད་ལས་ཁུངས་ཀྱི་བཀའ་བཀོད་འོག་རྒྱ་ས་ཁུལ་གྱི་ཉེར་རྟོག་པ་ཡིན་ལུགས་བརྗོད་བཞིན་ཡོད། གང་ལྟར་རྒྱ་མི་གཞུང་ཚབ་ལས་ཁུངས་ནས་ཁོ་བ་ཚོར་འབུམ་བརྒྱ་ཕྲག་སྤྲད་ཡོད་པ་ཐེ་ཚོམ་མེད་པ་ཡིན། ང་ཚོ་བལ་ཡུལ་བོད་མི་རྣམས་ཀྱི་འོས་ཤོག་རྒྱ་དམར་གཞུང་ཚབ་ཁང་ནང་འཁྱེར་ཡོད་པ་མི་སྣ་མང་པོ་ཞིག་ནས་མངོན་དཔག་གནང་གི་འདུག

  3. ten zin pema says:
    2010-10-03 at 11:11 am

    ཨོ་ད་རྒྱ་དམར་ཚང་གིས་རྒྱ་སྒོར་འབུམ་ཁ་ཤེས་སྤྲད་ཡོད་པ་ཐག་གཅོད་རེད།

  4. གཙང་ཁའི་བུ says:
    2010-10-03 at 12:40 pm

    དངོས་གནས་བོད་པ་ཚང་ལས་སྡུག་རེད། ཡིན་ནའང་ད་རིང་གི་རྙོག་གླེང་འདི་དོགས་གཞི་གཙོ་བོ་རྒྱ་དམར་གྱིས་སྒོར་མོ་ལ་ལས་ཀྱང་སྐྱེ། རེད་དེ་གལ་སྲིད་དམར་གཞུང་ཡིན་ན་དགོང་མོ་ཆུ་ཚད་བཞི་པའི་བར་དུ་རྙོག་གླེང་མ་བཤད་ནས་བཞག་དགོས་པའི་རྒྱུ་མཚན་འདྲ་གང་ཡོད། ངས་བསམ་ན་འོས་བསྡུའི་གྲུབ་འབྲས་ལ་ཕལ་ཆེར་ཚོད་དཔག་ཐུབ་ནས་རྙོག་གླེང་འདི་ཡོང་བ་ཞིག་ཡིན་ངེས་རེད་སྙམ། གང་ལྟར་དོགས་པ་བྱེད་པ་ལས་མཇུག་བསྡུ་ད་དུང་ཅུང་སྔ་འདུག ནང་ཤིག་གིས་ཟ། ཕྱི་ཆར་བས་རྡུང་། ངོ་མ་དཀའ་འི།

  5. གཙང་ཁའི་བུ says:
    2010-10-03 at 12:45 pm

    རྟ་ནག་སྐལ་བཟང་ལུང་རིགས་ལགས། ༼ཉིས་སྟོང་བརྒྱད་ལོར་ལྷོ་ ཕྱོགས་ཀྱི་གྲ་བ་སྐོར་ཞིག་ས་རཱ་མཐོ་སློབ་ཏུ་ཚན་རིག་ གི་ཤེས་བྱ་ལ་ཐོས་པ་བྱེད་དུ་འོང་བའི་ཁྲོད་ཀྱི་མི་གཅིག་གིས་རྗེ་ཙོང་ཁ་བས་ཆོས་ ལུགས་རིེས་མེད་ཀྱི་དགེ་རྒན་བསྟེན་མྱོང་བའི་མཚན་གཞི་གཅིག་ཏུ། “
    རྗེ་ཙོང་ཁ་བས་ས་པཎ་དགེ་རྒན་དུ་བསྟེན་མྱོང་ཡོད་རེད་ཟེར།” ༽ཟེར་མཁན་སུ་རེད། སྐབས་དེར་ཉན་མཁན་ཁྱོད་གཅིག་པུ་རེད་དམ། གསལ་བོ་ཞིག་དགོས་གལ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme